མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2018-03-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

——2018ལོའི་ཟླ 3 པའི་ཚེས 27ཉིན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཡོན་ཉིན།  

2017ལོའི་བྱ་བ་གཙོ་བོ།

2017ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པའི་ལོ་དང་།སྐབས་བཅུ་བཞི་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལས་འགན་སྒྲུབ་འགོ་ཚུགས་པའི་ལོ་ཡང་ཡིན། ལོ་གཅིག་གི་རིང་ལ་ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག    རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་སོགས་ཀྱིས་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། དངོས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ཁག་ལག་བསྟར་བྱས་ལ། མུ་མཐུད་དུ་རང་ཁུལ་གྱི་སྒྱུར་བཅོས་གོང་འཕེལ་དང་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་།སྐབས་འདིའི་དམངས་ཆེན་བྱ་བའི་འགོ་འཛུགས་ལེགས་པོ་མངོན་འགྱུར་བྱུང་། ལོ་ཧྲིལ་པོར་རྒྱུན་ལས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཐེངས 6ལ་སྤེལ་བ་དང་། ཀྲུའུ་རིན་གྲོས་ཚོགས་ཐེངས7དང་།   གྲོས་ཞིབ་ཁག 2 མཛད་ལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག1ལ་ཆོག་མཆན་ཐོབ། སྲིད་གཞུང་དང་ཁྲིམས་ཁང་།  ཞིབ་དཔྱོད་ཁངབཅས་ཀྱི་ཆེད་དོན་བྱ་བའི་སྙན་ཞུ་ཁག14ལ་ཉན་པ་དང་གྲོས་ཞིབ་མཛད། ཁྲིམས་འཛིན་ཞིབ་བཤེར་ཐེངས 4སྤེལ་བ་དང་།  ཆེད་དོན་འདྲི་རྩད་ཐེངས 1བྱས་ཤིང་། ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཐེངས 12ལ་རྩ་འཛུགས་བྱས་པ་མ་ཟད།  གཙོ་གནད་ལས་དོན་ཁག5ཐག་གཅོད་བྱས་ཏེ།ཕྱོགས་ཡོངས་ནས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་གཏན་ལ་ཕབ་པའི་བྱ་བའི་ལས་འགན་ཁག་ལེགས་འགྲུབ་བྱས་ལ།མགྱོགས་མྱུང་ངང་འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་བསྐྲུན་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་བཟང་པོ་བཞག

གཅིག ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས།ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་བྱས་རྗེས་གསར་པ་བཞག།
       རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་རང་རྟོགས་ངང་ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་ཤིང།རང་རྟོགས་ངང་ཁུལ་ཨུའི་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པར་སྲུང་སྐྱོབ་དང་། ཕྱོགས་སོ་སོའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་མཐུན་སྦྱོར་བྱས་ལ།  ཁྱོན་ཡོངས་སུ་གནས་བབ་གཏན་ཁེལ་དང་།  གནས་བབ་ཆེན་པོའི་འོག་འགུལ་སྐྱོད་བྱས་ནས། འབད་བརྩོན་ཆེན་པོས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་བདེ་འཇགས་ངང་གོང་འཕེལ་ཡོང་བར་འགན་ལེན་བྱས།

བླང་བྱ་གསར་པ་དམ་པོར་འཆང་ནས།ཆབ་སྲིད་ཁ་ཕྱོགས་ངེས་བརྟན་བྱས། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གླེང་བར་རྒྱུན་འཁྱོངས་དང་། འདུ་ཤེས་བཞིབརྟན་པོར་བཙུགས་ནས། ཡིད་ཆེས་བཞིསྲ་བརྟན་དུ་བཏང་ལ། ཆབ་སྲིད་སྟེང་ཚད་མཐོའི་བློ་རྩ་བརྟན་པོ་དང་། བསམ་བློའི་ཐོག་ཚད་མཐོའི་གཅིག་གྱུར། བྱ་སྤྱོད་སྟེང་ཚད་མཐོའི་རང་རྟོགས་བཟུང་བ་ཡིན། མི་དམངས་ཀྱི་རང་ཁྱིམ་རང་བདག་ལ་ལམ་ལུགས་ཀྱིས་འགན་སྲུང་བྱེད་པའི་ཤུགས་ཆེ་རུ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ།བྱེད་ཐབས་གསར་པ་བཅས་ཡང་དག་པར་བཟུང་ནས།  མི་དམངས་འཐུས་ཚོགས་ལས་ཀའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་འཆང་བ་ཡིན། ཆབ་སྲིད་ཀྱི་སྟེང་ནས་བསམ་གཞིགས་བཏང་ནས་ཐབས་ཇུས་འདོན་པ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་མཁས་ཤིང་།མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནང་གི་གནད་དོན་གལ་ཆེན་དང་། དོན་དག་གལ་ཆེན། བྱེད་སྒོ་གལ་ཆེན་ཁུལ་ཨུ་ལ་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུས་པ་དང་།ཐོག་མཐའ་བར་གསུམ་དུ་ཁུལ་ཨུའི་ཇུས་ཐག་བཅད་རྗེས། མི་དམངས་འཐུས་ཚོགས་ལ་འགུལ་སྐྱོད་ཡོད་པར་བྱས། ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཁུལ་ཨུའི་འགོ་ཁྲིད་འོག་ཏུ་འཇོག་པ་དང་། རྒྱུན་ཆད་མེད་པར་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་འགན་ནུས་གནས་བབ་གཏན་འཁེལ་དང་ལས་འགན་གྱི་བླང་བྱ་གསལ་པོར་བྱས་ནས་ལེགས་པོར་བསྒྲུབས་པ་ཡིན་ལ། འགན་འཁྲི་འཁུར་ཕོད་པ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་ནས།  ཁྲིམས་ལྟར་གོ་རིམ་བཞིན་ཁྲིམས་འཛུགས་དང་། ལྟ་སྐུལ། གལ་ཆེ་བའི་བྱ་བ་ཐག་གཅོད་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབས་པ་ཡིན།

བསམ་བློའི་སྣེ་འཁྲིད་པར་རྒྱུན་འཁྱོངས་བྱས་ནས།བྱ་བའི་ལག་ལེན་ལ་བསྟུདམར་སྐུལ་འདེད་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ། ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ།ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ། ཞིང་ཆེན་དང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ་བྱས་ནས། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། དྲིལ་སྒྲོག་ཡག་པོ།ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བྱེད་པ་བཅས་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བཞག་པ་ཡིན། མཚོ་ནུབ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དངོས་ལ་དམ་པོར་དམིགས་ནས།བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོག་རྩ་འཛུགས་བྱས་ལ། བསླབས་ནས་ཤེས་པ་དང་གོ་བ་ལོན་པ། དངོས་སུ་སྒྲུབ་པ་བཅས་ཀྱི་སྟེང་ཤུགས་བརྒྱབ་ནས་དོ་སྣང་བྱས། ཏན་ཏན་ཏིག་ཏིག་གི་སྒོ་ནས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཀོལ་ནས་རྩ་བ་བཟུང་ཞིང་བླ་སྲོག་སྲུང་བ་དང་།འཚོ་བཅུད་ཁ་གསབ་བརྒྱབ་ནས་རུས་རྐང་རྒྱས་པར་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཀྲུང་དབྱང། ཞིང་ཆེན་དང་ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་རྣམས་ཁུལ་མི་དམངས་འཐུས་ཚོགས་སུ་རྩ་བ་ཚུགས་ནས་མེ་ཏོག་བཞད་དེ་འབྲས་བུ་སྨིན་པར་བྱས།
       སྤྱི་ཡོངས་ཀྱི་འདུ་ཤེས་ལ་རྒྱུན་འཁྱོངས་བྱས་ནས།ཁྲིམས་ལྟར་འདེམས་བསྐོ་དང་བསྐོ་འཐེན་ལེགས་པོར་བསྒྲུབས། ཞིང་ཆེན་དང་ཁུལ་གྱིས་བཀོད་སྒྲིག་ལ་གཞིགས་ནས།རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་ཞིབ་མོའི་སྒོ་ནས་རྩ་འཛུགས་དང་གྲ་སྒྲིག་བྱས་ཏེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་ཤིང།ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་དམངས་གཙོའི་ཁེ་དབང་ལག་ལེན་བྱས་ནས། བདེ་བླག་ངང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པར་ཞུགས་པའི་མཚོ་ནུབ་ཀྱི་འཐུས་མི33 དང་། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སོགས་བདམས་ཐོན་བྱུང་།ཐོག་མཐའ་བར་གསུམ་དུ་ཏང་གིས་ལས་བྱེད་པར་དོ་དམ་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལས་བྱེད་པ་བསྐོ་འཐེན་བྱེད་པ། དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ། གཟབ་ནན་གྱིས་ཁྲིམས་ལྟར་ལས་དོན་སྒྲུབ་པ་དག་མཐུན་སྦྱོར་གཅིག་གྱུར་བྱེད་པར་རྒྱུན་འཁྱོངས་བྱས་པ་ཡིན།ནན་ཏན་གྱིས་བྱ་བ་ཚབས་ཆེན་ཐག་གཅོད་བྱེད་པའི་དབང་ཆ་དང་མི་དོན་བསྐོ་འཐེན་གྱི་དབང་ཆ་ཁྲིམས་ལྟར་ལག་ལེན་བྱས་ནས།ཁུལ་ཨུའི་ཐབས་ཇུས་ཀྱིས་འདོད་ཚུལ་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་བྱ་སྤྱོད་དུ་འགྱུར་བར་ཁག་ཐེག་བྱས། 2017ལོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་མི་ཐེངས26 བསྐོ་འཐེན་བྱས་ལ། ཞིང་ཆེན་དང་ཁུལ་གྱི་རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད།ཐེངས་དང་པོར་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མི3 དང་ཨུ་ཡོན་མི5 བསྐོ་གཞག་མཛད་པས། ཁུལ་རིམ་པའི་ལྟ་ཞིབ་ལས་ཁུངས་འཛུགས་པའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་མཚོན་ཡོད།གསར་དུ་བསྐོས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་རྩ་ཁྲིམས་ལ་དམ་བཅོས་པ་ཡིན་ལ།རྩ་ཁྲིམས་ཀྱི་དབང་གྲགས་རང་བཞིན་གང་ལེགས་ཀྱིས་མངོན་པ་དང་། བསྐོ་གཞག་བྱས་པའི་མི་སྣས་མི་དམངས་ལ་འགན་འཁུར་བ་དང་།མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་མངོན་གསལ་གྱིས་ཤུགས་ཆེ་རུ་བཏང་ཡོད།

