མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2018-04-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་

བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆ།

མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

2018ལོའི་ཟླ3པའི་ཚེས27ཉིན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་།

ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ།   ཐར་འབུམ།  

འཐུས་མི་རྣམ་པ།  

    ད་ནི་ངས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས།  གྲོས་ཞིབ་གནང་བར་མ་ཟད།  ད་དུང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་པའི་བློ་མཐུན་ཚོས་བསམ་འཆར་ལྷུག་པོར་བརྗོད་པར་འཚལ།  

2017ལོའི་བྱ་བར་ཕྱིར་དྲན།

2017ལོར། ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་འགོ་ཁྲིད་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་རྟོག ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས། དེ་མིན་སྤྱི་ཚོགས་ལས་རིགས་ཁག་སོ་སོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་སྤྱི་ཁོག་གི་བཀོད་འདོམས་སུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་ལ་དོན་འཁྱོལ་མཐིལ་ཕྱིན་བྱས།  ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁོག་ལ་དམིགས་ཏེ། མུ་མཐུད་དུ་བྱ་བའི་བསམ་ཕྱོགས་གསར་གཏོད་དང་བྱ་བའི་ལས་ཕྱོགས་ཇེ་དྲག  ཁྲིམས་འཛིན་གྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ། དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་བཅས་ལས་ཞིབ་དཔྱོད་ཀྱི་བྱ་བ་སོ་སོར་བརྟན་འཇགས་དང་བདེ་ཐང་ངང་ནས་གོང་དུ་འཕེལ་བར་སྐུལ་འདེད་བྱས་པ་ཡིན།

གཅིག སྤྱི་ཡོངས་ལ་དམིཊ་ནས་ཞབས་ཞུ་འཕེལ་རྒྱས་ཁྲོད་དུ་ཞིབ་དཔྱོད་བྱ་བའི་རིན་ཐང་མངོན་གསལ་དུ་བཏོད།

ལོ་གཅིག་གི་རིང་ལ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ནམ་ཡང་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁོག་ལ་བསྟུན་པ་དང་ཞབས་ཞུ་འདོན་པ་བཅས་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་ལེགས་སྒྲུབ་བྱས་པ་ཡིན།

གཅིགལྗང་མདོག་འཕེལ་རྒྱས་ལ་མཐའ་གཅིག་ཏུ་ནན་སྲུང་བྱས་། བསྒྱུར་བ་བཞི་ཞེས་པར་བསྟུན་ཏེ་ཏན་ཏན་ཏིག་ཏིག་བཞི་ཞེས་པའི་བླང་བྱ་འགངས་ཆེན་དོན་ཐོག་འཁྱོལ་བར་སྐུལ་འདེད་བཏང་ཞིང་། ཁུལ་ཨུའི་འགོ་ཁྲིད་འོག་སྐྱེ་ཁམས་བདེ་འཇགས་ཁྲོད་ཀྱི་འགན་འཁྲི་འགན་ལེན་ཚད་ཇེ་དྲག་དང་། མུ་མཐུད་དུ་འགན་ནུས་འདོན་སྤེལ་དང་ནག་ཉེས་བཟོ་བར་རྡུང་རྡེག་ལས་མཚོ་ནུབ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཞེས་པའི་ཆེད་དོན་བྱ་འགུལ་ཟབ་སྤེལ་དང་། ཁྲིམས་ལྟར་རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་བཟོས་པའི་ནག་ཉེས་རིགས་སོ་སོར་རྡུང་རྡེག་མཛད་པ་དང་ཧུར་ཐག་སྒོས་ཁྲིམས་གཉིས་མཐུན་སྦྱོར་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱས། མུ་མཐུད་དུ་ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ལ་གནོད་པ་སྐྱེལ་བའི་ནག་ཉེས་ལ་རྡུང་རྡེག་བྱེད་པའི་ཆེད་དོན་བྱ་འགུལ་ཟབ་སྤེལ་བྱེད་པར་སྐུལ་འདེད་བྱས། ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་བཟོས་པའི་གྱོད་གཞི་སྡོམ་པས24དང་མི68།གཞུང་ཕྱོགས་ནས་ཁྲིམས་སྦྱོར་ཞུས་པའི་གྱོད་གཞི15དང་མི31བཅས་དང་ལེན་བྱས།

གཉིས།ཁྲིམས་ལྟར་གནད་འཁེལ་དབུལ་སྐྱོར་ལ་ཞུབས་ཞུ་བསྒྲུབས། ཁུལ་དང་གྲོང་ཁྱེར།  རྫོང་། ཡུལ་ཚོ་དང་ཡང་ན་གྲོང་རྡལ་དང་སྡེ་བ་བཅས་རིམ་འབྱེད་ཡིག་གཞི་བཙུགས་པ་བརྒྱུད་ནས།མུ་མཐུད་དུ2016ལོར་ཞིང་ཆེན་དང་ཁུལ།རྫོང་བཅས་རིམ་པ་གསུམ་གྱིས་མར་བཏང་བའི་དབུལ་སྐྱོར་ཆེད་བཀོལ་མ་དངུལ་ཕལ་ཆེལ་སྒོར་དུང་ཕྱིར3བཀོལ་སྤྱོད་བྱས་པའི་གནས་ཚུལ་ལ་དུས་བསྟུན་རྗེས་འདེད་དང་། དབུལ་སྐྱོར་མ་དངུལ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་།སྲིད་གཞུང་སྲིད་གཙང་དང་ལས་བཟོ་བ་སྤྱོད་གཙང་ཡིན་པར་འགན་སྲུང་བྱས།  སྔོན་འགོག་ནུས་ཤུགས་རྩ་འཛུགས་སྒོས་དབུལ་སྐྱོར་ཀྱི་སྔོན་འགོག་ཆེད་དོན་དྲིལ་སྒྲོག་བྱ་འགུལ་བསྡོམས་པའི་ཐེངས20ལྷག་སྤེལ།ཡུལ་ཚོ་དང་གྲོང་རྡལ།  སྡེ་བ། ཧྲའེ་བཅས་ཀྱི་ལས་བཟོ་བ་མི་ཐེངས300ལྷག་གིས་སྔོན་འགོག་སློབ་གསོ་དང་དུ་བླངས་བ་ཡིན། ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་སྡེ་ཁག་གི་ཉེན་རྟོག་པ་དབུལ་སྐྱོར་གྱི་ཧྲུའུ་ཅི་དང་པོའི་བྱ་བའི་སྟེངས་ཞུགས་པར་རྒྱབ་སྐྱོར་གནང། དུས་ཐོག་ཏུ་ཁོ་ཚོར་དབུལ་སྐྱོར་བྱ་བའི་ཁྲོད་དུ་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་མཐུན་སྦྱོར་དང་ཐག་གཅོད་བྱེད་རོགས་བྱས་ནས་དབུལ་སྐྱོར་ལས་འགན་ལེགས་པོར་འགྲུབ་པར་ཁག་ཐེག་བྱས།

གསུམ།ནུས་ཤུགས་ཡོད་རྒུས་དམངས་སྐྲུན་ལས་དོན་སྤེལ། འགན་ནུས་ཀྱི་རྐང་ཚུགས་ཏེ་འཆམ་མཐུན་ལ་སྐུལ་འདེད་བྱས་ཤིང་།  མཐུན་སྒྲིལ་ལ་སྲུང་སྐྱོང་དང་གཏན་འཇགས་ལ་དམ་འཛིན་བྱེད་པ་ནི་བྱ་བའི་རིག་ལམ་དུ་བཟུང་ཞིང་།  ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་འགུལ་ལ་ཞུགས་པར་འབད་དེ།  མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་དྲངས་ཕྱོགས་ནུས་པ་ཕྱོགས་གཅིག་ཏུ་བསྡུས།  ཁུལ་ཞིབ་དཔྱོད་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་བྱ་བ་སྤེལ་བའི་ཁྲོད་དུ་བྱ་བ་དངོས་དང་ཟུང་དུ་སྦྲེལ་ནས།  སྐད་གཉིས་བརྙན་ཐུངགཅེས་སྐྱོངཞེས་པ་ཕབ་སྐྲུན་བྱས།  འགྲེམ་སྟོན་བྱང་བུ30དང་སྒྲོག་བྱང10། དྲིལ་སྒྲོག་ཡིག་རིགས2000ལྷག་དཔར་འགྲེམ་བྱས།  མཚོ་ནུབ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཁག་གི་མཚན་སྙན་ཐོབ།

