མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

སྲིད་གཞུང་གི་ལས་དོན་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2018-04-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

སྲིད་གཞུང་གི་ལས་དོན་སྙན་ཞུ།

---2018ལོའི་ཟླ3པའི་ཚེས26ཉིན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་།

ཁུལ་གཙོ། མེང་ཧའེ་ནས།

འཐུས་མི་རྣམ་པ།  

ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སེང་འབུལ་རྒྱུ་ཡིན་པས།གྲོས་ཞིབ་གནང་བར་མ་ཟད།ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་མི་སྣས་ཀྱང་དགོངས་འཆར་འདོན་རོགས།

གཅིག   2017ལོའི་བྱ་བར་ཕྱིར་དྲན།

2017ལོ་ནི་ཏང་འཐུས་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པའི་ལོ་ཡིན་ལ།ཁྱོན་ཡོངས་ནས་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པ་བཅས་ཀྱི་ཇུས་གཞི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་འགོ་བརྩམས་པའི་ལོ་དང་སྐབས་འདིའི་སྲིད་གཞུང་གིས་ཁྲིམས་ལྟར་འོས་འགན་དང་ལེན་བྱེད་པའི་ལོ་ཐོག་མའང་ཡིན།དོན་དག་གལ་ཆེན་དང་དགའ་འོས་པའི་བྱ་གཞག་ཧ་ཅང་མང་།རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་དཔལ་འབྱོར་རྣམ་པར་ཁ་གཏད་དེ།ང་ཚོས་ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་མཛུབ་སྟོན་དུ་བཟུང་ནས།འདུ་ཤེས་བཞི་དང་ཡིད་རྟོན་བཞི་བརྟན་པོར་ཆགས་སུ་བཅུག་སྟེ།བརྟན་པོའི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་འཕེལ་རིམ་ལ་གདེང་ཚོད་བླངས་ནས།བློ་བརྟེན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུན་མ་གསར་པ་དོན་འཁྱོལ་དང་བསྒྱུར་བ་བཞིས་ཏན་ཏན་ཏིག་ཏིག་བཞི་ལ་སྐུལ་འདེད་བྱེད་པའི་བླང་བྱ་གལ་ཆེན་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་ཆུགགཅིག་གྱུར་གྱིས་བརྟན་པོར་འཕར་བ་དང་སྒྲིག་གཞི་ལེགས་སྡེབ། བཅོས་བསྒྱུར་ལ་སྐུལ་འདེད།སྐྱེ་ཁམས་ལ་དམ་འཛིན། དམངས་འཚོར་ཕན་འདེགས་པ།བརྟན་འཇགས་སྲུང་བ་སོགས་ལས་དོན་སོ་སོར་སྐུལ་འདེད་བྱས་ཤིང་།  དཔལ་འབྱོར་འཁོར་སྤྱོད་སྤྱི་ཆ་ནས་བརྟན་ཞིང་བརླིང་ལ། བརྟན་པོའི་ཁྲོད་ནས་ཡར་ཐོན་དང་ཡར་ཐོན་ཁྲོད་ནས་ཇེ་ལེགས་སུ་སོང་ཞིང་། ཁུལ་ཡོངས་སུ་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལྡན་པའི་རྣམ་པ་གསར་པ་བཏོད།

ལོ་ངོ་གཅིག་གི་རིང་དུ་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་གྲངས་སྒོར་དུང་ཕྱུར526.2ལ་སླེབས་པ་དང9.5%ཡར་འཕར།  འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གནས2.2ལས་མཐོ།ཞིང་ཆེན་ཡོངས་ལ་བྱས་རྗེས་བཞག་ཚད25.4%ལ་བསླེབས། 2013ལོར་ ནས་བཟུང་མཚོ་ནུབ་ཏུ་མངོན་འགྱུར་བྱུང་ཚད་ཆེས་མཐོ་བ་ཡིན།དེའི་ཁྲོད་དུ་ཐོན་ལས་དང་པོ་དང་ཐོན་ལས་གསུམ་པའི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན།ཐོན་ལས་གཉིས་པའི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པ་ཡིན། ས་གནས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར700.2བཏང་ཞིང་། 25%ཡར་འཕར། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གནས14.7ལས་མཐོ།འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན།  ཞིང་ཆེན་ཡོངས་ལ་བྱས་རྗེས་བཞག་ཚད38.5%ཡིན། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར50.1ཡིན་ལ། 11.1%ཡར་འཕར།  ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གནས1.8ལས་མཐོ། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཡིན།ཞིང་ཆེན་ཡོངས་ལ་བྱས་རྗེས་བཞག་ཚད24%ཡིན། སྤྱི་ཚོགས་འཛད་སྤྱོད་སིལ་རྫས་འཚོང་ཚད་སྤྱིའི་དངུལ་གྲངས་སྒོར་དུང་ཕྱུར98.3ཡིན་ལ། 9.4%ཡར་འཕར།ཁུལ་ཏང་ཨུ་དང་ཁུལ་དམངས་ཆེན་གྱིས་གཏན་འབེབས་བྱས་པའི་དམིིགས་འབེན་ལས་འགན་བདེ་བླག་ངང་འགྲུབ་ཅིང་།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་པོར་འཕར་ཆེད་མཚོ་ནུབ་ཀྱི་སྟོབས་ཤུགས་འབུལ།

2017ལོར།ང་ཚོའི་ཚད་མཐོ་བའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་དངོས་སུ་མཚོ་ནུབ་ཏུ་ཕེབས་ནས་ལོ་འཁོར་གཅིག་ལོན་པའི་བྱ་འགུལ་དང་སྐབས་གསུམ་པའི་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྲུན་པའི་ཉམས་མྱོང་བརྗེ་རེས་ཡུལ་དངོས་གྲོས་ཚོགས་འགན་སྒྲུབ་མཛད་ཅིང་།རྒྱལ་ཁའི་ངང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་བསྐྲུན་ལ། ཞིང་ཆེན་ཡོངས་སུ་མཚོ་ནུབ་གཅིག་པུ་ལ་དབུལ་སྐྱོར་མཁྲེགས་གཏོར་ཐད་བྱས་རྗེས་བཞག་པའི་བྱ་དགའ་ཐོབ།བསྟུད་མར་རྒྱལ་ཡོངས་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུལ་བྱུང་མཚན་སྙན་ཐོབ།བསྟུད་མར་ཐེངས་གཉིས་ལ་རྒྱལ་ཡོངས་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེས་མཐོའི་བྱ་དགའ་སྟེ་ཁྲན་ཨན་རྟགས་མ་ཐོབ། མཚོ་ནུབ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱས་རྗེས་ཕུན་སུམ་ཚོགས་པ་མངོན་པར་བྱས།

ལོ་ངོ་གཅིག་གི་རིང་དུ་ང་ཚོས་གཙོ་བོར་གཤམ་གསལ་གྱི་ཕྱོགས་བརྒྱད་ཀྱི་བྱ་བར་དམ་འཛིན་བྱས།