གཉིས། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་བཏང་ནས།ཁྲིམས་འཛུགས་ལས་དོན་ལ་ཡར་རྒྱས་གསར་པ་བྱུང།
      རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་རྩ་བར་འཛིན་པ་དང་།དམངས་དོན་དུ་ཁྲིམས་འཛུགས་པའི་འདུ་ཤེས་ལ་རྒྱུན་འཁྱོངས་བྱས་ཤིང་།ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། དམངས་གཙོའི་སྒོ་ནས་ཁྲིམས་འཛུགས། བཅའ་ཁྲིམས་ལྟར་ཁྲིམས་འཛུགས་བྱས་ལ།མཚོ་ནུབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་ནས་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་བཏང་བས།  ཁྲིམས་འཛུགས་ལས་དོན་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་བྱུང་ཡོད།
       ལྟེ་བའི་ལས་དོན་ལ་དམིགས་ནས།ཁྲིམས་འཛུགས་འཆར་གཞི་འཐུས་ཚང་དུ་བཏང་། ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གཙོ་གནད་དུ་བཟུང་བ་དང་། ཕྱོགས་གང་མང་ནས་ཁྲིམས་འཛུགས་ལས་དོན་དང་བསམ་འཆར་འཚོལ་སྡུད་བྱས་པ་ཡིན། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ལྷན་དང་ཐེངས་གང་མང་ལ་མཐུན་སྦྱོར་དང་འབྲེལ་མཐུད་བྱས་པ་བརྒྱུད་ནས་ཁྲིམས་འཛུགས་བློ་འདྲི་ཆེད་མཁས་ཀྱི་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཞིབ་འཇུག་བརྒྱུད་མཐར།ཁུལ་ཨུ་ལ་སྙན་སེང་ཞུས་ཏེ་མོས་མཐུན་བྱུང་བ་དང་།  ཁུལ་སྐབས་བཅུ་བཞི་པའི་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་རྣམ་གྲངས་བསྡོམས་པས11 གཏན་ལ་ཕབ།

ཁྲིམས་འཛུགས་ཀྱི་གཙོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས།ཁྲིམས་འཛུགས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དོ་དམ་སྲོལ་ཡིགཅེས་པ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པའི་ཆོག་མཆན་གནང་ནས་ལག་བསྟར་བྱས་ལ། འདི་ནི་རང་ཁུལ་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱེད་པའི་འགན་དབང་དང་ལེན་བྱས་རྗེས།ཕྱིར་བཏོན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཡིན།

རྩ་འཛུགས་བྱས་ཏེམཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་གོ་རིམ་གཏན་འབེབསའཆར་ཟིནའཆར་ཟིན་བཀོད་པ་དང་། སོ་སོར་ཟླ8པའི་ཚེས29 ཉིན་དང་། ཟླ12 པའི་ཚེས22ཉིན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་དང་།ཐེངས་བདུན་པའི་ཐོག་འབུལ་ནས་གྲོས་ཞིབ་བྱས་ཤིང་།  ཁྲིམས་འཛུགས་གོ་རིམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར། ཐེངས་འདིའི་གྲོས་ཚོགས་སུ་ཕུལ་ནས་གྲོས་ཞིབ་ཆོག་མཆན་གནང་། ཧུར་ཐག་གིས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེགཏེར་རྫས་ཐོན་ཁུངས་དོ་དམ་སྲོལ་ཡིགདངཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིགགི་བཟོ་བཅོས་དང་བརྟག་དཔྱད་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་བྱས།ཁུལ་མི་དམངས་སྲིད་གཞུང་གིསམཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་ཞིབ་ཕྲའི་ལག་བསྟརགཏན་འབེབས་མཛད་པར་ལྟ་སྐུལ་ཁྲིད་སྟོན་བྱས།
       ཐབས་མང་མཉམ་སྤྱོད་ལ་དོ་སྣང་བྱས་ནས། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་སུ་བཏང་། སྒོ་ཕྱེ་ནས་ཁྲིམས་འཛུགས་པར་རྒྱུན་འཁྱོངས་བྱས་ཏེ།སྤྱི་དམངས་ནང་ཞུགས་བྱེད་པའི་རྒྱ་ཆེ་རུ་བཏང་།  སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས། ཁྲིམས་སྲོལ་འཆར་ཟིན་རེ་རེ་བཞིན་ཚང་མ་མཚོ་ནུབ་མི་དམངས་འཐུས་ཚོགས་ཀྱི་གཙོ་གཉེར་དྲ་ཚིགས་དང་།ཚྭ་འདམ་ཉིན་རེའི་ཚགས་པར་སོགས་བརྒྱུད་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་པ་མ་ཟད། ཧུར་ཐག་གིས་ཕྱོགས་གང་མང་ཐད་ནས་བསམ་འཆར་བསྡུ་ལེན་བྱས། ཁུལ་ཡོངས་ཀྱི་ཁྲིམས་འཛུགས་བྱ་བའི་མི་སྣ་རྩ་འཛུགས་བྱས་ཏེ་ཞ་མོན་སློབ་ཆེན་དུ་ཕྱིན་ནས་ཁྲིམས་འཛུགས་ལས་དོན་གྱི་སློབ་སྦྱོང་དང་རྟོག་ཞིབ་ལ་ཞུགས་པ་དང་། ཁྲིམས་འཛུགས་ལས་གཉེར་བའི་ཆུ་ཚད་དང་ནུས་པ་སྔར་བས་མཐོ་རུ་ཕྱིན། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བླང་བྱ་ལྟར། ནན་ཏན་གྱིས་ཁེར་སྤྱོད་སྲོལ་ཡིག་གི་གཙང་བཤེར་ལས་དོན་སྤེལ་བ་དང་།རང་སྐྱོང་ཁུལ་གྱི་ཁེར་སྤྱོད་སྲོལ་ཡིག་ཁག11ལ་གཙང་བཤེར་བྱས། ཧུར་ཐག་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ཏེས་ཞིང་འགན་ལེན་བཅའ་ཁྲིམས དངའཁོར་སྐྱོད་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་འཛུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་སྤེལ་བ་ཡིན།

གསུམ། ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས། ཕན་འབྲས་གསར་པ་ཐོབ་པར་ལྟ་སྐུལ་བྱས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་ལ་རྒྱུན་འཁྱོངས་བྱས་ཏེ།མི་དམངས་ཀྱི་ཉིན་རེ་བཞིན་གོང་འཕེལ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་བྱེད་པའི་འགོ་འཛུགས་ས་དང་དམིགས་ཡུལ་དུ་བཟུང་བ་དང་།ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་། ཕན་འབྲས་རང་བཞིན་བཅས་དངོས་སུ་ཤུགས་ཆེ་རུ་བཏང་བ་མ་ཟད། སྲིད་གཞུང་གཅིག་དང་།ཁྲིམས་ཁང་། ཞིབ་དཔྱོད་ཁངགིས་ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་བྱས།

གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཤུགས་གནད་དུ་བཟུང་ནས་ལྟ་སྐུལ་ལ་ཤུགས་བསྣན།ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་།ཁྱད་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས། ལཱིས་ཐོན་ལས་འཕེལ་རྒྱས། ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཐད་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག ཁུལ་མི་དམངས་སྲིད་གཞུང་གིས་ཆེད་དམིགས་ལས་དོན་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས་ལ།ཐོན་ལས་འཆར་འགོད་ལ་ཤུགས་སྣོན་དང། ལག་རྩལ་གྱི་ཞན་ཆར་ཁ་གསབ་བྱེད་པ་སོགས་ཀྱི་ཁ་ཕྱོགས་ལ་དམིགས་ནས་གྲོས་ཞིབ་བསམ་འཆར་དོན་ཚན19བཏོན་པ་མ་ཟད།མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་རྣམ་པའི་ཐོག་ནས་ཁུལ་ཡོངས་ཀྱི་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ཆེད་དོན་འདྲི་རྩད་སྤེལ་ཞིང་།དངོས་སུ་ལྟ་སྐུལ་གྱི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེ་རུ་བཏང་།  2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་ལ།མཚོ་ནུབ་ཁུལ་གྱི2017ལོའི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་འཆར་གཞི་ལ་ཞིབ་བཤེར་ཆོག་མཆན་བཀོད་པ་ཡིན།

ཚན་རིག་གི་སྒོ་ནས་དངུལ་དོན་གཉེར་བར་སྐུལ་འདེད་བྱེད་ཤུགས་གནད་དུ་བཟུང་ནས་ལྟ་སྐུལ་ལ་ཤུགས་བསྣན།ནོར་སྲིད་ཀྱི་སྔོན་རྩིས་དང་། ངེས་རྩིས།  དེ་བཞིན་སྔོན་རྩིས་སྙན་ཞུ་ལེགས་སྒྲིག་ལ་ཉན་པ་དང་གྲོས་ཞིབ་བྱེད་དུས།སྔོན་རྩིས་ལ་གཟབ་ནན་རང་བཞིན་དང་ཚན་རིག་རང་བཞིན། བཀོལ་སྤྱོད་ཐུབ་པའི་རང་བཞིན་སོགས་ལ་ལྷག་ཏུ་ནན་བཤད་བྱས་པ་ཡིན་ལ།སྲིད་གཞུང་གིས་ཚན་རིག་དང་མཐུན་པར་སྔོན་རྩིས་སྒྲིག་བཟོ་དང་། སྔོན་རྩིས་ལག་བསྟར་གཟབ་ནན་བྱ་རྒྱུར་སྐུལ་སྤེལ་བྱས་པ་ཡིན། མཚོ་ནུབ་ཁུལ་གྱི2017ལོར་ཞིང་ཆེན་རིམ་པའི་མཚོ་ནུབ་ཁུལ་ས་གནས་སྲིད་གཞུང་གི་བུན་འཛིན་གྱི་དངུལ་བུན་བརྒྱུད་གཏོང་བྱས་པ་དེ་དང་སྟུན་ནས་གཏོང་སྤྲོད་སྔོན་རྩིས་ལེགས་སྒྲིག་སྐོར་གྱི་གྲོས་ཆོད་བཟོས་ལ།སྲིད་གཞུང་རང་བཞིན་གྱི་བུ་ལོན་དོ་དམ་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་བྱས་ནས། དངུལ་རྩའི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས། དབུལ་སྐྱོར་ཆེད་སྤྱོད་མ་དངུལ་དང་དངུལ་བུན་དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྤེལ་བ་དང་།མུ་མཐུད་དུ་དབུལ་སྐྱོར་མ་དངུལ་དོ་དམ་དང་རྣམ་གྲངས་འཛུགས་སྐྲུན་རྒྱ་སྐྱེད་སོགས་ཀྱི་ཕྱོགས་ལ་ཤུགས་སྣོན་པར་དམིགས་ནས་འབྲེལ་ཡོད་ཀྱི་བསམ་འཆར་བཏོན།

དམངས་འཚོ་ལེགས་བཅོས་ལ་སྐུལ་སྤེལ་བྱེད་ཤུགས་གནད་དུ་བཟུང་ནས་ལྟ་སྐུལ་ལ་ཤུགས་བསྣན། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་དང་།2016ལོའི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཚུལ་གྱི་ཆེད་དོན་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་སྲིད་གཞུང་གིས་འདྲི་རྩད་ཁས་ལེན་དོན་ཚན་བསྒྲུབས་པའི་ཆེད་དོན་འདྲི་རྩད་ཀྱི་གནས་ཚུལ།འཐུས་མིའི་བསམ་འཆར་དང་གྲོས་གཞི་བསྒྲུབས་ཚུལ་བཅས་ཀྱི་ཐད་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྤེལ་ཞིང་། ཁུལ་མི་དམངས་སྲིད་གཞུང་གིས་ཆེད་དམིགས་ལས་དོན་གྱི་སྙན་ཞུ་ལ་ཉན་པ་མ་ཟད། དེ་དང་འབྲེལ་ཡོད་ཀྱི་བསམ་འཆར་བཏོན་པ་ཡིན།ཟས་རིགས་བདེ་འཇགས་བཅའ་ཁྲིམས་དངབདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》 《 སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིགདངམི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིགསོགས་ལག་བསྟར་གནས་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་ཤིང་།དམིགས་ས་ཡོད་པའི་སྒོ་ནས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་བསམ་འཆར་བཏོན་པ་ཡིན།

སྐྱེ་ཁམས་ལེགས་སྐྱོང་ལ་སྐུལ་འདེད་བྱེད་ཤུགས་གནད་དུ་བཟུང་ནས་ལྟ་སྐུལ་ལ་ཤུགས་བསྣན།ཁུལ་ཡོངས་ཀྱི2016 ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་ཡུལ་ལེགས་འགྲུབ་བྱུང་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་ལ།སྡེ་ཁག་བར་མཉམ་འགུལ་གྱིས་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་ཤུགས་འདོན་པ་སོགས་ལ་དམིགས་ནས་གྲོས་ཞིབ་བསམ་འཆར་བཏོན།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧུར་ཐག་སྒོས་གཞི་རིམ་དུ་བསྐྱོད་དེ། ཁོར་ཡུག་ལ་ཉེན་ཁ་འདུག་པར་དག་ཐེར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་སྐུལ་འདེད་བཏང་ཞིང་།དག་ཐེར་ཡོ་བསྲང་གི་བྱ་བའི་ལས་འགན་བརྟན་འཇགས་ངང་འཕེལ་བར་སྐུལ་འདེད་ཐོབ།

ཁྲིམས་ལྟར་སྲིད་འཛིན་དང་།གཞུང་དྲང་ཁྲིམས་འཛིན་ལ་སྐུལ་འདེད་བྱེད་ཤུགས་གནད་དུ་བཟུང་ནས་ལྟ་སྐུལ་ལ་ཤུགས་བསྣན།  རང་འགུལ་གྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས།སྒྱུར་བཅོས་འཕེལ་རྒྱས་དང་སྤྱི་ཁྱབ་གཏན་འཇགས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་བཅས་དང་འབྲེལ་བའི་གལ་ཆེའི་ཚད་ལྡན་རང་བཞིན་གྱི་ཡིག་ཆརཞིབ་བཤེར་ཐེངས་གཉིསབྱེད་པར་ཤུགས་བསྣན་པ་ཡིན་ལ། ཚུལ་མིན་གྱི་གནས་ཚུལ་ཡོད་པར་དུས་ཐོག་ཏུ་དག་བཅོས་བྱེད་པར་སྐུལ་འདེད་བྱས། མི་དམངས་ཁྲིམས་ཁང་གིས་ཉེས་དོན་འདྲི་གཅོད་དང་།མི་དམངས་ཞིབ་དཔྱོད་ཁང་གི་དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་ལས་དོན་གྱི་ལྟ་སྐུལ་ལ་ཤུགས་བསྣན་ལ།ཧུར་ཐག་གིས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྤེལ་བ་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ཆེད་དམིགས་ལས་དོན་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་མཛད།ཁྲིམས་འཛིན་འདུ་ཤེས་བསྒྱུར་བར་དམིགས་ནས། ནུས་པའི་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། ཉེས་དོན་འདྲི་གཅོད་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་བཏང་ལ། ལྟ་སྐུལ་བྱེད་ཐབས་གསར་བཟོ་སོགས་གྲོས་ཞིབ་བསམ་འཆར་དོན་ཚན་ཁག 9 བཏོན་པ་ཡིན།