བཞི།བདེ་འཇགས་མཚོ་ནུབ་བསྐྲུན་པར་རོགས་འདེགས་མཛད།  ཞིབ་དཔྱོད་སྡེ་ཁག་གིས་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཁྲོད་ཀྱི་ནུས་པ་གཙོ་ཆེན་འདོན་སྤེལ་གང་ལེགས་དང་།  འགོ་ཁྲིད་པར་ཤུགས་སྣོན་དང་ལས་འགན་གཏན་འབེབས།  ལྟ་སྐུལ་ལ་ཤུགས་སྣོན། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བརྒྱུད་དེ།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གཏན་སྲུང་དང་བདེ་འཇགས་མཚོ་ནུབ་ཞེས་པའི་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་འདེད་བྱས།  སློབ་རའི་བརྙས་བཅོས་སྔོན་འགོག་དང་ནར་མ་སོན་པ་བདེ་ཐང་ངང་ནར་སོན་པར་སྲུང་སྐྱོང་བྱེད་པ་ཞེས་པའི་བྱ་འགུལ་གྱི་བརྗོད་གཞིར་དམིགས་ཏེ། ཧུར་ཐག་སྒོས་ཁྲིམས་ལུགས་སློབ་གྲྭར་སྐྱེལ་བ་དང་ཞིབ་དཔྱོད་སྒོ་འབྱེད་ཉིན་མོ་ཞེས་པ་དང་ཞིབ་དཔྱོད་ཉེན་རྟོག་པའི་ལྔ་སྐྱེལ་ཞེས་པ་སོགས་ཀྱི་བྱ་འགུལ་སྤེལ།  ཕྱོགས་བསྡུས་ཀྱིས་ཉེས་ཆད་དང་སྔོན་འགོག  ལྟ་སྐུལ། སློབ་གསོ་སོགས་ཀྱི་ནུས་པ་སྤྱད་དེ་མཉམ་གཅིག་ཏུ་སྤྱི་ཚོགས་བཅོས་སྐྱོང་ཆེན་མོའི་རྣམ་པ་ལེགས་པོ་བསྐྲུན།

གཉིས། འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་ཁྲིམས་ལྟར་ལས་འགན་ལག་བསྟར་ཁྲོད་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་བྱས།

ལོ་གཅིག་གི་རིང་ལ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ནམ་ཡང་ཞིབ་དཔྱོད་བྱ་བའི་ལས་སྒོ་གཙོ་བོར་དམིགས་ནས། ཁྲིམས་ལྟར་ལྟ་སྐུལ་གྱི་ལས་འགན་ལག་བསྟར་དང་དྲང་བདེན་དྲང་གཞག་ནི་བྱ་བའི་གནད་སར་འཛིན་པར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་སུ་ཞིབ་དཔྱོད་བྱ་བ་སོ་སོར་ཟབ་སྤེལ་བྱེད་པར་སྐུལ་འདེད་བྱས།

གཅིགཁྲིམས་ལྟར་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་ནན་མོ་བྱས།  བསྡོམས་པའི་མི582ལ་ཞིབ་བཤེར་འཛིན་བཟུང་དང་ལེན་དང་། མི420ལ་འཛིན་བཟུང་མཆན་བཀོད་དང་ཐག་གཅོད་བྱས། མི144ལ་འཛིན་བཟུང་གི་ཆོག་མཆན་མ་བཀོད། མི1050ལ་ཞིབ་བཤེར་ཁྲིམས་སྦྱོར་དང་ལེན་བྱས།  མི835གཞུང་གཏུག་བྱས།  མི93ལ་ཞུ་གཏུག་མ་བྱས།  དེའི་ནང་དུ་བསམ་གཟས་ནས་མི་བསད་པ་དང་བཙན་གཡེམ།   འཕྲོག་བཅོམ། རྐུ་འཕྲོག  བསམ་གཟས་ནས་གནོད་སྐྱེལ་བ་སོགས་ཉེས་དོན་ཉེས་གསོག་གྱོད་གཞི་ཚབས་ཆེན་ཅན་མི312ལ་འཛིན་བཟུང་ཐག་གཅོད་བྱས་ཤིང་། ནག་ཉེས་བཟོ་བར་འཇིགས་སྣང་སྐུལ་ཞིང་མི་དམངས་མང་ཚོགས་ཀྱི་འཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས།

གཉིས།གོ་གནས་ཉེས་བཟོས་གྱོད་གཞི་བསྟུད་མར་ཞིབ་གཅོད་བྱས། རྒྱུ་ནོར་ལྐོག་ཟ་དང་ལྐོག་རྔན་སྟེར་བ། དེ་མིན་ལས་འཛོལ་འཕྲོག་བཅོམ་གྱི་ནག་ཉེས་གྱོད་གཞི་བསྡོམས་པའི24དང་མི37ཐོ་འགོད་དང་མྱུལ་ཞིབ་བྱས། དེའི་ནང་དུ་ལྐོག་ཟའི་གྱོད་གཞི4དང་མི5། ལྐོག་རྔན་སྟེར་བའི་གྱོད་གཞི11དང་མི15། གཞུང་དངུལ་སྒེར་སྤྱོད་བྱས་པའི་གྱོད་གཞི3དང་མི7། རྒྱལ་དབང་རྒྱུ་ནོར་ལྐོག་བགོས་བྱས་པའི་གྱོད་གཞི3དང་མི5།  ཡོང་ཁུངས་མི་གསལ་བའི་རྒྱུ་ནོར་འབོར་ཆེན་གྱི་གྱོད་གཞི1དང་མི2།  འགན་དབང་གང་འདོད་དུ་སྤྱོད་པའི་གྱོད་གཞི2དང་མི3བཅས་ལ་ཞིབ་གཅོད་བྱས་ཤིང་། གོ་གནས་ནག་ཉེས་བཟོ་བར་མགོ་གནོན་པའི་རྣམ་པ་རྒྱུན་འཁྱོངས་བྱས།

གསུམགོ་གནས་ཉེས་བཟོའི་སྔོན་འགོག་ལ་སྐུལ་འདེད་ནན་མོ་བཏང་།  སྔོན་འགོག་བརྟག་དཔྱད་བསྡོམས་པའི་ཐེངས120དང་ལྐོག་རྔན་ཡིག་ཚགས་ལ་འདྲི་རྩད་ཐེངས1664བྱས། ལས་ཁུངས1720ཡིས་འདྲི་རྩད་དང་ལེན་དང་འབྲེལ་ཡོད་མི་སྣ3386ཡོད། ཁུལ་ཡོངས་རིམ་གཉིས་ཞིབ་དཔྱོད་ཁང་གིསགོ་གནས་ཉེས་བཟོ་སྔོན་འགོག་ལ་ཕྱོགས་བསྡུས་ཀྱི་དབྱེ་ཞིབ་སྙན་ཞུ8བྲིས་ཏེ་གོང་རིམ་ལ་སྙན་སེང་ཞུས་པ་དང་། ས་གནས་ཏང་ཨུའི་འགོ་ཁྲིད་གཙོ་བོས་མཆན་བཀོད་མཛུབ་སྟོན་གནང་བ་མ་ཟད་སྡེ་ཁག་སོ་སོས་ཟུར་ལྟ་བྱེད་པར་མཆན་བཀོད་བརྒྱུད་སྤྲོད་བྱས། མཚོ་ནུབ་ཁུལ་གྱི་རུལ་སུངས་སྔོན་འགོག་ཉེན་བརྡའི་སློབ་གསོར་བརྟེན་ནས་ཏང་སྲིད་སྡེ་ཁག་དང་དེ་མིན་ཁེ་ལས་བྱ་གཞག་སྡེ་ཁག60ལྷག་གི་ལས་བྱེད་པ7000ལྷག་རྩ་འཛུགས་བྱས་ཏེ་ཉེན་བརྡའི་སློབ་གསོའི་བྱ་འགུལ་དང་ལེན་བྱེད་དུ་ཆུགནུས་ལྡན་གྱིས་ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

