མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2018-03-26  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་

རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།

----2018ལོའི་ཟླ3པའི་ཚེས25ཉིན་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།

ཀླུ་ཁོ་རྒྱལ།

ཨུ་ཡོན་དང་བློ་མཐུན་རྣམ་པ།    

ངས་སྲིད་གྲོས་མཚོ་ནུབ་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱིས་མངག་བཅོལ་དང་དུ་བླངས་ཏེ།ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་ཨུ་ཡོན་དག་གིས་གྲོས་ཞིབ་གནང་བར་མ་ཟད། ཟུར་ཞུགས་བློ་མཐུན་རྣམ་པས་ཀྱང་བསམ་འཆར་ལྷུག་པོར་བརྗོད་རོགས།

2017ལོའི་བྱ་བར་ཕྱིར་དྲན།

2017ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པའི་དགའ་འོས་པའི་ལོ་ཞིག་ཡིན་ལ། སྐབས་གསར་བའི་སྲིད་གྲོས་ཀྱིས་རང་འགུལ་དུ་འོས་འགན་ལག་བསྟར་བྱས་ནས་གྲུབ་འབྲས་ལེགས་པོ་ལོན་པའི་ལོ་ཞིག་ཀྱང་ཡིན།ལོ་ངོ་གཅིག་གི་རིང་དུ་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་མཚོ་ནུབ་ཁུལ་ཏང་ཨུའི་འགོ་ཁྲིད་འོག ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཡང་སྙིང་ལ་གདེང་ཚོད་ཟབ་མོ་བླངས།ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལྟར།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་མོ་གཉིས་ལ་རྒྱུན་འཁྱོངས་དང་བསྒྱུར་བ་བཞིས་ཏན་ཏན་ཏིག་ཏིག་བཞི་ལ་སྐུལ་འདེད་དང་དོན་འཁྱོལ་བྱེད་པའི་བླང་བྱ་གལ་ཆེན་ལ་དམིགས་ཏེ།ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་རྟོག  སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན།བདེ་སྐྱིད་བཅས་ལྡན་པའི་དེང་རབས་སྟོབས་ལྡན་ཁུལ་བསྐྲུན་ཕྱིར་བྱས་རྗེས་གསར་བ་བཞག

གཅིགདུས་རབས་གསར་བར་དམིགས་པ་དང་བསམ་བློ་དམ་འཛིན། ལམ་ལུགས་འཛུགས་སྐྲུན་བཅས་བྱས་ཏེ།སྲིད་གྲོས་ལས་དོན་འཕེལ་རྒྱས་སླད་དུ་ཁ་ཕྱོགས་ངེས་གཏན་བྱས།

གཞུང་ལུགས་ཀྱི་རྒྱབ་རྩ་ཇེ་བརྟན་དུ་བཏང་སྟེ།ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་བརྟན་པོར་བཏིངས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་དང་པོར་བཞག་སྟེ།གཅིག་བསྡུས་སུ་སློབ་སྦྱོང་བྱེད་པའི་གྲོས་ཚོགས་དང་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྤེལ་བ།ཆེད་དོན་ཞིབ་འཇུག་གྲོས་མོལ་བསྡུས་པ། ཆེད་དོན་འཆད་འཁྲིད་སྤེལ་བ།གཞི་རིམ་དུ་སྒྲོག་འགྲེལ་བྱེད་པ་བཅས་ཀྱི་རྣམ་པ་བརྒྱུད་དེ།ལས་ཁུངས་ཀྱི་ལས་བྱེད་པ་དང་ཏང་ཤོག་སོ་སོའི་ཚོགས་ཁག ལས་སྒོ་སོ་སོའི་མི་སྣ་ཡོངས་ཀྱི་བསམ་སྦྱོར་གཉིས་ཀྲུང་དབྱང་གི་ཇུས་གཞི་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་འབད་པ་བྱས།འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་བས་བརྟན་པོར་ཆགས་སུ་བཅུག ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་དང་།ཀྲུང་དབྱང་དང་ཞིང་ཆེན།ཁུལ་བཅས་ཀྱི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལ་ཞིབ་འཇུག་དང་སློབ་སྦྱོང་ནན་མོ་བྱས།ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་བསྒྱུར་བ་བཞིའི་ལས་དོན་རིག་ལམ།དེ་མིན་མཚོ་ནུབ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་བླ་མེད་དང་ལས་འགན་གཙོ་བོར་གདེང་ཚོད་ནན་མོ་བླངས།ལས་སྒོ་སོ་སོའི་ཨུ་ཡོན་རྣམ་པས་ནན་ཏན་གྱིས་སློབ་སྦྱོང་དང་བསམ་གཞིགས་ཞིབ་མོ་བཏང་བའི་དུས་མཚུངས་སུ།སློབ་སྦྱོང་གི་གྲུབ་འབྲས་དེ་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་ལོན་པ་དང་འཕེལ་རྒྱས་ཀྱི་གནས་བབས་ལ་ངོས་ཟིན་པ། དོན་དངོས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ།བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་བར་རོགས་འདེགས་མཛད་པ་བཅས་ཀྱི་ལག་ལེན་ཁྲོད་བཀོལ་ཏེ།བསྟུད་མར་ཆབ་སྲིད་དང་བསམ་བློ། གཞུང་ལུགས།བརྩེ་ཚོར་བཅས་ལ་ཁས་ལེན་ངོས་ཟིན་སྔར་བས་ཇེ་དྲག་ཏུ་ཕྱིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལམ་དུ་བསྐྱོད་པའི་ཆོད་སེམས་སྔར་བས་བརྟན་ལ།མཐུན་སྒྲིལ་འབད་བརྩོན་གྱི་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྔར་བས་སྲ་ཞིང་མཁྲེགས་པོར་གྱུར་ཡོད།

སྲིད་གྲོས་ཀྱི་ངོ་བོའི་གནས་སྟངས་ལ་གདེང་ཚོད་བླངས་ཏེ།ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་ཁག་ཐེག་བྱས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་བློ་གསར་བ་དང་ཆོད་གཏམ་གསར་བ།བླང་བྱ་གསར་བ་བཅས་ལ་དམིགས་ཏེ།སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ཁྱད་ཆོས་ལྡན་པའི་བཟང་ཆ་དང་དོན་སྙིང་གལ་ཆེན། ལས་འགན་གཙོ་བོ།  ཐབས་ལམ་གལ་ཆེན་བཅས་ལ་རྒྱུས་ལོན་ཟབ་མོ་བླངས་ཏེ།  མི་དམངས་སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་བརྒྱུད་ལམ་གལ་ཆེན་དང་ཆེད་གཉེར་གྲོས་མོལ་ལས་ཁུངས་ཡིན་པའི་ངོ་བོའི་གནས་སྟངས་ལ་ཡང་དག་པའི་གདེང་ཚོད་བླངས་ཏེ།གཡོ་འགུལ་མེད་པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་དོན་དམ་གྱིས་སྲིད་གྲོས་དམངས་གཙོའི་དར་སྤེལ་དང་སྲིད་ཞུགས་སྲིད་གླེང་།མཐུན་སྒྲིལ་མཉམ་འབྲེལ་གྱི་སྟེགས་བུ་གལ་ཆེན་གྱི་བྱེད་ནུས་གང་ལེགས་བཏོན། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་སྲིད་ཞུགས་ལས་ཁུངས་སོ་སོ།རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་རྩ་འཛུགས་སྒོས་སྣེ་འཁྲིད་དེ།རང་འགུལ་དུ་རྩ་ཁྲིམས་དང་ཁྲིམས་ལུགས། སྲིད་གྲོས་སྒྲིག་ཡིག་བཅས་ཀྱི་ཁྱབ་ཁོངས་སུ་ལས་དོན་སྤེལ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ།  ཧུར་ཐག་གིས་མཐུན་སྦྱོར་འབྲེལ་བ་དང་སྟོབས་ཤུགས་གཅིག་བསྡུས།གྲོས་འདོན་ཇུས་འགོད། རྣམ་པ་ཆེན་མོར་ཞབས་ཞུ་བྱེད་པའི་འོས་འགན་ལག་བསྟར་བྱས།དྲང་བདེན་ལ་རྒྱུན་འཁྱོངས་དང་ངེས་དོན་ཁྱབ་བསྒྲགས་བྱས་ཏེ།སྲིད་གྲོས་ཀྱི་ལས་དོན་རྟག་ཏུ་ཡང་དག་པའི་ཕྱོགས་སུ་བསྟུད་མར་འཕེལ་རྒྱས་དང་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་པའི་དུས་མཚུངས་སུ། རང་འགུལ་དུ་ཁུལ་ཏང་ཨུ་ལ་ཡར་ཞུ་དང་ཁུལ་སྲིད་གཞུང་ལ་གྲོས་མོལ་བརྒྱུད་དེ། རྟོག་ཞིབ་ཁ་བྱང་འདེམས་པ་དང་གྲོས་མོལ་ལྟ་རྟོག་ནང་དོན།གྲོས་ཞིབ་ལྟ་སྒྲུབ་བཅས་ཀྱི་དོན་འཁྱོལ་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་པས།སྲིད་གྲོས་འོས་འགན་ལག་བསྟར་དང་ལྟེ་བའི་བྱ་བ་གཉིས་སྔར་བས་འཕྲོད་སྦྱོར་དང་ཕན་འབྲས་སྔར་བས་ལེགས་པ་བྱུང་།

ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།གྲོས་མོལ་དམངས་གཙོའི་གསུམ་འགྱུར་ཅན་ཞེས་པའི་ཆུ་ཚད་ཇེ་མཐོར་བཏང་།  ཀྲུང་དབྱང་དང་ཞིང་ཆེན་གྱི་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱས་ཏེ།ཁྱོན་ཡོངས་ནས་རང་ཁུལ་གྱི་སྲིད་གྲོས་ལས་དོན་ལ་རྟོག་ཞིབ་མཛད་ཅིང་།ལམ་ལུགས་ཆེན་མོ་བཞིའི་མ་ལག་བཟོ་བཅོས་དང་འཐུས་ཚང་དུ་བཏང་ཡོད་དེ། གཅིག་ནི་འོས་འགན་ལག་བསྟར་གྱི་སྤྱིའི་ལམ་ལུགས་མ་ལག་ཏུསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱིས་དམངས་གཙོའི་ལྟ་རྟོག་འགན་ནུས་སྔར་བས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆརསོགས་འདུས།གཉིས་ནི་ནང་ཁུལ་འཁོར་སྐྱོད་ཀྱི་ཚད་ལྡན་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་བརཀྲུང་གུང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་གྲོས་ཚོགས་ལམ་སྲོལདངསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ལམ་སྲོལ  སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ལམ་སྲོལསོགས་འདུས། གསུམ་ནི་བྱ་བའི་ངར་སློང་སྐྱེན་སྲོལ་མ་ལག་ཚང་སྐྲུན་བྱས་པརསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ལས་འགན་ལག་བསྟར་བྱ་བའི་ལམ་སྲོལདངསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་སྤྱིའི་རྩ་འཛིནམཚོ་ནུབ་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བསྡུ་སྒྲིག་བྱ་བའི་ལམ་སྲོལསོགས་འདུས། བཞི་ནི་ཏང་ཨུ་སྲིད་གཞུང་འགན་ནུས་སྡེ་ཁག་དང་ཟུང་འབྲེལ་ཚད་ལྡན་ལམ་ལུགས་མ་ལག་བཙུགས་པརསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་གཞི་སྒྲུབ་པའི་གྲོས་མོལ་བྱེད་ཐབསསོགས་འདུས། དུས་མཚུངས་སུ།འགོ་ཁྲིད་ཁོངས་མིའི་སྣེ་འཁྲིད་དེ་ལམ་ལུགས་དོན་འཁྱོལ་བྱས་ཏེ་འོས་འགན་བཅངས་ནས་མིག་དཔེ་བཞག ཚང་མས་ལམ་ལུགས་ལྟར་ལས་དོན་སྒྲུབ་པའི་འདུན་མ་བཞེངས་པར་སྐུལ་འཁྲིད་མཛད་དེ་ལམ་ལུགས་ལྟར་ལས་དོན་སྒྲུབ་པའི་གོམས་སྲོལ་ཆགས་སུ་བཅུག སྲིད་གྲོས་དམངས་གཙོ་ལམ་ལུགས་ཅན་དང་ཚད་ལྡན་ཅན།གོ་རིམ་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོར་འདེགས་བྱས།  