གཅིག ཁྱད་ཆོས་དམ་འཛིན་དང་གཙོ་གནད་གསོ་སྐྱོང་བྱས་ཏེ། ཐོན་ལས་སྒྲིག་གཞིའི་སྡེབ་བཀོད་ཐད་གྲུབ་འབྲས་གསར་པ་བླངས། ཐོན་ལས་གསུམ་གྱི་སྒྲིག་གཞི་བསྟུད་མར་ལེགས་བསྒྱུར་བྱས།ཐོན་ལས་དང་པོའི་བསྡུར་གྲངས་བརྒྱ་ཆའི་གནས0.2མར་ཆག ཐོན་ལས་གཉིས་པའི་བསྡུར་གྲངས་བརྒྱ་ཆའི་གནས0.7མར་ཆག ཐོན་ལས་གསུམ་པའི་བསྡུར་གྲངས་བརྒྱ་ཆའི་གནས0.9ཡར་འཕར།ཐོན་ལས་གསུམ་གྱི་དཔལ་འབྱོར་འཕར་ཚད་ལ་བཞག་པའི་བྱས་རྗེས་ཚད་སོ་སོ7.1%དང63.8%29.1%ཡིན།སོ་སོའི་དཔལ་འབྱོར་འཕར་ཚད་ལ་བརྒྱ་ཆའི་གནས0.7དང62.8ཀྱི་སྐུལ་འཁྲིད་བྱས། ལག་རྩལ་མཐོ་བའི་ཐོན་ལས་དང་སྒྲིག་ཆས་ལས་བཟོ་ཐོན་ལས། འཚོ་བའི་འཛད་སྤྱོད་ཐོན་རྫས་བཟོ་ལས་སོ་སོ33.4%དང104.9%115%ཡར་འཕར་ཞིང་།དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་ཤུགས་སུ་གྱུར་ཡོད།ཐོན་ལས་དང་པོའི་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར29.5འགྲུབ་པ་དང10.8%ཡར་འཕར།མཚོ་ནུབ་ནི་རྒྱལ་ཡོངས་ཀྱི་འཕང་འབྲས་ཐོན་ལས་ཁུལ་གཉིས་པར་གྱུར་པ་དང་སྐྱེས་ལྡན་འཕང་འབྲས་ཐོན་ཚད་རྒྱལ་ཡོངས་སུ་ཨང་དང་པོ་ཡིན། འཕང་འབྲས་ཕྱི་འཚོང་ཚད་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཁྲོད་ཨང་དང་པོ་ཡིན།  འཕང་འབྲས་ཐོན་ལས་གླིང་རྒྱལ་ཁའི་ངང་རྒྱལ་ཁབ་རིམ་པའི་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཐོན་ལས་གླིང་བསྐྲུན་པའི་མིང་ཐོ་རུ་བདམས།མཚོ་སྔོན་ལི་གྲོ་ཨང་རྟགས2པ་དང3པར་ཞིང་ཆེན་རིམ་པའི་ཐོན་རྫས་རིགས་ཀྱི་དཔྱད་ཞིབ་གཏན་འབེབས་བྱས་ཏེ་རབ་དང་རིམ་པའི་ཐོན་རྫས་ཚོང་རར་བཀྲམས།ཐོན་ལས་གཉིས་པའི་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར349.7འགྲུབ་པ་དང9.1%ཡར་འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་གྲངས9.2%ཡར་འཕར། གློག་གཞི་རིམ་པའི་ཐཱན་སྐྱུར་ལའེ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚད་མཐོན་པོར་ཡར་འཕར།ནུས་ཁུངས་གསར་པའི་ཐོན་ལས་ཚད་རྒྱབ་ཁབ་ཀྱི་འཐབ་ཇུས་སུ་ཚུད། ནུས་ཁུངས་གསར་པའི་ལས་གཞི་བསྡོམས་པའི172བསྐྲུན་ནས་འགྲུབ།འཕྲུལ་ཆས་ཀྱི་སྤྱིའི་ཤོང་ཚད་ཀྲའོ་ཝ5617.5ཡིན་པ་དང་ཞིང་ཆེན་ཡོངས་ཀྱི58.9%ཟིན།ཉིས་ནུས་གློག་འདོན་ཚད་རྒྱལ་ཡོངས་སུ་ཨང་དང་པོ་ཡིན།ན་གོར་མོ་དང་གཏེར་ལེན་ཁ་རྒྱལ་ཁའི་ངང་རྒྱལ་ཁབ་ཀྱི་ཀོན་ཧྥུ་གློག་འདོན་བེད་སྤྱོད་སྣེ་འཁྲིད་གནས་གཞི་རུ་ཚུད།འཛམ་བུ་གླིང་དུ་གཞི་ཁྱོན་ཆེས་ཆེ་བའི་ལྕགས་རིགས་མའེ་ཐོན་ལས་སྦྲེལ་མཐུད་ཀྱི་ཐོན་སྐྱེད་སྒྲིག་ཆས14འགྲུབ་ཏེ་ཚོད་ལྟ་བྱས།མཚོ་སྔོན་སྣུམ་ཞིང་དོང210རུ་ཉིན་རེར་ཏུན་སྟོང་ཐོན་པའི་སྣུམ་དོང་དུ་གྱུར་ཞིང་རྒྱལ་ནང་གི་དོང་གཅིག་ཏུ་ཉིན་རེའི་ཐོན་ཚད་ཆེས་མཐོ་བའི་ཟིན་བྲིས་གསར་པ་བཀོད།ཐོན་ལས་གསུམ་པའི་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར147.1འགྲུབ་པ་དང10.1%ཡར་འཕར།གློག་ཚོང་གི་ཕྱི་འཚོང་ཚད་སྒོར་དུང་ཕྱུར2མངོན་འགྱུར་བྱུང་བ་དང53.8%ཡར་འཕར།ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཆུ་སྟེང་གི་ཡཱ་ཏིན།  ནམ་མཁའི་ཕོ་བྲང་ཨང་རྟགས་དང་པོ་རྒྱལ་ཁབ་ཀྱི་ལེགས་འདེམས་ལས་གཞིར་བདམས། ཚྭ་ཁའི་ཚྭ་མཚོ་རུ་ཉིན་རེར་ལྗོངས་རྒྱུ་མི་གྲངས་ཞིང་ཆེན་ཡོངས་སུ་ཆེས་མང་བའི་ཟིན་ཐོ་བཀོད།ཁུལ་ཡོངས་ཀྱི་ལྗོངས་རྒྱུ་མི་གྲངས་དང་ཡོང་སྒོ་སོ་སོ24.4%དང48.1%ཡར་འཕར།ཁྱད་མཚར་བའི་ཚྭ་འདམ·མེས་རྒྱལ་ཀྱི་གཏེར་གྱི་གཞོང་བ་ཞེས་པའི་ཐོན་རྫས་ཚོང་རྟགས་ཁྱོན་ཡོངས་སུ་སྙན་གྲགས་ཁྱབ།

གཉིས། མཐུན་སྦྱོར་ལ་དམ་འཛིན་དང་གནད་ཁེལ་ལ་གཙིག་འཛིན་བྱས་ཏེ། མཐུན་སྦྱོར་ཚོད་འཛིན་ཞབས་ཞུར་སྟོབས་ཤུགས་གསར་པ་རྒྱས། ཁུལ་ཨུའི་ལྟ་ཞིབ་ཆེན་མོའི་མི་ལྔ་ཚན་ཆུང་དང་གཙོ་གནད་ལྔ་ཞེས་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚན་ཆུང་།དེ་མིན་དངུལ་གཏོང་དང་བཟོ་ལས་འཁོར་སྐྱོད།ཐོན་ལས་གསུམ་གྱི་འཕེལ་རྒྱས་བཅས་བཀོད་འདོམས་པུའུ་གསུམ་གྱི་འགན་ནུས་གང་ལེགས་བཏོན། ཁུལ་དང་རྫོང་གི་ཁེ་ལས་རིམ་གསུམ་འབྲེལ་སྒུལ་ཞབས་ཞུའི་ཁེ་ལས་རྐྱེན་སྲོལ་བསྐྲུན།ཁྱོན་ཡོངས་ནས་ཁུལ་རིམ་པའི་འགོ་ཁྲིད་འབྲེལ་གནས་སུ་སྡོད་པའི་འོས་འགན་ལམ་ལུགས་དང་ཁེ་ལས་ཆེན་པོའི་བཤར་གཏོང་རླངས་འཁོར་ཞེས་པའི་ཞབས་ཞུ་ལམ་ལུགས་དང་།འཕར་གནས་མཐུན་སྦྱོར་ཞབས་ཞུའི་ལམ་ལུགས་སོགས་དོན་འཁྱོལ་བྱས།བཟོ་ལས་གློག་སྤྱད་ཚད་དང་ལྕགས་ལམ་དངོས་ཟོག་སྐྱེལ་འདྲེན་ཚད།གློག་འདོན་ཚད་སོགས་སུ་གྲངས་གནས་གཉིས་འཕར་བ་མངོན་འགྱུར་བྱུང་། བཟོ་ལས་ཐོན་རྫས་ཚོང་ཚད91.1%ལ་སླེབས་ཤིང་ནུས་ལྡན་གྱིས་དཔལ་འབྱོར་བརྟན་པོར་འཕར་བར་སྐུལ་འདེད་བྱས།སྔོན་རྩིས་བཀོད་སྒྲིག་དང་མ་དངུལ་གསོག་འཇོག་འཁོར་རྒྱུག་བརྒྱུད་དེ་ཐོན་སྐྱེད་འཕར་བའི་ཆེད་བཀོལ་མ་དངུལ་སྒོར་དུང་ཕྱུར1.3བཏང་།སྒྲིག་གཞི་རང་བཞིན་གྱི་ཁྲལ་འཐེན་སྒོར་དུང་ཕྱུར18དོན་འཁྱོལ་བྱས། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་མཉམ་འབྲེལ་བྱེད་པར་ཤུགས་བསྣན།དངུལ་རྩའི་ལས་ཁུངས17དང་ཁེ་ལས་དུད་ཁྱིམ63བར་གྲོས་དངུལ་བཀོད་པའི་སྤྱིའི་དངུལ་འབོར་སྒོར་དུང་ཕྱུར169.4ཡིན།དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གྱི་རིག་ལམ་དང་རྣམ་པ་སྔར་བས་རྒྱ་བསྐྱེད།ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་ཞབས་ཞུའི་ཤུགས་ཚད་བསྟུད་མར་ཆེ་རུ་ཕྱིན།ཁུལ་ནང་ཁུལ་གྱི་སྐྱི་དངུལ་སོ་སོའི་ལྷག་དངུལ་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་བརྒལ་ཞིང13.5%ཡར་འཕར།དེའི་ཁྲོད་དུ་ཁེ་ལས་ཆུང་ངུའི་སྐྱི་དངུལ་གྱི་ལྷག་དངུལ43.4%ཡར་འཕར།དཔང་བུན་རིམ་གསགས་ཀྱི་བརྗེ་ཚོང་ལྷག་དངུལ23%ཡར་འཕར།འགན་སྲུང་གླ་དངུལ་གྱི་ཡོང་འབབ20.8%ཡར་འཕར།

