མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2018-04-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

མཚོ་ནུབ་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་

གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆ།

མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།

——2018ལོའི་ཟླ3པའི་ཚེས27ཉིན།ཁུལ་དམངས་འཐུས་ཚོགས་ཆེན་སྟེང་།

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན།ཀུའུ་ཧྲོའུ་ཞན།

འཐུས་མི་རྣམ་པ།

       ངས་མཚོ་ནུབ་མི་དམངས་འབྲིང་རིམ་ཁྲིམས་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་འབུལ་རྒྱུ་ཡིན་པས།གྲོས་ཞིབ་གནང་བར་མ་ཟད།སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་གྱིས་ཀྱང་བསམ་འཆར་འདོན་པར་འཚལ།

       2017ལོར།མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཁུལ་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་དང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་རྟོག གོང་རིམ་ཁྲིམས་ཁང་གིས་ནུས་ཆོད་མཛུབ་སྟོན་འོག ནམ་ཡང་ཁྲིམས་ཁང་གི་ལས་དོན་ཁུལ་ཡོངས་ཀྱི་བྱ་བའི་རྣམ་པ་ཆེན་མོའི་ཁྲོད་ཇུས་འགོད་དང་སྐུལ་འདེད་བྱེད་པ་མཉམ་བསྲེས་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིས་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གཏིང་ཟབ་སྒོས་དོན་འཁྱོལ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་སྲིད་འཛིན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་དངོས་འབེབ་དང་། ༼མི་དམངས་མང་ཚོགས་ཚོས་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་དྲང་བདེན་དང་དྲང་བཞག་གི་ཚོར་བ་མྱོང་ཐུབ་པར་འབད་བརྩོན་བྱེད༽པ་དེ་བྱ་བའི་དཀྱིལ་སྙིང་དུ་བཟུང་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གཏན་ཁེལ་བྱས་པའི་དམིགས་འབེན་འགན་ཁུར་དཀྱིལ་སྙིང་དུ་བཟུང་ནས། བསམ་པ་རྣམ་དག་གིས་ཁྲིམས་འཛིན་འགན་ནུས་ལག་བསྟར་བྱས་ལ། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་དང་།ཁྲིམས་འཛིན་དོ་དམ་ཇེ་དྲག   ཁྲིམས་འཛིན་ནུས་པ་ཇེ་མཐོར་བཏང་སྟེ།  མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་ཁྲིམས་འཛིན་གྱི་ཁག་ཐེག་བྱས་ཡོད།

གཅིག  ཁྲིམས་འཛིན་གྱི་འགན་ནུས་འདོན་སྤྲོད་བྱས་ཏེ་འཕེལ་རྒྱས་དང་ཁྱོན་ཡོངས་ལ་ཞབས་ཕྱི་བྱས་པ།

གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱས་ཏེ། ཁྲིམས་ལྟར་གྱོད་དོན་སྒྲུབ་པ་འགན་གནད་དང་པོར་བཞག་ནས། ནན་ཏན་གྱིས་རིགས་སོ་སོའི་གྱོད་དོན་འདྲི་གཅོད་ཞིབ་བཤེར་བྱས། 2017ལོར།  མཚོ་ནུབ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིགས་སོ་སོའི་གྱོད་དོན1195དང་ལེན་བྱས་པ་དང་། གྱོད་དོན1022བསྒྲུབས་ནས་མཇུག་བསྡུས་ཤིང་། དེ་དུས་མཉམ་ལས་སོ་སོ་བརྒྱ་ཆའི10.22དང་བརྒྱ་ཆའི7.76མར་བབས། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་སོ་སོའི་གྱོད་དོན11976དང་ལེན་བྱས་པ་དང་། གྱོད་དོན10161བསྒྲུབས་ནས་མཇུག་བསྡུས་ཤིང་།  དེ་དུས་མཉམ་དང་བསྡུར་ན་སོ་སོ་བརྒྱ་ཆའི16.82དང་བརྒྱ་ཆའི22.16འཕར།

ཉེས་དོན་གྱོད་དོན་ལ་ནུས་ཤུགས་ཡོད་རྒུས་ཉེས་ཆད་བཅད་པ། ནན་ཏན་གྱིས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱས་པ་དང་།ཉེས་ཅན་ལ་ཉེས་ཆད་གཅོད་པ་དང་འགྲོ་བ་མིའི་དབང་ཆ་འགན་སྲུང་བྱེད་པ་གཉིས་གལ་ཆེན་མཉམ་བརྩི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་རིགས་སོ་སོའི་ཉེས་དོན་ཉེས་ཅན་ལ་ཉེས་ཁྲིམས་བཅད་ནས།  སྤྱི་ཚོགས་བརྟན་སྲུང་བྱས་པ་ཡིན།མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་རིགས་སོ་སོའི་ཉེས་ཁྲིམས་གྱོད་དོན108དང་ལེན་བྱས།དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི2.86འཕར། གྱོད་དོན92བསྒྲུབས་ནས་མཇུག་བསྡུས་ཤིང་།  དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི6.12མར་བབས། ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་ཉེས་ཁྲིམས་གྱོད་དོན་འདྲི་གཅོད་དང་པོ་དང་གཉིས་པས་གྱོད་གཞི804དང་ལེན་བྱས་པ་དང་། གྱོད་དོན715བསྒྲུབས་ནས་མཇུག་བསྡུས། དེ་དུས་མཉམ་དང་བསྡུར་ན་སོ་སོ་བརྒྱ་ཆའི6.07དང་བརྒྱ་ཆའི8.01འཕར། དམ་ལྷོད་ཟུང་འབྲེལ་བྱེད་པའི་ཉེས་དོན་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ།ཁྲིམས་ཀྱི་གཏན་འཁེལ་ལྟར་གུ་ཡངས་དང་ཇེ་ཡང་དུ་གཏོང་བའི་ཐག་གཅོད་བྱས་པ་དང་། མི308ལ་ཁྲིམས་ཆད་ཕྱིར་འགྱངས་དང་བཀག་སྡོམ། རྩིས་སྤྲོད་དོ་དམ་བྱས།  མི18ལ་ཉེས་དོན་ཆད་གཅོད་མེད་པར་བཟོས་པ་དང་། མི3ལ་ཉེས་པཡོད་པའི་ཐག་བཅད། ཁྲིམས་ལྟར་ཉེས་ཆད་ཇེ་ཡང་དུ་གཏོང་བའི་གྱོད་དོན98བསྒྲུབས་པ་དང་མི་98ལ་བསླེབས། ཁྲིམས་ལྟར་རུལ་སུངས་དང་ལྐོག་དངུལ་སྤྲོད་ལེན།  བཙོན་འགོག  རྩིས་སྤྲོད་དོ་དམ་་སོགས་ཉེས་ཅན་གྱོད་དོན26བསྒྲུབས་པ་དང་མི39ལ་བསླེབས། རྒྱལ་ཁབ་བྱ་བའི་མི་སྣའི་གོ་གནས་སྲིད་གཙང་རང་བཞིན་ལ་སྲུང་སྐྱོབ་བྱས། ཧུར་བརྩོན་སྒོས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་་བརྟན་སྲུང་ནང་ཞུགས་ནས། ཁྲིམས་ལྟར་ནར་མ་སོན་པའི་ཉེས་ཅན་གྱི་གྱོད་དོན33དང་མི62ལ་འདྲི་གཅོད་བྱས་པ་དང་། བཅར་ལན་ཞུ་བ་དང་སློབ་གསོ་རོགས་རམ་བྱེད་པར་ཤུགས་བསྣན་ནས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཞིས་ཁུལ་ཡོ་བསྲང་བྱ་བར་སྐུལ་འདེད་ཐོབ།  ཁྲིམས་ལུགས་དྲིལ་སྒྲོག་ལ་ཤུགས་བསྣན་ནས་ཁྲིམས་ལུགས༼བདུན་སྐྱེལ༽བྱ་འགུལ་སྤེལ་བ་རྒྱུན་འཁྱོངས་དང་། གྱོད་གཞིར་སྦྱར་ནས་ཁྲིམས་ལུགས་འཁྲིད་པས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་མཐོར་བཏང་ལ། བདེ་འཇགས་མཚོ་ནུབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཐོག   མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དྲང་བདེན་དང་དྲང་བཞག་གི་ཁྲིམས་སྐྱོང་ཁོར་ཡུག་ཞིག་འདོན་སྤྲོད་བྱས་ཡོད།

ཕན་ནུས་ལྡན་པའི་སྒོ་ནས་དམངས་དོན་དང་ཚོང་དོན་རྩོད་གཞི་ཞི་ལྷོད་དུ་བཏང་བ། མི་དམངས་ནི་ལྟེ་གནས་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། བློ་ཞིབ་མོས་དམངས་ཀྱི་གྲོས་དོན་འདྲི་གཅོད་ཀྱི"རྩ་དོན་དྲུག"མཐའ་འཁྱོལ་ཡོང་བ་དང་།  ཁྲིམས་ལྟར་དམངས་འཚོར་འབྲེལ་བའི་གྱོད་དོན་ལ་འདྲི་གཅོད་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་སྲུང་བ་དང་།  ཉོ་ཚོང་དང་།  དངུལ་བུན།བོགས་མར་ལེན་པ།འགན་ལེན་བཅས་ཀྱི་གན་རྒྱའི་རྩོད་གཞིའི་གྱོད་དོན4163ཞིབ་གཅོད་བྱས།  གཉེན་སྒྲིག་དང་གཉོར་སྐྱོང་།ཤུལ་འཛིན་སོགས་ཀྱི་གྱོད་དོན་དང་།  ཁེ་དབང་ལ་བཙན་གནོད་ཐེབས་པའི་གྱོད་དོན2613ཞིབ་གཅོད་བྱས་ནས་དམངས་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།  ཁོར་ཡུག་དང་ཐོན་ཁུངས་ལ་འབྲེལ་བའི་གྱོད་དོན23ལ་འོས་འཚམ་སྒོས་ཞིབ་གཅོད་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཡོང་བར་བྱས།མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་དམངས་ཀྱི་གྲོས་དོན་གྱོད་གཞི་རིགས་མི་འདྲ་བའི་གྱོད་དོན814དང་ལེན་བྱས་པ་དང་།གྱོད་དོན717ཐག་བཅད།  དེ་དུས་མཉམ་དང་བསྡུར་ན18.66%དང45.14%ཡར་འཕར།ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་དང་པོ་དང་གཉིས་པར་ཚོང་དོན་གྱོད་དོན7979དང་ལེན་བྱས་པ་དང་གྱོད་དོན6805ཐག་བཅད།  དེ་དུས་མཉམ་དང་བསྡུར་ན་སོ་སོ14.76%དང25.72%ཡར་འཕར།  འདུམ་འགྲིག་བྱེད་པ་དམིགས་བསལ་རྒྱུན་འཁྱོངས་བྱས་ཤིང་།  འདུམ་འགྲིག་དང་ཐག་གཅོད་ཟུང་འབྲེལ་བྱེད་པ་དང་།ཞུ་གཏུག་དང་འདུམ་སྒྲིག་ལ་ཤུགས་བསྣན་ནས་ཁྲིམས་འཛིན་གྱིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པར་བྱས་ཏེ་རྩོད་གཞི་ཐག་གཅོད་བྱེད་ཐབས་སྣ་མང་འཐུས་ཚང་ཅན་དུ་བཏང་ནས།   སྐབས་ཐོག་ཏུ་འགལ་བ་འདུམ་འགྲིག་ཡོང་བར་བྱས།མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་གཏེར་ལམ་རྫོང་གི་ཞིང་སྡེའི་ས་ཞིང་འགན་ལེན་བདག་གཉེར་ཐད་ཀྱི་གན་རྒྱའི་རྩོད་གཞི་སོགས་གྱོད་དོན72ལ་འདྲི་གཅོད་བྱེད་སྐབས།  ཕལ་ཆེ་བ་སྐབས་ཐོག་ཏུ་ཁྲིམས་ཁང་དུ་འདུམ་འགྲིག་ཐག་གཅོད་བྱས་ཤིང་།འགལ་བའི་རྩོད་གཞི་དེའི་རིགས་ལ་དུས་ཐོག་ལྟར་འདུམ་འགྲིག་ཞི་ལྷོད་ཀྱི་ནུས་པ་ཐོན་ཡོད་པས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བྱས།ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་དང་པོ་དང་གཉིས་པ་བརྒྱུད་བསྡོམས་པས་དམངས་དོན་ཚོང་ལས་གྱོད་དོན4052འདུམ་འགྲིག་ཕྱིར་འཐེན་བྱས་ཤིང་།  འདུམ་འགྲིག་ཕྱིར་འཐེན་གྱི་ཚད59.54%ལ་སླེབས།