བཞི། ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས།འཐུས་མིའི་ལས་དོན་ཐད་ཡར་ཐོན་གསར་པ་བྱུང་།
       ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་ལ་བརྩི་འཇོག་དང་།འཐུས་མི་ལ་བརྟེན་པ། འཐུས་མིར་ཞབས་ཞུ་སྒྲུབ་པ་བཅས་ལ་རྒྱུན་འཁྱོངས་བྱས་ནས།  ཚོགས་འདུ་མཇུག་སྒྲིལ་སྐབས་ཀྱི་འཐུས་མིའི་བྱ་འགུལ་གསོན་ཉམས་དོད་པོར་བསྐྲུན་པ་དང་། འཐུས་མིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགན་སྲུང་བྱས།
       སློབ་སྦྱོང་དང་གསོ་སྦྱོང་ལ་དོ་སྣང་བྱས་ཏེ།ལས་འགན་སྒྲུབ་ནུས་མཐོར་འདེགས་སུ་བཏང་།  ཧུར་ཐག་གིས་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཕྱི་ནང་དུ་འཐུས་མིའི་ནུས་པ་འདོན་སྤེལ་དང་།འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་སྣེ་ལེན་ས་ཚིགས་འཛུགས་པ་སོགས་ཀྱི་ལས་སྟངས་ཉམས་མྱོང་ཕྱོགས་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས།མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་ལ་སྤེལ་ཞིང། ཕྱིར་བསྐྱོད་པ་དང་ནང་དུ་འདྲེན་པའིབྱེད་སྟངས་སྤྱད་ནས།མི་དམངས་འཐུས་ཚོགས་ཀྱི་འཐུས་མི 100 ལྷག་རྩ་འཛུགས་ཀྱིས་གསོ་སྦྱོང་བྱས་ལ།མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་།  ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་།ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བཀོད་སྒྲིག་ལྟར། དུས་ཐོག་ཏུ་གསར་དུ་བདམས་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྩ་འཛུགས་བྱས་ཏེ་ལས་འཛིན་གསོ་སྦྱོང་དང་ཚོགས་འདུ་མ་འཚོག་གོང་གི་ལྟ་ཞིབ་མཛད་དེ། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞུགས་པའི་རང་ཁུལ་གྱི་འཐུས་མིས་ནན་ཏན་ངང་ལས་འགན་སྒྲུབ་འགན་འཁུར་བའི་ཆེེད་དུ། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ནས་རྨང་གཞི་ལེགས་པོ་བཏིངས།

ལས་སྟེགས་འཛུགས་སྐྲུན་ལ་དོ་སྣང་བྱས་ནས།འཐུས་མིའི་བྱ་འགུལ་གྱི་གཞི་རྟེན་ཕུན་སུམ་ཚོགས་པར་བཏང་། ལས་སྟེགས་གཅིག་དང་ཁང་གཉིསའཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ཏེ།བཙུགས་ཟིན་པའི་ཞང་གྲོང་དང་། སྲང་ལམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ཁང་གི་རྨང་གཞིའི་ཐོག  མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་དྲ་རྒྱ་གྲོང་ཚོ་དང་།སྡེ་ཁུལ་དུ་བསྲིངས་པའི་ཚོད་ལྟའི་ལས་དོན་སྤེལ་བ་དང་། འཐུས་མི་དང་མང་ཚོགས་འབྲེལ་བ་བྱེད་པའི་ལས་སྟེགས་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་། འཐུས་མིའི་བྱ་འགུལ་ཚོགས་ཆུང་རེ་སྡེ་ཚན་བྱས་ཏེ།ལས་སྟེགས་གཅིག་དང་ཁང་གཉིསགཞི་རྟེན་དུ་བཟུང་ནས། ཆུང་གྲས་དང་། ཆེད་དོན། གཏིང་ཟབ་པ། དངོས་ཕནབཅས་ཀྱི་རྩ་དོན་ལྟར། རྩ་འཛུགས་བྱས་ཏེའཐུས་མིས་ཟླ་རེའི་བྱ་འགུལདངའབྲེལ་གཏུག་གསུམགྱི་བྱ་འགུལ་ཕུན་སུམ་ཚོགས་པའི་སྒོ་ནས་སྤེལ་བ་དང་།དུས་མཚུངས་སུ། རྒྱུན་ལས་ཨུ་ལྷན་གྱིས་གཞི་རིམ་གྱི་འཐུས་མི་གདན་འདྲེན་ཞུས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཟུར་ཞུགས་དང་།དྲ་རྒྱའི་སྨྱན་སྦྱོར་གྱི་འོས་སྦྱོར་བྱེད་པ། འཐུས་མི་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་བསྒྲུབས་ཚུལ་གྱི་བརྡ་ཁྱབ་བསྐུར་སྐྱེལ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། འཐུས་མིའི་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་ཤེས་རྟོགས་ཀྱི་འགན་ལེན་ལ་ཤུགས་བསྣན་པ་ཡིན།མཚོ་ནུབ་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཚོ་ཆུང་གི་བྱ་འགུལ་གྱི་བརྒྱུད་རིམ་དང་ཞིབ་སྲོལགཏན་འབེབས་མཛད་ཅིང་། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱ་འགུལ་སྤེལ་བའི་ཕྱོགས་སྟོནཞེས་པ་རྩོམ་སྒྲིག་པར་བསྐྲུན་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་འཐུས་མི་ཚོགས་ཆུང་གི་སློབ་སྦྱོང་དང་། ལྟ་ཞིབ། བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱ་འགུལ་ཚད་ལྡན་དུ་བཏང་།

རྗེས་འདེད་སྐུལ་སྒྲུབ་ལ་དོ་སྣང་བྱས་ནས། འཐུས་མིའི་གྲོས་གཞི་སྒྲུབ་གཉེར་ཤུགས་ཆེ་རུ་བཏང་། རྒྱུན་ལས་ཨུ་ལྷན་གྱིས་གནད་དོན་ཐག་གཅོད་བྱེད་པ་རྩ་བར་བཟུང་ནས།སྒྲུབ་པའི་གོ་རིམ་གཟབ་ནན་བྱས་ལ།སྒྲུབ་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་། བསམ་འཆར་དང་གྲོས་གཞི་སྒྲུབ་རྒྱུར་རྩིས་སྤྲོད་བྱེད་པའི་ཚོགས་འདུ་ཚོགས་པ་དང་། གཙོ་གནད་གྲོས་གཞིར་སྒྲུབ་རྒྱུར་ལྟ་སྐུལ་ཚོགས་འདུ་ཚོགས་པ། གྲོས་གཞི་སྒྲུབ་འགན་འཁུར་བའི་ལས་ཁུངས་དང་གྲོས་གཞི་འདོན་མཁན་འཐུས་མི་བར་དུ་བཞུགས་མོལ་ཚོགས་འདུ་ཚོགས་པ།འབུལ་རྒྱུའི་གྲོས་འཆར་འདོན་རྒྱུ་དང་། འཐུས་མིའི་གཅིག་བསྡུས་སུ་སྒྲུབ་རྒྱུར་སྐུལ་སྤེལ་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས།བསམ་འཆར་དང་གྲོས་གཞི་དོན་ཚན་གྱི་དོན་འཁྱོལ་ལ་སྐུལ་འདེད་བྱས། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་སྒྲུབ་འགན་འཁུར་མཁན་ལས་ཁུངས་ཀྱི་འབད་བརྩོན་ལྷོད་མེད་བརྒྱུད་ནས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་། ཐེངས་གཉིས་པའི་སྐབས་སུ་འཐུས་མིས་བཏོན་པའི་གྲོས་གཞི་དོན་ཚན79 ཚང་མ་ཐག་གཅོད་ལན་འདེབས་བྱས་ཚར་ལ།བསམ་འཆར་དང་གྲོས་གཞི་སྒྲུབ་གཉེར་བྱས་འབྲས་ཟམ་མི་ཆད་པར་མཐོ་རུ་ཕྱིན།

ལྔ། ཟམ་མི་ཆད་པར་ནུས་པའི་འཛུགས་སྐྱོང་ལ་ཤུགས་བསྣན་ནས།རང་ངོས་འཛུགས་སྐྱོང་ལ་མཐོར་འདེགས་གསར་པ་བྱུང་།
       ཆབ་སྲིད་འཛུགས་སྐྲུན་འགོ་གཙོ་རུ་བཟུང་ནས།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ལ།སྒྱུར་བ་བཞི་ལ་དམིགས་ནས།མཚོ་ནུབ་ཀྱི་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་བཞི་ལ་སྐུལ་འདེད་གཏོང་བའིབསམ་བློར་བཅིངས་འགྲོལ་ཆེན་པོ་དང་གྲོས་བསྡུར་ཆེན་པོའི་བྱ་འགུལ་གཏིང་ཟབ་ངང་སྤེལ་ལ།ཏན་ཏིག་གིསབསླབ་པ་གཉིས་དང་བྱེད་པ་གཅིགགི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་བར་སྐུལ་འདེད་བྱས།

ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས།སྒྲིག་ཁྲིམས་ལུགས་སྲོལ་ནན་པོར་བཅོས། ནན་ཏན་གྱིསཚད་གཞི་གཉིས་དང་སྲོལ་ཡིག་གསུམལ་དོན་འཁྱོལ་མཐར་ཕྱིན་བྱེད་པའི་རྨང་གཞིའི་སྟེང་།མངག་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་གི་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་རྩ་འཛུགས་བྱས་ཏེ་རུལ་རྒོལ་གཙང་སྤེལ་ཉེན་བརྡ་གཏོང་བའི་སློབ་གསོའི་རྟེན་གཞི་རུ་ཕྱིན་ནས། ཉེན་ཟོན་སློབ་གསོ་སྤེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་འཛུགས་བསྐྲུན་བྱས་པ་ཡིན། ཏང་གིས་ཏང་སྐྱོང་བ་དང་། ཏང་ནན་པོ་སྐྱོང་པའི་བླང་བྱ་དངོས་སུ་དོན་འཁྱོལ་བྱས་ལ།ཏན་ཏིག་གིས་འགན་མི་འཁུར་བ་དང་ལས་མི་སྒྲུབ་པའི་གནད་དོན་ལ་ཆེད་དུ་དམིགས་པའི་བཅོས་སྐྱོང་སྤེལ་བ་དང་།མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་དོ་དམ་ནན་པོ་བྱས།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་སྒྲུབ་པའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས།གྲོས་ཞིབ་བསམ་འཆར་སྒྲུབ་རིམ་ཚད་ལྡན་དུ་བཏང་ཞིང། གྲོས་ཞིབ་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ལ།ལྟ་སྐུལ་ཕན་འབྲས་ཤུགས་ཆེ་རུ་བཏང་།