གཉིས། ལྟེ་བའི་ལས་དོན་ལ་དམིགས་ཏེ་ཇུས་ཆེན་འགོད་པ་དང་བསམ་གྲོས་བཏོན་ཏེ།དེང་རབས་སྟོབས་ལྡན་ཁུལ་དུ་བསྐྲུན་ཕྱིར་ཕན་ལྡན་ནུས་པ་ཐོན།  

ཨུ་ཡོན་ལྷན་ཚོགས་ཡོངས་ཀྱི་ཤེས་རབ་བསྡུས་ཏེ་ཇུས་གཞི་ཆེན་མོ་འཐེན།2017ལོར། ང་ཚོས་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཁྲོད་ཀྱི་སྔོན་སྐྱོད་རང་བཞིན་དང་རྣམ་པ་ཆེན་མོའི་རང་བཞིན་གྱི་གནད་དོན་བདམས་ཏེ།རྟོག་ཞིབ་རིགས་སྒྲུབ་ཟབ་མོ་བྱེད་པའི་རྨང་གཞིའི་སྟེང་། སྲིད་གྲོས་ཚང་འཛོམས་གྲོས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་བརྒྱུད་དེ་ཆེད་དོན་སྲིད་གླེང་སྤེལ།ཁུལ་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་།ང་ཚོས་ཆེད་དོན་སྲིད་གླེང་དང་ཚོགས་ཆེན་དུ་གཏམ་བཤད་གནང་བ།ལས་སྒོ་སོ་སོའི་དཔྱད་གླེང་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ།ཨུ་ཡོན་རྣམ་པས་འཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དང་ཐོན་ལས་སྒྲིག་གཞིའི་སྡེབ་བཀོད། སྟོང་ཅན་ལྔ་ཞེས་པའི་ཐོན་ལས་ཚོགས་ཀྱི་འཕེལ་རྒྱས། ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། དམངས་འཚོ་ལེགས་བསྒྱུར་སོགས་ཕྱོགས་ལ་དམིགས་ཏེ་བསམ་གྲོས་དོན་ཚན40བཏོན། དེ་མིན་བསྒྱུར་བ་བཞི་ལ་དམིགས་ཏེ།ཁེ་ལས་པ་ཡིས་ཚྭ་འདམ་རྟགས་མའི་གྲུ་གཟིངས་ཆེན་མོ་བརྟན་པོར་རྒྱང་བསྐྱོད་བྱེད་པར་རོགས་འདེགས་མཛད་པ་ནི་བརྗོད་དོན་ཡིན་པའི་ཁེ་ལས་པའི་དཔྱད་གླེང་སྤེལ་ཏེ།ཚོགས་ཞུགས་ཀྱི་དཔལ་འབྱོར་ལས་སྒོའི་ཨུ་ཡོན་དང་ཆེད་ཞུས་ཁེ་ལས་པ་དང་ལྷན་དུ་མཚོ་ནུབ་ཀྱི་སྣ་མང་ཐོན་ལས་ལེགས་པོར་འཁོར་སྤྱོད་འཕེལ་རྒྱས་སླད་དུ་གནད་ཕིགས་ཀྱི་བསམ་གྲོས་མང་པོ་བཏོན།

དུས་ཚིགས་རེར་གྲོས་མོལ་ཇུས་འདོན་བྱས། 2017ལོར། ཁུལ་སྲིད་གྲོས་ཀྱི་དུས་ཚིགས་རེར་ཆེད་དོན་གྲོས་མོལ་གྲོས་ཚོགས་ལམ་ལུགས་གསར་སྐྲུན་བྱས། ཁུལ་ཨུས་གྲོས་མོལ་དམངས་གཙོའི་སྟེགས་བུ་འདིར་ཚད་མཐོན་པོས་གདེང་འཇོག་གནང་། ཁུལ་ཨུས་འགོ་ཁྲིད་གཙོ་བོས་དངོས་སུ་གྲོས་མོལ་བརྗོད་གཞི་བཏོན། ང་ཚོས་ཁུལ་ཨུས་གཏན་ཁེལ་བྱས་པའི་དངུལ་རྩའི་དབུལ་སྐྱོར་ལས་གཞིའི་འཕེལ་རིམ་དང་དབུལ་ཐར་སྲ་བརྟན་མཐོར་འདེགས། མཚོ་ནུབ་ཁུལ་ལྗོངས་རྒྱུ་རིག་གནས་ལུས་རྩལ་མཐུན་སྦྱོར་འཕེལ་རྒྱས་སོགས་རྟོག་གཞི་བརྗོད་བྱ4ལ་དམིགས་ཏེ།རྟོག་ཞིབ་ཟབ་མོ་བྱེད་པའི་རྨང་གཞིའི་སྟེང་།སྲིད་གྲོས་ཨུ་ཡོན་དང་འབྲེལ་ཡོད་སྡེ་ཁག་གི་གཙོ་འགན་པ།ཆེད་མཁས་པ་སོགས་རྩ་འཛུགས་བྱས་ཏེ་དུས་ཚིགས་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། བདེན་པ་བདེན་དྲངས་དང་ཚུལ་ལྡན་གྱི་ཉམས་ལེན་དང་བགྲོ་གླེང་བྱས་ཁར། གནད་ལ་ཁེལ་ཞིང་དོན་གྱི་ཕུགས་ལྡན་པའི་བསམ་གྲོས་བཏོན་ནས་སྤུས་ཀ་མཐོ་བའི་གྲོས་མོལ་འབྲས་བུ་གྲུབ།དེའི་ཁྲོད་དུམཚོ་ནུབ་ཁུལ་དངུལ་རྩའི་དབུལ་སྐྱོར་ལས་གཞིའི་འཕེལ་རིམ་གནས་ཚུལ་དང་དབུལ་ཐར་གཙང་སེལ་སྲ་བརྟན་མཐོར་འདེགས་སུ་གཏོང་བའི་ལས་དོན་སྐོར་གྱི་རྟོག་ཞིབ་སྙན་ཞུལ་ཁུལ་ཏང་ཨུ་དང་སྲིད་གཞུང་གི་འགན་འཛིན་པ་གཙོ་བོ་དང་ལས་བགོས་འགོ་ཁྲིད་ཀྱིས་མཆན་འགོད་གལ་ཆེན་གནང་སྟེ།འབྲེལ་ཡོད་སྡེ་ཁག་དག་གིས་ལྟ་ཀློག་ཞིབ་འཇུག་ནན་མོ་བྱེད་པ་དང་བྱ་བའི་ཁྲོད་དུ་ཟུར་ལྟ་གཞི་འཛིན་དགོས་པར་བླང་བྱ་བཏོན་པས།སྲིད་གྲོས་ཀྱི་རྟོག་ཞིབ་གྲུབ་འབྲས་ལ་ཅུང་ལེགས་པའི་འགྱུར་ལྡོག་བྱུང་ཞིང་དོན་འཁྱོལ་བྱས།

ལྟེ་བར་ཞུགས་ཏེ་འཕེལ་རྒྱས་ལ་སྐུལ་བ། ཁུལ་ཨུས་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཕལ་ཆེར་ལོ་ཧྲིལ་བོར་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཁྲོད་ཕྱིན་ནས་ཡུལ་དངོས་སུ་གཞུང་སྒྲུབ་དང་མཐུན་སྦྱོར།དུས་བཅད་ལྟར་ལྟ་བཤེར་སོགས་བྱེད་པའི་རྣམ་པ་བརྒྱུད་དེ།བདེ་སྲུང་བརྟན་བརླིང་དང་ཁོར་ཡུག་སྲུང་སྐྱོང་། དབུལ་སྐྱོར་མཁྲེགས་གཏོར།བདེ་འཇགས་ཐོན་སྐྱེད། མི་རིགས་མཐུན་སྒྲིལ་གསར་སྐྲུན། གལ་ཆེན་ལྔ་ཞེས་པའི་ལས་དོན་ཏན་ཏིག་གིས་ལེགས་པོར་བསྒྲུབ་པའི་དུས་མཚུངས་སུ།འབྲེལ་གནས་སུ་བསྡད་དེ་རྟོག་ཞིབ་བྱས་ཏེ།  ཁུལ་ཡོངས་ཀྱི་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གནས་བབ་དབྱེ་ཞིབསོགས་སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ6གྲུབ།ཏང་སྲིད་འགོ་ཁྲིད་པའི་ཁྱོན་ཡོངས་ནས་གནས་ཚུལ་རྒྱུས་ལོན་དང་ཚན་རིག་དམངས་གཙོའི་ཇུས་འདོན་ཆེད་ཟུར་ལྟའི་ཁུངས་ལུང་གལ་ཆེན་བཏོན།ཧུར་ཐག་གིས་ཁུལ་ཏང་ཨུ་དང་སྲིད་གཞུང་ལ་མཉམ་འབྲེལ་བྱས་ཏེ་རྒྱལ་ཁའི་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཡུལ་དངོས་གྲོས་ཚོགས་སྐབས་བདུན་པ་དང2017ལོའི་ཀྲུང་གོའི་མཚོ་སྔོན་ཚྭ་འདམ་ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་དཔྱད་གླེང་སོགས་གྲོས་ཚོགས་སྤེལ།ཧུར་ཐག་གིས་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་གི་ཆེད་མཁས་པ་གདན་འདྲེན་ཞུས་ཏེམཚོ་སྔོན་ཞིང་ཆེན་ཚྭ་འདམ་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་སྤྱིའི་འཆར་འགོདལ་ཇུས་གཞི་བཏོན།འཆར་འགོདསྒྲིག་ལུགས་འགྲུབ་པ་དང་བདེ་བླག་ངང་དཔྱད་ཞིབ་ཚད་ལེན་ཐོབ་ཆེད་སྲིད་གྲོས་ཀྱི་བྱེད་ནུས་བཏོན།

གསུམ།དམངས་ཀྱི་འཚོ་བ་དང་གནས་ཚུལ་ལ་དམིགས་ནས་བསམ་གྲོས་བཏོན་ཞིང་དོན་དངོས་བསྒྲུབས་ཏེ།བདེ་སྐྱིད་མཚོ་ནུབ་འཛུགས་སྐྲུན་ཆེད་དུ་བྱས་རྗེས་བཞག