གསུམ། འཕེལ་རིམ་ལ་དམ་འཛིན་དང་གྲུབ་འབྲས་ལ་གཙིག་འཛིན་བྱས་ཏེ། ལས་གཞིའི་དངུལ་གཏོང་བྱ་བར་རྣམ་པ་གསར་པ་བཏོད། འགོ་ཁྲིད་ཡོངས་ཀྱི་འོས་འགན་ལམ་ལུགས་དང་ལས་གཞི་སྙོམས་འཇུག་ལམ་ལུགས།དམིགས་འབེན་དཔྱད་ལེན་ལམ་ལུགས།ལས་གཞིའི་འོས་འགན་རྩད་གཅོད་ལམ་ལུགས་སོགས་ལམ་ལུགས་བཞི་བསྐྲུན་ཞིང་། ཟླ་རེར་དངུལ་གཏོང་འགྲུབ་པའི་གནས་ཚུལ་དང་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལས་རིམ་སོགས་དོན་དག་ལ་སྤྱི་སྒྲོག་དང་གསལ་འདེབས།ལྟ་སྐུལ། གྲོས་འདེབས་སོགས་བྱ་བའི་ལམ་ལུགས་ལ་ཤུགས་བརྒྱབ་ཏེ། བྱ་གཞག་གཙོ་བོ་དང་ལས་གཞི་གལ་ཆེན་བདེ་ལག་ངང་སྤེལ་བར་ཁག་ཐེག་བྱས།ཞིང་ཆེན་རིམ་པའི་ལས་གཞི་གལ་ཆེན24བསྐྱར་སྐྲུན་གྱི་འགོ་བརྩམས།ཁུལ་རིམ་པའི་ལས་གཞི་གལ་ཆེན200རུ་ལས་གཞི147གྱི་བསྐྱར་སྐྲུན་འགོ་བརྩམས། སྐོར་གསུམ་པའི་གཅིག་བསྡུས་སུ་ལས་གཞི765བསྐྱར་སྐྲུན་འགོ་བརྩམས།ན་གོར་མོའི་གནམ་གྲུ་ཐང་རྒྱ་སྐྱེད་འཛུགས་སྐྲུན་དང་ཏུན་ཁྲི2ཅན་གྱི་གློག་སྣོད་རིམ་པའི་ཐཱན་སྐྱུར་ལའེ་དང་ཏུན་ཁྲི16ཅན་གྱི་ཅུས་པིན་ཞི།ཏུན་ཁྲི3000ཅན་གྱི་འཕང་འབྲས་སྐྱུར་རྒྱུ་སོགས་ལས་གཞི་འགྲུབ་ནས་བེད་གཏོང་བྱས།ཕྱུགས་སྐྱིལ་འགག་ཆུ་བེད་བཟོ་སྐྲུན་དང་ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ། ན་གོར་མོ་ནས་འཁོར་ལོ་བར་གྱི་ལྕགས་ལམ། གཏེར་ལེན་ཁ་ནས་གཏེར་ལམ་བར་གྱི་གཞུང་ལམ།ཡའེ་ལི་ཕིན་ཚྭ་མཚོའི་ཐོན་ཁུངས་གསར་འབྱེད། ཏུན་ཁྲི5ཅན་གྱི་གཤེར་གཟུགས་རྡོ་སྣུམ་ལས་སྣུམ་རླངས་བཙོ་སྦྱངས་བྱེད་པ་སོགས་ལས་གཞི་བདེ་བླག་ངང་སྤེལ་མུས་སུ་ཡོད།ན་རིང་ཀི་ལི་ཆུ་བེད་བཟོ་སྐྲུན་དང་ཐེམ་ཆེན་ནས་མཚོ་དཀར་རིས་བར་གྱི་མྱུར་བགྲོད་གཞུང་ལམ།སུའེ་པའེ་ནས་ཚྭ་ཁམས་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སོགས་ལས་གཞི་འཛུགས་སྐྲུན་འགོ་བརྩམས།ཀྲུང་གོའི་ནུབ་རྒྱུདཚྭ་འདམགནམ་གྲུ་ཕྱིར་བསྡུ་ལྟེ་གནས་དང་ཀྲུང་གོའི་མིག་དམར་ཚོད་ལྟའི་གནས་གཞི། གནམ་ཆུ་བཟོ་སྐྲུན། ཀྲུང་ཁ་རྡོ་སྣུམ་འདྲེན་སྦུག་ན་གོར་མོའི་བར་བསྲིངས་པ་སོགས་ལས་གཞི་གལ་ཆེན51གི་སྔོན་འགྲོའི་བྱ་བ་མྱུར་བར་སྤེལ།ན་གོར་མོ་དང་གཏེར་ལེན་ཁ་གཉིས་རྒྱལ་ཁབ་ཀྱི་གྲོང་སྲིད་གལ་ཆེན་བཟོ་སྐྲུན་མངའ་ཁོངས་ཀྱིPPPགསར་གཏོད་བྱ་བའི་གྲོང་ཁྱེར་གལ་ཆེན་དུ་བདམས་ཡོད།

བཞི། གཅིག་གྱུར་ལ་དམ་འཛིན་དང་འཛུགས་སྐྲུན་ལ་གཙིག་འཛིན་བྱས་ཏེ། མཁར་ཤང་གི་མཐུན་སྦྱོར་འཕེལ་རྒྱས་ལ་ཐོད་བརྒལ་གསར་པ་མངོན་འགྱུར་བྱུང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་དོ་དམ་སྲོལ་ཡིགབཏོན་ཏེ། ན་གོར་མོའི་གྲངས་ཀའི་གྲོང་ཁྱེར་དོ་དམ་མ་ལག་འགྲུབ་ནས་བེད་སྤྱོད་བྱས། གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་མངོན་གསལ་དུ་ཇེ་མཐོར་སོང་ཞིང་གྲོང་ཁྱེར་གྱི་རྣམ་པ་ཉིན་བཞིན་ཡར་རྒྱས་སུ་འགྲོ་བཞིན་ཡོད།གཏེར་ལེན་ཁ་གྲོང་ཁྱེར་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི་གྲོང་ཁྱེར་ཇུས་འགོད་ཚོད་ལྟའི་གནས་སུ་ཚུད།ན་གོར་མོ་གྲོང་ཁྱེར་རྒྱལ་ཁའི་ངང་རྒྱལ་ཡོངས་ཀྱི་སྐོར་གསུམ་པའི་གྲོང་ཁྱེར་ཟུང་སྐྲུན་ཞེས་པའི་ཚོད་ལྟའི་གྲོང་ཁྱེར་རུ་ཞུ་སྤྲོད་བྱས། མཛེས་སྡུག་གི་མཁར་གྲོང4འཛུགས་སྐྲུན་དང་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ10འཛུགས་སྐྲུན་ལག་བསྟར་བྱས། གྲོང་རྡལ་ཆུང་ངུ15ཁྱད་ཆོས་ལྡན་པར་གསོ་སྐྱོང་བྱས་ཤིང་།ཚྭ་ཁ་གྲོང་རྡལ་དང་མཚོ་ཁུར་ལུག་གྲོང་རྡལ་སོ་སོ་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྐོར་གྱི་ཁྱད་ལྡན་གྲོང་རྡལ་དུ་ཚུད།གཏེར་ལེན་ཁ་དང་ཚྭ་འདམ་ཆེ་བ་གཉིས་རྒྱལ་ཁའི་ངང་རྒྱལ་ཁབ་ཀྱི་གཙང་སྦྲའི་གྲོང་ཁྱེར་རུ་བསྐྲུན།རྫོང་མཁརན་གོར་མོ་གྲོང་ཁྱེར་གྱི་བྱང་གི་ས་ཁུལ་ལྔ་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཀན་ནན་ས་ཁུལ་བཅས་ཀྱི་དུད་ཁྱིམ2146གི་བཤིག་སྤོ་བྱ་བ་ཕལ་ཆེར་འགྲུབ།མཁར་གྲོང་གི་དྲོད་སྐྱིལ་ཁང་གྱན5203གྱི་བཅོས་བསྒྱུར་དང་རོང་འབྲོག་ཁུལ་གྱི་དུད་ཁྱིམ2117གྱི་ཉེན་ཁ་ཆེ་བའི་ཁང་རྙིང་ཞིག་གསོ་བྱས།དུད་ཁྱིམ806མཁར་གྲོང་དུ་ཕྱིན་ནས་ལས་ཀ་གཉེར་མཁན་ལ་མཁར་གྲོང་གི་སྤྱིའི་གླ་ཁང་གི་ཁག་ཐེག་ཁྱབ་ཁོངས་སུ་བླངས།