བཞི།བྱེད་ཐབས་ཇེ་ལེགས་དང་གཏུག་བཤེར་ལ་ལྟ་སྐུལ་བྱེད་པར་སྐུལ་འདེད་བྱས། ཐོ་འགོད་ལྟ་སྐུལ་གྱོད་གཞི་བསྡོམས་པའི9སྒྲུབ་པ་དང།  ཞིབ་དཔྱོད་འགོ་འཛིན་དེ་ཁྲིམས་ཁང་གི་འདྲི་གཅོད་ལྷན་ཚོགས་ཐེངས65སྟེང་ཟུར་ཞུགས་དང་། མི་དམངས་ཁྲིམས་ཁང་གི་འདྲི་གཅོད་བྱ་འགུལ་ཁྲོད་ཀྱི་ཚད་ལྡན་མ་ཡིན་པའི་རྣམ་པ11ལ་ནོར་བཅོས་བྱས།   གྱོད་གཞི3ལ་བསྐྱར་ཞིབ་བྱེད་པའི་རེ་བ་བཏོན།   ཉེས་ཆད་ལག་བསྟར་དང་ལྟ་རྟོག་དོ་དམ་བྱ་འགུལ་ལྟ་རྟོག་གི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ་བསྡོམས་པའི་གྱོད་གཞི150ལ་ཁྲིམས་ཆད་ཇེ་ཡང་དུ་གཏོང་བར་ལྟ་སྐུལ་བྱས་ལ། ཁྲིམས་ཆད་ཇེ་ཡང་དུ་གཏོང་མི་འོས་པ11ལ་དམིགས་བསལ་ནོར་བཅོས་ཀྱི་བསམ་འཆར་བཏོན་ཞིང། ཤུགས་ལྡན་གྱིས་ཁྲིམས་འཛིན་དྲང་གཞག་ཡོང་བར་སྲུང་སྐྱོང་བྱས།   ཁུལ་ཞིབ་དཔྱོད་ཁང་གིས་ཚྭ་འདམ་བཙོན་ཁང་ལ་ཞིབ་དཔྱོད་ཁང་བཅའ་སྡོད་བྱས་ཏེ་ཁྲིམས་ལྟར་ཁྲིམས་ཆད་འཁུར་བའི་ནག་ཉེས་པས་བཙོན་ཁང་ནང་དུ་ཡང་བསྐྱར་ནག་ཉེས་བཟོ་བའི་བྱ་འགུལ་ལ་རྡུང་རྡེག་མཛད་དེ། ཁྲིམས་ཆད་འཁུར་བའི་ནག་ཉེས་པར་ལྟ་རྟོག་དྲག་གཏོང་དང་ལྟ་རྟོག་དོ་དམ་ཁང་གི་བདེ་འཇགས་ལ་སྲུང་སྐྱོང་བྱས།

ལྔདམངས་དོན་སྲིད་འཛིན་ཞིབ་དཔྱོད་བྱ་བ་ཇེ་དྲག་ཏུ་གཏོང་བར་འབད་པ་བྱས། དམངས་དོན་སྲིད་འཛིན་ལྟ་སྐུལ་གྱོད་གཞི་བསྡོམས་པས178དང་དུ་བླངས་ཤིང་། 155ཞིབ་དཔྱོད་ཐག་གཅོད་བྱས། ཡང་བསྐྱར་ཞིབ་དཔྱོད་ཀྱི་བསམ་འཆར་བཏོན་པ2དང་། བསྐྱར་ཞིབ་རེ་འདུན་ཞུས་པ1།  འདྲི་གཅོད་བྱ་འགུལ་ཁྲིམས་དང་འགལ་བའི་ཞིབ་དཔྱོད་བསམ་འཆར53བཏོན། ལག་བསྟར་བྱ་འགུལ་ལྟ་སྐུལ་བྱེད་པའི་ཞིབ་དཔྱོད་བསམ་འཆར69བཏོན། གྱོད་གཞི9ཡི་ཞུ་བཤེར་མཇུག་སྒྲིལ། གྱོད་གཞི14ཡི་ལྟ་སྐུལ་ཡར་ཞུ་ལ་རྒྱབ་སྐྱོར་མ་གནང། སྲིད་འཛིན་སྡེ་ཁག་གིས་འགན་བསྟར་མི་འོས་བར་ཞིབ་དཔྱོད་བསམ་འཆར28བཏོན། གོ་གནས་ཉེས་བཟོའི་གྱོད་གཞི5ཡི་ཁུངས་སྣེ་སྤོ་སྐྱེལ་དང་ཁྲིམས་ལྟར་དོ་བདག་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་ཁག་ཐེག་བྱས།

དྲུགསྤྱི་ཚོགས་ཀྱི་འགལ་བ་སེལ་བར་སྐུལ་འདེད་ནན་མོ་བཏང་།  མུ་མཐུད་དུ་ཡིག་སྐུར་ངོ་གཏུག་གྱོད་གཞི་ཁག་བགོས་ནང་འདྲེན་དང་ཕྱི་ནང་མཉམ་འབྲེལ། ངོ་གཏུག་དང་ལེན་ལས་རེས།  ཉེན་ཁ་དཔྱད་དཔོག  ཁྲིམས་འཛིན་རོགས་སྐྱོབ། དྲ་ཐོག་ཡུག་སྐུར་ངོ་གཏུག་སོགས་ཀྱི་ནང་རྐྱེན་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་རེ་འདོན་ཐབས་ལམ་ཡངས་ཤིང་། ཁྲིམས་དང་ཞུ་གཏུགཡིག་སྐུར་ངོ་གཏུག་བཅས་དང་འབྲེལ་བའི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་།  བསྡོམས་པའི་གྱོད་གཞི20དང་དུ་བླངས་ཤིང་།  རེ་འདོན་གུང་ཞུ45།  མང་ཚོགས་ཀྱིས་ངོ་གཏུག་མི་ཐེངས53བཅས་དང་ལེན་བྱས། ཁ་ཚང་དུ་ཁྲིམས་ལྟར་ཐག་གཅོད་འོས་འཚམས་བྱས་པས།  ཉེས་དོན་གནོད་འཚེ་ཕོག་མཁན8ལ་རོགས་སྐྱོར་གནང་ཞིང་རོགས་སྐྱོར་མ་དངུལ་སྒོར་ཁྲི16.4སྤྲད།

བདུན།གྱོད་གཞི་དོ་དམ་ཚད་ལྡན་དུ་གཏོང་བར་བསྟུད་མར་འབད་པ་བྱས།  ཞིབ་དཔྱོད་སྡེ་ཁག་གི་ལས་དོན་གཅིག་བསྡུས་ཀྱི་བཀོལ་སྤྱོད་མ་ལག་ཞེས་པ་སྤྱད་དེ་གྱོད་གཞི་གཅིག་བསྡུས་ཀྱིས་ཁག་བགོ་དང་། གྱོད་སྒྲུབ་ཆ་འཕྲིན་དྲ་ཐོག་ནང་འཇུག། གྱོད་སྒྲུབ་བརྒྱུད་རིམ་དྲ་ཐོག་དོ་དམ། གྱོད་སྒྲུབ་བྱ་འགུལ་དྲ་ཐོག་ལྟ་སྐུལ།   གྱོད་གཞིའི་ཆ་འཕྲིན་དྲ་ཐོག་ཁྱབ་བསྒྲགས་བཅས་བྱས་ཏེ།   ཁྲིམས་འཛིན་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་།  ལོ་ཧྲིལ་བོར་བསྡོམས་པའི་ནང་འཇུག་དང་འཁོར་རྒྱུག་བྱས་པའི་གྱོད་གཞི་དང་ཁུངས་སྣེ་སོགས་རིགས་སོ་སོའི་ཞིབ་དཔྱོད་ལས་སྒོ་བསྡོམས་པའི6963དང་། གྱོད་གཞི་གནད་ཆེན་གྱི་བརྡ་འཕྲིན642དང་།  ནུས་ཐོན་ཁྲིམས་བཅད་ཁྲིམས་དོན་ཡིག་རིགས584།གྱོད་གཞི་གོ་རིམ་ཅན་གྱི་ཆ་འཕྲིན1188བཅས་ཁྱབ་བསྒྲགས་བྱས།  ཁུལ་ཞིབ་དཔྱོད་ཁང་དང་ན་གོར་མོ། གཏེར་ལེན་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ལྷན་ཚོགས་སྟེངPPTསྤྱོད་པར་ཁྱབ་སྤེལ་དུ་བཏང་སྟེ་གྱོད་གཞི་འགངས་ཆེན11ལ་གྲོས་བསྡུར་ཐེངས8བྱས།