སྲིད་འཛིན་རྩོད་གཞི་འོས་འཚམ་སྒོས་ཐག་གཅོད་བྱས།སྤྱི་ཚོགས་དོ་དམ་ཁྲིམས་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བར་དམིགས་ཏེ་ཁྲིམས་ལྟར་བཀོལ་སྤྱོད་དང་ཟུང་འབྲེལ་ངང་མཐུན་སྦྱོར་དག་སེལ་བྱས་ཏེ། ཁྲིམས་སྐྱོང་བསམ་གཞི་དང་ཁྲིམས་སྐྱོང་བྱེད་ཐབས་ལ་དོ་སྣང་ཆེན་པོ་བྱས་ནས་སྲིད་འཛིན་རྩོད་གཞི་ཐག་གཅོད་བྱས་ཏེ་སྲིད་འཛིན་འབྲེལ་བ་འཆམ་མཐུན་ལ་སྐུལ་འདེད་བྱས།མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་རིགས་སོ་སོའི་སྲིད་འཛིན་གྱོད་དོན33དང་ལེན་བྱས་པ་དང་། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི22.22%འཕར་སྣོན་བྱུང་ཡོད།གྱོད་གཞི་33མཇུག་སྒྲིལ་ལ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི32%ཉམས་རྒུད་བྱུང་ཡོད། ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་དང་པོ་དང་གཉིས་པས་སྲིད་འཛིན་གྱོད་དོན31དང་ལེན་བྱས་པ།འདྲི་གཅོད་མཇུག་སྒྲིལ་བ65ཡོད།དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི25.81%དང18.18%འཕར་སྣོན་བྱུང་ཡོད།སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བྱ་སྤྱོད་ཁྲིམས་མཐུན་རང་བཞིན་དང་ལུགས་མཐུན་རང་བཞིན་ཞིབ་བཤེར་ནན་མོ་བྱས་པ་དང་། སྲིད་འཛིན་འདྲི་གཅོད་འགན་ནུས་རྒྱ་བསྐྱེད་བྱས་ཏེ་སྲིད་འཛིན་འདྲི་གཅོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྲིད་སྐྱོང་ཚུལ་མིན་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱས་པ་རེད།སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་ཁྲིམས་རར་ཞུགས་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་སྲིད་འཛིན་འདྲི་གཅོད་ཀྱི་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་བྱས།ན་གོར་མོ་ཁྲིམས་ཁང་གིས་སྲིད་འཛིན་གྱོད་དོན་འདྲི་གཅོད་བྱེད་པའི་ཁྲོད་དང་། མཚོ་ནུབ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཁུལ་སྤྱི་བདེ་ཅུའུ་ཀྲང་ཁྲིམས་རས་སྣེ་འཁྲིད་དེ་གཏུག་ལན་བཏབ་པས།མཚོ་ནུབ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

མུ་མཐུད་དུ་དམངས་ཀྱི་བྱེད་ཐབས་གསར་སྐྲུན་བྱས་པ། ཁྲིམས་འཛིན་ནི་མི་དམངས་ཀྱི་ཆེད་དུ་ལག་བསྟར་བྱེད་པ་ཞིག་ཡིན་ལ།གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཀྱི་འཛུགས་སྐྲུན་ཤུགས་ཆེ་རུ་བཏང་བ་དང་གཏུག་བཤེར་གྱི་ཞབས་ཞུའི་བྱེད་ནུས་སྒེའུ་ཁུང་གི་ནུས་པ་ཇེ་དྲག་ཏུ་བཏང་སྟེ།ཧུར་ཐག་གིས་དྲྭ་ཐོག་གི་གྱོད་དོན་ཐོ་འགོད་ཁྱབ་སྤེལ་བྱས་ཏེ་ཁྲིམས་འཛིན་ཞབས་ཞུའི་ལམ་ལུགས་ལེགས་བཅོས་སུ་བཏང་།དམངས་བདེ་དམངས་ཕན་གྱི་ཁྲིམས་འཛིན་སྒྲུབ་ཞོར་དུ་ཚད་མཐོ་བའི་སྒོ་ནས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྐོང་བ་ཡིན། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་སྐུར་ངོ་གཏུག་གི་བྱ་བའི་སྒྲིག་སྲོལ་དེ་ཚད་ལྡན་གཏོང་བར་ཤུགས་སྣོན་བྱས་ཏེ།ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་སྐུར་ངོ་གཏུག་གི་གནད་དོན་ཞི་ལྷོད་དུ་གཏོང་བ་གཙོར་བཞག་པ་ཡིན། ན་ནིང་། ཡིག་སྐུར་ངོ་གཏུག་དང་རེ་ཞུ། ཞུ་གཏུག་དང་བསྐྱར་གཏུག་གི་གྱོད་དོན44བསྒྲུབས་པ་དང་།དེའི་ནང་ནས་ཁྲིམས་ལུགས་ཀྱི་འགྲེལ་བཤད་བྱས་ནས་ཡང་བསྐྱར་འདྲི་གཅོད་བྱས་པའི་གྱོད་དོན18ཡོད་པ་དང་། ཁྲིམས་འཛིན་གྱིས་རོགས་སྐྱོར་བྱས་ཤིང་།ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་དཀའ་ངལ་ཡོད་པའི་དོ་བདག་པ་ལ་གཏུག་བཤེར་མ་དངུལ་སྒོར་ཁྲི885.19མེད་པར་བཏང་བ་མ་ཟད། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་དོ་བདག་པ་ལ་མ་དངུལ་སྒོར་ཁྲི89.22ཀྱིས་རོགས་སྐྱོར་བྱས་ནས་ཁྲིམས་འཛིན་གྱི་དམངས་གཙོ་མངོན་ཡོད།སྐོར་བསྐྱོད་གྱོད་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་མང་ཚོགས་ཀྱི་གཏུག་བཤེར་མཁོ་སྤྲོད་ཀྱི་ཕན་བདེའི་ཆེད་དུ་འབད་བརྩོན་བྱས་པ་ཡིན། སྐད་གཉིས་འདྲི་གཅོད་ལ་ཤུགས་སྣོན་བྱས་ཏེ། ཞུ་གཏུག་ལ་མཛུབ་སྟོན་བྱེད་པ་དང་ཁྲིམས་རའི་འདྲི་གཅོད་ཀྱི་བྱ་འགུལ་སྤེལ་བ།ཡིག་མཁན་བཀོལ་སྒྲིག་སོགས་གཏུག་བཤེར་གོ་རིམ་གང་ལ་མཚོན་ནའང་གྲངས་ཉུང་མི་རིགས་ཀྱི་དོ་བདག་པ་ལ་སྐད་གཉིས་ཞབས་ཞུ་མཁོ་སྤྲོད་གནང་པ་དང་། ཁྲིམས་ལྟར་གྲངས་ཉུང་མི་རིགས་ཀྱི་དོ་བདག་པས་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་པའི་གཏུག་བཤེར་གྱི་ཁེ་དབང་ལ་སྲུང་སྐྱོབ་འགན་སྲུང་བྱས་ཡོད།ཞིང་ཆེན་ཡོངས་ཀྱི་སྔོན་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཁྲིམས་གཅོད་ཡིག་མཁན་དྲ་ཐོག་ནས་སྤྱི་བསྒྲགས་ཐོག་མ་བྱས་པས།སྤྱི་ཚོགས་ལ་ཕན་འབྲས་བཟང་བོ་བསྐྲུན་ཡོད།

གཉིས།བྱ་བའི་ལག་བསྟར་གྱི་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛིན་གྱི་དབང་གྲངས་སྲུང་བ།

     ཤུགས་ཆེན་པོས་གཞི་རྩའི་སྟེང་ལག་བསྟར་བྱེད་དཀའ་བའི་ཆེད་དོན་བྱ་འགུལ་སྤེལ་ནས།བརྟན་བརླིང་གིས་ཞིབ་དཔྱོད་དང་ལག་བསྟར་སོ་སོར་བགར་ནས་བཅོས་བསྒྱུར་བྱེད་སའི་ཚོད་ལྟའི་གནས་ཀྱི་བྱ་བར་སྐུལ་འདེད་བྱས་པ་དང་།  ལག་བསྟར་བྱ་བར་ཤུགས་སྣོན་དང་།  འཕེལ་རྒྱས་ལ་ཚད་བཀག་བྱེད་པའི་དགག་སྒོ་ནས་ཐར་བར་བྱས་པས༼ལོ་གཉིས་ནས་གསུམ་གྱི་རིང་གི་དུས་ཚོད་ཀྱིས་གཞི་རྩའི་སྟེང་ལག་བསྟར་བྱེད་དཀའ་བར༽རྨང་གཞི་བརྟན་པོ་བཏིངས།