ལྔ།སྲ་བརྟན་ལ་དམ་འཛིན་དང་ཡར་ཐོན་ལ་གཙིག་འཛིན་བྱས་ཏེ། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་གསར་པ་བརྩོན་ལེན་བྱས། དབུལ་སྐྱོར་འོས་འགན་སྦྲེལ་ཐག་དང་ལས་འགན་སྦྲེལ་ཐག་སྔར་བས་འཐུས་ཚང་དུ་བཏང་ཞིང་། དབུལ་ཐར་གཙང་སེལ་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་ཡར་ཐོན་བྱུང་།ཁུལ་ཡོངས་ཀྱིས་དབུལ་ཕོངས་མངའ་ཁོངས་སུ་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར36.1བཏང་།དངུལ་རྩའི་དབུལ་སྐྱོར་སྐྱི་དངུལ་སྒོར་དུང་ཕྱུར71.7དོན་འཁྱོལ་བྱས།རོང་འབྲོག་ཁུལ་གྱི་དབུལ་ཕོངས་སྡེ་བའི་རྨང་གཞིའི་འཛུགས་སྐྲུན་དང་ཐོན་ལས་ཡར་འདེགས་ཐད་བཀོལ་གཏོང་བྱས།ཞིང་ཆེན་ཡོངས་ཀྱི་སྔོན་ལ་སྲིད་འཛིན་སྡེ་བ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཐད་ཀྱི་མ་དངུལ་ཡོངས་སུ་ཁེབས་པར་བྱས་ཏེ།སྡེ་བ་རེ་རེར་ཐོན་ལས་ལྡན་པའི་རྣམ་པ་གསར་པ་ཕལ་ཆེར་གྲུབ་ཡོད། གཟབ་ནན་གྱིས་སེམས་ཁུར་མི་བྱ་བ་གཉིས་དང་འགན་སྲུང་གསུམ་ཞེས་པ་དོན་འཁྱོལ་བྱས།ཞིང་ཆེན་ཡོངས་ཀྱི་སྔོན་ལ་སྐུད་གཉིས་གཅིག་སྦྲེལ་རྗེས་ཀྱི་དབུལ་ཕོངས་མི་གྲངས་དང་ཆ་རྐྱེན་དང་འཚམ་པའི་དབུལ་ཕོངས་མཐའ་འཁོབ་དུད་ཁྱིམ་ཡོངས་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་བཞགདབུལ་ཕོངས་དུད་ཁྱིམ་གྱི་སྨན་བཅོས་ལ་ཐོ་འགོད་བྱང་སྐྲུན་བྱས་པ་དང་རྒན་གསོའི་འགན་སྲུང་དུ་ཞུགས་ཚད100%ལ་སླེབས། གཏེར་ལམ་རྫོང་དང་དེ་མིན་སྲིད་ཨུ་གསུམ་གྱིས་ཞིང་ཆེན་ཡོངས་སུ་ཐོག་མར་དབུལ་ཞྭ་ཕུད།དེ་མིན་གྲོང་ཁྱེར་དང་རྫོང་བཞི་ལ་ཞིང་ཆེན་གྱིས་གཏན་འབེབས་ལྟར་དབུལ་ཞྭ་ཕུད་པའི་ཆ་རྐྱེན་འཛོམས་ཤིང་།ཞིང་ཆེན་རིམ་པའི་སྤྱི་སྒྲོག་བྱེད་བཞིན་པའི་སྒང་ཡིན།

དྲུག།འཁོར་སྤྱོད་ལ་དམ་འཛིན་དང་སྐྱེ་ཁམས་ལ་གཙིག་འཛིན་བྱས་ཏེ། ལྗང་མདོག་འཕེལ་རྒྱས་མཐོ་ཚད་གསར་པར་བསྙེགས། བཟོ་ལས་གླིང་གི་ཐོན་སྐྱེད་སྤྱིའི་རིན་གྲངས་སྒོར་དུང་ཕྱུར206.4ཡིན་ཞིང9.7%ཡར་འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར188.2འགྲུབ་ཅིང9.4%ཡར་འཕར།  ན་གོར་མོ་དང་གཏེར་ལེན་ཁ།ཚྭ་འདམ་ཆེ་བ་བཅས་ཀྱི་བཟོ་ལས་གླིང་གི་འཁོར་རྒྱུག་ཅན་དུ་བསྒྱུར་བ་བདེ་བླང་ངང་རྒྱལ་ཁབ་ཀྱིས་དཔྱད་ཞིབ་ཚད་ལེན་ཐོབ།ཀྲའོ་ཝ300ཅན་གྱི་སྲ་གཟུགས་ཀུའེ་ཉི་ནུས་གཅིག་གྱུར་ཅན་དང་། གཏེར་ལེན་ཁའི་བཟོ་ལས་གླིང་གི་ཐོན་ལས་སྦྲུམ་བསྙལ་ཅན་གྱི་གནས་གཞི་སོགས་ལས་གཞི65ཡི་འཛུགས་སྐྲུན་འགྲུབ།ཏུན་ཐའེ་ཏུན་ཁྲི3ཅན་གྱི་ཐཱན་སྐྱུར་ལའེ་དང་ཏུན་ཁྲི15ཅན་གྱི་བརྟན་བརླིང་ཆིན་ཡང་མོ་སོགས་ལས་གཞི67གྱི་འཛུཊ་སྐྲུན་ཇེ་མགྱོཊ་སུ་བཏང་།བཟོ་ལས་གླིང་གི་ཐོན་ལས་རུབ་སྤེལ་ཕན་འབྲས་མངོན་གསལ་ཡིན་ལ་འདེགས་ནུས་མངོན་པར་ཐོན་ཡོད།སྐྱེ་ཁམས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱས་པའོ་ཞེས་པའི་འདུན་མ་ལག་ལེན་ནན་མོ་བྱས་ཏེ།ཁུལ་རྫོང་རིམ་པའི་ནོར་སྲིད་ཐད་རིམ་བསགས་ཀྱིས་ཁོར་ཡུག་ཐད་དུ་ཆེད་བཀོལ་མ་དངུལ་སྒོར་དུང་ཕྱུར7བཏང་ཞིང་།དུས་ཡུན་རིང་བོར་ཐག་གཅོད་ཀུན་སློང་ལྡན་ཡང་ནུས་པ་མ་འདང་བས་ཐག་གཅོད་མ་ཐུབ་པ་སྐོར་ཞིག་ཐག་གཅོད་བྱས།མཚོ་ནུབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་གསར་པ་དོན་ཚན་བཅུ་གསུམ་བཏོན། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་གི་གནད་ཐིག་གཏན་ཁེལ་བྱས་ཏེ།མཁའ་དབུགས་དང་ཆུ།  ས་གཞི་འབག་བཙོག་འགོག་བཅོས་ཀྱི་གྲུབ་འབྲས་མངོན་གསལ་བླངས།ཁྲི་སྒོར་ཅན་གྱིGDPནུས་འཕྲི1.6%མར་ཆགཁྲི་སྒོར་གྱི་བཟོ་ལས་འཕར་སྣོན་རིན་གྲངས་ཐད་ཀྱི་ཆུའི་བེད་སྤྱོད14.7%མར་ཆག མཁར་གྲོང་གི་འཚོ་བའི་འབག་ཆུ་ཐག་གཅོད་ཚད75%ལ་སླེབས། གད་སྙིགས་གནོད་མེད་དུ་ཐག་གཅོད་བྱས་ཚད98%ལ་སླེབས།གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་ཀྱི་མཁའ་དབུགས་གཙང་ཚད་སོ་སོ94.1%དང89.9%ལ་སླེབས། མུ་ལིའམ་མེ་རི་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་གྲུབ་འབྲས་མངོན་གསལ་ཡིན་ལ།གཏེར་ཁུལ་གྱི་རྩི་ཤིང་སླར་གསོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ33.5ཟིན།རྒྱལ་ཁའི་ངང་རྒྱལ་ཁབ་རིམ་པའི་གཏེར་རི6དང་ཁུལ་རིམ་པའི་ལྗང་མདོག་གཏེར་རི7ཞུ་སྤྲོད་བྱས།ན་གོར་མོ་དང་ཚྭ་འདམ་ཆེ་བ།གཏེར་ལམ་གསུམ་རྒྱལ་ཁབ་རིམ་པའི་ལྗང་མདོག་གཏེར་ལས་འཕེལ་རྒྱས་དཔེ་སྟོན་ཁུལ་དུ་བཞགཁོར་ཡུག་སྲུང་སྐྱོང་གི་མི་སྣ་བཞིའི་ལས་དོན་རྐྱེན་སྲོལ་བཙུགས། ཁྱོན་ཡོངས་ནས་ཁུལ་དང་རྫོང་། ཡུལ་ཚོ།སྡེ་བ་བཅས་རིམ་པའི་ཆུ་བོ་དང་མཚོ་མོར་བདག་དམ་ལམ་ལུགས་བཙུགས།ཆུ་བོ་བཅུ་གཅིག་དང་མཚོ་མོ་ལྔར་ཐོག་མར་ཁུལ་རིམ་པའི་བདག་དམ་ལམ་ལུགས་བཙུགས།ཁུལ་ཡོངས་སུ་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི9འཕར་སྣོན་བྱུང་ཞིང་བྱེ་བསྒྱུར་རྒྱ་ཁྱོན་མུའུ་ཁྲི14.3འཕྲི་འཐེན་བྱས།ལྗང་མདོག་འཕེལ་རྒྱས་ཐད་དགའ་འོས་པའི་རྣམ་པ་མངོན་ཡོད།