མང་ཚོགས་ལ་འབྲེལ་གཏུག་བྱས་ནས་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་སྟེ།རང་ངོས་ཀྱི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་། རྒྱུན་ལས་ཨུ་ལྷན་འགོ་ཁྲིད་ཀྱིས་འབྲེལ་གནས་ཞང་གྲོང་དང་སྡེ་བའི་དབུལ་སྐྱོར་དང་།བདེ་སྲུང་འགན་ལེན་ལ་ལྟ་སྐུལ་ཞིབ་བཤེར། གནས་བཅར་རྟོག་ཞིབ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་བ་མ་ཟད།དངོས་སུ་ཕན་འབྲས་ལེགས་པོ་ཐོབ།  ཡར་གཏུག་སྣེ་ལེན་དང་།བརྒྱུད་སྒྲུབ་སོགས་ཀྱི་ལམ་ལུགས་མུ་མཐུད་ཚད་ལྡན་དུ་བཏང་ལ།  རིགས་ཁག་གི་ཡིག་སྐུར་ངོ་གཏུག་ལ་དུས་ཐོག་ཏུ་བརྒྱུད་སྒྲུབ་དང་།རྗེས་འདེད་སྐུལ་སྒྲུབ་བྱས་ཤིང་། ཕན་འབྲས་ལྡན་པའི་སྒོ་ནས་ཡིག་སྐུར་ངོ་གཏུག་མི་སྣའི་ལུགས་མཐུན་གྱི་རེ་ཞུ་ཐག་གཅོད་བྱས། 2017 ལོར་ཡིག་སྐུར་ངོ་གཏུག་ཁག16 བརྒྱུད་སྒྲུབ་བྱས་པ་དང་།ཁག16 པོ་ཐག་གཅོད་བྱས་ལ།  ཐག་གཅོད་བྱེད་ཚད100% ཟིན་པ་རེད། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་རྫོང་དང་ཞང་གི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་དང་འཛུགས་སྐྱོང་བྱེད་པའི་སྐོར་གྱི་ཡིག་ཆའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་དོན་འཁྱོལ་མཐར་ཕྱིན་བྱས་ལ།ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྤེལ་བའི་རྨང་གཞིའི་སྟེང་། རྩ་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་རྫོང་དང་ཞང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་རེས་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་ནས། གོམ་གང་མདུན་སྤོས་ཀྱིས་སྤེལ་རེས་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་།གནས་པའི་ཞན་ཆ་དག་སྒྲིག་བྱས་པ་ཡིན། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་རྫོང་དང་ཞང་གི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་དང་འཛུགས་སྐྱོང་བྱེད་པའི་སྐོར་གྱི་ཐབས་ཇུས་བླང་བྱ་ཁག་ལ་ཞིབ་འཇུག་དང་དོན་འཁྱོལ་བཀོད་སྒྲིག་བྱས་ཏེ།རྫོང་དང་ཞང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བྱས་ཏེ་སྐས་རིམ་གསར་པ་ཞིག་ཏུ་བསླེབས།

འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་གི་ནང་དུ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་གྲུབ་འབྲས་ཐོབ་པ་དང་།དེ་ནི་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། སྲིད་གཞུང་གཅིག་དང་ཁྲིམས་ཁང་།ཞིབ་དཔྱོད་ཁང་བཅས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པའི་འབྲས་བུ་ཡིན་ལ།ད་དུང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་ཧུར་ཐག་གིས་འགན་སྒྲུབ་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཐུན་མོང་གི་འབད་བརྩོན་དང་།   མི་དམངས་མང་ཚོགས་ཀྱིས་ཤུགས་ཆེན་པོའི་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཡིན།འདི་ནས་ངས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ང་ཚོའི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱིས་བློ་མཐུན་རྣམས་དང་ལས་རིགས་ཁག་གི་མི་སྣར།བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
       གྲུབ་འབྲས་མཐོང་བ་དང་ཆབས་ཅིག ང་ཚོས་གསལ་པོར་ཤེས་པ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་བཏོན་པའི་བླང་བྱ་གསར་པ་དང་།ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་ཡོན་ལྷན་ཁང་གིས་བཟོས་པའི་བཀོད་སྒྲིག་གསར་པ།འཐུས་མི་དང་མི་དམངས་མང་ཚོགས་ཀྱིས་རེ་སྒུག་གསར་པ་བཅས་དང་བསྡུར་ན།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཐད་དུ་ད་དུང་མི་འདང་ས་ཁ་ཤས་ཡོད་པ་རེད།གཙོ་བོ་ནི། སྤྱི་ཚོགས་ཀྱི་ཐུགས་ཁུར་ལ་ལན་འདེབས་དང་། ལྟ་སྐུལ་ལས་དོན་གྱི་བརྟན་ཤུགས་ཆེ་རུ་གཏོང་བ།  གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱེད་པར་སྐུལ་འདེད།འབྲེལ་ཡོད་གནད་དོན་ཐག་གཅོད་ཐད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་ལ་ད་དུང་མུ་མཐུད་དུ་ནུས་ཤུགས་འདོན་དགོས་ལ། འཐུས་མིའི་འགན་འཁྲི་སྒྲུབ་པའི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་།འཐུས་མིའི་གྲོས་གཞི་དང་བསམ་འཆར་སྒྲུབ་པ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། འཐུས་མིའི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐད་ལ་ད་དུང་སྔར་ལས་ཤུགས་སྣོན་དགོས།  དེ་ལ་དམིགས་ནས། ང་ཚོས་རང་རྟོགས་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་།ཁེངས་སྐྱུང་གི་སྒོ་ནས་འཐུས་མིའི་བསམ་འཆར་ལ་ཉན་ནས།  འབད་བརྩོན་ཆེན་པོས་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་རྒྱུ་ཡིན།

2018ལོའི་ལས་འགན་གཙོ་བོ།

འཐུས་མི་རྣམ་པ།   ཏང་གི་ཚོགས་ཆེན་བཅུ་དགུ་པས་བརྗིད་ཆགས་པའི་དཔེ་རིས་བཀོད་དེ། འབད་བརྩོན་གྱི་དམིགས་འབེན་གཏན་ཁེལ་བྱས་ལ།  དུས་རབས་གསར་པའི་འཐབ་ལམ་གསར་པ་འགོ་ཚུགས།  2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་འགོ་རྩོམ་པའི་ལོ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་དང་ལོ་ལྔའི་འཆར་གཞིའི་བཅུ་གསུམ་པའི་འཆར་བཀོད་ལག་བསྟར་བྱེད་པའི་གོང་མཐུད་འོག་འདྲེན་གྱི་གལ་ཆེ་བའི་ལོ་ཞིག་ཡིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་སྤྱི་ཁོག་གི་བླང་བྱ་ནི།   ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་ངང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ།ཞིང་ཆེན་སྲིད་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར། བསྒྱུར་བ་བཞི་ལ་དམིགས་ཏེ།  ཏན་ཏན་ཏིག་ཏིག་བཞིའི་གལ་ཆེན་གྱི་བླང་བྱ་དོན་དུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱི་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་འབྲེལ་ཡོད་གཅིག་གྱུར་ལ་རྒྱུན་འཁྱོངས་བྱས་ཏེ། ནན་ཏན་གྱིས་ལས་འགན་སྒྲུབ་པ་དང་།  གཟབ་ནན་སྒོ་ནས་ལས་དོན་སྤེལ་ནས།   མི་དམངས་འཐུས་ཚོགས་ཀྱི་བྱ་བར་གྲུབ་འབྲས་གསར་བ་ཐོབ་པར་མ་མཐུད་སྐུལ་འདེད་བྱེད་དགོས། འབད་བརྩོན་གྱིས་ཁུལ་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་འཛུགས་སྐྲུན་བྱས་ཏེ་ཁྱོན་ཡོངས་ནས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱི་གནང་བའི་ལས་འགན་དག་འཁུར་བའི་ལས་དོན་ལས་ཁུངས་སུ་འགྱུར་བར་བྱེད་དགོས་པ་དང་། མི་དམངས་མང་ཚོགས་དང་མཉམ་དུ་འབྲེལ་བ་དམ་ཟབ་ཡོད་པའི་འཐུས་མི་ལས་ཁུངས་ཤིག་བྱེད་དགོས་ལ།  འགོ་རྩོམ་ས་གསར་པ་ཞིག་གི་སྟེང་དུ་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་འཛུགས་སྐྲུན་ལ་བྱས་རྗེས་གསར་བ་འཇོག་པར་སྐུལ་འདེད་གཏོང་དགོས།