གྲོས་གཞི་བརྒྱུད་དེ་དམངས་འཚོའི་གནད་དོན་ཐག་གཅོད་པར་སྐུལ་འདེད་བྱས།སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་པའི་ཚུན་ལ།བསྡོམས་པའི་གྲོས་གཞི134འབྱོར། གྲོས་གཞི71ལ་ཞིབ་བཤེར་ཐོ་འགོད་བྱས་ཤིང།བསྐྱར་སྒྲུབ་བྱས་ཚད100%ལ་བསླེབས། གྲོས་གཞི་སྒྲུབ་པའི་ལས་དོན་ལ་ཤུགས་སྣོན་ཆེད།སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་གཞི་སྒྲུབ་པའི་གྲོས་མོལ་བྱེད་ཐབས་བསྒྲིགས་ཏེ་བཏོན།ནན་ཏན་གྱིས་གྲོས་གཞི་གལ་ཆེན་གྱི་ལྟ་སྒྲུབ་ལས་དོན་ལེགས་པོར་སྤེལ་བར།སྲིད་གྲོས་ཀྲུའུ་ཞི་གྲོས་ཚོགས་ཁོངས་མི་སོ་སོས་དཔུང་ཁག་གི་སྣེ་འཁྲིད་དེ་འགན་སྒྲུབ་ལས་ཁུངས་སུ་ཕྱིན་ནས་སྤྱི་ཕན་ལས་གནས་ཀྱི་ལས་བཟོ་བའི་གླ་དངུལ་ཇེ་མཐོར་གཏོང་བ་སོགས་གྲོས་གཞི་གལ་ཆེན5ཡི་ལས་སྒྲུབ་ལ་རྗེས་འདེད་ལྟ་སྒྲུབ་མཛད་པ་དང་།ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་སྤྱི་ཕན་ལས་རྐང་གི་ལས་བཟོ་བའི་གླ་དངུལ་ཚད་གཞི1270ནས1500དུ་སྤར་བ་སོགས་གྲུབ་པས། མ་དངུལ་སྒོར་ཁྲི900ལྷག་མཐུན་སྦྱོར་སྒོས་དོན་འཁྱོལ་བྱས་ནས་རྒན་གསོ་ཁང་དང་དེའི་སྒྲིག་ཆས་ཆ་ཚང་གི་འཛུགས་སྐྲུན་ཐད་བཀོལ། འབྲེལ་གྲོས་གཞི་གལ་ཆེན5ཚད་མཐོན་པོས་ལྟ་སྒྲུབ་ལྟར་གྲུབ། ང་ཚོས་ཁུལ་སྡོད་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྣམ་པས་གྲོས་གཞིའི་བརྗོད་བྱ་འདེམས་པའི་བྱ་བར་མཛུབ་སྟོན་བྱས།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་སྐབས་སུ།ཁུལ་སྡོད་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཅུས་ཧྭ་ཡིས་སྤྲད་པའི་རིམ་བགོས་སྨན་བཅོས་ལམ་ལུགས་རྨང་གཞི་སྔར་བས་འཐུས་ཚང་དུ་གཏོང་དགོས་པའི་ལས་དོན་སྐོར་གྱི་གྲོས་གཞིར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཕུལ་བྱུང་གྲོས་གཞིར་བདམས། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་སྐབས་སུ་ཁུལ་སྡོད་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ཡུས་རོང་ཆོན་དང་ཞུའོ་ཀྲིན་ཆི་གཉིས་ཀྱིས་སྤྲད་པའི་ཤུགས་ཆེན་པོས་དགུན་དུས་ཀྱི་ལྗོངས་རྒྱུ་གསར་འབྱེད་བྱས་ཏེ།རང་ཞིང་གི་ལྗོངས་རྒྱུའི་ཐོན་ལས་ཁྱོན་ཡོངས་ནས་འདྲ་མཉམ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གྲོས་གཞི་སོགས་གྲོས་གཞི2ལ་ཞིང་ཆེན་སྲིད་གྲོས་ཀྱི་ཕུལ་བྱུང་གྲོས་གཞིར་བདམས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་བརྗོད་གཞི་ལྟར།ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་སྐབས་སུ།ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་བརྗོད་གཞི་ལྟར། ཁུལ་སྡོད་ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྩ་འཛུགས་སྒོས་གྲོས་གཞི40སྤྲད་པ་དང་གྲོས་གཞི18ཐོ་འགོད་བྱས།

སྡེ་དམངས་གནས་ཚུལ་བརྒྱུད་དེ་མང་ཚོགས་ཀྱི་ཁེ་ཕན་འདོད་བློ་ཚུར་སྣང་བྱས་པ།སྡེ་དམངས་འདོད་བློ་ནི་འགན་ནུས་ལག་བསྟར་བྱེད་པའི་གོ་རིམ་གལ་ཆེན་དུ་ངེས།སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ། ཨུ་ཡོན་རྣམ་པས་དམིགས་སའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དམ་འཛིན་བྱས་ཏེ། རིམ་པ་མི་འདྲ་བ་དང་ཁེ་ཕན་མི་འདྲ་བའི་ཚོགས་ཁག་གི་བསམ་གྲོས58མྱུར་བར་ཚུར་སྣང་བྱས། སྡེ་དམངས་འདོད་བློདངམཚོ་ནུབ་སྲིད་གྲོསསོ་སོ་སྤེལ་ཐེངས2བསྒྲིགས་ཏེ་དཔར་སྐྲུན་བྱས། དེའི་ཁྲོད་དུ་མི་རིགས་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུའི་རིག་གནས་ཐོན་ལས་སྔོག་འདོན་བྱས་ཏེ་རོང་འབྲོག་དམངས་ཀྱི་ཡོང་སྒོར་སྐུལ་འཁྲིད་དང་ཞིང་སྡེའི་སྤྱི་སྤྱོད་གཞུང་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ན་གཞོན་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་པ་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འབྲེལ་བའི་གནད་དོན་ལ་ཏང་སྲིད་འགོ་ཁྲིད་ཀྱིས་མཐོང་ཆེན་བྱས་ཏེ།འབྲེལ་ཡོད་སྡེ་ཁག་གིས་ལས་སྒྲུབ་དོན་འཁྱོལ་བྱེད་པར་འགན་ཁུར་བཞག་ནས་དམངས་འཚོའི་གནད་དོན་སྐོར་ཞིག་ཐག་གཅོད་བྱས།སྡེ་དམངས་འདོན་བློ་ཚུར་སྣང་བྱས་པ་བརྒྱུད་དེ་ཏང་སྲིད་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་བརྡ་འཕྲིན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོར་བྱེད་པ་དང་།གནད་དོན་གཞི་རིམ་ནས་དམིགས་བསལ་སྐབས་སུ་ཐག་གཅོད་པར་ཟུར་ལྟའི་དཔྱད་གཞི་བཏོན་ཞིང་།སྔར་བས་ལྷག་པའི་སྒོ་ནས་སྡེ་དམངས་འདོན་བློའི་ཐད་གཏོང་རླངས་འཁོར་ལྟ་བུའི་ནུས་པ་ཐོན་ཡོད།

རོགས་སྐྱོར་བྱ་འགུལ་བརྒྱུད་དེ་དམངས་འཚོ་ལེགས་བསྒྱུར་ལ་དམིགས་པ།ང་ཚོས་སྲིད་གྲོས་ཀྱི་འབྲེལ་རྒྱ་ཆེ་བའི་བཟང་ཆ་གང་ལེགས་བཏོན་ནས་ཨུ་ཡོན་ལ་སྐུལ་འཁྲིད་བྱས་ཏེ་དབུལ་སྐྱོར་དཀའ་སེལ།སློབ་དངུལ་རོགས་འདེགས།  ཁྲིམས་ལུགས་རོགས་སྐྱོར།ཚན་རྩལ་གསོ་སྦྱོང་སོགས་དམངས་ཕན་བྱ་འགུལ་ཐེངས10ལྷག་སྤེལ།ལས་རྩོལ་འཕྲོ་མ་སྤོ་བསྒྱུར་མི་ཐེངས70ལྷག་བྱས།ལྷག་བསམ་རྣམ་དག་སྒོས་མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབས་ཏེ་དཀའ་གནད་སེལ། དུས་མཚུངས་སུ། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཁོངས་མི་སོ་སོ་རང་ཉིད་ཀྱི་བདེ་སྲུང་དང་དབུལ་སྐྱོར་སོགས་འབྲེལ་གནས་ས་ཁུལ་དང་ཡུལ་ཚོ་གྲོང་རྡལ།སྡེ་ཁུལ།  ཁེ་ལས། སློབ་གྲྭ། དགོན་པ།འབྲེལ་གཏུག་ཁྱིམ་ཚང་བཅས་སུ་ཕྱིན་ནས་ཞབས་ཞུ་བསྒྲུབས།འབྲེལ་གནས་ཀྱི་ཕྱོགས་སོ་སོར་རྟོག་ཞིབ་ནན་མོ་བྱས་པ་བརྒྱུད་དེ།ལག་བསྟར་བྱས་ཆོག་ཆོག་གི་བསམ་གྲོས་གང་མང་བཏོན་པར་མ་ཟད།ཕྱོགས་གང་མང་ནས་མ་དངུལ་བརྩོན་ལེན་བྱས་ཏེ། ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོའི་མཚམས་ཁང་སྡེ་བ་དང་ལུང་དམར་ཡུལ་ཚོའི་རྣ་རྫ་སྡེ་བ།རྫ་དམར་སྡེ་བ། འབྲུག་ཁྱུང་ཡུལ་ཚོའི་གངས་དོང་སྡེ་བ། དབུས་ལམ་རྫོང་གི་མཐོན་པོ་གྲོང་རྡལ་གྱི་གད་པ་གོང་མ་སྡེ་བ།གཏེར་ལམ་རྫོང་ཆུ་དཀར་ཐང་གྲོང་རྡལ་གྱི་ཞི་ཧུའོ་ཐན་སྡེ་བ་ཞོལ་མ་བཅས་ཀྱི་ཆེད་དུ་བསྡོམས་པས་སྒོར་ཁྲི115བརྩོན་ལེན་བྱས་ཏེ།སྡེ་བ་རིམ་པའི་ཏང་འཛུགས་དང་དབུལ་སྐྱོར།དེ་མིན་ཏང་ཡོན་མང་ཚོགས་ཀྱི་བྱ་འགུལ་ལྟེ་གནས་བསྐྲུན་པ་སོགས་ཀྱི་ཐད་དུ་བཀོལ།  

བཞི།མཐུན་སྒྲིལ་མཛའ་བཤེས་ལ་དམིགས་ནས་སྟེགས་བུ་བསྐྲུན་ཏེ།འཆམ་མཐུན་མཚོ་ནུབ་བསྐྲུན་སླད་སྟོབས་ཤུགས་བསྡུས།

ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་བྱས་པ། 2017ལོར།  སྲིད་གྲོས་ཀྱི་འགོ་ཁྲིད་སོ་སོ་རང་གི་བདེ་སྲུང་འབྲེལ་གནས་ས་ཁུལ་དུ་སོང་སྟེ།དཀའ་ཁག་མང་ཚོགས་ལ་ཁམས་འདྲི་བྱས་པ་མ་ཟད།མངའ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་མདུན་སྐྱོད།  ཆོས་ལུགས་དགོན་སྡེའི་དོ་དམ་སོགས་ཕྱོགས་ནས་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་ཁུལ་དུ་ཕྱིན་ཏེ་རྟོག་ཞིབ་སློབ་སྦྱོང་བྱས། ཕྱོགས་བསྡུས་དབྱེ་ཞིབ་བརྒྱུད་དེ་དམིགས་བསལ་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་བསམ་གྲོས10ལྷག་བཏོན་ཞིང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་གི་བེད་སྤྱོད་དོན་འཁྱོལ་བྱེད་པར་སྤྲད། ལྷག་པར་དུ་ཏང་འཐུས་ཚོགས་ཆེན་བཅུ་དགུ་པ་བསྡུས་པའི་སྔ་རྗེས་སུ། ཏང་འཐུས་ཚོགས་ཆེན་བཅུ་དགུ་པ་བསུ་བའི་མཚོ་ནུབ་ཁུལ་ཡིག་རིས་འགྲེམ་སྟོན་དང་ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་སུ་བསྙེག་སྟེ། འོས་འགན་སེམས་ལ་བཅངས་ནས་འགན་ཐག་ཆོད་པ་ཞེས་པ་བརྗོད་དོན་ཡིན་པའི་གཏམ་བཤད་འགྲན་སྡུར་སོགས་ཀྱི་བྱ་འགུལ་སྤེལ། ཞིང་སྡེ་གཞིས་ཁུལ་དང་ཆོས་ལུགས་དགོན་སྡེ། སློབ་གྲྭ།བཟོ་གྲྭ་ཁེ་ལས་བཅས་སུ་ཕྱིན་ཏེ། སྐད་རིགས་མི་འདྲ་བའི་ལམ་ནས་ཏང་འཐུས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་མི་རིགས་ཆོས་ལུགས་སྲིད་ཇུས། ཏང་གི་དམངས་ཕན་སྲིད་ཇུས་སོགས་སྒྲོག་འགྲེལ་བྱས། ནན་ཏན་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ཏེ།ཆོས་ལུགས་ཁག་གི་མི་སྣ་དང་མི་རིགས་ཆོས་ལུགས་ཁག་གི་ཨུ་ཡོན་དང་དད་ལྡན་མང་ཚོགས།ཆོས་ལུགས་དགོན་སྡེ་སོགས་སུ་ཁམས་འདྲིར་ཕྱིན། ཆོས་ལུགས་ལས་སྒོའིQQགླེང་མོལ་དང་སྐད་འཕྲིན་ཚོགས་པ་བཙུགས། ཧུར་ཐག་གིས་ཏང་ཤོག་སོ་སོ་དང་བཟོ་ཚོང་ལྷན་འབྲེལ། ཏང་ཤོག་མེད་པའི་མི་སྣ།ཆོས་ལུགས་པའི་མི་སྣ་དང་སྤྱི་ཚོགས་སུ་སྙན་གྲགས་ལྡན་པའི་མི་སྣ2018ལོ་སར་སྤྲོ་ཚོགས་དང་བཞུགས་མོལ་གྲོས་ཚོགས་སོགས་བྱ་འགུལ་དུ་གདན་ཞུས་བྱས་ཤིང་། ཁོ་ཚོའི་བྱེད་ནུས་གང་ལེགས་བཏོན་ནས་ཐུན་མོང་གི་སྟོབས་ཤུགས་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་བསྐྲུན་ཕྱིར་འབུལ་བར་འབད་པ་བྱས།