བདུན།བཅོས་བསྒྱུར་ལ་དམ་འཛིན་དང་སྒོ་འབྱེད་ལ་གཙིག་འཛིན་བྱས་ཏེ། ཚོང་རར་གསོན་ཤུགས་ཀྱི་ནུས་པ་གསར་པས་བརྟས། བཅོས་བསྒྱུར་བྱ་བར་སྐུལ་འདེད་རྐྱེན་སྲོལ་བསྟུད་མར་ལེགས་བསྒྱུར་དང་མཁོ་འདོན་ལ་ཕྱོགས་པའི་དབང་གཏོང་དོ་དམ་ཞབས་ཞུ་སོགས་མངའ་ཁོངས་སུ་བཅོས་བསྒྱུར་ལས་འགན་གལ་ཆེན་སྐོར་ཞིག་མྱུར་བར་སྐུལ་སྤེལ་བྱས་ཏེ།སྲིད་གཞུང་གི་འགན་ནུས་སྔར་བས་འགྱུར་བ་བྱུང་།ཁེ་ལས་ཆུང་འབྲིང་དུད་ཁྱིམ120གསོ་སྐྱོང་མཛད་དེ་ཚོང་རའི་གཙོ་ཕུང་ཐད21.5%ཡར་འཕར།ནུབ་རྒྱུད་ཀྱི་སྲིད་ཨུ་གསུམ་གྱི་སྲིད་འཛིན་ཁོངས་འབྱེད་བཅོས་བསྒྱུར་ལ་མྱུར་བར་སྐུལ་འདེད་བྱས། རྒྱལ་དབང་ཁེ་ལས17དངརྒྱལ་དབང་ཞིང་ཕྱུགས་ར7གྱི་ཕྱོགས་བསྡུས་བཅོས་བསྒྱུར་བདེ་བླག་ངང་འགོ་བརྩམས། མ་རྐང་ལམ་ལུགས་ཀྱི་ཁེ་ལས1གི་ཕྱོགས་བསྡུས་འགན་ལུགས་བཅོས་བསྒྱུར་ཚོད་ལྟའི་གནས་རིམ་པ་བཞིན་སྤེལ། མཚོ་སྔོན་ན་གོར་མོ་ནས་ཨུ་རུ་སིའི་པོར་མུའུ་བར་གྱི་གནམ་གྲུ་གཏོང་ཐེངས་བདེ་བླག་ངང་དོན་ཐོག་ཏུ་འཁྱོལ།ཚྭ་འགྱུར་ཐོན་རྫས་ཐོག་མར་ཡོ་རོབ་གླིང་ལ་བཀྲམས། ཚོང་ཟོག་ཕྱི་ནང་འདྲེན་སྐྱེལ་སྤྱིའི་དངུལ་འབོར74%ལ་སླེབས། ཚྭ་འདམཀྲུང་གོསྐྱེ་ཁམས་རོང་འབྲོག་ལས་གསར་གཏོད་མཐུན་འབྲེལ་བཙུགས།རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་གསར་སྤེལ་སྟེགས་བུ16བཙུགས། ཚན་རིག་ལག་རྩལ་ཡར་རྒྱས་ཀྱིས་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་བཞག་ཚད52%ལ་སླེབས།ཁུལ་ཡོངས་སུ་བསྡོམས་པའི་མཐིལ་ཕྱིན་པའི་མི་སྣ་འཇོན་ཐང་ཅན4དང་སྣེ་འཁྲིད་མི་སྣ་འཇོན་ཐང་ཅན19།ཡོན་ཏན་རྩེར་སོན་པའི་མི་སྣ་འཇོན་ཐང་ཅན27 ། དཔུང་ཁག4 བཅས་དང་།ཡོན་ཧྲི་ལས་དོན་ས་ཚིགས5ཡི་གཞི་ས་བཙུགས།ལག་རྩལ་མཐོ་བའི་ཁེ་ལས་པ4དང་ཚན་རིག་ལག་རྩལ་ལྡན་པའི་ཁེ་ལས10བཅས་ནང་འདྲེན་བྱས།  སྤྱིའི་ཆ་ནས་ཚོང་འགུག་དངུལ་འདྲེན་བྱས་ཤིང་། ཧུར་ཐག་གིས་མཚོ་སྔོན་དང་ཟི་ལིང་གི་ཚོང་འཕྲད་གྲོས་མོལ་གལ་ཆེན་དུ་ཞུགས།ཚྭ་འདམ་ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་དཔྱད་གླེང་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དཔྱད་གླེང་།ཁ་གཏད་རོགས་སྐྱོར་བཞུགས་མོལ་གྲོས་ཚོགས་སོགས་བྱ་འགུལ་གཟབ་རྒྱས་ངང་སྤེལ།ཚོང་འགུག་དངུལ་འདྲེན་ཐད་ལས་གཞི81དང་དངུལ་གྲངས་སྒོར་དུང་ཕྱུར407.8ཀྱི་གྲོས་མཆན་བཀོད།དངུལ་གྲངས་སྒོར་དུང་ཕྱུར121.6དོན་ཐོག་ཏུ་འཁྱོལ།  

བརྒྱད།དོན་དངོས་ལ་དམ་འཛིན་དང་དམངས་འཚོར་གཙིག་འཛིན་བྱས་ཏེ། མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཐོར་ཚོར་དྲག་ཏུ་བསྐྱེད། ལོ་ཧྲིལ་བོར་དམངས་འཚོའི་ཐད་དུ་སྒོར་དུང་ཕྱུར95.6བཏང་ཞིང་སྤྱིར་བཏང་གི་སྤྱི་སྤྱོད་མ་དངུལ་སྤྱིའི76%ཟིན། དམངས་འཚོའི་མངའ་ཁོངས་ཀྱི་དམངས་ཕན་བྱེད་ཐབས་སྐོར་ཞིག་དོན་ཐོག་ཏུ་འཁྱོལ་ཞིང་། དམངས་འཚོར་ཁས་ལེན་བྱས་པའི་བློས་བླངས་ཡོངས་ཚད་མཐོན་པོས་ལེགས་པོར་འགྲུབ།སློབ་གསོའི་ཕྱོགས་ནས། ཁྱོན་ཡོངས་ནས་ལོ15ཡི་རིན་མེད་སློབ་གསོ་མངོན་འགྱུར་བྱུང་།སློབ་གྲྭ38གསར་སྐྲུན་དང་ཞིག་གསོ་བྱས།གཏེར་ལམ་རྫོང་དང་དབུས་ལམ་རྫོང་གི་འོས་འགན་སློབ་གསོའི་འདྲ་མཉམ་རྫོང་ལ་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚད་ལེན་ཐོབ།འོས་འགན་སློབ་གསོ་འདྲ་མཉམ་འཕེལ་རྒྱས་ལས་དོན་ཞིང་ཆེན་ཡོངས་ཀྱི་སྔོན་དུ་བསྐྱོད་བཞིན་ཡོད། སྤྱི་ཚོགས་འགན་སྲུང་ལས་ཞུགས་ཕྱོགས་ནས།  མཁར་གྲོང་དུ་མི་ཁྲི1.5གསར་དུ་ལས་ཞུགས་བྱས།མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད2.5%ཡིན།  གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་མི་རེར་ཟླ་རེ་ལ་སྒོར50ཡར་གཏད།   དབང་བོ་སྐྱོན་ཅན་གྱི་སློབ་མ་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་བུ་བུ་མོའི་བྱ་དགའི་སློབ་གསོའི་རོགས་དངུལ་ཞིང་ཆེན་གྱི་གཏན་ཁེལ་བྱས་པའི་ཚད་གཞི་ལས་བརྒྱ་ཆའི་གནས20ཇེ་མཐོར་སོང་།ཁུལ་ཡོངས་སུ་རོང་འབྲོག་དུད་ཁྱིམ་ཁྲི4.6ཡོད་པ་ཡོངས་རོང་འབྲོག་ཁུལ་གྱི་སྡོད་ཁང་འགན་སྲུང་ཁྱབ་ཁོངས་སུ་བཞགམཁར་ཤང་སྡོད་དམངས་ཀྱི་ཡོང་སྒོའི་ཕྱོགས་ནས། མཁར་ཤང་གི་གཏན་སྡོད་མི་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འགྲོ་གཏོང་ཡོང་སྒོ་སོ་སོ་སྒོར30233དང12607ལ་སླེབས། སོ་སོ9.1%དང9.3%ཡར་འཕར།རྩྭ་སའི་ཁ་གསབ་དངུལ་དང་ས་ཞིང་སྲུང་སྐྱོང་དང་ཞིང་ལས་འཕྲུལ་ཆས་ཁ་གསབ་སོགས་སྒོར་དུང་ཕྱུར3.6བྱིན། རོང་འབྲོག་ཁུལ་གྱི་མི་ཁྲི9.6ལས་རྩོལ་སྤོ་བསྒྱུར་ལས་ཞུགས་བྱས།ངལ་རྩོལ་ཡོང་སྒོ་སྒོར་དུང་ཕྱུར5.7མངོན་འགྱུར་བྱུང་། སྨན་བཅོས་འཕྲོད་བསྟེན་ཕྱོགས་ནས།ཁྱོན་ཡོངས་ནས་རིན་མེད་དུ་དམངས་འཚོའི་གཞི་རྒྱུ་ལྔའི་བརྟག་བཤེར་དང་རྒྱང་མཐོང་ནད་བཅོས་ཞབས་ཞུ་ལག་བསྟར་བྱས།རྒྱལ་ཡོངས་སུ་ཐད་ཀར་གྱིས་ནད་བཅོས་སྡོམ་རྩིས་ཐུབ་པའི་ལས་སྒོ་བཙུགས།སྡེ་བའི་སྨན་པའི་རོགས་དངུལ་ཚད་གཞི19200རུ་ཇེ་མཐོར་བཏང་། རྨང་གཞིའི་སྒྲིག་ཆས་ཕྱོགས་ནས།ཞིང་སྡེའི་གཞུང་ལམ་སྤྱི་ལེ2319ཞིག་གསོ་དང་གསར་སྐྲུན་བྱས་ཏེ་སྲིད་འཛིན་སྡེ་བ275ལ་ཨར་ལམ་མངོན་འགྱུར་བྱུང་། སྡེ་བ89ཡི་མི་ཁྲི6.1གི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་སུ་སོང་བའི་བཟོ་སྐྲུན་ཁྲོད་ཕན་ཁེ་ཐོབ།རིག་གནས་ལུས་རྩལ་ཕྱོགས་ནས། སྡེ་བ་རིམ་པའི་སྣ་འཛོམས་རིག་གནས་ཞབས་ཞུ་ལྟེ་གནས133དང་རོང་འབྲོག་དམངས་ལུས་རྩལ་སྦྱོང་བརྡར་བཟོ་སྐྲུན197གསར་སྐྲུན་བྱས། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོའི་རྣམ་གྲངས11ལ་ཆོག་མཆན་ཐོབ། མཚོ་ནུབ་མི་རིགས་སྐད་ཡིག་གི་སོག་རྒྱ་དང་བོད་རྒྱ་པར་མའི་སྐད་འཕྲིན་སྤྱི་སྟེགས་བཙུགས།སྤྱི་ཚོགས་འཆམ་མཐུན་ཕྱོགས་ནས།  ཟས་རིགས་སྨན་རྫས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་བསྣན་ནས་གཙང་ལྡན་ཟས་སྐོལ་ཁང་གི་ཁེབས་ཚད91%ལ་སླེབས། ཟས་རིགས་སྨན་རྫས་ཐོན་སྐྱེད་བདག་གཉེར་ལ་ལྟ་རྟོག་བྱས་ཚད100%ལ་སླེབས།བདེ་འཇགས་ཐོན་སྐྱེད་གནས་བབ་ལ་ཁག་ཐེག་བྱེད་པའི་བྱེད་ཐབས་དོན་ཚན་བཅུ་བཏོན། གཏིང་ཟབ་ཏུ་ཉིན་བརྒྱའི་མཁྲེགས་གཏོར་ཞེས་པ་དང་བདེ་འཇགས་ཞིབ་བཤེར་ཆེན་མོར་ཕྱིར་རྟོག་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ།བདེ་འཇགས་ཐོན་སྐྱེད་ཐད་གནོད་ལྡན་ཅན1496ལ་དག་ཐེར་མཛད།བསྟུད་མར་ལོ13ལ་དོན་རྐྱེན་གལ་ཆེན་དང་དེའི་ཡན་གྱི་བྱུར་རྐྱོན་བྱུང་མ་མྱོང་།ཞིང་ཆེན་ཡོངས་ཀྱི་སྔོན་དུ་ཁེ་ལས་གཅིག་ལ་ཉེན་རྟོག་གཅིག་ཅེས་པའི་ལམ་ལུགས་བསྐྲུན་ཞིང་མཁའ་སྐྱོད་ཉེན་རྟོག་ལས་དོན་རུ་ཁག་བཙུགས་པའི་དུས་མཚུངས་སུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྐྲུན་པར་རྒྱབ་སྐྱོར་ཆེན་པོ་མཛད།ཁྱོན་ཡོངས་ནས་ཀུན་ཕན་དང་སྤྱི་ཚོགས་ལས་དོན་གྱི་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཞིང་།རྒྱ་གྲམ་དམར་པོ་དང་དབང་བོ་སྐྱོན་ཅན། བུད་མེད། བྱིས་པ།མི་རིགས་སྐད་ཡིག་སོགས་ལས་དོན་ཐད་འཕེལ་རིམ་གསར་པར་བསྙེགས།