    ༼གཙོ་གཞིའི་འདུ་ཤེས༽ལ་ཤུགས་བསྣན་ནས་འགོ་གཙོས་གཞི་རྩའི་སྟེང་ལག་བསྟར་བྱེད་དཀའ་བའི་འགན་ཁུར་བ་དང་པོ་དང་སྡེ་ཁག་སོ་སོའི་འགོ་གཙོ་གཞོན་པས་འགན་གཙོ་བོ་འཁུར་བ།ལག་བསྟར་ཅུའུ་ཀྲང་གིས་ཐད་ཀར་འགན་འཁུར་བ། ལག་བསྟར་ཁྲིམས་དཔོན་དང་། ལག་བསྟར་པས་སྒྲུབ་འགན་ཁུར་བའི་གྱོད་དོན་འགན་འཁྲིའི་ལག་བསྟར་བྱ་བའི་རྐྱེན་སྲོལ་བཙུགས་ནས། གནོན་ཤུགས་ཀྱི་འགན་འཁྲི་དང་གནོན་ཤུགས་བརྒྱུད་འདྲེན། རིམ་པ་རེ་རེ་བཞིན་འོས་འགན་དོན་འཁྱོལ་བྱས་ནས་ནུས་ལྡན་གྱིས་ལག་བསྟར་བྱ་བ་སྐུལ་འདེད་བྱས་ཏེ་མི་དམངས་མང་ཚོགས་ལ་ལག་བསྟར་བྱ་བའི་འགྱུར་བ་གསར་བ་དང་རྣམ་པ་གསར་བ་མྱོང་དུ་བཅུག་ཡོད།མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་དང་ལེན་བྱས་པ་དང་ལག་བསྟར་བྱས་པའི་གྱོད་དོན་རིགས123དང་གྱོད་དོན82ཐག་གཅོད་བྱས། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི8.94དང་བརྒྱ་ཆའི19.51མར་ཆགས་པ་དང་ལག་བསྟར་བྱས་པ་དང་ཐག་གཅོད་ལག་བསྟར་ཚད་གཞིའི་མ་དངུལ་སྒོར་དུང་ཕྱུར1.42ལ་བུད། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་དང་ལེན་དང་ལག་བསྟར་བྱས་པའི་གྱོད་དོན2978ཡོད་པ་དང་གྱོད་དོན2460ལག་བསྟར་དང་ཐག་གཅོད་བྱས་ཟིན།དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི28.81དང་བརྒྱ་ཆའི42.81ཡར་འཕར།  ཐག་གཅོད་ལག་བསྟར་ཚད་གཞིའི་མ་དངུལ་སྒོར་དུང་ཕྱུར4.38ལ་བུད།  

      ལག་བསྟར་ཆེད་དོན་གྱི་བྱ་འགུལ་སྤེལ་བ་དང་ནན་ཏན་སྒོས་མཐོ་སྒང་གི་འདུན་མ་ཞེས་པའི་ལག་བསྟར་མཁྲེགས་གཏོར་བྱ་འགུལ་གྱི་འཆར་འགོད་བྱེད་ཐབས་བཏོན་ནས། མཚོ་ནུབ་ཁྲིམས་ཁང་གི་དངོས་དོན་དང་ཟུང་འབྲེལ་བྱས་ཏེ2017ལོའི་ཟླ8པའི་ཟླ་དཀྱིལ་དུ་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་གཅིག་བསྡུས་སྒོས་ལག་བསྟར་ཟླ་བའི་བྱ་འགུལ་འཆར་འགོད་བཀོད་སྒྲིག་དང་གཅིག་བསྡུས་ལག་བསྟར་བྱ་འགུལ་གྱི་སྲ་བརྟན་དུ་བཏང་།ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་ཏེ་མཚོ་ནུབ་གཞི་རྩའི་སྟེང་ལག་བསྟར་བྱེད་དཀའ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་རྩ་འཛུགས་བྱས་ཏེ་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ།རྒྱུ་ནོར་ཡར་ཞུའི་གོ་རིམ་འགག་སྒོར་བཟུང་ནས།རྒྱུ་ནོར་ཡར་ཞུ་གཏད་ནས་མི་བྱེད་པ་དང་དྲང་མོར་ཡར་ཞུ་མི་བྱེད་པ། ལག་བསྟར་བྱེད་པར་ངོ་རྒོལ་ལ་ཆད་གཅོད་དང་བཙོན་འཇུག་སོགས་བཙན་ཤུགས་ཀྱི་བྱེད་ཐབས་སྤྱད་དེ་ལག་བསྟར་ཤུགས་ཚད་ཆེ་རུ་བཏང་ནས།ནུས་ཤུགས་ཡོད་དགུའི་དཀའ་གནད་ཐག་གཅོད་བྱས།  ཆེད་དོན་བྱ་འགུལ་ཁྲོད་ལག་བསྟར་ཐག་གཅོད་བྱས་པའི་གྱོད་གཞི 1011ཡོད་པ་དང་། ལག་བསྟར་བྱས་པའི་གྱོད་དོན་གྱི་མ་དངུལ་སྒོར་ཁྲི6280.94ཡོད་པ་དང་ལག་བསྟར་བྱས་ཟིན་པའི་གྱོད་དོན560ཡོད། ལག་བསྟར་བྱས་ཟིན་པའི་གྱོད་དོན་ནོར་སྲིད་གྱིས་འདོན་སྤྲོད་བྱས་པའི་ལག་བསྟར་གྱོད་དོན་གྱི་བརྒྱ་ཆའི87.97ཟིན།                                              

ལག་བསྟར་སྒྲིག་གཞི་འཐུས་ཚང་དང་གྱོད་གཞིའི་ལག་བསྟར་མ་དངུལ་ཚད་མཐུན་སྒོས་དོ་དམ།  ཚད་མཐུན་སྒོས་གྱོད་སྒྲུབ་བརྡ་འཕྲིན་མ་ལག་དོ་དམ་དང་ཚད་མཐུན་སྒོས་ལག་བསྟར་ཟིན་བྲིས་བཀོལ་སྤྱོད་བྱེད་པ།   ལག་བསྟར་སྤྱོད་ཚུལ་ཚད་མཐུན་ཡིན་པ་བཅས་བྱས་ཏེ།  ནུས་ཤུགས་ཡོད་དགུས་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་ལག་བསྟར་བརྡ་འཕྲིན་སྤྱི་ཡོངས་ལ་བསྒྲགས་པ་གཙོ་གནད་དུ་བཟུང་ཡོད།དྲ་ལམ་ཁྲིམས་འཛིན་ཉོ་ཚོང་སྟེགས་བུ་གསར་སྤེལ་བྱས་ཏེ་དྲ་རྒྱའི་ལག་བསྟར་བྱ་བ་ཤུགས་དྲག་ཏུ་བཏང་ནས།ཤུགས་དྲག་པོའི་ཡིད་ཆེས་མེད་པ་དང་ལག་བསྟར་བྱས་པའི་མིང་ཐོའི་ལམ་ལུགས་དང་ཐང་ཆེན་གྱི་བརྙན་ཡོལ་ཆེན་མོ་འཕྲིན་ཕྲན་དང་པོད་འཕྲིན། སྤྱི་བོའི་ཁོར་ཡུག་གི་སྤྱི་བསྒྲགས་བྱང་བུ་དང་ཚགས་པར།  བརྙན་འཕྲིན་དང་སྨྱན་བྱད་བརྒྱུད་ནས་ཁ་དན་ཚིག་ལ་མ་གནས་པའི་མིའི་མིང་ཐོ་སྤྱི་བསྒྲགས་བྱས་ཤིང་།ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་དུས་ལྟར་ཁ་དན་ཚིག་ལ་མ་གནས་པ་དང་ལག་བསྟར་མི643ཁྱབ་བསྒྲགས་བྱས་པ་དང་ཁ་དན་ཚིག་ལ་མ་གནས་པ་དང་མིའི་རང་འགུལ་གྱིས་སྒྲུབ་པར་སྐུལ་འདེད་བྱས་ཏེ་ཁྲིམས་ལྟར་ཞུ་གཏུག་ལ་རྒྱལ་ཁ་ཐོབ་པའི་དོ་བདག་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ནས་ཁྲིམས་འཛིན་ཁེ་དབང་སྲུང་སྐྱོབ་བྱས།    

གསུམ། ཁྲིམས་འཛིན་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁྲིམས་འཛིན་དོ་དམ་གསར་གཏོད་བྱེད་དགོས།

 ཁྲིམས་འཛིན་བྱ་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ།ཁྲིམས་འཛིན་སྒྲིག་གཞིའི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་སྐུལ་འདེད་བྱས།

ཕྱོགས་བསྡུས་ཆ་སྡེབ་བཅོས་སྒྱུར་ལ་སྐུལ་འདེད་བྱས་པ།ཁུ་བསྡུ་དང་དངོས་གཉེར།ཕྱོད་ནུས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཧུར་བརྩོན་གྱིས་འདྲི་གཅོད་དཀྱིལ་སྙིང་ཡིན་པས་གཏུག་བཤེར་ལམ་ལུགས་བཅོས་སྒྱུར་སྐུལ་སྤེལ་བྱས་ནས།གཟབ་ནན་གྱིས་གྱོད་དོན་ཐོ་འགོད་ལམ་ལུགས་བཅོས་སྒྱུར་དངོས་འབེབས་བྱས་ཏེ།གྱོད་དོན་ཡོད་ན་ངེས་པར་དུ་དང་ལེན་བྱེད་པ་དང་།གཏུག་བཤེར་ཡོད་ན་ངེས་པར་དུ་གྱོད་དོན་ཐོ་འགོད་བྱས་ནས། དོ་བདག་གི་གཏུག་བཤེར་གྱི་དབང་ཆ་ལ་འགན་སྲུང་གང་ལེགས་བྱས།ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་དོན་དང་ལེན་བྱས་པའི་གྲངས་ཀ་དུས་མཉམ་དང་བསྡུར་ན16.82%འཕར་སྣོན་བྱུང་།ཧུར་བརྩོན་གྱིས་གྱོད་དོན་རྙོག་འཛིན་ཡིན་མིན་ཕྱོགས་བགོས་བཅོས་སྒྱུར་ལ་སྐུལ་འདེད་བྱས་ནས་སྟབས་བདེའི་གྱོད་དོན་མགྱོགས་མྱུར་གྱིས་ཐག་གཅོད་དང་།རྙོག་འཛིང་གི་གྱོད་དོན་ཞིབ་ཚགས་ཀྱིས་འདྲི་གཅོད་བྱེད་པར་ཁག་ཐེག་བྱས། གྲངས་འབོར་ཉུང་བའི་གྱོད་དོན་མགྱོགས་མྱུར་སྒོས་བཀའ་བཅད་བྱེད་པའི་དཔེ་དབྱིབས་དང་།སྟབས་བདེའི་དམངས་དོན་གྱོད་གཞི་དང་ཚོང་དོན་གྱོད་དོན་མགྱོགས་མྱུར་སྒོས་འདྲི་གཅོད་དང་ཐག་གཅོད་བྱས།ཁྱོན་ཡོངས་ནས་ཚབས་ཆུང་བའི་ཉེས་དོན་གྱོད་དོན་མགྱོགས་མྱུར་སྒོས་ཐག་གཅོད་བྱེད་པའི་ལམ་སྲོལ་སྐུལ་སྤེལ་བྱས་ཏེ།གྱོད་སྒྲུབ་ལས་ཆོད་མཐོར་འདེགས་དང་འདྲི་གཅོད་ཐོན་ཁུངས་གྲོན་ཆུང་བྱས།