ཧུར་ཐག་གིས་སྲིད་གྲོས་རྩ་འཛུགས་ཀྱི་མཉམ་ཤུགས་གྲུབ་པར་སྐུལ་འདེད་བྱས། ཁུལ་སྲིད་གྲོས་རྒྱུན་ལས་གྲོས་ཚོགས་སོགས་གྲོས་ཚོགས་གལ་ཆེན་དང་བྱ་འགུལ་གལ་ཆེན་དུ་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྲུའུ་ཞི་ཟུར་ཞུགས་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། གོང་རིམ་གྱི་དགོངས་དོན་བརྒྱུད་སྒྲོག་དང་བྱ་བའི་ཉམས་མྱོང་བརྗེ་རེས་བྱས། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལ་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ནས་ཟླ་རེ་བཞིནམཚོ་ནུབ་སྲིད་གྲོས་ཟླ་རེའི་གནས་ཚུལབསྒྲིགས་ཏེ་བཀྲམས་ཤིང་ཕན་ཚུན་ཉམས་མྱོང་བརྗེ་རེས་བྱས། ཁུལ་ཡོངས་སྲིད་གྲོས་མ་ལག་ཁྲོད་དུ་ལས་སྒོའི་ཤེས་བྱ་འགྲན་སྡུར་བྱ་འགུལ་སྤེལ་ཏེ་ལས་བྱེད་མི་སྣའི་ལས་སྒོའི་བྱང་ཚད་ཇེ་མཐོར་བཏང་།ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཁྱད་ལྡན་བྱེད་ནུས་བཏོན་ནས་གྲོས་གཞིར་ལྟ་སྒྲུབ་དང་རྟོག་ཞིབ་གཟིགས་ཞིབ་སོགས་བྱ་བའི་ཁྲོད་དུ་ཁ་གཏད་རང་བཞིན་གྱི་ཁམས་འདྲི་དང་ཕན་ཚུན་བར་སྐུལ་སློང་བྱས།ཐེམ་ཆེན་སོགས་ས་གནས་སུ་སོང་ནས་ཁམས་འདྲི་རྒྱུས་ལོན་དང་བྱ་བའི་གསར་སྐྲུན་ལ་མཛུབ་སྟོན། འགན་ནུས་ཡར་འདེགས་སོགས་ཀྱི་བྱ་འགུལ་སྤེལ་ཏེ། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྱིས་ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་གཞི་རིམ་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཁྲོད་དུ་སྔར་བས་བྱེད་ནུས་གལ་ཆེན་བཏོན། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་སྲིད་གྲོས་ལ་འབྲེལ་འདྲིས་དམ་པོ་བྱས་ཏེ་ལྷན་དུ་མི་དམངས་སྲིད་གྲོས་དམངས་གཙོར་ལྟ་རྟོག་བྱེད་པར་སྐུལ་འདེད་གཏོང་བ་སོགས་བརྗོད་དོན8གྱི་རྟོག་ཞིབ་གྲུབ། གོང་རིམ་གྱི་ཚན་རིག་ཇུས་འདོན་ཐད་རྒྱུ་ཆ་དང་ཇུས་གཞི་འབུལ། སྲིད་གྲོས་ཀྱི་མཛའ་བཤེས་འབྲེལ་འཛུགས་བཟང་ཆ་གང་ལེགས་བཏོན་ནས།ཁུལ་དང་གྲོང་ཁྱེར་གཞན་པའི་སྲིད་གྲོས་མཚོ་ནུབ་ཏུ་ཕེབས་ཏེ་རྟོག་ཞིབ་འབྲེལ་འཛུགས་སྐོར་ཐེངས40ཡི་མི100ལྷག་སྣེ་ལེན་བྱས་ནས།མཚོ་ནུབ་ཀྱི་སྲིད་ཇུས་བཟང་ཆ་དང་དངུལ་གཏོང་ལས་གཞི་ངོ་སྤྲོད་དང་དྲིལ་སྒྲོག་ལེགས་པོ་བྱས་ཏེ།མཚོ་ནུབ་དཔལ་འབྱོར་རིག་གནས་འཕེལ་བའི་འབྲེལ་བ་དང་ས་ཁོངས་བརྒལ་ནས་སྲིད་གྲོས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བྱས།

རིག་གནས་ལོ་རྒྱུས་དང་དྲིལ་སྒྲོག་ལས་དོན་སྤེལ་བར་འབད་པ་བྱས། ཚྭ་འདམ་གསར་འབྱེད་འཛུགས་སྐྲུན་ལོ་རྒྱུས་རྒྱུ་རིམ་ཁྲོད་ཀྱི་དཔེ་གཞི་ལེགས་པོ་དང་དོན་དག་གལ་ཆེན། མི་སྣ་གཙོ་བོའི་དཔྱད་གཞི་བསྟུད་མར་འཚོལ་བསྡུ་བྱས་ཤིང་།མཚོ་ནུབ་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་སྔར་བས་ཕུན་སུམ་ཚོགས་པར་བཏང་།  ཞིང་ཆེན་སྲིད་གྲོས་ཀྱིམཚོ་སྔོན་སོག་རིགས་ལོ་བརྒྱའི་དངོས་བཀོད་ཟིན་བྲིསཀྱི་མཚོ་ནུབ་ས་ཁུལ་གྱི་འཚོལ་བསྡུ་འདེམས་སྒྲིག་བྱ་བ་གྲུབ།ཚྭ་འདམ་སོག་རིགས་ལོ་བརྒྱའི་དངོས་བཀོད་ཟིན་བྲིསའཚོལ་བསྡུ་དག་སྒྲིག་བྱ་བ་གྲུབ།མཚོ་ནུབ་རིག་གནས་ལོ་རྒྱུས་དཔྱད་ཡིགསྤེལ་ཐེངས་ཉེར་གཅིག་དང་ཚྭ་འདམ་རིག་གནས་ལོ་རྒྱུས་དཔེ་ཚོགས་སྤེལ་ཐེངས་ལྔ་བའི་དཔར་སྐྲུན་འགྲེམ་སྤེལ་བྱ་བ་གྲུབ་པར་མ་ཟད།མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་མཚོ་སྔོན་སློབ་ཆེན་དཔེ་མཛོད་ཁང་དུ་རིན་མེད་པར་དཔེ་ཚོགས་དེ་བྱིན།དཔེ་ཚོགས་མཚོ་ནུབ་ནས་ཞིང་ཆེན་དུ་འགྲེམས་པར་རོགས་འདེགས་བྱས། མཚོ་སྔོན་ཉེན་རེའི་ཚགས་པརདངམཚོ་སྔོན་སྲིད་དོན་ཚགས་པར》《ཚྭ་འདམ་ཉིན་རེའི་ཚགས་པརསྲིད་གྲོས་དྲྭ་ཚིགས་སོགས་སུ་དྲིལ་སྒྲོག་བྱས།ཁུལ་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་གི་གྲུབ་འབྲས་གཙོ་བོ་དང་ལས་དོན་ཁྱད་ཆོས་ཅན30ལྷག་དྲིལ་སྒྲོག་བྱས་ཏེ།མཚོ་ནུབ་སྲིད་གྲོས་ཀྱི་རྣམ་པ་གསར་བ་དང་སྲིད་ཞུགས་སྲིད་གླེང་གི་གྲུབ་འབྲས།ཨུ་ཡོན་རྣམ་པས་ལས་འགན་ལག་བསྟར་གྱི་སྤྱོད་སྟངས་ལེགས་པོ་བཅས་ཕྱི་ལ་ངོམས།

ལྔ།རང་སྟེང་འཛུགས་སྐྲུན་ལ་དམིགས་ནས་བྱང་ཚད་ཇེ་ལེགས་དང་སྣང་བརྙན་བཞེངས་སྐྲུན་བྱས་ཏེ། བྱ་བའི་ཆུ་ཚད་མཐོར་འདེགས་ཆེད་དུ་སྒུལ་ཤུགས་བསྩལ།