འཐུས་མི་རྣམ་པ།   གྲུབ་འབྲས་དེ་དག་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། དེ་ནི་བློ་མཐུན་ཞི་ཅིན་ཕིང་ནི་སྲོང་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་བློ་བརྟེན་འགྱུར་ངང་འགོ་ཁྲིད་དང་ཚན་རིག་གི་སྒོ་ནས་ཁྲིད་སྟོན།མཛའ་བརྩེའི་ཐུགས་ཁུར་བཅས་བྱས་པའི་ཕན་ནུས་ཡིན་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཨུའི་འགོ་ཁྲིད་འོག་སེམས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ།འབད་འཐབ་བརྩོན་ལེན་བྱས་པའི་འབྲས་བུ་ཡིན། ངས་འདི་ནས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཡོངས་དང་།དམངས་གཙོའི་ཏང་ཁག་སོ་སོ།  མི་དམངས་ཚོགས་པ་ཁག་དང་ལས་རིགས་ཁག་གི་མི་སྣ། མཚོ་ནུབ་ལ་རོགས་སྐྱོར་བྱེད་པའི་ལས་ཁུངས་ཁག་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ཁུལ་སྡོད་ལས་ཁུངས། ཁུལ་སྡོད་ཀྱི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་།མཚོ་ནུབ་འཛུགས་སྐྲུན་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་གྲོགས་པོ་ཡོངས་ལ། བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

འཐུས་མི་རྣམ་པ།  འདས་ཟིན་པའི་ལོ་གཅིག་རིང་གི་འབད་འཐབ་ཡར་བརྩོན་དང་།ནན་ཏན་གྱིས་ལས་སྒྲུབ་བྱས་མཐར།  ཧ་ཅང་རྩ་ཆེ་བའི་ཉམས་མྱོང་གསོག་འཇོག་བྱས་ཡོད་ལ།ང་ཚོས་དམ་འཛིན་བཟང་བོ་བྱེད་དགོས།  ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་།དུས་རབས་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་དུང་བརྡ་བསྒྲགས་པས། ང་ཚོས་གནས་བབ་ཆེན་པོར་བལྟ་བ་དང་ཁྱོན་ཡོངས་ཀྱི་དོན་གཉེར་བྱེད་དགོས་ལ།བབ་བསྟུན་ལས་སྒྲུབ་བྱས་ཏེ། སྟོབས་ཤུགས་ཆེར་སྐྱེད་ཀྱིས་འཐབ་ལམ་གསར་པ་འབྱེད་དགོས། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་ངེས་པར་དུ་བསམ་བློ་གསར་པར་བརྟེན་ནས་ཁྲིད་སྟོན་བྱ་དགོས་ལ།ཞིས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་རང་ཉིད་ཀྱི་བསམ་བློར་དྲག་ཆས་སྤྲས་པ་དང་།ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་དགོས་ལ། ཐོག་མཐའ་བར་གསུམ་དུ་གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པར་རྒྱུན་འཁྱོངས་བྱེད་པ་དང་།ནང་གནས་ཀྱི་ཁྱད་ཆོས་མཐུན་སྦྱོར་དང་། ལྗང་མདོག་ཡོངས་སུ་ཁྱབ་པའི་རྣམ་པ་འཛིན་པ། བརྒྱུད་དགོས་ངེས་ཀྱི་ལམ་དེ་འབྱེད་པ།རྩ་བའི་དམིགས་ཡུལ་དེ་མཉམ་སྤྱོད་བྱེད་པ་བཅས་བྱ་དགོས། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་ངེས་པར་དུ་ཐབས་ལམ་གསར་པ་གཏོད་དགོས་ལ།ཞིང་ཆེན་ཡོངས་ཀྱིསྒྱུར་བ་བཞིའིགྲལ་མགོའི་དམག་མིར་བརྩོན་ལེན་བྱེད་པ་དང་།མགྱོགས་མྱུར་ངང་བསྒྱུར་བཅོས་བྱེད་པའི་ཁྲོདཏན་ཏན་ཏིག་ཏིག་བཞིལ་སྐུལ་འདེད་བཏང་སྟེ་མཚོ་ནུབ་ཏུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་བྱ་དགོས། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་ངེས་པར་དུ་ངོས་འཛིན་གསར་པ་ཡོད་དགོས་ལ། ཡང་དག་པའི་སྒོ་ནས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་འཛིན་པ་དང་།ཟམ་མི་ཆད་པར་འཕེལ་རྒྱས་སྨྲ་བ་དང་གོང་འཕེལ་གྱི་དུས་རིམ་སྨྲ་བ་གཉིས་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས་ཏེ།དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་ཁུལ་ཡོངས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་ངེས་པར་དུ་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་དགོས་ལ།སྒྱུར་བཅོས་སྐུལ་འདེད་གཏོང་རྒྱུ་ལ་རྒྱུན་འཁྱོངས་དང་།སྒོ་འབྱེད་ལ་བརྟེན་ནས་ཁྲིད་སྟོན། གསར་གཏོད་སྐུལ་སྤེལ་བཅས་བྱེད་པ་དང་།  གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་པར་འཕར་སྣེ་གསར་པ་བསྐྲུན་དགོས།དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་ངེས་པར་དུ་འཚོ་བ་གསར་པ་བསྐྲུན་དགོས་ལ།མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་སྨོན་དེ་འབད་བརྩོན་བྱ་ཡུལ་དུ་བཟུང་སྟེ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་སྔར་བས་ཕྱུག་འགྱུར་དང་།ལུས་ཁམས་བདེ་ཐང་། བདེ་འཇགས། གཟབ་བརླིང་བཅས་ཡིན་པའི་འཚོ་བ་ཡག་པོ་ཞིག་རོལ་དུ་འཇུག་དགོས།དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པར་ངེས་པར་དུ་བྱས་རྗེས་གསར་པ་ཡོད་དགོས་ལ།ནམ་ཡང་ལྷོད་གཡེང་མེད་པའི་བསམ་པའི་རྣམ་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་བརྩོན་ཉམས་འགྱུར་གྱིས།ཤུགས་ཆེན་པོསམཚོ་ནུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ།  དུས་རབས་གསར་པའི་ནང་མཚོ་ནུབ་ཀྱི་འགན་འཁྲི་གསར་པ་དང་།བྱས་རྗེས་གསར་པ་མངོན་དགོས།