   གཅིག ཆབ་སྲིད་ཀྱི་ཁ་ཕྱོགས་ནམ་ཡང་བརྟན་ལ།  འཕེལ་རྒྱས་གསར་བ་སྐུལ་འདེད་ཁྲོད་དུ་མཉམ་ཤུགས་བསྡུ་དགོས།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པ་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་བཅས་དང་། ཏང་ཀྲུང་དབྱང་གི་མཁས་དབང་དང་གཅིག་གྱུར་གྱིས་འགོ་ཁྲིད་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་གཙོ་འཁྲིད་དུ་བསྟུན་ཏེ། གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་རྒྱལ་ཡོངས་དམངས་ཆེན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དང་། ཡིད་ཆེས་བཞི་ཐོག་མཐའ་བར་གསུམ་དུ་བརྟན་པོར་བཏང་སྟེ།  འདུ་ཤེས་བཞི་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་ལ། གནས་ལྔ་གཞི་གཅིག་སྤྱི་ཁོག་གི་བཀོད་སྒྲིག་གཅིག་གྱུར་གྱི་འཆར་འགོད་བྱེད་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་ལངས་ཕྱོགས་བསྟུད་མར་མཐོར་འདེགས་དང་།   ཆབ་སྲིད་ཀྱི་ལངས་མཚམས་བརྟན་ལ་ཆབ་སྲིད་ཀྱི་འགན་ལེན་ཚད་ཇེ་དྲག་ཏུ་གཏོང་ཞིང་།  ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སོ་སོར་ལྟར།    དངོས་ནས་བསམ་བློའི་སྟེང་ནས་མཐོང་ཆེན་དང་།   མཁྲེགས་གཏོར་ཆེན་པོ་གསུམ་ལ་རྒྱལ་ཁ་བླངས་པར་དམ་པོར་དམིགས་ཏེ། ས་ཁུལ་མཐུན་སྦྱོར་གྱི་འཕེལ་རྒྱས་དང་ཞིང་སྡེའི་འཐབ་ཇུས་དར་སྤེལ་བཅས་ལ་སྐུལ་འདེད་གཏོང་དགོས།  བསྒྱུར་བ་བཞིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་སོགས་ཀྱི་ཐབས་ཇུས་གཙོ་བོ་དོན་ཐོག་དུ་འཁྱོལ་བར་སྐུལ་འདེད་བྱས་ནས། ས་གནས་གྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་ནུས་བ་གང་ལེགས་སྒོ་ནས་འདོན་སྤེལ་བྱེད་དགོས་ལ།  ཁྲིམས་འཛུགས་དང་ལྟ་རྟོག  ཐག་གཅོད།  གོ་གནས་བསྐོས་འཐེན་སོགས་ཀྱི་འགན་དབང་ཁྲིམས་ལྟར་སྤྱད་དེ། དམངས་ཆེན་གྱི་བྱ་བ་སྐས་རིམ་གསར་བར་སྤོ་པར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས།                    

གཉིས། ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་བྱེད་པར་ཤུགས་བཏོན་ནས།  ཁྲིམས་ལེགས་འཛུགས་བྱས་ནས་འཕེལ་རྒྱས་གཏོང་ལ་སྐུལ་བར་འབད་བརྩོན་བྱ་དགོས།  

དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཁྲིམས་འཛུགས་བྱ་བའི་ཁྲོད་དུ་གཙོ་ཕུང་གི་ནུས་བ་གང་ལེགས་འདོན་སྤེལ་བྱ་དགོས་ལ།    ཁྲིམས་འཛུགས་ཀྱི་བྱ་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།  ཁྲིམས་འཛུགས་བྱ་བ་གཅིག་གྱུར་གྱི་མཐུན་སྦྱོར་བྱེད་པ་ཇེ་དྲག་ཏུ་གཏང་དགོས། ཚན་རིག་གི་སྒོ་ནས་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་སོགས་ལ་གཏིང་ཟབ་ངང་སྐུལ་འདེད་བཏང་སྟེ། གཙོ་གནད་མངའ་ཁོངས་ཀྱི་ཁྲིམས་འཛུགས་ཇེ་དྲག་ཏུ་གཏང་དགོས།  ཁྱད་ལྡན་གྱི་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་མི་རིགས་ཆོས་ལུགས། སྐྱེ་ཁམས་ཀྱི་ཁུལ་འཛུགས་པ་སོགས་ཀྱི་ཕྱོགས་ནས་ཁྲིམས་འཛུགས་ཀྱི་བསམ་ཕྱོགས་གསར་བ་འཚོལ་ཞིབ་བྱ་དགོས་ལ།  ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་ངེས་པར་དུ་མཐོར་འདེགས་སུ་གཏང་དགོས།མཚོ་ནུབ་ཀྱི་ཁྱད་ཆོས་གསལ་བོར་མཚོན་དགོས་ལ།   2018ལོའི་ཁྲིམས་འཛུགས་ཀྱི་འཆར་གཞིའི་གཟབ་ནན་སྒོས་རྩ་འཛུགས་བྱས་ནས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།འཕང་འབྲས་ཀྱི་ཐོན་ལས་སྲུང་སྐྱོང་སྲོལ་ཡིགདངབོད་བརྒྱུད་ནང་བསྟན་ལས་དོན་གྱི་དོ་དམ་སྲོལ་ཡིག》《སྤྱི་ཚོགས་བདེ་འཇགས་གཅིག་བསྡུས་སྒོས་བདག་སྐྱོང་བྱེད་པའི་སྲོལ་ཡིགསོགས་ཁྲིམས་འཛུགས་ལས་གཞི་ལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་དཔྱད་འབྲས་ཀྱི་ཟིན་འགོད་གྲོས་ཞིབ་བྱ་བ་འགོ་རྩོམ་དགོས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཁྲིམས་འཛུགས་གོ་རིམ་གཏན་འཁེལ་གྱིའཆར་ཟིནཐེངས་འདིའི་གྲོས་ཚོགས་ལ་སྤྲད་དེ་ཞིབ་བཤེར་གྲོས་ཞིབ་གྲོས་འཆམ་བྱུང་རྗེས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ལ་ཕུལ་ནས་ལག་བསྟར་ཆོག་མཆན་ཐོབ་པར་བྱ་དགོས།ཁྲིམས་འཛུགས་ཀྱི་བློ་འདྲི་ལམ་ལུགས་འཛུགས་སྐྲུན་བྱེད་པ་དང་།  ཁྲིམས་འཛུགས་བློ་འདྲི་ཆེད་མཁས་པའི་ནུས་བ་འདོན་སྤེལ་གང་ལེགས་བྱ་དགོས།  ཧུར་ཐག་གིས་ཁྲིམས་འཛུགས་ཚོད་དཔག་ལ་སྐུལ་འདེད་བཏང་སྟེ།  ཁྲིམས་འཛུགས་ཀྱི་ཐུན་མོང་ངེས་འཛིན་རྒྱ་ཆེར་བསྡུ་དགོས།    ནུས་ལྡན་དང་བཀོལ་སྤྱོད་ལྡན་པའི་ཁྲིམས་འཛུགས་དགོས་ལ།  ཁྲིམས་འཛུགས་རེ་རེ་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ་དང་།མཚོ་ནུབ་ཀྱི་དོན་དངོས་དང་མཐུན་པ།  མི་དམངས་ཀྱི་བསམ་འདུན་མཚོན་པ། མི་དམངས་ཀྱི་རྒྱབ་སྐྱོར་གནང་བ་སོགས་བྱེད་དགོས། གྱོད་གཞིའི་ཐོ་འགོད་ཀྱི་ཞིབ་བཤེར་བྱ་བ་ནན་ཏན་གྱིས་ལེགས་པོར་བསྒྲུབ་པ་དང་།  ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་བྱ་དགོས།  

གསུམ། ལྟ་རྟོག་གི་ཕན་འབྲས་ལ་ཧུར་ཐག་ངང་ཤུགས་བསྣན་ཏེ། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་སྟེང་དུ་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས།