2017ལོར། རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་རང་སྟེང་འཛུགས་སྐྲུན་ནི་བྱ་བའི་རྨང་གཞི་གལ་ཆེན་དུ་བཟུང་ནས་དམ་འཛིན་བྱས།གཅིག་ནི་ཆེས་ལེགས་པའི་སྲིད་གྲོས་ལས་ཁུངས་གསར་སྐྲུན་བྱས།  སྐབས་གསར་བའི་ཁུལ་སྲིད་གྲོས་ཀྱི་ཏང་རྩ་འཛུགས་ཀྱི་རྒྱ་སྐྱེད་གྲོས་ཚོགས་ཐེངས་དང་པོའི་སྟེང་ང་ཚོས་ཆེས་ལེགས་པོའི་སྲིད་གྲོས་ལས་ཁུངས་བསྐྲུན་པའི་དམིགས་འབེན་བཏོན་པར་མ་ཟད།འཕྲལ་མྱུར་ཆེད་དོན་བྱ་བའི་སྒྲིག་གཞི་བཙུགས་ཤིངལས་འགུལ་འཆར་གཞིབཏོན། དུས་ཡུན་བརྒྱུད་རིམ་གཏན་ཁེལ་དང་དཔྱད་ཞིབ་ཚད་ལེན་མ་ལག་བསྐྲུན་ཏེ། ཆེས་ལེགས་པའི་སྲིད་གྲོས་ལས་ཁུངས་གསར་སྐྲུན་བྱེད་པའི་བྱ་འགུལ་ཏན་ཏིག་གིས་སྤེལ།གཉིས་ནི་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན།གནས་བབས་གསར་བའི་དགོས་མཁོར་སྔར་བས་འཕྲོད་སྦྱོར་ལེགས་པོ་ཡོང་ཆེད། ཁུལ་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་དང་རིག་གནས་ལོ་རྒྱུས་དཔྱད་ཡིག དེ་མིན་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཚོགས་བཅས་ཀྱི་མཚན་བྱང་མི་རིགས་ཆོས་ལུགས་དང་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཚོགས།སློབ་སྦྱོང་དང་རིག་གནས་ལོ་རྒྱུས་དཔྱད་ཡིག་ཨུ་ཡོན་ལྷན་ཚོགས་སུ་བརྗེས།གཞུང་སྒྲུབ་ཁང་གི་སྣ་འཛོམས་ཚན་ཁག་དེ་ཨུ་ཡོན་འབྲེལ་གཏུག་ཚན་ཁག་ཏུ་བསྒྱུར། དེ་མིན་ནང་ཁུལ་གྱི་ལས་བྱེད་མི་སྣ་ལེགས་སྡེབ་བྱས་ཏེ།ཨུ་ཡོན་ཚན་ཁག་སོ་སོའི་འགན་ནུས་ཇེ་དྲག་ཏུ་བཏང་། གསུམ་ནི་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་ལུགས་ཅན་ལ་སྐུལ་འདེད་བྱས།སྲིད་གྲོས་ལས་ཁུངས་ཀྱི་ཁང་བཞི་ཚོམས་གཅིགཏང་ཡོན་བྱ་འགུལ་ཁང་།ཡིག་རིས་འགྲེམ་ཁང་། རིག་གནས་ལོ་རྒྱུས་དཔྱད་ཡིག་ལྟ་ཀློག་ཁང་། གཟི་བརྗིད་ཁང་།ཀུན་སྤྱོད་འཆད་འཁྲིད་ཁང་། གི་གཡུལ་སའི་ནུས་པ་གང་ལེགས་བཏོན། ནུས་ལྡན་རྣམ་པ་གང་མང་སྤྱད་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་།ཞིང་ཆེན་དང་ཁུལ་གྱི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་ལེགས་པོ་བྱས། སྣེ་དཔུང་བྱ་བའི་བྱེད་ཐབས་ལག་ལེན་བྱེད་པར་འབད་དེ།ཀྲུའུ་ཞི་གྲོས་ཚོགས་ཁུངས་མི་དོན་དངོས་དང་གཞི་རིམ་མང་ཚོགས་ཁྲོད་ཕྱིན་ནས་འབྲེལ་གནས་སུ་རྟོག་ཞིབ་བྱས་ཏེ། བྱ་བའི་སྤྱོད་སྟངས་ལེགས་བསྒྱུར་དང་བྱ་བའི་གྲུབ་འབྲས་ཇེ་མཐོར་བཏང་། བཞི་ནི་སྤྱོད་སྟངས་འཛུགས་སྐྲུན་ལ་ཤུགས་བསྣན། ལས་རྐང་གཅིག་ལ་འོས་འགན་གཉིས་ཀྱི་འགན་ཁུར་ལག་ལེན་ནན་མོ་བྱས་ཏེ། ནན་ཏན་གྱིས་ཏང་སྐྱོང་གཟབ་ནན་གཙོ་ཕུང་འོས་འགན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འོས་འགན་ལམ་ལུགས་དོན་འཁྱོལ་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེའི་ཞིབ་ཕྲའི་ལག་བསྟར་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེ་བྲག་གི་བྱེད་ཐབས་སྔར་བས་ཇེ་དྲག་ཏུ་བཏང་། སྲིད་གྲོས་ལས་ཁུངས་ཀྱི་ཡིག་ཆ་གནད་འབྲི་དང་གྲོས་ཚོགས་གནད་ཕིགས་ཚོགས་པ། སྟོང་གཏམ་དང་ལད་གཏམ་མི་བརྗོད་པར་གྲོས་ཚོགས་ཀྱི་ཡིག་རིགས་སྤུས་ཀ་ཇེ་མཐོར་བཏང་སྟེ།ལས་ཁུངས་ཀྱི་ཞབས་ཞུ་ཁག་ཐེག་ནུས་པ་བསྟུད་མར་ཇེ་མཐོར་བཏང་། ཏང་རྩ་འཛུགས་ཀྱི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཚད་གཞི་དང་བརྒལ་བའི་གཞུང་སྤྱོད་རླངས་འཁོར3སྔར་གྱི་ཐོན་དབང་ལས་ཁུངས་ལ་ཕྱིར་སྤྲད་དེ་ཁུལ་ཡོངས་ཁྱབ་ཁོངས་སུ་དཔེ་སྟོན་སྣེ་འཁྲིད་ཀྱི་ནུས་པ་ཐོན། ལྔ་ནི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་ལུགས་ལ་བརྩི་སྲུང་ནན་མོ་བྱས།དྲངས་ཕྱོགས་ཀྱི་དྲིལ་སྒྲོག་སློབ་གསོ་ལེགས་པོ་བྱས་ཏེ། ལྡོག་ཕྱོགས་ཀྱི་གྱོད་དཔེ་ཆེད་དོན་གྲོས་བསྡུས་དང་དབྱེ་ཞིབ་ཟབ་མོ་བྱས། མའོ་ཞའོ་པིན་དང་ཀྲའོ་ཅན་ཕིན། གའོ་ཆིན་སོགས་ལྡོག་ཕྱོགས་ཀྱི་གྱོད་དཔེ་ཁྲོད་བསླབ་བྱ་ཉམས་ལེན་བྱས་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོར་བསྐྲུན་པར་འབད་བརྩོན་བྱས།

ཨུ་ཡོན་རྣམ་པ།    ལོ་ངོ་གཅིག་གི་རིང་ལ་ང་ཚོར་ཐོབ་པའི་གྲུབ་འབྲས་ནི་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་དང་།ཁུལ་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཡིན་ལ། ངས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། སྲིད་གྲོས་བྱ་བར་ཐུགས་ཁུར་དང་།  རྒྱབ་སྐྱོར་གནང་མཁན་གྱི་རིམ་པ་ཁག་གི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སོགས་ཨུ་ཡོན་ཡོངས་རྫོགས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་ཚོར་ཤེས་ཚོར་གཏིང་ཟབ་བྱུང་བ་དང་།  སྲིད་གྲོས་བྱ་བས་ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་ངེས་པར་བྱེད་དགོས་ལ།  མང་ཚོགས་ཀྱི་རེ་སྨོན་དང་།  ཏང་སྲིད་ཀྱི་ཅི་བསམ།  སྲིད་གྲོས་ཀྱི་རང་ནུས་སོགས་ལ་དམ་པོར་དམིགས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་འཛུགས་པ་དང་།  མི་དམངས་ཕྱུག་འགྱུར་དང་ཁུལ་སྟོབས་ལྡན་དུ་འགྱུར་བའི་ཐབས་ཇུས་འབུལ་དགོས། ལས་ཀའི་ཁྲོད་དུ་ད་དུང་ཞན་ཆ་ཡོད་པ་ང་ཚོས་གསལ་པོར་ཤེས་པ་དང་།གཙོ་བོ་ནི་འགན་ནུས་སྒྲུབ་པའི་ནུས་པ་ཆུང་ལ།  བརྟག་ཞིབ་དང་ལྟ་ཞིབ་ད་དུང་གཏིང་ཟབ་མིན། ཇུས་འདོན་གྱི་སྤུས་ཚད་ཀྱང་མི་མཐོ་ལ།  དམངས་གཙོའི་གྲོས་མོལ་གྱི་རྣམ་པ་དང་ཐབས་ལམ་ད་རུང་མུ་མཐུད་རྒྱ་སྐྱེད་དང་ཚད་ལྡན་དུ་གཏོང་དགོས།ཨུ་ཡོན་ལ་འགན་ནུས་སྒྲུབ་པའི་ལས་སྟེགས་བསྐྲུན་པ་དང་།ཞབས་ཞུ་འདོན་སྤྲོད་བྱས་པ་ཆ་ཚང་མིན།  དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ད་དུང་ཆེ་རུ་གཏོང་དགོས་ལ། སྲིད་གྲོས་ཨུ་ཡོན་གྱིས་དམངས་གཙོའི་གྲོས་བསྡུར་དང་།  གྲོས་གཞི་ཕྱོགས་གཉིས་གྲོས་བསྡུར་གྱི་ལས་དོན་དེ་ད་དུང་ཐོག་མར་འཚོལ་ཞིབ་བྱེད་བཞིན་པའི་ཁྲོད་གནས་ཡོད། ང་ཚོས་ཕྱིན་ཆད་ཀྱི་ལས་ཀའི་ནང་ལེགས་བཅོས་དང་ཡར་རྒྱས་ཡོང་བར་འབད་པ་བྱེད་དགོས།

2018ལོའི་བྱ་བའི་བཀོད་སྒྲིག

2018ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པ་འགོ་ཚུགས་པའི་ལོ་ཡིན་པ་དང་།གཞན་ཡང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པའི་གནད་འགག་གི་ལོ་ཡང་ཡིན།ལོ་གསར་པའི་ནང་དུ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་།ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས།ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས་ལ།མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་འཆང་ནས། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་།གནད་འཕིགས་འདུ་ཤེས་ཆེ་རུ་གཏོང་བ། དངོས་དོན་བསྒྲུབ་ནུས་འབུར་དུ་ཐོན་པ་བཅས་བྱེད་དགོས་པ་མ་ཟད།འབད་བརྩོན་གྱིས་བརྟག་ཞིབ་གྲོས་མོལ་སྔར་བས་གཏིང་ཟབ་པ་དང་།དམངས་གཙོའི་ལྟ་སྐུལ་སྔར་བས་ནུས་བ་ལྡན་པ། ཐབས་འདོན་ཇུས་འབུལ་སྔར་བས་གནད་ལ་འཁེལ་བ།  དམངས་ཀྱི་འདོད་བློ་ཞུ་བ་སྔར་ལས་དུས་ཐོག་ཡིན་པ། ཨུ་ཡོན་གྱི་ནུས་པ་སྔར་ལས་འབུར་དུ་ཐོན་པ།སྤྱོད་ཚུལ་འཛུགས་སྐྱོང་སྔར་བས་ཏན་ཏིག་ཡིན་པ་བཅས་བྱས་ནས། མཚོ་ནུབ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

གཅིག སློབ་སྦྱོང་དང་བསམ་གཞིགས། བསམ་བློ་གཏོང་བ། ལག་ལེན་བྱེད་པ། གནས་བབ་མཐོ་རུ་གཏོང་བ་བཅས་ལ།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁ་ཕྱོགས་སྣེ་ཁྲིད་དགོས།

ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནི་དུས་རབས་གསར་བའི་བྱ་འགུལ་གྱི་རྩ་འཛིན་ཡིན་ལ།ང་ཚོའི་ལས་དོན་མཐའ་དག་གི་སྤྱིའི་རྩ་འཛིན་ཡིན་པས། དངོས་གནས་གཏིང་ཟབ་པར་སྔོག་འདོན་བྱས་ནས་ཞིབ་འཇུག་སློབ་སྦྱོང་དང་གོ་དོན་མཐིལ་རྟོགས། ལག་ལེན་དངོས་སུ་བསྟར་བ་བཅས་བྱ་དགོས། གཅིག་ནི་སློབ་སྦྱོང་ནན་མོ་བྱེད་པར་འབད་བརྩོན་བྱ་དགོས། ནན་ཏན་གྱིས་སྙན་ཞུ་ཞིབ་ཀློག་དང་། ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་།  མ་ལག་གཏིང་ཟབ་པར་སློབ་སྦྱོང་བྱ་དགོས། གཏིང་ཟབ་པའི་སྒོ་ནས་ནང་དུ་འཁོད་པའི་དད་སེམས་དང་ཡིད་ཆེས་བརྟན་པོ་བློ་ལ་ངེས་པ་དང་།མི་དམངས་ཀྱི་ལངས་ཕྱོགས་གསལ་པོ་བྱེད་པ། ལོ་རྒྱུས་ཀྱི་འགན་འཁྲི་ཤུགས་ཆེ་བ།བདེན་འཚོལ་དོན་གཉེར་གྱི་ཀུན་སྤྱོད་ལེགས་པ། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་དང་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་བྱེད་ཕོད་པ་བཅས་བྱ་དགོས།ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཚན་རིག་མ་ལག་དང་།དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། དངོས་གནསའདུ་ཤེས་བཞིཤུགས་ཆེ་རུ་གཏོང་བ་དང་། ཡིད་ཆེས་བཞིསྲ་བརྟན་དུ་གཏོང་དགོས་ལ།མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཉིས་ནི་འབྲེལ་མཐུད་བྱེད་པའི་ཐོག་འབད་བརྩོན་བྱ་དགོས།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པ་དེ་དང་།  ཞི་ཅིན་ཕིང་གིཏན་ཏན་ཏིག་ཏིག་བཞིའིབླང་བྱ་གལ་ཆེན་དང་།ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བཏོན་པའིམཉམ་དུ་གཅིག་དང་སྔར་ལས་ལྷག་པ་བཞིའིའབད་འཐབ་དམིགས་འབེན།མགྱོགས་མྱུར་ངང་མཚོ་ནུབ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་ལག་ལེན།མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་གྲོས་མོལ་འཛུགས་སྐྱོང་གི་བླང་བྱ་བཅས་དང་འབྲེལ་མཐུད་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྤྱད་ནས་སྲིད་གྲོས་བྱ་བའི་ཁ་ཕྱོགས་དང་། གནས་བབ་གཏན་ཁེལ།དཔེ་བསྡུར་བཅས་ཀྱི་འགན་ནུས་བསྒྲུབ་དགོས། གསུམ་ནི་དོན་དངོས་སྒྲུབ་པའི་སྟེང་འབད་བརྩོན་བྱ་དགོས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བཟུང་བ་དང་།ཀྲུང་དབྱང་དང་ཞིང་ཆེན་ཨུནཡོན་ལྷན་ཁང་། ཁུལ་ཨུ་བཅས་ཀྱི་གལ་ཆེ་བའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས།གཙོ་གནད་དང་། དཀའ་གནད། འགག་གནད་བཅས་དམ་པོར་འཛིན་དགོས་ལ། གནད་དུ་འཁེལ་ཞིང་ཤུགས་བསྡུས་ནས་ནུས་པ་འདོན་དགོས།ཁྱོན་ཡོངས་དང་།  གཞི་རྩ། ཕུགས་ཡུན་རིང་བ་བཅས་ཀྱི་ཐོག་ནས་དོན་དངོས་གཉེར་བའི་བསམ་འཆར་འདོན་དགོས་ལ།ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་འཕེལ་རྒྱས་དུས་རིམ་མི་འདྲ་བའི་ཇུས་གཞི་བཀོད་སྒྲིག་ལེགས་པོ་བྱས་ནས། དམིགས་འབེན་ལས་འགན་དང་འཐབ་ཇུས་བཀོད་སྒྲིག་ཁག་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར། མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོདཅེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་ནན་ཏན་གྱིས་སྤེལ་བ་དང་།མགྱོགས་མྱུར་ངང་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་འཛུགས་པའི་དམིགས་འབེན་གསར་པ་དང་ལས་འགན་གསར་པ་གནད་དུ་འཁེལ་བ་དང་གཅིག་བསྡུས་ཤིག་ཡིན་དགོས་ལ།དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་བའི་དམིགས་ཚད་གསར་པ་དང་ལས་འགན་གསར་པ་ཡང་དག་པར་བཟུང་ནས་ལེགས་པོར་བསྒྲུབ་དགོས་པ་མ་ཟད།ཤུགས་དྲག་པོའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་ཐེག་ཁུར་སྒོས་དུས་རབས་གསར་པའི་སྲིད་གྲོས་བྱའི་བཟང་ཆ་བེད་སྤྱོད་དང་ནུས་པ་གང་ལེགས་འདོན་དགོས།།