ཁྲིམས་འཛིན་མི་སྣའི་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་བྱས་པ། འདྲི་གཅོད་ཀྱི་དགོས་མཁོ་མཛུབ་སྟོན་དུ་བཟུང་ནས་དོ་སྙོམས་ཅན་དང་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་རྩ་དོན་ལྟར།འདྲི་གཅོད་ཐོན་ཁུངས་སྒྲིག་སྦྱོར་ལེགས་བསྒྱུར་བྱས་ཏེ་འདྲི་གཅོད་ཚོགས་པའི་གསོན་ཤུགས་སྐུལ་སྤེལ་བྱས། གཟབ་ནན་གྱིས་ཚད་ལྡན་དང་བསྒྲིགས་རིམ་ལྟར་ཁྲིམས་དཔོན་དང་ཁྲིམས་འཛིན་རམ་འདེགས་མི་སྣ་འདེམས་བསྐོ་བྱས་ལ།ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་འོས་མཐུན་གྱིས་སྔ་གཞུག་ཏུ་ཁག་གསུམ་དུ་བགོས་ནས་ཁྲིམས་དཔོན135འདེམས་བསྐོ་བྱས་ཤིང་།ཁྲིམས་འཛིན་རོགས་རམ་མི་སྣ131 འདེམས་བསྐོ་བྱས། གཞི་རྩའི་སྟེང་འོས་མཐུན་གྱིས་འདྲི་གཅོད་བྱེད་པའི་རང་སྟེང་གི་ཁྱད་ཆོས་ལྡན་པའི་མི་སྣའི་རིགས་དོ་དམ་བྱེད་པའི་མ་ལག་གྲུབ་ཡོད།འདྲི་གཅོད་མདུན་ངོས་སུ་སྒྲིག་སྦྱོར་བྱས་ཡོད་པའི་མི་སྣའི་བསྡུར་ཚད84%ཡན་ལ་སླེབས་ཡོད།

 ཁྲིམས་འཛིན་གྱོད་དོན་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་པ། ནན་ཏན་གྱིས་ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར་བྱ་བའི་བླང་བྱ་ལྟར།ཁྲིམས་འཛིན་གྱོད་སྒྲུབ་བྱ་བའི་ལམ་ལུགས་གཏན་འཁེལ་བྱས་ཏེ།ཚན་རིག་ལྟར་མགོ་གཙོ་དང་མགོ་གཙོ་གཞོན་པ། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲིམས་རའི་མགོ་གཙོ།འདྲི་གཅོད་གཙོ་བའི་ཁྲིམས་དཔོན།མཉམ་གྲོས་ཁྲིམས་སའི་འགན་འཁྲི་ཁྱབ་ཁོངས་དབྱེ་བགར་བྱས་ཏེ།འགན་གཙང་ཁུར་གྱི་ཁྲིམས་དཔོན་དང་མཉམ་གྲོས་ཁྲིམས་ར། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་གྱོད་སྒྲུབ་འགན་འཁྲི་ལ་ཤུགས་སྣོན་བྱས་ནས།ཁེ་དབང་དང་འགན་འཁྲི་གཅིག་གྱུར་དང་། ཁེ་དབང་དང་འགན་འཁྲི་མངོན་གསལ།ཁེ་དབང་ཚོད་འཛིན་གྱི་ཁྲིམས་འཛིན་ཁེ་དབང་འཁོར་སྐྱོད་ལམ་སྲོལ་སྒྲིག་འཛུགས་བྱས་ཤིང་།ཁྲིམས་འཛིན་དོ་དམ་ལམ་སྲོལ་སྒྲིག་འཛུགས་དང་འཐུས་ཚང་དུ་བཏང་ནས་གཟབ་ནན་སྒོས་ཁྲིམས་འཛིན་གྱོད་སྒྲུབ་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་པ་དང་།གཟབ་ནན་གྱིས་ཁྲིམས་འཛིན་གྱོད་དོན་འགན་འཁྲིའི་ལམ་ལུགས་དངོས་འབེབས་དོན་འཁྱོལ་བྱས་ཏེ།ངེས་པ་དོན་གྱིས་ཞིབ་དཔྱོད་པར་ཤན་འབྱེད་བྱེད་དུ་འཇུག་པ་དང་། ཤན་འབྱེད་པས་བྱ་བའི་དམིགས་འབེན་ལ་འགན་འཁུར་དུ་བཅུགབཅོས་སྒྱུར་ཚུན་དུ། གྱོད་དོན་འགན་འཁྲིའི་འདུན་པ་ཤུགས་ཇེ་དྲག་ཏུ་ཕྱིན་ཡོད་པ་དང་།གྱོན་དོན་ལས་ཆོད་མངོན་གསལ་གྱིས་ཇེ་མགྱོགས་སུ་ཕྱིན་ཡོད། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་དུས་བཅད་ལྟར་གྱོད་དོན་ཐག་གཅོད་བྱས་ཚད་བརྒྱ་ཆའི95%25ཡན་ལ་བསླེབས་ཡོད།

ཁྲིམས་འཛིན་ལས་རིགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་བ།   ཞིང་ཆེན་མན་གྱི་ས་གནས་ཁྲིམས་ཁང་གི་མི་དང་རྒྱུ་དངོས་ཞིང་ཆེན་རིམ་པས་གཅིག་གྱུར་ངང་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་དང་ཁྲིམས་འཛིན་མི་སྣའི་རིགས་འབྱེད་དོ་དམ་དོན་འཁྱོལ་ཡོང་བ། ཁུལ་སྲིད་ཨུ་དང་ཁུལ་སྲིད་གཞུང་། ཁུལ་དམངས་ཆེན་གྱིས་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་ཁྲིམས་འཛིན་ཉེན་རྟོག་ལས་རིགས་ཀྱི་ཐོབ་ཐང་ལ་ཁག་ཐེག་བྱས་ནས།ཁྲིམས་འཛིན་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ཤིང་། ཀྲུང་དབྱང་གི་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་བྱེད་པའི་སྔོན་འགོག་སྒྲིག་ཁྲིམས་ལག་བསྟར་ནན་ཏན་དང་།ཁྲིམས་ཁང་ཕྱི་ནང་ཀུན་གྱི་མི་སྣས་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་དང་གྱོད་དོན་ཟིན་ཐོ།བརྡ་ཁྱབ་དང་ཁྲིམས་གཅོད་ལམ་ལུགས་ལ་ཐེ་ཇུས་བྱས་པས།ཧུར་ཐག་གིས་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་མཐུན་སྒེར་ཚུགས་དང་དྲང་བདེན་གྱིས་འདྲི་གཅོད་བྱེད་དབང་བེད་སྤྱད་ནས་དྭངས་གཙང་གི་ཁོར་ཡུག་བསྐྲུན།

ཁྲིམས་འཛིན་བཅོས་བསྒྱུར་བྱེད་སྟངས་གསར་བཅོས་གནང་བ། མཚོ་ནུབ་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་འབྲེལ་ནས།ཚན་རིག་རང་བཞིན་གྱིས་ཁྲིམས་འཛིན་ནུས་ཁུངས་ལེགས་བཅོས་བྱས་པ་དང་། མང་ནེ་དང་ལིན་ཧུའུ་ཁྲིམས་ཁང་གཅིག་དུ་སྦྲེལ་ནས་ལས་དོན་བདེ་བླག་ངང་གྲུབ། ཟླ3པའི་ཚེས1ཉིན།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཐག་གཅོད་ལྟར།མཚོ་ནུབ་ཁུལ་ནུབ་རྒྱུད་གཏེར་ཁུལ་གྱི་མི་དམངས་ཁྲིམས་ཁང་དངོས་སུ་ཚུགས་པ་དང་། ཟླ5བའི་ཚེས5ཉིན་མི་སྣ་བགོ་བསྐོ་ལེགས་འགྲུབ་བྱུང་།  མིག་སྔར་ནུབ་རྒྱུད་གཏེར་ཁུལ་གྱི་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཁྲིམས་དཔོན་གཞོན་པ།ཆེད་གཉེར་འདྲི་གཅོད་ཨུ་ཡོན་བཅས་དངོས་སུ་ལས་གནས་སུ་ཞུགས་ཡོད་པ་དང་།  ཏང་ཙུའུ་དང་འདྲི་གཅོད་ཨུ་ཡོན་ལྷན་ཚོགས་སྒྲིག་འཛུགས་བྱས་ནས།ནང་ཁུལ་གྱི་ལས་ཁུངས་སྒྲིག་འགོད་མི་སྣ་སོགས་རིམ་བཞིན་བཀོད་སྒྲིག་བྱས།

བཞི། ཆ་འཕྲིན་ཅན་གྱི་འཛུཊ་སྐྲུན་ལ་ཤུགས་བསྣན་ཏེ་ཁྲིམས་འཛུཊ་སྤུས་ཚད་མཐོར་འདེགས་བཏང་།

ཚད་མཐོན་པོས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གྱི་རིམ་སྤར་རབས་བརྗེ་ལ་ཤུགས་སྣོན་དང་སྐུལ་འདེད་བཏང་བ་དང་།ཆ་འཕྲིན་ཅན་གྱི3.0པར་གཞི་དེ་ནུས་ཤུགས་ཡོད་རྒུས་བསྐྲུན་པ། "བློ་རིག་ཁྲིམས་ཁང"གི་འཛུགས་སྐྲུན་ལ་ཤུགས་སྣོན་པ།ཚད་ལྡན་དང་ཚན་རིག་ཅན། འདྲི་གཅོད་དོ་དམ་ཆ་འཕྲིན་ཅན་བཅས་མངོན་འགྱུར་ཡོང་བར་བྱས་ཏེ། ཆ་འཕྲིན་ཅན་གྱི་བྱ་བ་ལ་སྐུལ་འདེད་བཏང་།