སྲ་བརྟན་ངང་མཐོར་འདེགས་གཏོང་བ་གཉིས་དང་འཛུགས་སྐྲུན་བདུན།མགྱོགས་མྱུར་བསྐྲུན་པ་གཉིས་བཅས་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས།    ཁྲིམས་ལྟར་ལྟ་རྟོག་དང་ལྟ་རྟོག་ཡང་དག  ལྟ་རྟོག་ཕན་འབྲས་ཡོད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་དམིགས་ཏེ། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ཀྱི་ལྟ་རྟོག་ལ་སྐུལ་འདེད་གཏོང་བའི་ཤུགས་ཆེ་རུ་གཏང་དགོས།   རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞིའི་བཅུ་གསུམ་པའི་འཆར་བཀོད་རྩ་གནད་གནས་ཚུལ་ལག་བསྟར་གྱི་སྙན་ཞུ་དང2018ལོའི་ལོ་སྟོད་ཀྱི་འཆར་གཞི་གནས་ཚུལ་ལག་བསྟར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་གྲོས་ཞིབ་བྱེད་དགོས་ལ། ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་ལས་གཞིའི་གལ་ཆེན་འཛུགས་སྐྲུན་གྱི་གནས་ཚུལ་དང་།བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བའི་གནས་ཚུལ་བཅས་ལ་གཅིག་བསྡུས་ཀྱིས་གཟིགས་ཞིབ་བྱེད་དགོས་པ་མ་ཟད།དམངས་འཚོ་ལས་གཞིའི་གལ་ཆེན་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྤེལ་དགོས།   ཀྲུང་གུང་ཀྲུང་དབྱང་རྒྱལ་ཁབ་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ལ་རྒྱལ་དབང་མ་རྩ་དོ་དམ་གནས་ཚུལ་ལམ་ལུགས་ཀྱི་བསམ་འཆར་འཛུགས་པའི་སྐོར་གྱི་སྙན་ཞུནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། འབྲེལ་ཡོད་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏང་དགོས།  ཚོང་འགུག་དངུལ་འདྲེན་གྱི་བྱ་བ་ཧུར་ཐག་གིས་སྤེལ་དགོས་ལ།   ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ལས་དོན་ཁྲོད་དུ་ནུས་པ་གང་ལེགས་འདོན་སྤེལ་བྱ་དགོས། འདེད་སྒུལ་གསར་གཏོད་ཀྱི་ཐབས་ཇུས་དོན་ཐོག་ཏུ་འཁྱོལ་ཏེ།  མཚོ་ནུབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བའི་ཤུགས་ཆེ་རུ་གཏང་དགོས་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་འཕོ་འགྱུར་དང་ལས་ཆོད་འཕོ་འགྱུར།སྒུལ་ཤུགས་འཕོ་འགྱུར་བཅས་དོན་ཐོག་ཏུ་འཁྱོལ་དགོས། ནོར་སྲིད་མ་དངུལ་སྤྱད་པའི་ཕན་ནུས་་མཐོར་འདེགས་གཏོང་བར་དམིགས་ཏེ།  སྲིད་གཞུང་གི་སྔོན་རྩིས་དང་ངེས་རྩིས་ཡོངས་ལ་གཅིག་གྱུར་གྱི་དོ་དམ་དང་ཞིབ་བཤེར་ལྟ་རྟོག་བྱེད་པར་ཤུགས་སྣོན་དགོས།   སྔོན་རྩིས་ཁྲིམས་ལུགསགཟབ་ནན་གྱིས་ལག་བསྟར་བྱས་ཏེ། སྲིད་གཞུང་གི་སྔོན་རྩིས་དང་ངེས་རྩིས་དོ་དམ་ལ་ཞིབ་བཤེར་ལྟ་རྟོག་གི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཞིབ་བཤེར་ལྟ་རྟོག་གི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་།    ཞིབ་བཤེར་ལྟ་རྟོག་གི་མངའ་ཁོངས་རྒྱ་བསྐྱེད་དེ། ཞིབ་བཤེར་རྟ་རྟོག་གི་ཕན་འབྲས་ཤུགས་ཆེ་རུ་གཏང་དགོས།   2017ལོའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ལེན་རྩིས་བཤེར་གཞན་པའི་ལས་དོན་སྙན་ཞུ་དང་།རྩིས་བཤེར་ཡོད་པའི་གནད་དོན་དང་དོན་འཁྱོལ་གནས་ཚུལ་གཏན་ཁེལ་བྱས་པ། ལས་གཞི་གལ་ཆེན་དང་མ་དངུལ་གལ་ཆེན་སྤྱད་པའི་གནས་ཚུལ། 2018ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་སྙན་ཞུ་སོགས་ལ་ཉན་པ་དང་གྲོས་ཞིབ་བྱ་དགོས་ལ། 2017 ལོའི་ཁུལ་རིམ་པ་དང་སྲིད་ཨུ་གསུམ་གྱི་ངེས་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་འགོད་དགོས། ལྗང་མདོག་ངང་བསྟུད་མར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པར་དམིགས་ཏེ། ཁོར་ཡུག་སྲུང་སྐྱོང་གི་ལྟ་རྟོག་ལ་ཤུགས་སྣོན་དགོས།      2017ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་ལེགས་འགྲུབ་བྱུང་བའི་གནས་ཚུལ་དང་།2017 ལོའི་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་གྱི་ཆེད་དོན་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་།སྲིད་གཞུང་གིས་འདྲི་རྩད་ཁས་ལེན་དོན་ཚན་བསྒྲུབས་པའི་ཆེད་དོན་འདྲི་རྩད་གནས་ཚུལ་གྱི་སྙན་ཞུ་སོགས་ལ་ཉན་པ་དང་གྲོས་ཞིབ་བྱ་དགོས་ལ། ཁུལ་ཡོངས་ཀྱི་གྲོང་དང་གྲོང་རྡལ་གྱི་འབག་ཆུའི་དྲ་སྦུབ་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་གཅིག་བསྡུས་ཀྱིས་ལྟ་རྟོག་བྱས་ཏེ། གནམ་དཔྱད་བཅའ་ཁྲིམསདངམཚོ་སྔོན་ཞིང་ཆེན་གནམ་གཤིས་གནོད་སྐྱོན་འགོག་སྲུང་སྲོལ་ཡིགགི་ལག་བསྟར་གནས་ཚུལ་གྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་དམིགས་ཏེ། དམངས་འཚོ་བྱ་བ་འགན་སྲུང་དང་ལེགས་བཅོས་ཀྱི་ལྟ་རྟོག་ལ་ཤུགས་སྣོན་དགོས།  ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་དང་རིག་གནས་ཐོན་ལས་འཕེལ་རྒྱས། འོས་འགན་སློབ་གསོ་ཆ་སྙོམས་ཀྱི་འཕེལ་རྒྱས་འགྲོ་བ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྤེལ་དགོས་པ་མ་ཟད།  མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམསལག་བསྟར་གནས་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་དགོས། ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིས་གྲོས་གཞི་དང་།སྐྱོན་བརྗོད།  བསམ་འཆར་བཅས་བཏོན་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱ་དགོས།  སྤྱི་ཚོགས་འདྲ་མཉམ་དང་དྲང་གཞག་ལ་སྲུང་སྐྱོང་བྱེད་པར་དམིགས་ཏེ། ཁྲིམས་ལྟར་སྲིད་འཛིན་དང་དྲང་བདེན་ངང་ཁྲིམས་འཛིན་པའི་ལྟ་རྟོག་ལ་ཤུགས་སྣོན་དགོས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བྱ་བའི་སྐོར་གྱི་བཀོད་སྒྲིག་ལྟར། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་གཞིགས་ནས། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལྟར་བྱ་བ་སྤེལ་བར་ལྟ་སྐུལ་དང་རྒྱབ་སྐྱོར་བྱ་དགོས།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་བ་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་ཞིབ་བཤེར་གྲོས་ཞིབ་བྱ་དགོས།བྱ་བ་གལ་ཆེན་ཐག་གཅོད་ཀྱི་དབང་ཆ་སྤྱོད་པའི་གོ་རིམ་ཁྲིམས་ལྟར་ཚད་ལྡན་དུ་བཏང་སྟེ།ཀྲུང་དབྱང་དང་ཞིང་ཆེན།  ཁུལ་ཨུའི་ཇུས་གཞི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་ལ་ཁག་ཐེག་བྱ་དགོས་ལ།  དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་བྱས་པའི་དོན་ཚན་ཁག་ཁྲིམས་ལུགས་ཀྱི་གཏན་འཁེལ་དང་མཐུན་པ་དང་།མི་དམངས་ཀྱི་འདུན་བློ་མཚོན་པར་ཁག་ཐེག་བྱ་དགོས།

བཞི། འཐུས་མིའི་ནུས་པ་འདོན་པར་ཤུགས་བཏོན་ནས། དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པའི་སྟེང་དུ་ཐབས་ཇུས་དངོས་འདོན་དགོས།  