གཉིས།  ལྟེ་བར་དམིགས་པ་དང་།ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་ནས། ཤུགས་ཆེན་པོས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
         མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་བྱེད་པའི་ལས་ཁུངས་ཡིན་པར་བརྩི་སྲུང་བྱས་ནས། ངེས་པར་དུ་བདེན་འཚོལ་དོན་གཉེར་གྱིས་གྲོས་མོལ་ནུས་པ་དང་ཆུ་ཚད་ཀྱི་བླང་བྱ་མཐོར་འདེགས་གཏོང་བ་དང་། ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ།ཧུར་ཐག་གིས་གྲོས་མོལ་སྲིད་གླེང་དང་རང་འགན་གཙང་སྒྲུབ་བྱེད་དགོས། བཟོ་ལས་རྨང་བརྟན་འཕེལ་རྒྱས་ཀྱི་ལོའིབྱེད་སྒོ་གནད་དུ་བཟུང་བ་དང་།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། སྲོལ་རྒྱུན་ཐོན་ལས ལས་སྒོ་ཐེངས་གཉིས་འབྱེད་པདང་།  མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས། སྟོང་ཅན་ལྔཡི་ཐོན་ལས་ཁྱུ་ཚོགས་མགྱོགས་པོར་བསྐྲུན་པ་སོགས་གནད་དོན་གལ་ཆེན་ལ་དམིགས་ཏེ། རིགས་ཁོངས་ཁག་གི་ཨུ་ཡོན་དང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་རྩ་འཛུགས་བྱས་ནས།བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་སྤེལ་བའི་རྨང་གཞིའི་སྟེང་། དུས་ཚིགས་རེའི་ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོག་པ་དང་།བློ་གྲོས་ཟབ་མོ་བཏང་ནས་དོན་དངོས་གཉེར་བའི་ཐབས་མཆོག་འབུལ་དགོས།  སྔོ་ལྗང་གི་ཚྭ་འདམ་དང་།སྐྱེ་ཁམས་ལེགས་པའི་ནོར་མཛོདབསྐྲུན་པ་གནད་དུ་བཟུང་བ་དང་།  ཐོན་ཁུངས་ལེགས་བསྡུས་བེད་སྤྱོད་དང་།སྐྱེ་ཁམས་ཁོར་ཡུག་ཉམས་གསོ། སྐྱེ་ཁམས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ཆུ་བོ་བཅུ་གཅིག་དང་མཚེའུ་ལྔཡི་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཚུལ་དང་།བྱེ་འགྱུར་ཅན་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་ལ་དམིགས་ནས།  ཀྲུའུ་ཞིའི་གཟིགས་ཞིབ་དང་རྒྱུན་ཨུའི་གཟིགས་ཞིབ།ཨུ་ཡོན་གྱི་གཟིགས་ཞིབ་བྱ་འགུལ་སྤེལ་བ་དང་། ལས་ཀར་མཐོང་ཆེན་བྱས་པ་མི་འདང་བ་དང་དོན་འཁྱོལ་ཤུགས་ཆུང་བ།ཕན་འབྲས་མི་གསལ་བའི་གནད་དོན་ཁག   དམངས་གཙོའི་ལྟ་སྐུལ་གྱི་གྲོས་གཞིའི་ཡི་གེརྣམ་པའི་ཐོག་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ཡར་ཞུ་བྱ་དགོས།ཚྭ་འདམ་གཞོང་གི་གྲོང་ཁྱེར་གྱི་ཚོགས་ཁུལ་མགྱོགས་པོར་འཛུགས་སྐྲུན་བྱེད་པ་གནད་དུ་བཟུང་བ་དང་། ན་གོར་མོ་ནི་མཚོ་སྔོན་གྱི་གྲོང་ཁྱེར་ལྟེ་གནས་ཕལ་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དང་།གཏེར་ལེན་ཁའི་གྲོང་ཁུལ་རྙིང་པ་དང་།  གྲོང་དང་གྲོང་གསེབ་མཉམ་བསྲེས་ཁག་སྒྱུར་བཀོད་རིམ་སྤོར། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས།  བདེ་འཇགས་ཀྱི་མཚོ་ནུབ་འཛུགས་སྐྲུན།ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། ཤེས་རིག་གི་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་སྲིད་གླེང་ཞིབ་འཇུག་བྱ་གཞི་ལ་དམིགས་ནས། མིང་གྲགས་ཅན་གྱི་ཆེད་མཁས་པ་དང་རིག་གནས་པ།  རིམ་པ་གཉིས་ཀྱི་སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་ཀྱི་གྲགས་ཅན་མི་སྣ་བཅས་རྩ་འཛུགས་བྱས་ཏེ།རྒྱ་ཁྱབ་ཏུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག   དེང་རབས་ཅན་གྱི་ཚྭ་འདམ་གཞོང་གི་གྲོང་ཁྱེར་ཚོགས་ཁུལ་བཙུགས་ནས།མི་དམངས་བདེ་སྐྱིད་ཀྱི་ཚད་གཞི་ཇེ་མཐོར་གཏོངབའི་སྲིད་གྲོས་ཀྱི་གླེང་སྟེགས་སྤེལ་དགོས། ཚོང་འགུག་དངུལ་འདྲེན་འབུར་དུ་ཐོན་ནས་སྤུས་ཚད་མཐོར་གཏོང་གི་ལོའིབྱེད་སྒོ་གནད་དུ་བཟུང་བ་དང་།སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རང་འགུལ་ངང་ཕྱི་ཕྱོགས་ལ་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ཞིང་།རྒྱ་ཆེ་བའི་སྒོ་ནས་ཚོང་འགུགས་མ་འདྲེན་དང་།  ཤེས་ལྡན་མི་སྣ་གདན་ཞུ་དང་རིག་སྟོབས་ནང་འདྲེན།རྣམ་གྲངས་འཛུགས་སྐྲུན་བཅས་སུ་ཞུགས་དགོས་ལ། ཧུར་ཐག་གིས་ལས་འབྱེད་གསར་གཏོད་ཀྱི་འཐབ་ར་གཙོ་བོར་ཞུགས་དགོས་པ་མ་ཟད། མཚོ་ནུབ་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། མཚོ་ནུབ་ཀྱི་སྐད་གདངས་ཁྱབ་པར་བྱས་ནས། མཚོ་ནུབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་དགོས་ཤིང་།  སྔར་ལས་མང་བའི་ཤེས་ལྡན་མི་སྣ་དང་།མ་དངུལ། ལག་རྩལ་སོགས་རང་ཁུལ་དུ་འདུས་ཐབས་བྱ་དགོས།   སྒོ་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་གནད་དུ་བཟུང་བ་དང་། གང་འདྲ་བྱས་ཏེ་རང་འགུལ་ངངརྒྱུད་གཅིག་ལམ་གཅིགནང་དུ་ཞུགས་པ་དང་། མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་བསྐྲུན་པ། ཚྭ་མཚེའུ་ཅཱ་ལུད་ལས་སྣོན་སོགས་ཁེ་ལསཕྱིར་སྐྱོདའཐབ་ཇུས་དག་གི་ཞིབ་འཇུག་བྱ་གཞི་འགན་སྒྲུབ་བྱེད་པའི་གྲོས་གཞི་བཏོན་པར་དམིགས་ནས།མཉམ་གཅིག་ཏུ་མཚོ་ནུབ་ཀྱི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་མོ་བྱེད་པ་དང་།  སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས།

གསུམ། སེམས་པ་འབངས་ལ་སྦྲེལ་བ་དང་།མང་ཚོགས་ལ་ཞབས་འདེགས་ཞུ་ནས། ཧུར་ཐག་གིས་དམངས་འཚོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