ཆ་འཕྲིན་ལག་རྩལ་བེད་སྤྱོད་ལ་ཤུགས་བསྣན་པ།ཐབས་སྣ་མང་བཀོལ་ནས་ཆ་འཕྲིན་དྲ་རྒྱའི་བེད་སྤྱོད་ནུས་པའི་སྦྱོང་བརྡར་སྤེལ་བ། ཆ་འཕྲིན་དྲ་རྒྱའི་ལག་ལེན་ནུས་པ་མཐོར་འདེགས་སུ་བཏང་བ་དང་།དེང་རབས་ཆ་འཕྲིན་དྲ་རྒྱའི་བེད་སྤྱོད་ནུས་པ་བཀོལ་སྤྱོད་ལེགས་པོ་བྱས་ཏེ། ཁྲིམས་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་བཏང་ལ།དྲ་ཐོག་ནས་ཆེད་ཐོའི་ཐོ་འགོད་ལ་སྐུལའདེད་ཧུར་ཐག་བྱེད་པ་དང་། དྲ་ཐོག་ནས་ཆ་འཕྲིན་འཚོལ་བའི་བྱ་བས་དམངས་ཚོགས་ཀྱི་གཏུག་བཤེར་ལ་སྟབས་བདེ་བསྐྲུན།ཨང་ཀི་ཅན་གྱི་ཁྲིམས་རའི་བཀོད་སྤྱོད་ལ་ཤུགས་སྣོན་དང་ཨང་ཀི་ཅན་གྱི་ཁྲིམས་ར་བེད་སྤྱོད།རྒྱང་བསྟེན་བརྙན་ཟློས་ཁྲིམས་རའི་འདྲི་གཅོད་བྱ་བར་གྲུབ་འབྲས་གསར་བ་བླངས། ཁྲིམས་རའི་འདྲི་གཅོད་བྱེད་ནུས་ཀྱི་ཕན་ནུས་འདོན་སྤེལ་གངལེགས་བྱས།མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གི་ཁྲིམས་ཆད་ཇེ་ཡང་དུ་གཏོང་བའི་རྒྱང་བསྟེན་བརྙན་ཟློས་ཁྲིམས་རའི་འདྲི་གཅོད་བྱ་བ་རྒྱུན་ལུགས་ཅན་དུ་མངོན་འགྱུར་བྱས་ཏེ་ཁྲིམས་རའི་འདྲི་གཅོད་ཐད་གཏོང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྔོན་གྲལ་དུ་སླེབས།

འདྲི་གཅོད་དོ་དམ་ཤུགས་དྲག་ཏུ་བཏང་བ།འདྲི་གཅོད་བརྡ་འཕྲིན་ཟིན་ཐོ་རུ་འགོད་པའི་བྱ་བར་ཤུགས་བསྣན་པ་དང་ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་ཤན་འབྱེད་ཡིག་རིགས་ཟིན་འགོད་དང་གློག་རྡུལ་ཡིག་རིགས་ཉར་ཚགས་སྒྲིག་སྦྱོར་བྱས་ཚད་སོ་སོར་བརྒྱ་ཆའི99.90དང་བརྒྱ་ཆའི97.6ཡིན།ཧུར་བརྩོན་གྱིས༼ ཁྲིམས་ཡིག༽དང༼ ཡིག་རིགས་རིག་ནུས་ནོར་བཅོས ༽༼ རོགས་སྒྲུབ་གྱོད་དོན ༽སོགས་རིག་ནུས་མ་ལག་བཀོལ་སྤྱོད་ཁྱབ་སྤེལ་བཏང་སྟེ་ཕན་ནུས་ལྡན་པའི་སྒོ་ནས་བརྡ་འཕྲིན་རང་བཞིན་ཅན་བེད་སྤྱོད་བྱས་ནས་ཁྲིམས་འཛིན་བྱ་བ་ཁག་ཐེག་བྱས།གྱོད་དོན་གྱི་རྒྱུད་རིམ་དང་གལ་ཆེའི་གནད་འགག་དོ་དམ་བྱ་བ་དམ་འཛིན་དང་ཁྲིམས་རའི་འདྲི་གཅོད་བྱ་བ་ཚད་ལྡན་དུ་བཏང་ཞིང་།ཁྲིམས་དཔོན་གྱི་ཁྲིམས་རའི་འདྲི་གཅོད་ནུས་པ་ཇེ་མཐོར་བཏང་།ན་ནིང་ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་ཞུ་གཏུག་གྱོད་དོན་རྒྱུན་མཐུད་ངང་ཇེ་མཐོར་སོང་བ་དང་གྱོད་དོན་སྒྲུབ་པའི་དཀའ་གནད་ཇེ་ཆེར་སོང་བའི་གནས་ཚུལ་འོགདུས་མཉམ་དང་བསྡུར་ན་གྱོད་དོན་ཐག་གཅོད་བྱས་ཚད་བརྒྱ་ཆའི22.16གིས་འཕར་སྣོན་བྱུང་།

ཁྲིམས་འཛིན་སྤྱི་བསྒྲགས་བྱ་བར་ཡར་སྐུལ་བྱས། ནན་ཏན་གྱིས་ཁྲིམས་འཛིན་སྤྱི་བསྒྲགས་ལམ་ལུགས་ལག་ལེན་དོན་འཁྱོལ་དང་འདྲི་གཅོད་རྒྱུད་རིམ་སྤྱི་བསྒྲགས།ཁྲིམས་རའི་འདྲི་གཅོད་ཐད་གཏོང་སྤྱི་བསྒྲགས། ཤན་འབྱེད་ཡིག་རིགས་སྤྱི་བསྒྲགས།ལག་བསྟར་བརྡ་འཕྲིན་སྤྱི་བསྒྲགས་བྱེད་པའི་རིགས་ཆེན་པོ་བཞིའི་སྟེགས་བུ་གསར་འཛུགས་བྱས་ཏེ་དྲང་བདེན་ཁྲིམས་འཛིན་རྒྱུན་འཁྱོངས་དང་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་ཁྲིམས་འཛིན་བྱ་བ་སྒྲུབ་པར་ཧུར་བརྩོན་བྱས།ན་ནིང་མཚོ་ནུབ་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་དྲ་སྟེང་དུ་ནུས་པ་ཐོན་པའི་ཤན་འབྱེད་ཡིག་རིགས1268སྤྱི་བསྒྲགས་བྱས་པ་དང་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་དྲ་སྟེང་དུ་ཕན་ནུས་ཐོན་པའི་ཤན་འབྱེད་ཡིག་རིགས9724སྤྱི་བསྒྲགས་བྱས།ཁྲིམས་ཁང་གི་གཞུང་ཕྱོགས་དྲ་ཚིགས། དཔོན་གཞུང་པོད་འཕྲིན། སྐད་འཕྲིན་འཛུགས་སྐྲུན།མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི་སྡེབ་ཚད་འབུམ་གཅིག་ཁྲི་བརྒྱད་ལ་སླེབས།ཕན་ནུས་ལྡན་པའི་སྒོ་ནས་མང་ཚོགས་ཀྱིས་ཁྲིམས་འཛིན་ཀྱི་གནས་ཚུལ་ཤེས་ཐུབ་པའི་དབང་ཆ་དང་ལྟ་སྐུལ་བྱེད་པའི་དབང་ཆ་མངོན་འགྱུར་བྱས་ཏེ་ཁྲིམས་འཛིན་གྱི་གསལ་ཚད་ཇེ་དྲག་དང་ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་གྱི་ནུས་པ་མཐོར་འདེགས་སུ་བཏང་།

ལྔ།  གཟབ་ནན་གྱིས་དོ་དམ་བྱེད་པ་རྒྱུན་འཁྱོངས་དང་ཁྲིམས་འཛིན་ནུས་པ་མཐོ་རུ་བཏང་བ།ཤུགས་ཆེན་པོས་ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་གཞུང་དྲང་དམངས་དོན།དྲང་བདེན་དང་དྭངས་གཙང་། ཕན་ནུས་མཐོ་བའི་ཁྲིམས་འཛིན་འདུ་ཤེས་ལ་གོམས་པར་བྱས་པ།ཆབ་སྲིད་ལས་རིགས་སྤུས་ཚད་མཐོར་འདེགས་སུ་བཏང་བ། རང་སྟེང་གི་དོ་དམ་ཤུགས་དྲག་ཏུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཁྲིམས་འཛིན་བྱ་བར་ཡར་སྐུལ་བྱས།

སློབ་གསོའི་འདུ་ཤེས་འཛིན་སྟངས་དམ་འཛིན་བྱས་པ། ཏང་ཙུའུ་བྱ་བའི་ཆེད་དོན་ལ་སློབ་སྦྱོང་དང་ཏང་ཙུའུ་ལྟེ་གནས་ཚན་ཆུང་བྱ་བར་སློབ་སྦྱོང་བྱེད་པ་གཙོ་གནད་དུ་བཞག་སྟེ།ནན་ཏན་སྒོས་ལམ་ལུགས་སློབ་སྦྱོང་གི་བྱ་བ་དོན་འཁྱོལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་དང་།ཞིས་ཅིན་ཕིང་གིས་བཏོན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་བྱས་ཏེ།འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོ་དམ་འཛིན་བྱ་བ་གསལ་སྟོན་བྱས།འདུ་ཤེས་འཛིན་སྟངས་དང་འགན་འཁྲིར་ཤུགས་བསྣན་ནས་དཔྱད་གླེང་གི་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས་པ་མ་ཟད།འདུ་ཤེས་འཛིན་སྟངས་ལས་སྨྲ་བརྗོད་དབང་ཆའི་ལས་དོན་དམ་པོར་བཟུང་། འདུ་ཤེས་བཞིབརྟན་པོ་བཙུགས་ནས་ནུབ་ཕྱོགས་རྩ་ཁྲིམས་ཀྱི་དམངས་གཙོ་དང་དབང་གསུམ་ཐ་དད།སྒེར་ཚུགས་ཁྲིམས་འཛིནསོགས་ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་བཀག་འགོག་བྱས་ཏེ།ཏང་གི་ཡང་དག་པའི་འགོ་ཁྲིད་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན།ཁྲིམས་འཛིན་ཁྱབ་ཁོངས་ལས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་འགན་སྲུང་གང་ལེགས་སྒོས་ཀྲུང་དབྱང་དང་ཞིང་ཨུ།ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལྷག་ལུས་མེད་པར་དོན་འཁྱོལ་བྱས་པ། ཏང་ཙུའུ་ལས་དོན་ལ་སློབ་སྦྱོང་བྱེད་པའི་ཚོགས་འདུ་ཐེངས་བཅུ་ལྷག་བསྡུས་ཤིང་།ཏང་ཙུའུ་ཆེད་དོན་ཚན་ཆུང་གིས་སློབ་སྦྱོང་ཐེངས་བཅུ་གཉིས། གཅིག་སྡུད་སྒོས་ཉེན་རྟོག་པ་རྩ་འཛུགས་བྱས་ནས་སློབ་སྦྱོང་ཐེངས35སོགས་བྱས།