འཐུས་མི་ལ་ཁྲིད་སྟོན་བྱས་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཚོ་ནུབ་ལག་བསྟར་ནང་དུ་ཧུར་ཐག་གིས་ཞུགས་དགོས་ལ། བརྟག་དཔྱད་ཞིབ་འཇུག་དང་ཆེད་དོན་ལྟ་ཞིབ། གྲོས་གཞི་བསམ་འཆར་འདོན་པ་སོགས་འཐུས་མིའི་ལས་འགན་སྒྲུབ་པའི་བྱ་འགུལ་སྤེལ་བ་བརྒྱུད་དེ།  འཕེལ་རྒྱས་མི་སྙོམས་པ་དང་ཆ་མི་ཚང་བའི་གནད་དོན་དང་།   གལ་ཆེ་བའི་ཉན་ཁ་སེལ་བའི་དོགས་ཟོན། གནད་འཁེལ་དབུལ་ཐར།  འབག་བཙོག་འགོག་བཅོས་འཁྲེགས་གཏོར་གཡུལ་ས་སོགས་བྱ་བའི་ལས་འགན་གལ་ཆེན་སྟེང་དུ་འགན་བླངས་ནས་རང་འགན་སྒྲུབ་པར་སྐུལ་འདེད་གཏང་དགོས། སྡེ་བ་དང་སྡེ་ཁུལ་གྱི་འཐུས་མིའི་བྱ་བའི་འབྲེལ་གཏུག་ས་ཚིགས་འཛུགས་པར་སྐུལ་འདེད་བཏང་སྟེ། འཐུས་མིས་བྱ་བའི་འབྲེལ་གཏུག་གི་དྲ་རྒྱ་ཡོངས་སུ་འཁེལ་བ་མངོན་འགྱུར་བྱ་དགོས།   དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བའི་ལོའི་བྱ་འགུལ་ཏན་ཏག་གིས་སྤེལ་བ་དང་། བསྟུད་མར་འཐུས་མིའི་གསབ་སྦྱོང་ལ་ཤུགས་སྣོན་དགོས་ལ། འཐུས་མིའི་ལས་འགན་སྒྲུབ་པའི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོ་འདེགས་སུ་གཏང་དགོས། ཞིབ་འཇུག་སྒོ་ནས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་འཐུས་མིའི་ལས་འགན་སྒྲུབ་པའི་དོ་དམ་བྱེད་ཐབས་བཅས་གཏན་འབེབས་བྱེད་པ་དང་།  ལས་འགན་སྒྲུབ་པའི་གནས་ཚུལ་དུས་ཚོད་ངེས་ཅན་ནང་དུ་ཁྱབ་སྒྲོག་གི་ལམ་ལུགས་བཙུགས་ནས།  སྔར་ལས་ལྷག་པའི་སྒོ་ནས་ལས་འགན་སྒྲུབ་པའི་སྤྱོད་ཚུལ་ཚད་ལྡན་དུ་གཏང་དགོས། འཐུས་མིའི་གྲོས་གཞིའི་བསམ་འཆར་སྒྲུབ་པར་ཤུགས་སྣོན་དང་ལེགས་བཅོས་མཉམ་སྐྱོད་བྱེད་པ་དང་། གྲོས་གཞི་བསམ་འཆར་རིགས་དགར་ནས་སྒྲུབ་པ་དང་གཙོ་བོར་སྐུལ་སྒྲུབ་བྱེད་པ། རྗེས་འདེད་ཞིབ་བཤེར། ལས་སྒྲུབ་གདེང་འཇོག་སོགས་ཀྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ལ།  གྲོས་གཞི་བསམ་འཆར་ཐག་གཅོད་བྱེད་ཚད་བསྟུད་མར་ཇེ་མཐོར་གཏང་དགོས།   སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་དང་རྫོང་སོ་སོའི་དམངས་ཆེན་ཨུ་ཡོན་ལྷན་ཚོགས་དང་སྲིད་འཛིན་ཁུལ་སོ་སོའི་དམངས་ཆེན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བར་འབྲེལ་བ་དམ་ཟབ་དང་མཛུབ་སྟོན་བྱ་དགོས་པ་དང་།མུ་མཐུད་དུ་རྫོང་དང་ཞིང་གི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། སྔོན་འདེགས་ལེགས་གཏོད་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་བ་དང་།  དམངས་ཆེན་འཐུས་མིའི་ལས་འགན་བསྒྲུབས་པའི་སྔོན་ཐོན་མི་སྣ་དང་སྔོན་ཐོན་འཐུས་མི་ཚོགས་ཆུང། འཐུས་མིའི་གྲོས་གཞི་བསམ་འཆར་ཕུལ་བྱུང་།   འཐུས་མི་བསམ་འཆར་སྒྲུབ་པའི་སྔོན་ཐོན་ལས་ཁུངས་སོགས་ལ་གཟེངས་བསྟོད་བྱ་དགོས་ལ།  མིག་དཔེ་བཞེངས་བསྐྲུན་བྱས་ཏེ།   སྔོན་ཐོན་ཡོང་བར་སྐུལ་མ་གཏོང་དགོས།

ལྔ།  རང་ངོས་་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་འགན་སྒྲུབ་པའི་ཆུ་ཚད་མཐོར་འདེགས་གཏོང་བར་ཕན་འབྲས་དངོས་བརྩོན་ལེན་བྱ་དགོས།

ཏང་གི་ཆབ་སྲིད་འཛུགས་སྐྲུན་གཙོ་བོར་བཟུང་སྟེ། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་གཟབ་ནན་སྒོས་བརྩི་སྲུང་བྱས་ནས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལུགས་སྲོལ་ནན་པོར་སྲུང་བ་དང་།  ནན་ཏན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཀྱི་གཙོ་འགན་འཁུར་བ་ལག་བསྟར་བྱེད་དགོས། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་དང་ལག་བསྟར་གྱི་ཞིབ་ཕྲའི་སྒྲིག་སྲོལ་གྱི་དགོངས་དོན། ཞིང་ཆེན་དང་ཁུལ་ཨུའི་ལག་བསྟར་བསམ་འཆར་བཅས་གཟབ་ནན་སྒོས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གོམས་སྲོལ་བཞི་ཡོ་བསྲང་བྱས་ཏེ།  སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་དགོས་པ་མ་ཟད། ལས་ཁུངས་ཀྱི་ལས་བྱེད་པས་དམའ་ཐིག་སྲུང་ནས་དམར་ཐིག་མི་བརྒལ་བར་སྐུལ་འདེད་བྱ་དགོས།  འབད་བརྩོན་སྒོ་ནས་ཏང་ལ་བློ་སེམས་དཀར་བ་དང་མི་དམངས་ལ་དུངས་བ། ལས་འགན་སྲུང་བ་བཅས་ཀྱི་དམངས་ཆེན་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་།  གུང་ཁྲན་ཏང་བཟང་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་བཟང་།  ཏང་གི་སྐད་ཆ་ལ་ཉན། ཏང་གི་རྗེས་སུ་འབྲང་ཞེས་པའི་བཀའ་དྲིན་དྲན་པའི་སློབ་གསོ་ནན་ཏན་གྱིས་སྤེལ་དགོས། གུས་བཀུར་དང་སློབ་སྦྱོང་།  བརྩི་སྲུང་།  སྲུང་སྐྱོང་།  སྤྱོད་པ་བཅས་རྩ་ཁྲིམས་ཀྱི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། རྩ་ཁྲིམས་དགོངས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་དགོངས་དོན་ཤུགས་ཆེ་བའི་སྒོ་ནས་དར་སྤེལ་བཏང་སྟེ།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་རྩ་ཁྲིམས་འདུ་ཤེས་མུ་མཐུད་ཆེ་རུ་གཏང་དགོས། དམངས་ཆེན་བཅོས་བསྒྱུར་བྱ་བའི་དོན་ཚན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། འཚོ་ཞིབ་བྱས་ནས་ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བའི་ཕན་འབྲས་ཀྱི་ནང་རྐྱེན་མཐོར་འདེགས་དང་འཐུས་ཚང་དུ་བཏང་སྟེ། ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱ་དགོས་ལ། རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་འགན་སྒྲུབ་པའི་ཕན་ནུས་མུ་མཐུད་དུ་ཤུགས་ཆེ་རུ་གཏང་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་ཁུངས་ཚན་རིག་ཅན་དང་ཞིབ་ཕྲ་ཅན་དུ་དོ་དམ་བྱེད་པར་ཤུགས་བསྣན་ཏེ།ཇུས་འདོན་ལས་རོགས་ཀྱི་ནུས་བ་འདོན་སྤེལ་ལེགས་པོ་བྱས་ནས།  ཞབས་ཞུ་འགན་སྲུང་ཆུ་ཚད་དངོས་སུ་མཐོར་འདེགས་སུ་གཏོང་དགོས་ལ།  འབད་བརྩོན་གྱི་སྒོ་ནས་དམངས་ཆེན་ལས་ཁུངས་དེ་འགན་ཁུར་ཡོད་པ་དང་བྱས་རྗེས་ཡོད་པའི་ལས་དོན་ལས་ཁུངས་ཤིག་ཏུ་བསྐྲུན་དགོས།

འཐུས་མི་རྣམ་པ།  དུས་རབས་གསར་པས་འགན་ཁུར་གསར་པ་གནང་ཞིང་།བསམ་བློ་གསར་པས་འཐབ་ལམ་གསར་པའི་སྣེ་འཁྲིད། ང་ཚོ་བློ་མཐུན་ཞི་ཕིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་དམ་ཟབ་ངང་མཐུན་སྒྲིལ་བྱེད་པ་དང་།ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱིས་འགོ་ཁྲིད་འོག    ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས། དངོས་དོན་གཉེར་བ་དང་ཁྲིམས་ལྟར་ལས་འགན་སྒྲུབ་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་ཏུ་བསྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་སོ།།



ཞོལ་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235