བརྒྱད།འདུན་མ་བརྟན་པའི་སྒོ་ནས་ཁྲིམས་འཛིན་བཅོས་བསྒྱུར་ལ་སྐུལ་འདེད་བྱས།  ཁྱོན་ཡོངས་ནས་མཚོ་ནུབ་ཞིབ་དཔྱོད་པ་རིགས་བགོས་ཏེ་དོ་དམ་དང་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྐུལ་འདེད།  ལས་རིགས་དོན་འཁྱོལ་དང་ནང་རྐྱེན་ཁག་ཐེག  ཞིང་ཆེན་མན་གྱི་མི་ནོར་རྫས་གསུམ་གཅིག་གྱུར་གྱིས་དོ་དམ་བྱེད་པ་བཅས་དང་ས་ཁོངས་ལས་བརྒལ་བའི་ཞིབ་དཔྱོད་ཁང་བཙུགས་པ་བཅས4+1ཞེས་པའི་བཅོས་བསྒྱུར་བྱ་བ་ལེགས་འགྲུབ་བྱུང་ཞིང་།  རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་བཅོས་བསྒྱུར་བཀོད་སྒྲིག་ལག་ལེན་མཐིལ་ཕྱིན་དང་།  ལྟ་ཞིབ་ལམ་ལུགས་བཅོས་བསྒྱུར་འཆར་གཞིའི་བླང་བྱ་ལྟར། ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ལྐོག་ཟར་ངོ་རྒོལ་དང་འགལ་འཛོལ་ལ་ངོ་རྒོལ། སྔོན་འགོག་སྡེ་ཁག་བཅས་ཀྱིས་ཁུལ་དང་གྲོང་ཁྱེར་དང་རྫོང་གི་རིམ་གཉིས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་ཉེན་རྟོག་པ79བཀོད་སྒྲིག་བྱས་ཤིང་ཁུལ་ཡོངས་ཀྱི་ཉེན་རྟོག་པའི་ཡོངས་ཀྱི24.46%ཟིན་ཡོད།

གསུམ།གསར་གཏོད་ལ་དམིགས་ནས་བཅོས་བསྒྱུར་ཟབ་སྤེལ་ཁྲོད་དུ་ཞིབ་དཔྱོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་སྐུལ་འདེད་བྱས།  

ལོ་གཅིག་གི་རིང་ལ།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་མུ་མཐུད་དུ་བྱ་བ་གསར་སྤེལ་ནི་ཞིབ་དཔྱོད་བྱ་བའི་སྒུལ་ཤུགས་སྐུལ་སྤེལ་བྱེད་པའི་འཛིན་ས་གཙོ་བོར་བཟུང་ནས།ཞིབ་དཔྱོད་བྱ་བར་དམིགས་ཏེ་མཚོ་ནུབ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁོག་ལ་སྔར་ལས་ལེགས་པའི་ཞབས་ཞུ་བཏོན་ཞིང་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱས།

གཅིགགནས་བབ་ཀྱི་བླང་བྱར་གདིང་ཚོད་བླངས་ཏེ་ལྟ་རྟོག་གི་རྣམ་པ་གསར་གཏོད་བྱས། ཁུལ་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་བཅོས་བསྒྱུར་ཀྱི་སྤྱི་ཁོག་གདིང་ཚོད་བླངས་ཏེ།  མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མྱུུར་བར་འཕེལ་བའི་དུས་རིམ་ལ་སླེབས་པ་དང། ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཟོས་པའི་ཉེས་བཟོའི་གྱོད་གཞི་དང་། དམངས་ཁྲོད་གྲོས་དོན་གྱོད་གཞི།  སྲིད་འཛིན་གྱོད་གཞི་བཅས་ཆེས་ཆེར་འཕར་བའི་དོན་དངོས་ལ་དམིགས་ཏེ།  བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་པའི་རྨང་གཞིའི་སྟེང། ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་ལ་ཆེད་བརྗོད་སྙན་སེང་ཕུལ།   ཁུལ་ཞིབ་དཔྱོད་ཁང་ལ་ད་ཡོད་ཀྱི་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁྲུའུ་ཕྱིར་འཐེན་དང་།  དམངས་དོན་ཞིབ་དཔྱོད་ཁྲུའུ་དང་སྲིད་འཛིན་ཞིབ་དཔྱོད་ཁྲུའུ་བཅས་ལོགས་སུ་བཙུགས་ཤིང་ཁོར་ཡུག་ཐོན་ཁུངས་ཞིབ་དཔྱོད་ཁྲུའུ་གསར་དུ་བཙུགས་པ་མ་ཟད2017ལོའི་ཟླ9བར་སྒོ་བྱང་བཀལ་ནས་དངོས་སུ་བཙུགས།  དམངས་ཀྱི་གྲོས་དོན་དང་སྲིད་འཛིན། ཁོར་ཡུག་སྲུང་སྐྱོང་སོགས་དམངས་དོན་དང་སྲིད་འཛིན་ལྟ་སྐུལ་ཆེན་མོའི་རྣམ་པ་བསྐྲུན་པར་རྩ་འཛུགས་ཀྱི་རྨང་གཞི་བཏིངས།

གཉིས།འཕེལ་རྒྱས་རྣམ་པ་ཆེན་མོར་ལྟ་རྟོག་གི་བྱེད་ཐབས་ཇེ་དྲག་ཏུ་བཏང་།  འགན་ནུས་ལག་བསྟར་དང་ཞུ་སྦྱོར་བཅས་ལ་སྐུལ་འདེད་བྱས་པའི་རྨང་གཞིའི་ཐོག  ཞུ་སྦྱོར་སྐུལ་འདེད་བེད་སྤྱད་དེ་རྒྱལ་དབང་གི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགསགྲོས་འགོད་བརྒྱུད་དེ།  ལྟ་རྟོག་གཉིས་དང་སྐུལ་འདེད་གཉིས་ཞེས་པའི་ཆེད་དོན་བྱ་འགུལ་དེ་ཁོར་ཡུག་དང་ནགས་ལས། ཆུ་བེད།  ནོར་སྲིད་སོགས་ཀྱི་སྡེ་ཁག་ཏུ་རྒྱུན་བསྲིངས་ནས།  ཞིབ་དཔྱོད་སྡེ་ཁག་ནི་གཙོ་ཁྲིད་ཡིན་ལ་རྒྱལ་དབང་རྒྱུ་ནོར་ལྟ་རྟོག་སྡེ་ཁག་སོ་སོའི་མཉམ་འབྲེལ་དམ་ཟབ་ནང་རྐྱེན་ཆགས་སུ་བཅུག་སྟེ།  ཆེད་དོན་བྱ་འགུལ་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་བྱས།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་སྲིད་འཛིན་སྡེ་ཁག་ལ་ཞིབ་དཔྱོད་བསམ་འཆར་བསྡོམས་པའི212བཏོན་ཞིང་གྱོད་གཞི202ལ་་སྲིད་འཛིན་སྡེ་ཁག་གིས་ཕྱིར་ལན་སྤྲད་དེ་དང་དུ་བླངས།  ནུས་ལྡན་གྱིས་རྒྱལ་ཁབ་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་སྤྱི་སྤྱོད་ཁེ་དབང་ལ་སྲུང་སྐྱོང་བྱས།

གསུམཁྲིམས་འཛིན་གྱི་དྲང་བདེན་ལ་དམ་འཛིན་བྱས་ཏེ་ལྟ་རྟོག་གི་གནད་སར་རྒྱུན་བསྲིངས། གྱོད་གཞི་གཅིག་ལ་དཔྱད་བཤེར་རེ་དང་གྱོད་གཞི་གཅིག་ལ་ཡིག་ཚགས་རེ།  གྱོད་གཞི་གཅིག་ལ་དབྱེ་ཞིབ་རེ།  གྱོད་གཞི་གཅིག་ལ་སྤྱི་སྡོམ་རེ།  གྱོད་གཞི་གཅིག་ལ་བསམ་གྲོས་རེ།  གྱོད་གཞི་གཅིག་ལ་དག་ཐེར་ལེགས་བཅོས་རེ་བྱེད་པའི་བྱ་བའི་རྩ་དོན་རྒྱུན་བསྐྱངས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་རྒྱབ་སྐྱོར་ཆེན་མོའི་འོག  2011ལོ་ནས་2016ལོའི་བར་དུ་གཏེར་ལམ་དང་དབུས་ལམ།  ཐེམ་ཆེན་རྫོང་བཅས་ཀྱི་མི་དམངས་ཁྲིམས་ཁང་གིས་བསྒྲུབས་པའི་དམངས་ཀྱི་གྲོས་དོན་དང་སྲིད་འཛིན། གྱོད་གཞི་ལག་བསྟར་བྱེད་པའི་དུས་སུ་ཆེད་དོན་དཔྱད་བཤེར་བྱ་འགུལ་སྤེལ།   བསྡོམས་པའི་གྱོད་དོན་ཤོག་དྲིལ1090ལ་ཞིབ་བཤེར་མཛད་པ་དང་། རིམ་པ་མཉམ་པའི་མི་དམངས་ཁྲིམས་ཁང་ལ་ཞིབ་དཔྱོད་ཀྱི་བསམ་གྲོས51བཏོན་པ་དང་། མི་དམངས་ཁྲིམས་ཁང་གིས་གྱོད་གཞི32དག་ཐེར་ལེགས་བཅོས་བྱས་ཤིང་། ནུས་ལྡན་གྱིས་ཁྲིམས་འཛིན་གྱི་དྲང་བདེན་ལ་སྲུང་སྐྱོང་བྱས།