མི་དམངས་སྲིད་གྲོས་ལ་བརྩི་སྲུང་བྱེད་པ་ནི་མི་དམངས་དམངས་གཙོའི་ལམ་ལུགས་གལ་ཆེན་ཡིན་པ་དང་།ངེས་པར་དུ་མི་དམངས་ལྟེ་བར་བཟུང་ནས་རང་འགན་གཙང་སྒྲུབ་བྱེད་པའི་བླང་བྱ་ལྟར། ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་དམངས་འཚོ་ལེགས་བཅོས་ལས་དོན་ལེགས་པོར་བསྒྲུབ་དགོས།གཅིག་ནི་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྔར་བཞིན་དམངས་འཚོའི་གནད་དོན་གཙོ་བོར་དོ་ཁུར་དང་།རྣམ་གྲངས་ལས་གནས་དང་། བཟོ་གྲྭ་དང་སློབ་གྲྭ། ཞིང་ས་ཞིང་ལས།སྲང་ལམ་སྡེ་ཁུལ།སྡོད་དམངས་འདུག་ཤག་བཅས་ལ་ཕྱིན་ནས། ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བྱེད་པ་དང་། མང་ཚོགས་ཀྱིས་ཐུགས་ཁུར་བྱེད་པའི་སློབ་གསོའི་འཕེལ་རྒྱས་དང་།གྲོང་ཁྱེར་དོ་དམ། རྒན་གསོའི་ཞབས་ཞུ། སྨན་བཅོས་འགན་སྲུང་། རིག་གནས་འཚོ་བ། བདེ་འཇགས་འགན་སྲུང་།དབུལ་སྐྱོར་དབུལ་སྒྲོལ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རེ་འབོད་ལ་ཞིབ་ཉན་བྱེད་པ་དང་། དམངས་འདུན་ཡར་ཞུ་བྱེད་དགོས་ལ། བསམ་འཆར་དང་གྲོས་གཞི་འདོན་དགོས། གཉིས་ནི་འབད་པའི་སྒོ་ནས་ཞང་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ནུས་ཤུགས་ཡོད་རྒུས་སྦགས་བཙོག་བཅོས་སྐྱོང་དང་། སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད།རིག་གནས་ལུས་རྩལ་ལས་གཞི། མཛེས་སྡུག་ལྡན་པའི་གྲོང་རྡལ་འཛུགས་སྐྲུན།ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་དམངས་འཚོའི་ལས་གཞིའི་འཛུགས་སྐྲུན་ལ་རྗེས་འདེད་དང་། ལྟ་ཞིབ།  ལྟ་སྐུལ་སློབ་སྟོན་སོགས་བྱ་དགོས་ལ།  ལྷག་པར་དུ་དཀའ་ཁག་ཆེ་བ་དང་། དུས་འཁོར་རིང་བ། ཤུགས་རྐྱེན་ཐེབས་རྒྱ་ཆེ་བ། མང་ཚོགས་ཀྱི་རེ་འབོད་མཐོ་བའི་རྣམ་གྲངས་གལ་ཆེན་རིགས་ལ་རྗེས་འདེད་བྱ་དགོས་པ་མ་ཟད།ཞབས་ཞུ་སྒྲུབ་པར་ཤུགས་བསྣན་ནས། རོགས་སྐྱོར་ཀྱི་ནུས་ཤུགས་འདོན་དགོས།གསུམ་ནི་མུ་མཐུད་དུ་གནད་འཁེལ་དབུལ་སྐྱོར་དང་།གནད་འཁེལ་དབུལ་སྒྲོལ་ལས་དོན་ལ་ཞུགས་ནས། རོགས་སྐྱོར་གཏོང་ཤུགས་ལ་ལྷོད་གཡེང་མི་གཏོང་བ་དང་།ཤུགས་ཆུང་དུ་མི་གཏོང་བ། གནད་དུ་འཁེལ་བའི་སྒོ་ནས་སྲིད་ཇུས་ལག་བསྟར་དང་།ཚད་གཞི་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། བཞི་ནི་ལས་རིགས་ཁག་གི་ཨུ་ཡོན་གྱིས་མང་ཚོགས་ལ་གཅེས་སྐྱོང་དང་།དབུལ་སྐྱོར་ཉེན་སྐྱོབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས།རང་ངོས་ཀྱི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་བྱ་དགོས་ལ། དམངས་ཕྱུག་ཐོན་ལས་གསར་འཛུགས་དང་དཀའ་ངལ་ཡོད་པའི་སློབ་མར་མ་དངུལ་རོགས་སྐྱོར། ཚན་རྩལ་གྱི་དབུལ་སྐྱོར་སྤེལ་བ། ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམ་འཚོང་རོགས་རམ་བྱེད་པ།དགེ་སྒྲུབ་ཞལ་འདེབས་རྒྱག་པ་སོགས་ཀྱི་ཐད་ནས་བྱས་རྗེས་གསར་པ་འཇོག་དགོས་པ་མ་ཟད།  དོན་དངོས་སྒྲུབ་པ་རྣམས་མང་ཚོགས་ཀྱི་བློ་འདུན་དང་མཐུན་པར་བྱ་དགོས།

བཞི། མི་སེམས་གཅིག་ཏུ་སྒྲིལ་བ་དང་།སྟོབས་ཤུགས་གཅིག་བསྡུས་བྱས་ནས། ཧུར་ཐག་གིས་མཐུན་སྒྲིལ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་འཐབ་ཇུས་བཀོད་སྒྲིག་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་སྐོར་ལ་བརྩི་སྲུང་དང་།སྲིད་གྲོས་རྩ་འཛུགས་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱ་དགོས། གཅིག་ནི་དམངས་གཙོའི་གྲོས་མོལ་གྱི་ཐབས་ལམ་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཤོག་ཁག་དང་། རིམ་པ་ཁག  ཚོགས་པ་ཁག་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣའི་བསམ་འཆར་ལ་རྒྱ་ཁྱབ་ཏུ་ཉན་པ་དང་། དུས་ཐོག་ཏུ་ལས་རིགས་ཁག་གི་མང་ཚོགས་ཀྱི་རེ་འདུན་ཡར་ཞུ་བྱ་དགོས། ཚོགས་ཆེན་ཐོག་གི་གཏམ་བཤད་ཀྱི་བཀོད་སྒྲིག་དང་།གྲོས་མོལ་གྲོས་ཚོགས་སུ་ཞུགས་པ། མཉམ་འབྲེལ་གྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པ།  ཏང་ཤོག་གི་གྲོས་གཞི་བསྒྲུབ་པ།སྤྱི་ཚོགས་གནས་ཚུལ་དང་དམངས་འདུན་ཡར་ཞུ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས།འབད་བརྩོན་ཆེན་པོའི་སྒོ་ནས་ཏང་ཤོག་ཚོགས་པས་སྲིད་གྲོས་ལ་ནུས་པ་འདོན་སྤེལ་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་མཐུན་རྐྱེན་སྟེགས་བུ་བསྐྲུན་དགོས། གཉིས་ནི་རིགས་ཁོངས་ཁག་གི་ཁྱད་ཆོས་མངོན་པར་དོ་སྣང་ཆེན་པོ་བྱེད་དགོས་ལ།གྲངས་ཉུང་མི་རིགས་རིགས་ཁོངས་དང་ཨུ་ཡོན་རྣམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་ལེགས་བཅོས་ལ་རོགས་སྐྱོར་བྱས་ནས། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་རྣམས་ཀྱིས་ཏང་ཨུ་དང་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་ཆོས་ལུགས་ལས་དོན་ཡག་པོར་སྒྲུབ་པར་སྐུལ་འདེབས་དང་རྒྱབ་སྐྱོར་བྱེད་དགོས་ལ།འོས་འཚམ་སྒོ་ནས་ཆོས་ལུགས་ལས་དོན་ཐག་གཅོད་པ་དང་། ཆོས་ལུགས་འཆམ་མཐུན་ལ་ཡར་སྐུལ་བྱེད་དགོས།སྤྱི་ཚོགས་ཀྱི་རིམ་པ་གསར་པའི་མི་སྣ་དང་མཐུན་སྒྲིལ་བྱེད་པའི་ལས་ཀར་ཤུགས་སྣོན་དགོས་ལ། ཁོ་ཚོར་སྣེ་འཁྲིད་དེ་རྒྱལ་གཅེས་དང་། ལས་བཀུར། གཞུང་དྲང་། ཁྲིམས་བརྩི།འབུལ་བ་བཅས་ཀྱི་སྙིང་སྟོབས་ལྡན་པར་བྱ་དགོས།གསུམ་ནི་རིག་གནས་ལོ་རྒྱུས་དང་ཡིག་ཚགས་ལས་དོན་ལ་ཤུགས་སྣོན་དགོས་ལ།མཐུན་སྦྱོར་བྱས་ཏེམཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ལོ་རྒྱུས་ཡིག་རིགས་ཞིབ་འཇུག་ལྟེ་གནསའཛུགས་པའི་གྲ་སྒྲིག་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས་ཤིང་། ལོ་འདིའི་ནངམཚོ་ནུབ་ཁུལ་གྱི་སྲིད་གྲོས་ལོ་རྒྱུས》《མཚོ་ནུབ་སྲིད་གྲོས་ཀྱི་མཐོང་ཐོསཔར་རིས་ཀྱི་རྣམ་པའི་སྒོ་ནས་ཁུལ་བཙུགས་ཚུན་གྱི་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་བྱ་གཞག་གི་ཐོག་མའི་གསར་སྐྲུན་དང་།འཚོལ་ཞིབ་དང་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་འགྲེམ་སྟོན་བྱེད་པདང་།   ཚྭ་འདམ་རིག་གནས་ལོ་རྒྱུས་དཔེ་ཚོགསཔོད་དྲུག་པ་སོགས་བསྡུ་སྒྲིག་འགོ་རྩོམ་པ་དང་།ཚྭ་འདམ་གཞོང་ཆོས་ཀྱི་ཞིང་ཁམས—— པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཚོ་ནུབ་ཏུ་ལས་འབྲེལ་ཆགས་པ》《ཚྭ་འདམ་གཞོང་གི་བརླན་སདང་།  མཚོ་ནུབ་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིགཕྱོགས་བསྒྲིགས་དེབ་ཉེར་གཉིས་པ་སོགས་རྩོམ་སྒྲིག་པར་སྐྲུན་བྱས་ནས།རིག་གནས་ལོ་རྒྱུས་ཡིག་ཚགས་ཀྱིསལོ་རྒྱུས་ཉར་ཚགས་དང་། སྲིད་དོན་སྐྱོང་རོགས། མཐུན་སྒྲིལ། མི་གསོ་སྐྱོངགི་ནུས་པ་འདོན་སྤེལ་བྱས་ཏེ།མཚོ་ནུབ་ཀྱི་གཏམ་རྒྱུད་གླེང་ཞིང་དེའི་སྙིང་སྡོབས་དར་སྤེལ་སྒོས་རིག་གནས་སྲིད་གྲོས་ཀྱི་རྨང་གཞི་མངོན་པར་བཏོད་དེ་བསྐྲུན་དགོས།

ལྔ། རྐྱེན་སྲོལ་འཐུས་ཚང་དང་།ནང་དོན་གསར་གཏོད་བྱས་ནས།  ཏན་ཏིག་གིས་དམངས་གཙོའི་ལྟ་སྐུལ་ལ་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་དང་།གཙོ་བོ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་།  ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་དགོངས་དོན་གཙོ་བོ་ལ་བརྩི་སྲུང་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྲིད་གྲོས་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས།གཅིག་ནི་དུས་ཐོག་ཏུ་དམངས་གཙོའི་ལྟ་སྐུལ་ལས་དོན་གྱི་ཆེད་དོན་ཚོགས་འདུ་བསྡུས་པ་དང་།གཅིག་བསྡུས་སུ་ཁུལ་སྲིད་གྲོས་ཨུ་ཡོན་མངག་གཏོང་བྱས་ནས་ཁྲིམས་འཛིན་ལས་ཁུངས་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག  ཁུལ་སྡོད་འབྲེལ་ཡོད་ལས་ཁུངས་ཀྱི་དམངས་གཙོའི་ལྟ་སྐུལ་བའི་འགན་འཁུར་དགོས་པ་མ་ཟད། ཆེད་བསྐོས་འདྲི་གཅོད་ལས་རོགས་པ་དང་།ཆེད་བསྐོས་ལྟ་ཞིབ་པ། ཆེད་བསྐོས་རྩིས་བཤེར་ལྟ་སྐུལ་པདམངས་གཙོའི་ལྟ་སྐུལ་པར་དོ་དམ་བྱེད་ཐབས་གཏན་འབེབས་བཟོས་ནས་དངོས་སུ་འདོན་པ་དང་། བསྐོ་གཞག་བྱས་པའི་དམངས་གཙོའི་ལྟ་སྐུལ་བའི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན་དུ་གཏོང་དགོས། གཉིས་ནི་ལྟ་སྐུལ་གྱི་གོ་རིམ་དང་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་དགོས་ལ། ལྟ་སྐུལ་ནང་དོན་དང་། རྣམ་པ་དང་བྱེད་ཐབས་ཕུན་སུམ་ཚོགས་པར་བྱེད་དགོས།  ཆེད་དོན་བརྟག་ཞིབ་དང་ཆེད་དོན་གཟིགས་ཞིབ།མཉམ་འབྲེལ་ཞིབ་བཤེར། དམངས་གཙོའི་དཔྱད་མོལ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཐབས་ལམ་མང་པོའི་ཐོག་ནས་དམངས་གཙོའི་ལྟ་སྐུལ་སྤེལ་བ་དང་།དམངས་གཙོའི་ལྟ་སྐུལ་གྱི་ཕན་ནུས་དངོས་གནས་ཆེ་རུ་གཏོང་དགོས། གསུམ་ནི་གྲོས་གཞི་སྒྲུབ་པའི་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་པ་དང་།ཁུལ་སྲིད་གྲོས་ཀྱི་གྲོས་གཞིའི་ཨུ་ལྷན་དུ་དཔྱད་མོལ་ཨུ་ཡོན་ཚོ་ཆུང་འཛུགས་དགོས་ལ།  གྲོས་གཞི་འདོན་པ་དང་སྒྲུབ་པར་བྱས་ནས་གཞོགས་གཉིས་ངོ་འཕྲད་ནས་བརྗེ་རེས་བྱེད་པ་དང་།ཕན་ཚུན་དཔྱད་གླེང་བྱེད་པ་མ་ཟད།  གནད་དོན་འཚོལ་ཞིབ་དང་ཧེ་བག་བཙལ་བ།གནད་དོན་སེལ་ཐབས་གྲོས་མོལ་བྱས་ནས། སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོས་གཞིའི་ལས་དོན་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ།  གྲོས་གཞིའི་ལས་དོན་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་པ་དང་།གྲོས་གཞི་ཆ་འཕྲིན་ཅན་གྱི་གཞི་འཛིན་གྲངས་མཛོད་འཛུགས་དགོས་ལ།  སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་པའི་རྣམ་པ་རིམ་གྱིས་དྲ་ཐོག་ནས་གྲོས་གཞི་འདོན་པ་དང་།དང་ལེན། བསྒྲུབ་རྒྱུར་སྤྲོད་པ། ལན་འདེབས་པ་དང་བསམ་འཆར་འདོན་པའི་འཁོར་སྐྱོད་ཀྱི་མ་དཔེ་གསར་པ་གསར་རྐྱང་ཞིག་ཏུ་བསྒྱུར་དགོས།