       ཏང་དང་ལས་ཁུངས་ཀྱི་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བྱས་པ།ཏང་ཙུའུ་འགན་འཁྲིའི་དམིགས་ཚད་དོ་དམ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད།ཏང་འཛུགས་ལས་དོན་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་འཛུགས་སྐྲུན་འདོན་སྤེལ་གང་ལེགས་སྒོས་ཏང་ཨུ་དང་ཏང་ཀྲི་པུའུ་ཡི་འགན་ནུས་འདོན་སྤེལ་བྱས།ནན་ཏན་སྒོས<<ལས་ཁུངས་སློབ་སྦྱོང་ལམ་ལུགས>>དང<<ཁྲིམས་ཁང་གི་ཏང་འཛུགས་ལས་དོན་གྱི་འགན་འཁྲི>>སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ།ཏང་ཡོན་རྩ་འཛུགས་འཚོ་བའི་ཚོགས་འདུའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དངཚོགས་འདུ་གསུམ་དང་སློབ་ཚན་གཅིགགི་ལམ་ལུགས་ལ་དོན་འཁྱོལ་བྱས་པ་དང་།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་བཏང་བར་མ་ཟད། ཏང་གི་འདུ་ཤེས་ལ་ཤུགས་བསྣན།ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལུགས་སྲོལ་ལ་བརྩི་སྲུང་བྱས་པ་དང་།ཆེད་དོན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནསསློབ་གཉིས་བྱེད་གཅིགགི་སློབ་སྦྱོང་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ས་ཁུལ་གསར་འཛུགས་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་།ནན་ཏན་གྱིསསྒྱུར་བ་བཞིདང་མཚོ་ནུབ་ལས་དོན་བཞིའི་སྟེང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་འགྲོ་བའི་བསམ་བློ་བཅིངས་འགྲོལ་ཆེན་པོའི་གྲོས་བསྡུར་བྱེད་སྒོ་སྤེལ་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གསར་གཏོད།ཁྲིམས་འཛིན་འདུ་ཤེས། ལས་ཀའི་འགན་འཁྲི་ཤུགས་ཆེར་གཏོང་བར་བརྟེན་ནས་ཏང་ལེགས་སྐྱོང་བྱེད་པའི་སྣེ་ཁྲིད་འཛུགས་པ་དང་ལས་སྒོ་སློབ་གསོའི་གསོ་སྦྱོང་ལ་ཤུགས་བསྣན།ཉེན་རྟོག་ལས་བྱེད་པ་ཧུར་བརྩོན་སྒོས་རྩ་འཛུགས་བྱས་ཏེ་རིགས་སོ་སོའི་ཁྲིམས་འཛིན་ལས་སྒོའི་གསོ་སྦྱོང་ལ་ཞུགས་པ་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཁྲིམས་ཁང་གཉིས་ཀྱིས་རྩ་འཛུགས་བྱས་ཏེ་བསྒྲུབ་པའི་དྲྭ་རྒྱའི་རྒྱང་བསྟེན་བརྙན་ཟློས་ཀྱི་ཁྲིམས་ལུགས་ཤེས་བྱའི་འཆད་ཁྲིད་ལ་ཞུགས་ཏེ།དུས་ཐོག་ཏུ་ཁྲིམས་ལུགས་ལས་སྒོའི་ཤེས་བྱ་འཐུས་ཚང་དང་གསར་བསྒྱུར་བྱས་པ་མ་ཟད།ད་དུང་ཁ་གཏད་རོགས་སྐྱོར་ཁྲིམས་ཁང་བར་གྱི་ལས་སྒོའི་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་ལ་ཤུགས་བསྣན།སྔོན་ཐོན་ས་ཁུལ་ཁྲིམས་ཁང་གི་སྔོན་ཐོན་གྱི་བྱ་བའི་མཉམ་མྱོང་ལ་སློབ་སྦྱོང་བྱས་ཏེ་ཉེན་རྟོག་ལས་བྱེད་པའི་ཁྲིམས་འཛིན་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་།མཚོ་ནུབ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྩ་འཛུགས་དང་རིགས་སོ་སོའི་ལས་སྒོའི་གསོ་སྦྱོང་ལ་ཞུགས་པའི་མི་ཐེངས53དང་།ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་རྩ་འཛུགས་དང་རིགས་སོ་སོའི་ལས་སྒོའི་གསོ་སྦྱོང་ལ་ཞུགས་པའི་མི་ཐེངས168ཡིན།ཁྲིམས་ཁང་གི་རིག་གནས་འཛུགས་སྐྲུན་ལ་ཤུགས་བསྣན།༼ཚང་མས་དཔེ་ཀློག་བཟང་པོ་བྱེད་པ༽འི་བྱ་འགུལ་དང་ཏང་དང་གུང་གཞོན་ཚོགས་པའི་བྱ་འགུལ།རིག་གནས་རོལ་རྩེད་བྱ་འགུལ་ཧུར་བརྩོན་སྒོས་སྤེལ་ཏེ་མཐུན་སྒྲིལ་སེམས་མཐུན་དང་ཡར་ཐོན་བརྩོན་ལེན།ཧུར་བརྩོན་ལས་བཀུར་གྱི་བྱ་བའི་ཁོར་ཡུག་ཅིག་བསྐྲུན།

ཁྲིམས་འཛིན་སྤྱོད་ཚུལ་གྱི་འཛུགས་སྐྲུན་ལ་ཤུགས་བསྣན།རང་རྟོག་སྒོས་དམངས་ཆེན་གྱིས་ལྟ་སྐུལ་དང་དམངས་གཙོས་ལྟ་སྐུལ།ཞིབ་དཔྱད་ལས་ཁུངས་ཀྱི་ཞུ་གཏུག་ལྟ་སྐུལ་དང་ལེན་བྱས་ཏེ་ཡང་དག་པ་དང་ཚད་ལྡན་སྒོས་ཁྲིམས་ལུགས་ཀྱི་གཏན་འཁེལ་ལག་བསྟར་བྱས།༼འདྲི་གཅོད་ལག་བསྟར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལོའི་༽བྱ་འགུལ་ལ་ཟུང་འབྲེལ་བྱས་ཏེ་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་མིན་པ་དང་ཡ་རབས་ཚུལ་ལྡན་མིན་པ།སྤྱོད་གཙང་མིན་པ་སོགས་ཀྱི་གནད་དོན་ནན་ཏན་སྒོས་འཚོལ་ཞིབ་བྱས་ནས་ཁྲིམས་འཛིན་གྱི་བྱ་སྤྱོད་གཟབ་ནན་སྒོས་ཚད་ལྡན་དུ་བཏང་།མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་འཛིན་སྐོར་ཞིབ་ལ་ཤུགས་བསྣན་པ་མ་ཟད།ད་དུང་འདུ་ཤེས་འཛིན་སྟངས་བྱ་བ་དང་ཏང་འཛུགས་བྱ་བ་དེ་ཁྲིམས་འཛིན་སྐོར་ཞིབ་ཀྱི་ཁྱབ་ཁོངས་སུ་བཞག་ནས།ཁྲིམས་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཁག་དང་ལྟ་ཞིབ་ཁང་གི་འགོ་ཁྲིད་ཀྱིས་སྣེ་འཁྲིད་དེ་དུས་ཚིགས་རེར་གཞི་རིམ་ཁྲིམས་ཁང་དུ་སོང་བ་དང་།མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱེད་པའི་རྣམ་པ་་སྤྱད་ནས་འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོ་དང་ཏང་འཛུགས་བྱ་བ།ཁྲིམས་སའི་འདྲི་གཅོད་བྱ་འགུལ། བྱ་བའི་སྒྲིག་ཁྲིམས།ཁྲིམས་འཛིན་གུས་སྲོལ་སོགས་ཀྱི་བྱ་བ་དངོས་འབེབ་བྱས་པའི་གནས་ཚུལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་།རྙེད་པའི་གནད་དོན་དུས་ཐོག་ཏུ་ལེགས་བཅོས་བྱེད་པར་སྐུལ་འདེད་བྱས་པས།ངེས་པ་དོན་གྱིས་ཁྲིམས་འཛིན་བྱ་སྤྱོད་ཁྲོད་གནས་པའི་གནད་དོན་ཐག་བཅད་པ་དང་ནུས་ཆོད་སྒོས་ཁྲིམས་འཛིན་བྱ་སྤྱོད་ལེགས་བཅོས་བྱས་པ།ཁྲིམས་འཛིན་ལ་ཀུན་གྱིས་ཡིད་རྟོན་བྱེད་པའི་ཤུགས་མཐོར་འདེགས་སུ་སོང་།

ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་ནན་ཏན་སྒོས་དངོས་འབེབ་བྱས་པ་དང་།ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་ཏང་སྲོལ་འཛུགས་སྐྲུན་ཆེད་དོན་གྲོས་ཚོགས་འཚོགས་ནས་ཏང་སྲོལ་སྲིད་གཙང་བྱ་བར་བཀོད་སྒྲིག་ཞིབ་ཚགས་དང་།སྲིད་གཙང་འགན་འཁྲིའི་ཡི་གེའི་སྟེང་མིང་རྟགས་བཀོད་ནས་བྱ་བའི་འགན་འཁྲི་གསལ་བོ་དང་ནན་གྱིས་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས།དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་སློབ་གསོའི་བྱེད་ཐབས་སྤྱད་ནས་སྲིད་གཙང་ཉེན་བརྡའི་སློབ་གསོ་ལ་ཤུགས་བསྣན་པ་དང་།གྱོད་དོན་མེ་ལོང་དང་ཉེན་བརྡ་རྒྱུན་དུ་གཏོང་བར་བྱས་ཏེ་རུལ་སུངས་སྔོན་འགོག་བྱེད་པའི་ནུས་པ་མཐོན་འདེགས་སུ་བཏང་།སྒྲིག་འགལ་ཁྲིམས་འགལ་གནད་དོན་གྱི་རྩད་ཞིབ་ཐག་གཅོད་ཀྱི་ནུས་ཤུགས་ལ་ཤུགས་བསྣན་ཏེ་གནད་དོན་རྙེད་པ་དག་ཁྲིམས་ལྟར་ཐག་བཅད་པ་དང་།གཟབ་ནན་སྒོས་ཁྲིམས་ཁང་སྐྱོང་བ་རྒྱུན་འཁྱོངས་བྱས།སྲིད་གཙང་ལམ་ལུགས་སོ་སོ་ནན་གྱིས་ལག་བསྟར་བྱས་ཏེ་ལས་རྐང་གཅིག་ལ་འགན་འཁྲི་གཉིསཀྱི་ཤུགས་ཆེ་རུ་བཏང་བ་དང་།ནང་ཁུལ་གྱི་ལྟ་སྐུལ་ནུས་ཤུགས་ཆེ་སྐྱེད་བྱས་པ།ཁྲིམས་འཛིན་གྱི་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ་ཁྲིམས་འཛིན་དྭངས་གཙང་ལ་ཁག་ཐེག་བྱས།