བཞི།ཆ་རྐྱེན་ལ་གདེང་ཚོད་ནན་མོ་བླངས་ཏེ་སྤྱི་ཕན་ཞུ་བཤེར་ལ་སྐུལ་འདེད་བྱས།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་སྤྱི་ཕན་ཞུ་གཏུག་བྱ་བ་སྤེལ་བའི་བརྡ་སྦྱོརགྱི་དགོངས་དོན་ལྟར།  ཁྱོན་ཡོངས་ནས་སྤྱི་ཕན་ཞུ་གཏུག་བྱ་བ་སྤེལ་ཞིང་།  བསྡོམས་པའི་སྤྱི་ཕན་ཞུ་གཏུག་གྱོད་གཞིའི་ཁུངས་སྣེ40མཐིལ་རྟོགས་གྲལ་བཤེར་བྱས་པ་དང་།  གྱོད་གཞི32ཐོ་འགོད་བྱས།   དེའི་ནང་དུ་གྱོད་གཞི3མཇུག་སྒྲིལ་ཞིབ་བཤེར་དང་།གྱོད་གཞི29ལ་ཞུ་གཏུག་མ་བྱས་སྔོན་དུ་ཞིབ་དཔྱོད་བྱེད་པའི་བསམ་འཆར་བཏོན།  སྲིད་འཛིན་སྡེ་ཁག་གིས་ཡིག་ཐོོག་ནས་ལན་སྤྲོད་དང་དུ་བླངས་པའི་གྱོད་གཞི29དང་། དཔལ་འབྱོར་གྱོང་གུན་སྒོར་ཁྲི40.09བཟློག གཏོར་བརླག་བཟོས་པའི་ནགས་ཚལ་མུའུ25.1སླར་གསོ་བྱས།   རང་འགུལ་གྱིས་ཁུལ་སྲིད་གཞུང་ཁོར་ཡུག་སྲུང་སྐྱོང་ཅུའུ་སོགས་འབྲེལ་ཡོད་འགན་ནུས་སྡེ་ཁག10དང་ཁུལ་ཁྲིམས་ཁང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུསྤྱི་ཕན་ཞུ་གཏུག་ལ་མཐུན་སྦྱོར་མཉམ་སྐྱོང་དང་མཉམ་སྐྲུན་གྱི་རྣམ་པ་ཆེན་མོ་ཇེ་དྲག་གཏོང་བ་སྐོར་གྱི་བསམ་འཆརབཀོད་དེ།  ད་ལོར་སྤྱི་ཕན་ཞུ་གཏུག་བྱ་བ་སྔར་ལས་སྐུལ་འདེད་གང་ལེགས་བཏང་སྟེ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་།

བཞི།སློབ་གསོ་དམ་འཛིན་བྱས་ཏེ་ཞིབ་དཔྱོད་བདག་སྐྱོང་ནན་མོའི་ཁྲོད་དུ་ཁྱོན་ཡོངས་ནས་དཔུང་ཁག་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་།

ལོ་གཅིག་གི་རིང་ལ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ཏང་སྐྱོང་ནན་མོ་ལས་ཞིབ་དཔྱོད་བདག་སྐྱོང་ནན་མོ་ལ་སྐུལ་འདེད་དང་། མུ་མཐུད་དུ་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་གི་སློབ་གསོ་ཇེ་དྲག  བསྟུད་མར་ཉེན་རྟོག་པ་ཡོངས་ཀྱི་ཆབ་སྲིད་བསམ་བློའི་འཛུགས་སྐྲུན་དང་ལས་རིགས་ནུས་ཤུགས་འཛུགས་སྐྲུན་ཇེ་ཆེར་བཏང་སྟེ།  ཞིབ་དཔྱོད་དཔུང་ཁག་གི་བློ་དཀར་གཞུང་དྲངས་དང་འགན་ཐེག་ཆོད་པ་བཅས་རྒྱུན་འཁྱོངས་ནན་མོ་བྱས།

གཅིགབསམ་བློའི་སློབ་གསོ་ནི་སྐུལ་འཁྲིད་དུ་འཛིན་པའི་རྒྱུན་བསྐྱངས། ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་རྣམ་པ་གང་མང་སྤྱད་དེ་ཞིབ་དཔྱོད་ཉེན་རྟོག་པ་ཡོངས་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་ཞིབ་དཔྱོད་བྱ་བ་སོ་སོར་མཛུབ་སྟོན་དང་། མུ་མཐུད་དུ་ཉེན་རྟོག་པའི་འདུ་ཤེས་བཞི་ཇེ་མཐོར་དང་།  ཡིད་ཆེས་བཞི་ཇེ་དྲག་ཏུ་བཏང་སྟེ།  བརྩི་སྲུང་བཞི་དོན་འཁྱོན་བྱས་ཤིང་། ཉེན་རྟོག་པ་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་ངང་གཅིག་གྱུར་ཡོང་དུ་ཆུག

གཉིས།གཟབ་ནན་གྱིས་ཏང་སྐྱོང་བ་ལྷོད་གཡེང་མི་གཏོང་བའི་རྒྱུན་བསྐྱངས། ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ཏང་གིས་ཏང་དོ་དམ་བྱེད་པ་དང་གཟབ་ནན་གྱིས་ཏང་སྐྱོང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་ཞིབ་དཔྱོད་བྱ་བའི་ཕྱོགས་སོ་སོ་རུ་ཁྱབ་དུ་བཅུག་སྟེ།ས་ཞིང་བདག་བཟུང་ལ་འོས་འགན་དགོས་ཤིང་འགན་ཐེག་ཐུབ་དགོས། འགན་འཁྲི་ལྡན་པའི་ས་ཞིང་རྨོ་འདེབས་བྱ་དགོས།  ཆབ་སྲིད་ལ་བརྩི་འཇོག་དང་སྒྲིག་ལམ་བརྩི་སྲུང་། གཙོ་ཕུང་གི་ལས་འགན་དང་ཚན་ཁག་ཁོངས་མིའི་གནས་གཅིག་འགན་གཉིས་ཞེས་པ་བཅས་གཟབ་ནན་གྱིས་ལག་བསྟར་བྱ་ཆེད། རིམ་པ་སོ་སོས་འགན་འཁྲི་ཡི་གེ་བཀོད་དེ་གནོད་ཤུགས་བརྒྱུད་འདྲེན་དང་སྲིད་གཙང་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཏེ། ཉེན་རྟོག་པ་ཡོངས་ཀྱིས་ཏང་དང་སྲིད་གཞུང་གི་སྒྲིག་ཁྲིམས་ལ་ནན་སྲུང་དང་སྡེ་ཁག་གི་ཀུན་སྤྱོད་ལེགས་སྤེལ་དེ་བསྟུད་མར་ཇེ་དྲག་ཏུ་སོང་ཡོད།