དྲུག  སེམས་འདུན་བརྟན་པོ་དང་། ཚད་ཤིང་ལེགས་པོ་བྱས་ནས། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་དགོས།

མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་ཡིན་པར་བརྩི་སྲུང་བྱས་ཏེ།ངེས་པར་དུ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ཀྱི་བླང་བྱ་གླེང་བ་དང་། རང་ངོས་འཛུགས་སྐྱོང་ལ་དངོས་གནས་ཤུགས་སྣོན་དགོས།གཅིག་ནི་ནན་པོའི་སྒོ་ནས་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གསར་དུ་དག་བཅོས་བྱས་པའིརྩ་ཁྲིམས དངསྲིད་གྲོས་སྒྲིག་ཡིགལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།དངོས་སུ་སྦྱངས་ནས་ཡིད་ཆེས་པ་དང་། བསླབས་ནས་སྤྱོད་པ། བསླབས་ནས་ལག་བསྟར་བཅས་བྱ་དགོས་ལ།བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་ལ་དཔེ་ལྟ་བ་དང་།རང་འགུལ་ངང་ཞིང་ཆེན་ཏང་ཨུ་ལ་དཔེ་ལྟ་བ། རང་རྟོགས་ཀྱིས་ཁུལ་ཨུ་ལ་དཔེ་ལྟ་དགོས།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་སྙིང་པོ་དོན་འཁྱོལ་ནན་པོ་བྱེད་དགོས་ལ།ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་དང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་།ཞིང་ཆེན་སྲིད་གཞུང་གི་ཞིབ་ཕྲའི་བྱེད་ཐབས་གཟབ་ནན་སྒོས་ལག་བསྟར་བྱེད་དགོས་པ་མ་ཟད། ལས་གནས་གཅིག་ལ་འགན་འཁྲི་གཉིསགཟབ་ནན་གྱིས་ལག་ལེན་བྱེད་དགོས། ནན་པོའི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱས་ནས།ཐོག་མཐའ་བར་གསུམ་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་བསམ་རྒྱུ་དྲན་རྒྱུ་གཅིག་དང་།ལྟེ་བ་གཅིག་ཏུ་འཁོར་སྐྱོད། ཕྱོགས་མཐུན་སྐུལ་འདེད་གཏོང་བ་བཅས་བྱ་དགོས། གཉིས་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གཟབ་ནན་ངང་བརྟན་སྲུང་བྱེད་པ།ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་སྲོལ་ཨང་དང་པོར་འཇོག་པ་དང་།  མཐོ་ཐིག་བརྟན་སྲུང་དང་མཐའ་ཐིག་སྲ་བརྟན་དུ་གཏོང་དགོས་ལ།ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་ཨུ་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱ་དགོས། རང་འགུལ་གྱིས་ལོ་འཁོར་ནང་གི་གཙོ་གནད་ལས་དོན་གྱི་འཆར་གཞི་ཁུལ་ཨུ་ལ་ཡར་ཞུ་བྱས་ནས་ཞིབ་བཤེར་གཏན་འབེབས་བྱེད་པ་དང་། བྱ་བ་གལ་ཆེན་ཁུལ་ཨུ་ལ་བཀའ་སྐོར་ཞུས་དགོས་ལ།གལ་ཆེའི་ལས་དོན་སྤེལ་ཚུལ་ཁུལ་ཨུ་ལ་སྙན་ཞུ་འབུལ་དགོས།གལ་ཆེའི་གྲོས་མོལ་སྲིད་གླེང་བྱས་འབྲས་ཁུལ་ཨུ་ལ་གཟིགས་ཞིབ་གནང་བར་ཞུས་དགོས་ཤིང་། གལ་ཆེ་བའི་སྒྱུར་བཅོས་གོང་འཕེལ་དང་རང་ངོས་འཛུགས་སྐྱོང་སྐོར་གྱི་དོན་དག་གལ་ཆེན་ལ་ཁུལ་ཨུས་རྒྱབ་སྐྱོར་གནང་བར་བརྩོན་ལེན་བྱ་དགོས་ལ། སྤྱོད་ཚུལ་བཞིཡོ་བསྲང་བྱེད་པའི་གོམ་སྟབས་མཚམས་མི་འཇོག་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ལམ་དུ་གནས་པའི་སྙིང་སྟོབས་བཟུང་ནས།རང་རྟོགས་ཀྱིས་སྤྱོད་ཚུལ་ནན་པོ་ལག་ལེན་དང་། བྲེལ་འཚུབ་ཀྱི་ངང་ཚུལ་དངགྲུ་གཟིངས་གྲུ་ཁ་དང་རླངས་འཁོར་འབབ་ཚུགས་ལ་འབྱོར་བའིབསམ་བློ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གསོན་ཤུགས་རྒྱས་པ་དང་། ངར་ཤུགས་བསྐྱེད་པ། གཞུང་དྲང་བློ་སྟོབས་ཆེ་བ།འགན་འཁུར་ཕོད་པ་བཅས་ཀྱི་བློ་སྟོབས་ལ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནི་གཟབ་ནན་སྒོས་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས ནུས་པ་བཞིདང སྲིད་གྲོས་ལ་རྒྱུས་ཡོད་དང་།གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པབཅས་སྐོར་གྱི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།ཨུ་ཡོན་རྩ་འཛུགས་བྱས་ཏེ་ཡན་ཨན་དང་། ཅིན་ཀང་རི་བོ། ཀྲའེ་ཅང་སོགས་སྔོན་ཐོན་དར་རྒྱས་ཆེ་བའི་ས་ཁུལ་ལ་སོང་ནས། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་ལག་ལེན་གྱི་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས་ལ།སྔར་ལས་ལྷག་པའི་སྒོ་ནས་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ཁོང་དུ་ཆུད་པའི་ནུས་པ་དང་།བརྟག་དཔྱད་ཞིབ་འཇུག་གི་ནུས་པ། མང་ཚོགས་དང་འབྲེལ་བ་བྱེད་པའི་ནུས་པ།མཉམ་ལས་མཉམ་སྒྲུབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། འོས་འགན་དང་ལེན་སྒོས་ཨུ་ཡོན་གྱི་ལས་འགན་ཐེག་དགོས།སྲིད་གྲོས་སྒྲིག་ཡིགགསར་བའི་ནང་དོན་ལ་སློབ་སྦྱོང་བྱེད་པ་གཙོར་བཟུང་སྟེ། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིལས་སྒོའི་ཤེས་བྱ་འགྲན་བསྡུར་ཆེན་པོའིབྱེད་སྒོ་སྤེལ་བ་དང་། ལས་ཁུངས་ཀྱི་ལས་བྱེད་པའི་ལས་སྒོའི་ནུས་པ་མཐོར་འདེགས་གཏོང་དགོས།   བཞི་ནི་གཟབ་ནན་སྒོ་ནས་གོང་རིམ་ནི་འོག་རིམ་གྱི་ཚད་ཤིང་ཡག་པོ་བྱེད་དགོས། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིའི་སྣེ་འཁྲིད་དེའདུ་ཤེས་བཞིབརྟན་པོར་འཛུགས་པ་དང་།ཡིད་ཆེས་བཞིསྲ་བརྟན་དུ་གཏོང་དགོས་ལ།རང་བཅུན་ནན་པོ་བྱེད་པ་དང་རང་དཔེ་གཞན་སྟོན་བྱེད་དགོས།  སྣེ་འཁྲིད་དེ་དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་། ནན་འཛིན་དང་ནན་སྐྱོང་བྱས་ཏེ། འགག་རྩའི་ཉུང་ཤསཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ལ། ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་ཁག་གིས་སྣེ་འཁྲིད་དེ་ནན་ཏན་གྱིས་འགན་འཁྲི་ལག་བསྟར་བྱེད་པ་མ་ཟད།འགན་འཁུར་ཕོད་པ་དང་། དངོས་གནས་སྒྲུབ་པ། བྱས་རྗེས་མང་པ་བཅས་བྱས་ནས།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་མིག་དཔེ་བཟང་པོ་འཇོག་དགོས།ཁུལ་སྲིད་གྲོས་རྩ་འཛུགས་ཁྲོད་ཀྱི་གུང་ཁྲན་ཏང་ཡོན་ཚོས་རང་ཉིད་ཀྱི་ཐོབ་ཐང་དང་པོ་ནི་གུང་ཁྲན་ཏང་ཡོན་ཡིན་པ་བརྟན་པོར་བཟུང་ནས།སྣེ་འཁྲིད་དེ་བླང་བྱ་ནན་པོ་ལག་བསྟར་དང་།གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་མི་རྣམས་ལ་སྐུལ་ཁྲིད་བྱེད་པ་དང་ཤུགས་རྐྱེན་ཐེབས་པ།མཐུན་སྒྲིལ་བྱ་དགོས་ལ། ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྲིད་གྲོས་ལས་དོན་ཁྲོད་རང་འགན་གཙང་སྒྲུབ་དང་།རང་བབ་ལས་ཀའི་ཁྲོད་བྱས་རྗེས་འཇོག་པ།རིགས་ཁོངས་མང་ཚོགས་ཁྲོད་དཔེ་སྟོན་སྣེ་ཁྲིད་བཅས་བྱེད་དགོས་ལ།  འབད་པའི་སྒོ་ནས་རྒྱལ་ཁབ་ལ་ཕན་པ་དང་།དམངས་ལ་རོགས་རམ། རང་ཉིད་ལ་འཇོན་ཐང་ཡོད་པ་ཞིག་བྱ་དགོས།
       ཨུ་ཡོན་རྣམ་པ། དུས་རབས་གསར་པའི་ནང་དུ་འགྲོ་ལམ་གསར་པ་བཏོད་པ་དང་། དམིགས་འབེན་གསར་པར་འགན་འཁྲི་གསར་པ་གནང་དགོས།ང་ཚོས་ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཏུ།ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས། བསམ་པ་གཅིག་མཐུན་དང་།ཇུས་ཤུགས་མཉམ་འདོན་བྱས་ཏེ།  སྲིད་གྲོས་ཀྱི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་པ་དང་།ཧུར་ཐག་གིས་གཟི་བརྗིད་ཀྱི་ལས་འགན་ལག་བསྟར་བྱས་ནས།  དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་དུ་གྲུབ་འབྲས་དེ་བས་ཆེ་བ་སྟོན་དགོས་ལ། མཛད་རྗེས་སྔར་ལས་ཆེ་བ་འཇོག་དགོས་སོ།།

གོང་མ།:མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཞོལ་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235