འཐུས་མི་རྣམ་པ།འདས་ཟིན་པའི་ལོ་གཅིག་གི་རིང་ལ་མཚོ་ནུབ་ཁྲིམས་ཁང་གིས་བྱ་བར་གྲུབ་འབྲས་མི་དམན་པ་བླངས།རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།ཁུལ་རིམ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་སྐོར་ཞིག་བྱུང་།མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་རྒྱལ་ཡོངས་ཁྲིམས་ཁང་གསར་འགྱུར་དྲ་བའི་དྲིལ་སྒྲོག་བྱ་བའི་བྱས་རྗེས་འབུར་ཐོན་ལས་ཁུངས་ཀྱི་མཚན་སྙན་ཐོབ།ཡར་ཞུ་འཚམས་སྦྱོར་བྱས་པའི་གློག་བརྙན་ཐུང་ངུ ༼སྲོག་རྩར་ཐུག་པའི་བུ་ལོན༽བྱས་པར་རྒྱལ་ཡོངས་བདེ་ཐང་ཀྲུང་གོ་གློག་བརྙན་ཐུང་ངུའི་འགྲན་སྡུར་སྐབས་གཉིས་བའི་ཁྲོད་ཕུལ་བྱུང་གྲུབ་འབྲས་དགའ་རྟགས་ཐོབ་ལ།ཅིན་ཧེ་ཐིང་བདེ་ཐང་ཀྲུང་གོའི་ཚན་པའི་ཁྲོད་ཕུལ་བྱུང་གློག་བརྙན་བྱ་དགའ་ཐོབ།མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཏིང་ཞའོ་རིན་ལ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་མ་ལག་ཕུལ་བྱུང་ཁྲིམས་དཔོན་གྱི་མཚན་སྙན་ཐོབ།ན་གོར་མོ་ཁྲིམས་ཁང་ལ་རྒྱལ་ཡོངས་ཁྲིམས་ཁང་ཆ་འཕྲིན་ཅན་འཛུགས་སྐྲུན་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ།འོན་ཀྱང་བྱ་བའི་ཁྲོད་ད་དུང་དཀའ་ངལ་དང་མི་འདང་སའི་ཕྱོགས་མང་པོ་ཡོད་ལ།དེ་ལས་གཙོ་བོ་ནི། གྱོད་གཞི་ཐོ་འགོད་བྱེད་པའི་ཁ་གྲངས་སྔར་ལས་ཇེ་མང་དུ་འཕར་བཞིན་ཡོད་ལ།རྣམ་པ་གསར་བ་ཅན་གྱི་གྱོད་གཞི་འབྱུང་བཞིན་ཡོད་པས་གྱོད་སྒྲུབ་གནོན་ཤུགས་སྔར་ལས་ཆེ་བ་དང་གཅིག འཕེལ་རྒྱས་ལ་ཞབས་ཞུ་དང་མང་ཚོགས་ལ་ཞབས་ཞུ་ནུས་པས་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྐོང་བར་ད་དུང་བར་ཐག་ཅུང་ཡོད་པ།ཁྲིམས་འཛིན་མ་ལག་སྔར་ལས་ལེགས་སྒྲིག་བྱེད་པ་དང་ཁྲིམས་འཛིན་དོ་དམ་བྱ་བ་སྔར་ལས་ཤུགས་སྣོན་བྱེད་པ་དང་གཉིས། ཉེན་རྟོག་ལས་བྱེད་སྐོར་ཞིག་གི་ཁྲིམས་འཛིན་ནུས་བ་དང་ཁྲིམས་འཛིན་ཀུན་སྤྱོད་དེ་རྣམ་པ་གསར་བ་དང་རེ་འདུན་གསར་བར་མི་འཚམ་ལ་ཁྲིམས་འཛིན་བྱ་བའི་སྤུས་ཚད་ཀྱི་མི་འདང་བ་དང་གསུམ། གྱོད་དོན་ལག་བསྟར་བྱེད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལ་ལག་བསྟར་སྤྱོད་ལམ་ཚད་ལྡན་མིན་པ།གཞི་རྩའི་ཐག་གཅོད་ལག་བསྟར་དཀའ་བའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་སྔར་ལས་གནོན་ཤུགས་ཆེ་བ་དང་བཞི། ང་ཚོས་དཀའ་ཁག་ལ་དྲང་ཕྱོགས་ནས་གདུང་གཏད་ཏེ་འབད་བརྩོན་སྒོས་གནད་དོན་ཡོད་ཚད་ཐག་གཅོད་བྱ་ངེས།

  དྲུག ད་ལོའི་བྱ་བའི་གཙོ་གནད།

    2018ལོ་ནི་ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའིདགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པའི་ལོ་གཙོ་བོ་ཞིག་ཡིན་ལ།མཚོ་ནུབ་ཁྲིམས་ཁང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན་གྱི་ཡང་དག་པའི་འགོ་ཁྲིད་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ། གོང་རིམ་ཁྲིམས་ཁང་གི་མཛུབ་སྟོན། ཁུལ་སྲིད་གཞུང་དང་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་འོག་མཚོ་ནུབ་ཀྱི་བྱ་བ་སྤྱི་ཡོངས་ལ་དམིགས་ནས་ཐོག་མའི་མདུན་མ་མི་བརྗེད་པར་མུ་མཐུད་དུ་མདུན་དུ་བསྐྱོད་ནས་དཀའ་ཁག་ལས་ཐར་བར་བྱས་ཏེ་འགན་ཁུར་ཕྲག་དུ་བླངས་ནས།ནན་ཏན་སྒོས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་བྱ་བའི་གྲོས་ཚོགས་སྟེང་བཏོན་པའིབདེ་འཇགས་ལ་བརྟན་སྲུང་བྱེད་པར་མ་སྐུལ་དང་ལེན་བྱེད་དགོས་པ་དང་།གྱོན་དོན་འདྲི་གཅོད་ནན་མོ་བྱེད་དགོས་པ། བཅོས་བསྒྱུར་དངོས་འབེབ་བྱེད་དགོས་པ།དཔུང་ཁག་ཧྲག་པོ་ཡིན་དགོས་པ། འགན་སྲུང་ལ་རིག་སྟོབས་ལྡན་དགོསཔའི་བྱ་བའི་སྤྱིའི་བསམ་ཕྱོགས་དང་བླང་བྱ་དངོས་འབེབ་བྱེད་དགོས།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རང་ལུགས་ཀྱི་བསམ་བློ།ཚན་རིག་གཞུང་ལུགས་ཀྱིས་བསམ་བློ་དྲག་ཆས་སྤྲས་ནས་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད།ནུས་ཤུགས་ཡོད་རྒུས་དུས་རབས་གསར་བའི་མཚོ་ནུབ་ཁྲིམས་ཁང་གི་བྱ་བའི་རྣམ་པ་གསར་བ་ཞིགབསྐྲུན་རྒྱུ་ཡིན།

ཅིག་ནི་འདུ་ཤེས་རྣམ་པའི་སློབ་གསོ་ནན་འཛིན་བྱེད་དགོས།ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ནས།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་སློབ་གསོའི་བརྗོད་དོན་ལ་ཤུགས་སྣོན་བྱེད་དགོས་ལ།བསམ་བློའི་ངེས་ཤེས་ཇེ་དྲག་ཏུ་བཏང་ནས། ཆབ་སྲིད་ལངས་གནས་མཐོ་རུ་གཏོང་དགོས།ཡིད་ཆེས་བཞི་བརྟན་སྲུང་བྱེད་པ་དང་། ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས།འདུ་ཤེས་རྣམ་པའི་སློབ་གསོ་འཛིན་སྟངས་ཀྱི་འགན་འཁྲིའི་འདུ་ཤེས་དང་མངགས་འགན་ཇེ་དྲག་ཏུ་བཏང་སྟེ།འདུ་ཤེས་བཞི་ལངས་ཕྱོགས་བརྟན་པོར་གཏོང་དགོས་ལ།སྟོབས་ཤུགས་ཡོད་དགུས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དར་སྤེལ་གཏོང་དགོས།ཏང་གི་བྱ་བའི་རྣམ་གྲངས་སོ་སོའི་བྱེད་ཕྱོགས་དང་སྲིད་ཇུས།ལག་ལེན་དོན་འཁྱོལ་བྱེད་དགོས།ཏང་གིས་མི་དམངས་ཁྲིམས་ཁང་གི་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་།ཞི་ཅིང་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས།བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་བུ་རུ་བསྐྱོད་དགོས།