གསུམ།སྒྲིག་ཁྲིམས་ཀྱི་སློབ་གསོ་དུས་རྒྱུན་སྤེལ་བའི་རྒྱུན་བསྐྱངས།  མུ་མཐུད་དུ་ཉེན་རྟོག་པའི་ཆབ་སྲིད་སྒྲིག་ཁྲིམས་དང་ལུགས་སྲོལ་སློབ་གསོ་གཏོང་ཚད་ཇེ་དྲག་ཏུ་བཏང་སྟེ།   ཉེན་རྟོག་པ་དག་གིསཏང་གི་སྒྲིག་ཡིགདངཚད་གཞི》《སྲོལ་ཡིག》《གཏན་འབེབས་དོན་ཚན་བརྒྱདདང་དེ་མིན་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་གཏན་འཁེལ་ལ་ལག་བསྟར་ནན་མོ་བྱེད་པར་སློབ་གསོ་བཏང་ནས།  སྒྲིག་ཁྲིམས་དང་གསོན་ཉམས་ལྡན་པའི་གྱོད་གཞི་དཔེ་མཚོན་ཅན་སྤྱད་དེ་ཉེན་རྟོག་པ་དག་ལ་ཏང་དང་སྲིད་གཞུང་གི་སྒྲིག་ཁྲིམས་ནན་སྲུང་བྱེད་པར་སློབ་གསོ་བཏང་སྟེ་ལུགས་སྲོལ་རྟོགས་པ་དང་གསང་ཐག་གཏན་འབེབས་བྱས་ཡོད། ན་ནིང་ཞིབ་དཔྱོད་ཉེན་རྟོག་པས་དོག་ཡོད་ཁྲིམས་འགལ་ལུགས་འགལ་གྱི་ཁུངས་སྣེ་སྡོམ་པས4ཐེར་འདོན་གོང་ཞུ་བྱས་པ་འབྱོར་ཞིང་། གྱོད་གཞི4ལས་སྒྲུབ་ཐག་གཅོད་བྱས། དེའི་ནང་དུ་བདེན་པ་མིན་པའི་ཐེར་འདོན་གོང་ཞུའི་གྱོད་གཞི3དང་། དོགས་ཡོད་ཁྲིམས་འགལ་ལུགས་འགལ་གྱི་ཁུངས་སྣེ1ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ལ་སྤྲད་ནས་ཐག་གཅོད་བྱེད་དུ་ཆུག།

བཞི།ཆེད་ལས་གསོ་སྦྱོང་ཞིབ་ཕྲ་ཅན་དུ་གཏོང་བའི་རྒྱུན་བསྐྱངས།  ཁྲིམས་བསྟར་ཁྲིམས་འཛིན་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དང་ཟུང་དུ་སྦྲེལ་ཏེ།  ཞིབ་དཔྱོད་བྱ་བའི་ཁྲོད་དུ་གནས་པའི་གནད་དོན་དངོས་ལ་དམིགས་ནས་ལས་གནས་དམག་སྦྱོང་ཐེངས27སྤེལ་བ་དང་། ཉེན་རྟོག་པ་མི་ཐེངས187ལ་གསོ་སྦྱོང་མཛད།  གཞི་རིམ་ཞིབ་དཔྱོད་ཁང་གི་ཉེན་རྟོག་པ་སྐོང་འཐེན་བྱས་ཏེ་ཁུལ་ཞིབ་དཔྱོད་ཁང་དུ་སློབ་སྦྱོང་གི་རྣམ་པ་ལས་ལས་གནས་ལ་གསོ་སྦྱོང་བྱས་པའི་མི་ཐེངས2དང་།  དེ་ལས་ནུས་ལྡན་གྱིས་ཞིབ་དཔྱོད་བྱ་བའི་ཁྲོད་དུ་འཕྲད་པའི་གནད་དོན་དངོས་ཐག་གཅོད་བྱས། སྡོམ་པས་མི་ཐེངས220རྩ་འཛུགས་བྱས་ཏེ་མཐོ་རིམ་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་།ཁུལ་ཨུ་བཅས་ཀྱིས་རྩ་འཛུགས་བྱས་པའི་གསོ་སྦྱོང་འཛིན་གྲྭའི་སྟེང་ཞུགས་པ་དང་། དེའི་ནང་དུ་ཞིབ་དཔྱོད་དཔོན102གསོ་སྦྱོང་ལ་ཞུགས་པས། ཁྱོན་ཡོངས་སུ་ཉེན་རྟོག་པའི་སྤྱི་ཡོངས་ཀྱི་བྱང་ཚད་དང་ལས་འགན་ལག་བསྟར་བྱེད་པའི་ནུས་ཤུགས་མཐོར་འདེགས་སུ་བཏང་།

ལྔ།ལས་བཟོ་བ་འདེམ་གསེས་ནན་མོ་བྱེད་པའི་རྒྱུན་བསྐྱངས། ནམ་ཡང་ཏང་གིས་ལས་བཟོ་བ་དོ་དམ་བྱེད་པའི་རྩ་དོན་རྒྱུན་སྐྱོང་སྟེ། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འདེམ་གསེས་བསྐོ་འཐེན་སྲོལ་ཡིགདངཞིབ་དཔྱོད་དཔོན་གྱི་བཅའ་ཁྲིམསལག་བསྟར་ནན་མོ་དང་།  ལས་བྱེད་པའི་མི་དོན་བསྐོ་འཐེན་ཁྲོད་ཐུན་མོང་གིས་གྲོས་བསྡུར་ཐག་གཅོད་དང་དམངས་གཙོ་འདོན་སྤེལ་གང་ལེགས། ཕྱོགས་གང་མང་ནས་བསམ་འཆར་བསྡུ་ལེན་བཅས་བྱེད་པར་རྒྱུན་བསྐྱངས་ཤིང་། ལས་བྱེད་པ་འདེམ་གསེས་བསྐོ་འཐེན་བྱ་བའི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་སྟེ་ཆབ་སྲིད་བྱང་ཚད་མཐོ་ཞིང་ལས་སྒོའི་ནུས་ཤུགས་ཆེ་ལ། གཞུང་དྲང་ཞིང་ཚུལ་ལྡན་གྱི་ན་གཞོན་ལས་བྱེད་པ་སྐོར་ཅིག་འདེམ་གསེས་བསྐོ་འཐེན་བྱས། ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ཁྲུའུ་གཞོན་པའི་རིམ་པ་ཡན་གྱི་ལས་བྱེད་པ་5དང་ཁོའོ་རིམ་པའི་ལས་བྱེད་པ18། ཁྲིམས་ལུགས་གོ་གནས་པ13བཅས་བསྐོ་བཞག་བྱས་པ་ཡིན།

ལྔ། ལུཊ་སྲོལ་ནན་སྲུང་དང་འགོ་ཁྲིད་ཀྱི་ལྟ་རྟོག་དང་ལེན་ཁྲོད་ཁྲིམས་འཛིན་དྲང་བདེན་ཡོང་བའི་རྒྱུན་བསྐྱངས།

ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ནམ་ཡང་ཞིབ་དཔྱོད་བྱ་བ་ནི་ཁུལ་ཨུའི་འགོ་ཁྲིད་ལ་རྟེན་ནས། དགོངས་དོན་སྙན་ཞུའི་ལམ་ལུགས་རྒྱུན་སྐྱོང་ཞིང་ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་དང་།  ཁྱོན་ཡོངས་ལ་བསམ་ཞིང་གང་གསུང་དེ་སྒྲུབ་བཅས་ལས་ཞིབ་དཔྱོད་བྱ་བའི་ཁ་ཕྱོགས་ཡང་དག་ཡིན་པར་ཁག་ཐེག་བྱས། 2017ལོར་ཁུལ་ཞིབ་དཔྱོད་ཁང་ཏང་ཙུས་དུས་ཐོག་ཏུ་ཁུལ་ཨུ་ལ་ཆེད་དོན་བྱ་འགུལ་སྤེལ་ཚུལ་དང་གྱོད་གཞིའགེངས་ཆེན་ཞིབ་གཅོད་བྱས་པའི་གནས་ཚུལ་སྙན་ཞུ་ཕུལ།  ཁུལ་ཨུ་ལཏང་གི་ཚོགས་ཆེན་བཅུ་དགུ་བའི་མཛུབ་སྟོན་འོག་ཏུ་དུས་རབས་གསར་པའི་ཞིབ་དཔྱོད་བྱ་བའི་རྣམ་པ་གསར་པ་གསར་སྤེལ་སྐོར་གྱི་འཚོལ་ཞིབ་དང་བསམ་གཞིགསསོགས་བརྟག་དཔྱད་སྙན་ཞུ་ཡི་གེ4སྙན་སེང་ཕུལ། རང་འགུལ་གྱི་དམངས་དང་དེ་མིན་རྒྱུན་ཨུ་ལྷན་ཁང་གྱི་ལྟ་རྟོག་དང་ལེན་དང་གཟབ་ནན་གྱིས་དམངས་ཆེན་བྱ་བའི་སྙན་ཞུ་འབུལ།ན་ནིང་ཁུལ་གྱི་སྐབས་བཅུ་བཞི་བའི་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པའི་སྟེང་ལ། ཁུལ་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ལ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གི་དམངས་དོན་སྲིད་འཛིན་ཞིབ་དཔྱོད་བྱ་བའི་གནས་ཚུལ་ཆེན་དོན་སྙན་ཞུ་ཕུལ་བ་དང་།  ད་ལོའི་ལོ་སྟོད་ལ་ཁུལ་དམངས་ཆེན་གྱི་འཐུས་མི་དག་ལ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གི2017ལོའི་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་སྟེ།  རང་འགུལ་གྱིས་དམངས་ཆེན་དང་དེ་མིན་རྒྱུན་ཨུ་ཁང་དང་མི་དམངས་འཐུས་མིའི་ལྟ་རྟོག་བཅས་དང་དུ་བླངས་ནས།  ཞིབ་དཔྱོད་སྡེ་ཁག་གིས་ཁྲིམས་ལྟར་ལས་འགན་ལག་བསྟར་དང་ཁྲིམས་འཛིན་དྲང་བདེན་ཡོང་བར་ཁག་ཐེག་བྱས།

འཐུས་མི་རྣམ་པ། 2017ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་བྱ་བ་ལ་གྲུབ་འབྲས་ཅུང་ལེགས་པོ་ཞིག་ཐོབ་ཡོད་ལ། དེ་ནི་ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཡང་དག་པའི་འགོ་ཁྲིད་ཀྱི་གྲུབ་འབྲས་དང།  ཁུལ་དམངས་ཆེན་དང་དེ་མིན་རྒྱུན་ཨུ་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ་གྱི་འབྲས་བུ་ཡིན་ལ།  དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དག་གིས་རྒྱབ་སྐྱོར་ཆེན་མོ་དང་བྲལ་ཐབས་མེད།འབྲས་བུ་ལ་གདེང་འཇོག་བྱེད་པའི་དུས་མཚུངས་སུ།  ང་ཚོས་ཀྱང་བྱ་བའི་ཁྲོད་དུ་ད་དུང་གནད་དོན་ཁ་ཤས་མཆིས་པ་ངེས་པར་དུ་ངོས་ཟིན་དགོས་ལ།  ཞིབ་དཔྱོད་སྡེ་ཁག་གིས་མཚོ་ནུབ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་ཁོག་ལ་བརྩི་སྲུང་དང་ཞབས་ཞུ་འདོན་པའི་ནུས་ཤུགས་སྔར་ལས་ཇེ་མཐོར་གཏོང་དགོས་པ་དང་། དེ་ལས་ལྷག་པར་དུ་གནས་བབ་གསར་པའི་འོག་གནད་དོན་ཐག་གཅོད་ཞིབ་འཇུག་བྱེད་པའི་ནུས་ཤུགས་ད་དུང་མི་འདིང་བ་དང་གཅིག  སྲོལ་རྒྱུན་གྱི་འཆད་ཁྲིད་གཙོ་ཡིན་པའི་ཞིབ་དཔྱོད་དཔོན་ལ་གསོ་སྦྱོང་གི་ཐབས་ལམ་དེ་དེང་དུས་ཞིབ་དཔྱོད་དཔོན་གྱི་གསོ་སྦྱོང་གི་དགོས་མཁོ་སྐོང་ཐབས་མེད་ལ།  རྒྱུད་རིམ་དང་དམིགས་བསལ། ལས་སྒོའི་རང་བཞིན་བཅས་ལྡན་པའི་ཞིབ་དཔྱོད་དཔོན་མུ་མཐུད་དུ་སློབ་གསོ་བྱེད་པའི་ཤུགས་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་དང་གཉིས།  རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་བཅོས་བསྒྱུར་བྱས་རྗེས་རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ཁང་དང་ཞིབ་དཔྱོད་སྡེ་ཁག་གི་ཁྲིམས་གཉིས་མཐུན་སྦྱོར་གྱི་བྱ་བ་འབྲེལ་མཐུན་ཕྱོགས་ནས་ད་དུང་ཞིབ་འཇུག་ནན་མོ་བྱེད་དགོས་པ་དང་གསུམ།  དེའི་ཕྱིར་ང་ཚོས་མཐོང་ཆེན་བྱས་ནས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ནན་ཏན་གྱིས་ཐག་གཅོད་བྱ་རྒྱུ་ཡིན།

2018ལོའི་བྱ་བར་བཀོད་སྒྲིག

འཐུས་མི་རྣམ་པ།  2018ལོ་ནི་ཁྱོན་ཡོངས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་མཐིལ་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ལ།  བཅོས་བསྒྱུར་སྒོ་འབྱེད་ལོ་འཁོར40ལོན་པ་དང་།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཕུ་ཐག་ཆོད་པ་དང་ལྔའི་བཅུ་གསུམ་གྱི་འཆར་འགོད་ལག་བསྟར་ལས་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཡང་ཡིན། ཞིབ་དཔྱོད་འགན་ནུས་འཕོ་འགྱུར་དང་ཞིབ་དཔྱོད་བཅོས་བསྒྱུར་བསྟུད་མར་སྐུལ་འདེད། ཞིབ་དཔྱོད་ལས་དོན་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་སྤྱི་ཁོག་གི་རིག་ལམ་ནི།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་གཙོ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ལེགས་པོ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བཞག་སྟེ། ཞིང་ཆེན་གྱི་ཐེངས་བཅུ་གསུམ་པ་དང་ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པ། ཁུལ་གྱིས་ཐེངས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་བཅས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་དང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་གྲོས་ཚོགས་སྟེང་གི་བཀོད་སྒྲིག་ལྟར། ཁུལ་ཡོངས་ཀྱི་བྱ་བའི་ལྟེ་གནས་ལ་དམ་པོར་དམིགས་ཤིང་། ཁྱོན་ཡོངས་སུ་ཁྲིམས་ལུགས་ལྟ་སྐུལ་གྱི་འགན་ནུས་ལག་བསྟར་དང་།  བློ་བརྟན་འགྱུར་མེད་ཀྱིས་མི་དམངས་ནི་སྲོག་ཤིང་ཡིན་པའི་གཞི་རྩའི་འཆར་གཞི་ཆེན་མོ་དོན་འཁྱོལ།  ཁྱོན་ཡོངས་ནས་ཞིབ་དཔྱོད་བཅོས་བསྒྱུར་དང་དཔུང་ཁག་འཛུགས་སྐྲུན་ཇེ་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་པ་བཅས་ཀྱི་ཁྲོད་དུ་ཞིབ་དཔྱོད་ཀྱི་སྟོབས་ཤུགས་འབུལ་དགོས་ལ། བྱེ་བྲག་ཏུ་གཤམ་གྱི་ཕྱོགས་ལྔའི་བྱ་བ་ལེགས་པོར་བསྒྲུབ་དགོས།

གཅིགསྤྱི་བར་ཞབས་ཞུ་བྱེད་པར་ཁྲིམས་ལྟར་བརྩི་སྲུང་བྱ་དགོས། མཐའ་གཅིག་ཏུ་ཁྱོན་ཡོངས་ལ་དམིགས་ཏེ་ཞབས་ཞུ་བསྒྲུབ་པ་དང་འགན་སྲུང་བཏོན་ནས། རང་ཁུལ་ནི་བོད་ཁུལ་བརྟན་འཇགས་དང་ཞིན་ཅང་སྲ་བརྟན་ཡོང་བའི་བྱ་བའི་ཁྲོད་ཀྱི་དམིགས་བསམ་གྱི་གོ་གནས་དང་ཟུང་དུ་སྦྲེལ་ཏེ།  ཁ་བྲེལ་དང་སིམ་འཛུལ། ལོག་ཆོས་བཅས་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ཟབ་སྤེལ་དང་།  ཁྲིམས་ལྟར་སིམ་འཛུལ་རྩ་སློག་གཏོར་བཤིག་དང་བཙན་ཤུགས་ཀྱི་འཇིགས་སྐུལ་བྱེད་སྒོ། མི་རིགས་ཁ་བྲེལ་བྱ་འགུལ་དང་ཆོས་ལུགས་ཐལ་སྐྱོད་བྱེད་སྒོ།  དེ་མིན་ནག་ཚོགས་ཉེས་སེལ་གྱི་ཆེད་དོན་བྱ་འགུལ་ཟབ་སྤེལ་ལས། ནུས་ཤུགས་ཡོད་རྒུས་མཚོ་ནུབ་ཆབ་སྲིད་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱ་དགོས།