གཉིས་ནི་གྱོད་སྒྲུབ་ལག་བསྟར་བྱ་བ་གལ་ཆེན་དུ་འཇོག་པ་ནན་འཛིན་བྱེད་དགོས།གཟབ་ནན་སྒོས་ཁྲིམས་འཛིན་འདྲ་མཉམ་དང་དྲང་གཞག་ཡོང་བར་བྱས་ནས།ཁྲིམས་འཛིན་འགན་ནུས་འདོན་སྤེལ་བྱེད་དགོས་ལ།ཕྱོགས་ཡོངས་ནས་སྤྱི་ཚོགས་འཆམ་མཐུན་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།ཁྲིམས་ལྟར་ཉེས་དོན་ཉེས་ཅན་ལ་ཆད་པ་གཅོད་པ་དང་མིའི་དབང་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་བྱས་ཏེ།སྤྱི་ཚོགས་ཡུན་རིང་བདེ་འགོད་ལ་སྲུང་སྐྱོང་བྱེད་དགོས། ཁྲིམས་ལྟར་དམངས་དོན་རྩོད་གཞི་ཐག་གཅོད་བྱེད་པ་དང་།གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་ཞབས་ཕྱི་བསྒྲུབ་ཏེ།མང་ཚོགས་བདེ་བར་གནས་ཤིང་ལས་ལ་བརྩོན་པར་འགན་སྲུང་བྱེད་དགོས། ཁྲིམས་ལྟར་སྲིད་འཛིན་རྩོད་གཞི་ཐག་གཅོད་བྱེད་པ་དང་།ཁྲིམས་འཛིན་དང་སྲིད་འཛིན་ཕན་ཚུན་བར་མཐུན་སྦྱོར་ལ་ཤུགས་བསྣན་ནས།ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།མི་དམངས་གཙོ་བོར་བཟུང་ནས་འཕེལ་རྒྱས་འགྲོ་བའི་བསམ་བློ་རྒྱུན་འཁྱོངས་བྱས་ནས།ཁྲིམས་འཛིན་བྱ་བས་དམངས་ལ་བྱེད་ཐབས་འདོན་པ་གསར་སྤེལ་བྱེད་དགོས་ཤིང་།ཞུ་གཏུག་ཞབས་ཕྱིའི་ནུས་པ་འདོན་སྤེལ་བྱེད་པ་དང་།མང་ཚོགས་ཀྱི་ཉིན་བཞིན་འཕར་བའི་སྣ་མང་ཅན་གྱི་ཁྲིམས་འཛིན་དགོས་མཁོ་བསྐང་ཐུབ་པ་བྱས་ནས།མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདྲ་མཉམ་དང་དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག་ཅིག་བཞེངས་བསྐྲུན་བྱེད་དགོས།

གསུམ་ནི་ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་བྱེད་དགོས།ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ནས།ཁྲིམས་དཔོན་ཚད་ལྡན་དང་མཉམ་གྲོས་ཁྲིམས་རའི་གྱོད་སྒྲུབ་སྒྲིག་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཤིང་།ཁྲིམས་ཁང་འགོ་གཙོའི་དབང་ཤུགས་འཐུས་ཚང་དུ་གཏོང་བ་དང་།གྱོད་སྒྲུབ་འགན་འཁྲི་ཇེ་དྲག་ཏུ་བཏང་ནས། སུས་བསྒྲུབ་ན་དེས་འགན་འཁུར་ཐུབ་པ་བྱེད་དགོས་ལ།རང་རྐྱ་འཕར་བའི་སྒོ་ནས་ཁྲིམས་ལྟར་འདྲ་མཉམ་དང་དྲང་གཞག་སྒོས་འདྲི་གཅོད་བྱེད་པའི་དབང་ཆར་འགན་སྲུང་བྱེད་དགོས།ཧུར་ཐག་སྒོས་ཕྱོགས་བསྡུས་ལྷུ་ལག་བཅོས་སྒྱུར་བྱེད་ཐབས་དངོས་འབེབས་བྱེད་པ་དང་།འདྲི་གཅོད་བྱེད་པ་དཀྱིལ་སྙིང་དུ་འཛིན་པའི་ཉེས་དོན་ཞུ་གཏུག་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བྱེད་དགོས་ཤིང་།ཁྲིམས་ཁང་ནང་གི་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ།འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་ནས།བཅོས་སྒྱུར་གྱི་ཕྱོགས་ཡོངས་ཕན་འབྲས་མཐོ་རུ་གཏོང་དགོས།ཁྲིམས་འཛིན་བཅོས་སྒྱུར་བྱེད་ཐབས་མུ་མཐུད་གསར་སྤེལ་བྱེད་དགོས་ལ།ཚན་རིག་གིས་ཁྲིམས་འཛིན་ཐོན་ཁུངས་སྡེབ་སྒྲིག་བྱེད་པ་དང་། ནུས་ལྡན་སྒོས་ནུབ་རྒྱུད་གཏེར་ཁུལ་གྱི་ཁྲིམས་ཁང་གི་ལས་གཞི་བྱ་བའི་རྣམ་གྲངས་སོ་སོར་སྐུལ་འདེད་བྱས་ནས།མཚོ་ནུབ་ཀྱི་ཁྲིམས་ཁང་ལམ་ལུགས་བཅོས་སྒྱུར་འགན་འཁྲི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

བཞི་ནི་མགྱོགས་མྱུར་སྒོས་བློ་རིག་ཁྲིམས་ཁང་འཛུགས་དགོས། ཤུགས་ཆེན་པོས་ཆ་འཕྲིན་ཅན་འཛུགས་སྐྲུནགྱི་རིམ་སྤར་གསར་བརྗེ་ལ་སྐུལ་འདེད་གཏོང་དགོས། གློག་རྡུལ་ཀྱི་གྱོད་ཚགས་གྱོད་དོན་དང་མཉམ་སྒྲུབ་གཏིང་ཟབ་སྒོས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཁྲིམས་རའི་འདྲི་གཅོད་ཀྱི་སྐད་བརྡ་རིག་ནུས་དབྱེ་འབྱེད་ངོས་འཛིན་དང་ཁྲིམས་རའི་ཚད་ལྡན་རིག་ནུས་སྐོར་ཞིབ།གཞི་གྲངས་ཆེན་པའི་ཞབས་ཞུ་སོགས་ཀྱི་རིག་ནུས་བེད་སྤྱོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ་མིས་བཟོས་རིག་སྟོབས་ཀྱིས་གྱོད་དོན་ཁྲིམས་གཅོད་ལ་རམ་འདེགས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་དྲྭ་ཐོག་དུ་དུས་མཉམ་དུ་གྱོད་དོན་སྒྲུབ་པ་ཁྱབ་སྤེལ་གཏོང་དགོས། ཆ་འཕྲིན་ཅན་གྱི་བེད་སྤྱོད་གཙོར་བཟུང་ནས་ཁྲིམས་འཛིན་གྱོད་བསྒྲུབ་དང་ཁྲིམས་འཛིན་དོ་དམ་རིག་སྟོབས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་མངོན་འགྱུར་བྱེད་དགོས། ཁྲིམས་འཛིན་ཁྱབ་བསྒྲགས་ཀྱི་ལམ་ལུགས་དངོས་འབེབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཧུར་བརྩོན་སྒོས་སྒོ་འབྱེད་དང་འགུལ་རྣམ།ཡང་དག་པ།  དམངས་ལ་སྟབས་བདེ་ཡིན་པའི་ཁྲིམས་འཛིན་ཁྱབ་བསྒྲགས་ཀྱི་སྒྲིག་གཞི་ཞིག་བཙུགས་ནས་ཁྲིམས་འཛིན་གྱི་ཡང་དག་ཚད་ཇེ་མཐོར་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་རྟོན་བྱེད་པའི་ནུས་ཤུས་མཐོར་འདེགས་སུ་གཏོང་དགོས།

ལྔ་ནི་ཁྲིམས་ཁང་རང་སྟོབས་འཛུགས་སྐྲུན་གྱི་ཤུགས་ཆེ་རུ་གཏོང་དགོས། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱ་འགུལ།འདྲི་གཅོད་ལག་བསྟར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལོའི་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་གཏིང་ཟབ་བྱས་ནས་ནན་ཏན་སྒོས་ཆེད་དོན་བྱ་འགུལ་སྣ་ཚོགས་སྤེལ་དགོས་པ་དང། ཤུགས་ཆེན་པོས་ལས་སྒོ་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་བྱས་ཏེ་དཔུང་སྡེའི་ཆེད་ལས་ནུས་པ་དང་ཆེད་ལས་སྙིང་སྟོབས་ཀྱི་གསོ་སྦྱོང་བྱེད་པའི་ཤུགས་ཆེ་རུ་བཏང་ནས་དཔུང་སྡེར་འཚམ་པ་དང་དུས་སྐབས་གསར་བའི་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གྱི་ནུས་པར་སྐུལ་འདེད་བྱེད་དགོས། དཔུང་སྡེ་དོ་དམ་བྱ་བའི་བཅོས་སྒྱུར་ལ་ཤུགས་བསྣན་ཏེ་ནན་གྱིས་ལྟ་སྐུལ་དང་དོ་དམ་བྱེད་པ་དང་།ཉེན་རྟོག་ལས་བྱེད་པར་ཐུགས་ཁུར་བྱེད་པ་བྱ་བའི་འགན་འཁྲིའི་འདུ་ཤེས་དང་བྱ་བའི་ཧུར་བརྩོན་རང་བཞིན་མཐོར་འདེགས་སུ་བཏང་སྟེ་ནུས་ཆོད་ལྡན་པའི་ངང་ཁྲིམས་འཛིན་བྱ་བར་སྐུལ་འདེད་བྱེད་དགོས།  

དྲུག་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཉིས་དངོས་འབེབ་བྱེད་དགོས། ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་དང་ནན་གྱིས་ཁྲིམས་ཁང་སྐྱོང་ནས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་དང་ཏང་ནང་གི་ལྟ་སྐུལ་དོ་དམ་གྱི་ཤུགས་ཆེ་རུ་གཏོང་དགོས་པ། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་སྒོས་སྤེལ་ཏེ་དྭངས་གཙང་གི་ཁྲིམས་འཛིན་ཁོར་ཡུག་དང་།སྲིད་གཙང་ཁྲིམས་འཛིན། དྲང་གཞག་གི་ཁྲིམས་འཛིན་ཞིག་བསྐྲུན་དགོས། ཆབ་སྲིད་འགན་འཁྲིའི་བསམ་པ་དྲག་པོ་ཞིག་བཟུང་ནས་ཁྲིམས་ལྟར་སྤྱི་ཚོགས་ཀྱི་རྣམ་པ་ཆེན་པོའི་བརྟན་འཇགས་ལ་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་དྲང་བདེན་དྲང་གཞག་ལ་སྐུལ་འདེད། མི་དམངས་ཀྱི་བདེ་བར་གནས་ཤིང་ལས་ལ་བརྩོན་པར་ཁག་ཐེག་བྱེད་པའི་འགན་འཁྲི་གཙོ་བོ་ལེགས་པོར་སྒྲུབ་ནས་ནུས་ཤུགས་ཡོད་རྒུས་མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་བདེ་ཐང་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཤིང་། ཁྲིམས་འཛིན་དྲང་གཞག་དང་ཁྲིམས་འཛིན་སྲིད་གཙང་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་རྣམ་པ་ཆེན་མོའི་བརྟན་བརླིང་ལ་ཁག་ཐེགསྤྱི་ཚོགས་ཀྱི་དྲང་བདེན་དྲང་གཞག་ལ་སྐུལ་འདེད།མི་དམངས་ཀྱི་ལས་ལ་བརྩོན་ཞིང་བདེ་བར་འདུག་པའི་འགན་འཁྲིར་འགན་སྲུང་བྱས་ཏེ།འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་འཛུགས་པར་ནུས་ཤུགས་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་བྱེད་དགོས།

གོང་མ།:མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

ཞོལ་མ།:མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235