གཉིས།མཐའ་གཅིག་ཏུ་ཁྲིམས་ལྟར་མཚོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།  མཚོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་བྱ་བ་འགངས་ཆེན་ཞིག་ཏུ་རྩིས་ནས། ཧུར་ཐག་སྒོས་རྡུང་རྡེག་དང་སྔོན་འགོག སྲུང་སྐྱོང་བཅས་ཀྱི་ཐབས་གསུམ་མཉམ་སྤྱོད་དང་ཉེས་དོན་དང་སྲིད་འཛིན། དམངས་དོན་བཅས་གསུམ་པོ་མཐོང་ཆེན་དང་སྲུང་སྐྱོང་།  ཁྲིམས་འཛིན་དང་སྲིད་འཛིན།  མང་ཚོགས་བཅས་ཕྱོགས་གསུམ་མཉམ་སྦྲེལ་ལས་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་བའི་རིག་ལམ་ཧུར་ཐག་སྒོས་འཚོལ་ཞིབ་བྱ་དགོས་ལ།  ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཞིབ་དཔྱོད་ཁང་གིས་དར་སྤེལ་གཏོང་བའི་སྐྱེ་ཁམས་ཞིབ་དཔྱོད་མ་དཔེ་ལག་ལེན་དང་། ཧུར་ཐག་སྒོས་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་བར་གྱི་སྦྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། དངོས་ནས་མཚོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་ཡིན་པར་འགན་སྲུང་དང་ཁྲིམས་ལྟར་ཚྭ་འདམ་གཞོང་གི་རི་བོ་སྔར་ལས་སྔོ་ཞིང་ཆུ་བོ་སྔར་ལས་ལྗང་ལ་ནམ་མཁའ་ནི་སྔར་ལས་དྭངས་པར་སྐུལ་འདེད་བྱེད་དགོས།

གསུམ།ཧུར་ཐག་སྒོས་ཞིབ་དཔྱོད་སྡེ་ཁག་གི་ཁྲིམས་ལུགས་ལྟ་རྟོག་བཅས་གནད་ཆེན་བྱ་བའི་འགྱུར་ལྡོག་དང་བསྟུན་དགོས། མི་དམངས་མང་ཚོགས་ཀྱིས་དམངས་གཙོ་དང་ཁྲིམས་སྐྱོང་།  དྲང་གཞག དྲང་བདེན།  བདེ་འཇགས། ཁོར་ཡུག་སོགས་རིམ་པ་གང་མང་གི་བདེ་སྐྱིད་འཚོ་བའི་ཁྲིམས་འཛིན་ཀྱི་དགོས་མཁོ་དང་བསྟུན་ཏེ། སྔར་ལས་ལྷག་པར་དུ་མི་དམངས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་ཆེ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་འགུལ་ལ་རྡུང་རྡེག་ནན་མོ་བྱེད་པ་དང་།  ཚད་ཆེས་མཐོ་བའི་ངང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་འཇགས། ཐོབ་པ་བཅས་ཀྱི་མྱོང་ཚོར་ལ་འགན་སྲུང་བྱ་དགོས།  རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་སྦྲེལ་དམ་པོ་དང་། དམངས་དོན་སྲིད་འཛིན་གྱི་ཞིབ་དཔྱོད་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་ཞིང་། ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་། ཟས་རིགས་སྨན་རྫས་བདེ་འཇགས།  རྒྱལ་དབང་རྒྱུ་ནོར་སྲུང་སྐྱོང་། རྒྱལ་དབང་ས་ཞིང་བཀོལ་སྤྱོད་བཅས་ཀྱི་དབང་ཆ་ནང་བཤུག་གཏོང་བ་བཅས་གཙོ་ཡིན་པའི་སྤྱི་ཕན་ཞུ་གཏུག་གི་བྱ་བ་སྤེལ་ནས། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྤྱི་སྤྱོད་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་དགོས།

བཞི།དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་ཞིབ་དཔྱོད་ལྟ་རྟོག་གི་ནུས་ཤུགས་མཐོར་འདེགས་གཏོང་ཐབས་འཚོལ་ཞིབ་བྱ་དགོས།  མུ་མཐུད་དུ་ཚན་རྩལ་ལས་ཞིབ་དཔྱོད་ཤུགས་ཚད་ཇེ་དྲག་གཏོང་ཞིང་། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་འཚོལ་ཞིབ་དང་བེད་སྤྱོད་པར་འབད་དགོས་ལ། དཔེར་ན་གཞི་གྲངས་དང་མིས་བཟོས་རིག་སྟོབས་ནི་ཉེས་དོན་དང་དམངས་ཀྱི་གྲོས་དོན། སྲིད་འཛིན། ཁོར་ཡུག་ཐོན་ཁུངས་བཅས་ཀྱི་གྱོད་གཞི་ཁྲོད་དུ་བདེན་དཔང་འཚོལ་བསྡུ་དང་ལེགས་སྒྲིག དབྱེ་ཞིབ།  ཕྱོགས་བསྡུས་སྐོར་ཐད་དུ་བློ་གྲོས་ལྡན་པའི་ཞིབ་དཔྱོད་ཀྱི་གནས་བབ་འདོན་སྤེལ་དང་།  དེང་རབས་ཚན་རྩལ་སྤྱད་དེ་མུ་མཐུད་དུ་འདྲི་གཅོད་ནི་སྲོག་ཤིང་ཡིན་པའི་ཉེས་དོན་ཞུ་གཏུག་གི་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གང་ལེགས་གཏོང་དགོས།  དྲང་གཞག་ཁྲིམས་འཛིན་དང་དམངས་ཆེད་ཁྲིམས་འཛིན་བཅས་སྐུལ་འདེད་ལས།  མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་དུ་དྲང་གཞག་དྲང་བདེན་ཡིན་པར་མྱོང་ཚོར་བྱེད་དུ་འཇུག་དགོས།

ལྔ།བསམ་བློ་གསར་པས་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྲུན་ལ་སྣེ་འཁྲིད་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་དཔུང་ཁག་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པར་རྒྱུན་སྐྱོང་དགོས་ཤིང། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ནན་མོ། དག་བཅོས་བྱས་ཟིན་པའིརྩ་ཁྲིམསལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན།  མུ་མཐུད་དུ་ཉེན་རྟོག་པ་ཡོངས་ཀྱི་ཆབ་སྲིད་བྱང་ཚད་དང་ཆབ་སྲིད་ལངས་ཕྱོགས་བཅས་ཇེ་མཐོར་གཏོང་དགོས་ཤིང་།  འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན། བརྩི་སྲུང་བཞི་སྒྲུབ་ཕོད་པ།  ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཟིལ་ཤུགས་དང་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་ནན་མོ་བྱ་དགོས།  བྱེད་ཐབས་དང་རྣམ་པ་སྣ་ཚོགས་སྤྱད་དེ་ཁྱོན་ཡོངས་ནས་ཞིབ་དཔྱོད་ཉེན་རྟོག་པར་ལས་སྒོ་གསོ་སྦྱོང་གི་བྱ་བ་སྤེལ་དགོས་ལ།  སྔར་ལས་ཉེན་རྟོག་པའི་ལས་སྒོའི་བྱང་ཚད་མཐོར་འདེགས་དང་། ཆབ་སྲིད་འཛུགས་སྐྲུན་དང་ལས་སྒོ་གསོ་སྦྱོང་ཁྲོད་དུ་ཧུར་ཐག་གིས་ཏང་ལ་བློ་སེམས་དཀར་ཞིང་ལས་སྒོར་བྱང་ཆ་ལྡན་པ།  འགན་འཁུར་ཕོད་པ། སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་ཞིབ་དཔྱོད་དཔུང་ཁག་ཅིག་འཛུགས་དགོས།  

འཐུས་མི་རྣམ་པ། དུས་རབས་གསར་པ་ལ་རྣམ་པ་གསར་པ་ལྡན་དགོས་ཤིང་།   འགན་འཁྲི་གསར་པས་བྱས་རྗེས་གསར་པ་འབོད་སྐུལ་བྱེད་བཞིན་ཡོད། ལོ་གསར་པའི་ནང་ལ་ང་ཚོས་ཀྱང་ཁྱོན་ཡོངས་ནས་ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཆོད་བླང་བྱ་ལྟར་ལྷག་བསམ་རྣམ་དག་གིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་སྤྲད་པའི་འགན་འཁྲི་ལག་བསྟར། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཏེ།  ཇུས་འགོད་ཞིབ་ཚགས་དང་གསར་གཏོད་གསར་སྤེལ། འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཏན་ཏིག་ཏུ་སྤེལ་ཏེ།   འབྱོར་ཕྱུག་དང་དཔལ་ཡོན།  འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་བསྐྲུན་ཕྱིར་སྔར་ལས་ལྷག་པའི་བྱས་རྗེས་ཆེན་མོ་འཇོག་དགོས་སོ།།

གོང་མ།:སྲིད་གཞུང་གི་ལས་དོན་སྙན་ཞུ།

ཞོལ་མ།:མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235