བདེ་བའི་དུས་སུ་ཉེན་ཁ་མི་བརྗེད་པ་དང་།དར་བའི་དུས་སུ་སེམས་ཁྲལ་བརྗེད་མི་ཉན། དངོས་ཡོད་ཀྱིས་སྒོ་ནས་རང་ཁུལ་གྱི་འཕེལ་རྒྱས་དོན་དངོས་ལ་ཞིབ་ལྟ་བྱས་ན།སྔར་བཞིན་ཧེ་བག་དང་ཞན་ཆ་ཁག་ཅིག་གནས་ཡོད་པ་སྟེ། གཙོ་བོ་ནི་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མིན་པའི་གནད་དོན་མངོན་གསལ་ཡིན་ལ། སྲོལ་རྒྱུན་ཐོན་ལས་རྣམ་སྒྱུར་རིམ་སྤར་གྱི་འགན་ཁུར་ལྕི་ལ་ལམ་ཐག་རིང་པོ་ཡོད། དཔལ་འབྱོར་འཕར་སྣོན་ཡོང་བའི་ནང་སྐྱེའི་སྒུལ་ཤུགས་མི་འདང་བ་དང་། རྐང་འཛིན་ཐོན་ལས་ལེགས་ཤོས་དང་འདེགས་སྐྱོར་རྣམ་གྲངས་དཀོན་ལ། ལག་རྩལ་མཐོ་ཞིང་གསར་པ་ཡིན་པའི་ཐོན་ལས་ཀྱི་གཞི་ཁྱོན་མི་ཆེ།ཞིང་ལས་ཀྱི་རྨང་གཞི་སྔར་བཞིན་ཞན་ལ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་མང་པོ་མེད་པ་དང་།ཤུགས་རྐྱེན་དང་སྐུལ་ཁྲིད་ནུས་པ་ཆུང་བ་རེད། ཐོན་ལས་གསུམ་པའི་བསྡུར་ཚད་ཅུང་དམའ་བ་དང་།རིམ་པ་མི་མཐོ།  ཚན་རྩལ་གསར་གཏོད་དང་མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་མི་འདང་བ་རེད།རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ལྷུ་ལག་སྒྲིག་སྦྱོར་བལྟོས་བཅས་ཀྱི་རྗེས་སུ་ལུས་ཡོད་ལ།གྲོང་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏང་དགོས།ཚོང་འགུགས་མ་འདྲེན་བྱེད་ཤུགས་སྔར་བཞིན་མི་འདང་བ་དང་།  མ་འཇོག་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏང་དགོས།ཁེ་ལས་ཁ་ཤས་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་ཁ་ཤས་ཀྱིས་བདག་གཉེར་ལ་ད་དུང་དཀའ་ངལ་ཧ་ཅང་ཆེ་ལ།ལས་བྱེད་པ་ཁ་ཤས་ཀྱི་བསྒྱུར་བཅོས་གསར་གཏོད་དང་། དོན་ཐོག་ཏུ་འཁྱོལ་ཐབས་ནན་འཛིན། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ནུས་བཅས་ཆེ་རུ་གཏང་དགོས། དེ་ལ་དམིགས་ནས། ང་ཚོས་ཚད་མཐོའི་མཐོང་ཆེན་དང་།ནུས་ཤུགས་ཡོད་རྒུ་བཏོན་ནས་ཐག་གཅོད་བྱ་དགོས།

གཉིས།2018 ལོའི་ལས་དོན་གཙོ་བོ།

2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པ་འགོ་ཚུགས་པའི་ལོ་ཡིན་པ་དང་།བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ལོ་ཡང་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།ལོ་ལྔའི་འཆར་གཞི་བཅུ་གསུམ་པལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན།ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས།ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ཀྱི་གནས་ཐིག་གཏན་ཁེལ་གྱི་བླང་བྱ་ལྟར།ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་པར་རྒྱུན་འཁྱོངས་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་རྒྱུན་འཁྱོངས། འཕེལ་རྒྱས་སྤུས་ཚད་མཐོན་པོར་རྒྱུན་འཁྱོངས།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ལ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པར་རྒྱུན་འཁྱོངས།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་པར་རྒྱུན་འཁྱོངས་བཅས་བྱས་ཏེ།ལྔ་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་རྒྱུན་འཁྱོངས་བྱེད་པ་ནི་སྤྱིའི་དམ་འཛིན་དུ་བཟུང་སྟེ།སྒྱུར་བ་བཞིལ་དམིགས་ནསཏན་ཏན་ཏིག་ཏིག་བཞིའིབླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ལ།དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ། ཤུགས་ཆེན་པོས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་ཤིང་།གཅིག་གྱུར་འཆར་འགོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།བསྒྱུར་བཅོས་གསར་གཏོད་དང་ཕྱི་ཕྱོགས་སུ་སྒོ་འབྱེད་ཤུགས་དམ་འཛིན་བྱེད་དགོས་ལ།དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་འཛུགས་སྐྲུན་གྱི་འཐབ་ལམ་གསར་པ་འབྱེད་དགོས།

ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར 8%ལ་འཕར་རྒྱུ་དང་།  ཐོན་ལས་དང་པོའི་འཕར་གྲངས9 % ལ་འཕར་བ།  གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་གྲངས7.5 % ལ་འཕར་བ།ཐོན་ལས་གསུམ་པའི་འཕར་གྲངས 9% ལ་འཕར་དགོས་ལ།གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར 700 ལ་སླེབས་དགོས།  ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ8%ལ་འཕར་རྒྱུ་དང་།སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར9.1%ལ་འཕར་དགོས་ལ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ9% ལ་འཕར་དགོས།གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས་དང་། ནུས་གྲོན་སྙིགས་འཕྲི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ཞིང་ཆེན་རིམ་པའི་དམིགས་འབེན་ནང་ཚོད་འཛིན་བྱེད་དགོས།དམིགས་ཚད་དེ་དག་གཏན་འཁེལ་བྱེད་པར་བླང་བྱ་དང་མཐུན་པ་དང་། དོན་དངོས་དང་མཐུན་པ།སྔོན་དཔག་དང་མཐུན་པ་བཅས་བྱ་དགོས། དེ་ལྟར་ཡིན་ཚེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་བརྩི་སྲུང་བྱས་ཤིང་།གཞན་ཡང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར།ལོ་ལྔའི་འཆར་གཞི་བཅུ་གསུམ་པའིའཕེལ་རྒྱས་འཆར་འགོད་ཀྱིས་གཏན་ཁེལ་ཟིན་པའི་དམིགས་ཚད་དང་འབྲེལ་མཐུད་དམ་པོ་བྱས་པ་མ་ཟད།གང་ལེགས་ཀྱིས་སྒོ་ནས་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་།  མཚོ་ནུབ་ཀྱི་རྨང་གཞིའི་ཆ་རྐྱེན། འཕར་སྲིད་པ་དང་དགོས་མཁོ་ལ་བསམ་གཞིགས་བཏང་ནས།  ཞིང་ཆེན་ཡོངས་སུ་སྔོན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་སྟོན་ཕྱོགས་མཚོན་ལ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ཀྱིས་ལས་དོན་ལ་རེ་སྒུག་བྱས་པར་ཨ་ལན་སློག་ཟིན་པས། འབད་བརྩོན་བྱེད་པ་བརྒྱུད་ན་འདི་དག་མངོན་འགྱུར་བྱེད་ཐུབ་ངེས་ཡིན།

གོང་གསལ་གྱི་དམིགས་ཚད་དང་ལས་འགན་ལ་དམིགས་ནས།ད་ལོར་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་འཛིན་དགོས་ཏེ།

གཅིགརྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་ཡང་དག་པར་འཆང་ནས།ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོར་རྒྱག་དགོས།
      གནད་འཁེལ་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་དགོས།གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་ལ་རྒྱུན་འཁྱོངས་བྱེད་པ་དང་། ཁྲག་འདྲེན་ཁྲག་བཟོ་དང་། བློ་གྲོས་དང་འདུན་པར་རྒྱབ་སྐྱོར་བྱེད་པའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། མུ་མཐུད་དུ་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། དབུལ་སྐྱོར་འགག་སྒྲོལ་སྲ་བརྟན་མཐོར་འདེགས་གཏོང་བའི་ལས་གཞིལག་བསྟར་བྱས་ཏེ།འགག་སྒྲོལ་བྱེད་པའི་དུས་ཡུན་ནང་དུ་དབུ་སྒྲོལ་བྱེད་པ་ལས་སྲིད་ཇུས་འདོར་མི་རུང་། མུ་མཐུད་དུ་ཁུལ་ནང་ཁུལ་གྱི་དབུལ་པོར་འགྱུར་ཉེར་ཡོད་པའི་དུད་ཚང་ལ་བརྟག་དཔྱད་མཐིལ་རྟོགས་བྱེད་པའི་ལས་དོན་ལེགས་པོར་བསྒྲུབ་པ་དང་། དུས་ཐོག་ཏུ་ཆ་རྐྱེན་དང་མཐུན་པའི་དབུལ་པོར་འགྱུར་ཉེར་ཡོད་པའི་དུད་ཁྱིམ་རྣམས་སྲིད་ཇུས་འགན་སྲུང་ཁྱབ་ཁོངས་ནང་འཇུག་དགོས།ཁུལ་ཕྱི་ཕྱོགས་ཀྱི་འགྲོ་འོང་མི་སྣའིསེམས་ཁྲལ་མེད་པ་གཉིས་དང་།འགན་སྲུང་གསུམསོགས་དབུལ་ཕོངས་སེལ་བའི་དམིགས་ཚད་ལ་ཞིབ་དཔྱད་བྱེད་པའི་ལས་དོན་ཡག་པོར་བསྒྲུབ་དགོས།དབུལ་སྐྱོར་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་གསར་གཏོད་བྱས་ཏེ།ལེགས་ལྡན་ཐོན་ལས་གྱིས་དབུལ་སྐྱོར་རྣམ་གྲངས་ལ་སྐུལ་འདེད་གཏོང་དགོས།དབུལ་སྐྱོར་མ་དངུལ་ལེགས་སྡུད་དང་ཕན་འབྲས་དོ་དམ་ལ་ཤུགས་སྣོན་དང་། རིམ་པ་ཁག་གི་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་ངོ་བོ་མཚུངས་པ་དང་།སྤྱོད་སྒོ་ཉེ་བའི་ཞིང་ལས་དང་འབྲེལ་ཡོད་ཀྱི་མ་དངུལ་དེ་གཅིག་མཐུན་གྱི་མ་དངུལ་གསོག་ས་རུ་འཇོག་དགོས་ལ། གཅིག་གྱུར་གྱིས་འཆར་གཞི་ཇུས་འགོད་དང་།གཅིག་གྱུར་གྱིས་མ་དངུལ་གཏོང་སྤྲོད།  གཅིག་གྱུར་གྱིས་རྩ་འཛུགས་ལག་བསྟར།གཅིག་གྱུར་གྱིས་དཔྱད་ཞིབ་རྩིས་ལེན་བཅས་བྱ་དགོས།ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1.4 དོན་འཁྱོལ་ཡོང་རྒྱུའི་བརྩོན་ལེན་བྱ་དགོས།ཉིན་བརྒྱའི་མཉམ་འཐབ་ཆེན་པོའིབྱེད་སྒོ་བློ་རྩེ་གཅིག་སྒྲིམ་གྱིས་རྩ་འཛུགས་བྱས་ཏེ་སྤེལ་དགོས་ལ།གཏིང་ཟབ་སྒོས་དབུལ་སྐྱོར་མཉམ་ལས་དང་།ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ” “ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ་དང་།ཁེ་ལས་བརྒྱ་དུད་ཁྱིམ་བརྒྱར་མཐུན་སྦྲེལ་བྱེད་པསོགས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་འགུལ་སྤྱོད་སྤེལ་དགོས་ཤིང་།ནུས་ཤུགས་ཡོད་རྒུས་ཞན་ཆ་ཁ་གསབ་དང་། སྐྱོན་གཞི་སེལ་བར་བྱས་ནས། གནད་འཁེལ་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱ་དགོས།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་དགོས། ཚད་གཞི་མཐོན་པོ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གནད་དོན་གྱི་དག་ཐེར་ལེགས་པོར་འཛིན་དགོས། ཚྭ་འདམ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་འཆར་འགོདསྔ་མོ་ནས་ཆོག་མཆན་ཐོབ་སྟེ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།  མཚོ་ནུབ་ཀྱི་ཁོར་ཡུག་སྲུང་སྐྱོང་གསར་པའི་དོན་ཚན་བཅུ་གསུམ་པའི་བྱེད་ཐབས་གཟབ་ནན་ངང་དོན་འཁྱོལ་བྱེད་པ་དང་།ཆེས་གཟབ་ནན་སྒོ་ནས་འབྱུང་ཁུངས་སྲུང་སྐྱོང་ལམ་ལུགས་དང་། གནོད་འཚེ་སྐྱིན་ཚབ་ལམ་ལུགས།འགན་འཁྲི་རྩད་གཅོད་ལམ་ལུགས་དངོས་སུ་ལག་བསྟར་བྱ་དགོས། ནུས་ཁུངས་གྲོན་ཆུང་བྱ་བར་དོ་དམ་དངསྙིགས་རོ་གསུམ་བཅོས་སྐྱོང་ནུས་ལྡན་བྱེད་པར་ཤུགས་སྣོན་དགོས་ལ།  གཙོ་གནད་ས་ཁོངས་ཁག་གི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཚད་གྲངས་ལ་ཚོད་འཛིན་ནན་པོ་བྱ་དགོས། ནུས་ཤུགས་ཡོད་རྒུས་མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་། མཚེའུ་དང་རྩྭ་ཐང་སོགས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཚོད་ལྟའི་ལས་གཞི་ལ་སྐུལ་འདེད་གཏོང་དགོས་ལ།མདོ་ལ་རི་བོའི་སྐྱེ་ཁམས་གནས་སྤོ་བྱེད་པའི་ཚོད་ལྟ་བྱེད་གནས་འགོ་ཚུགས་པ་དང་། ཁྱོན་ཡོངས་ནས་རྙིང་ཧྲུལ་གྱི་གཏེར་རི་བཅོས་སྐྱོང་དག་ཐེར་བྱ་དགོས།ཏན་ཏིག་གིས་མེ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་མཐོར་འདེགས་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏང་དགོས་ཤིང་།       མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་གིས་བརླན་ས་སྲུབ་སྐྱོབ་བྱེད་པ་མུའུ་ཁྲི52འཛུགས་སྐྲུན་བྱེད་པ་ལེགས་འགྲུབ་བྱ་དགོས།རྒྱལ་ཁབ་ཀྱི་ས་ཁོངས་ལྗང་བསྒྱུར་མགྱོགས་ཚད་ལོ་གསུམ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་འཆར་གཞི་ལ་སྐུལ་འདེད་བྱས་ཏེ།རྒྱལ་ཁབ་ཀྱི་ས་ཁོངས་མུའུ་ཁྲི61.4ལྗང་བསྒྱུར་དང་།བྱེ་འགོག་བྱེ་སྐྱོང་བྱེད་པ་མུའུ་ཁྲི23ལེགས་འགྲུབ་བྱ་དགོས། རིམ་པ་བཞིན་ས་ཞིང་ཁ་གསབ་དང་འདྲ་མཉམ་འཕྲི་སྣོན་ལས་གཞིར་སྦྲེལ་ནས།སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་དང་ཚད་གཞི་ཞིང་ཆེན་ལས་བརྒལ་བའི་ཟུན་ཕན་བརྗེ་རེ་མངོན་དུ་འགྱུར་བར་བརྩོན་ལེན་བྱ་དགོས།ཚྭ་འདམ་གཞོང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་གོ་གནས་སྲ་བརྟན་ངང་མཐོར་འདེགས་བཏང་སྟེ།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།

ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་དགོས། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་ཐག་གཅོད་བྱེད་པའི་ལས་ཀའི་ལམ་སྲོལ་དང་རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་དཔྱད་དཔོག་ལམ་ལུགས་བཙུགས་ནས།ཉེན་ཁར་འགོག་པའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཁུལ་ཁོངས་གཏོགས་ཀྱི་གཞུང་གཉེར་ཁེ་ལས་བསྒྱུར་བཅོས་ལག་བསྟར་བྱས་ནས། གནད་ཆེའི་ཁེ་ལས་ཀྱི་བཀན་ཤིང་འདོར་བར་སྐུལ་འདེད་དང་། ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་བེད་མེད་དུ་བཞག་པའི་མ་རྩ་ཕན་འབྲས་ལྡན་པར་བྱས་ཏེ་དངུལ་བུན་གྱི་གྲུབ་ཚུལ་ཇེ་ལེགས་སུ་གཏང་དགོས་ལ།ཚྭ་མཚེའུ་ཚོགས་པ་སོགས་ཁེ་ལས་ཚོང་ར་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏང་དགོས།ས་གནས་སྲིད་གཞུང་གི་བུན་ལེན་དངུལ་བསྡུ་ཚད་ལྡན་དུ་གཏོང་བ་དང་།མི་མངོན་པའི་བུ་ལོན་འཕར་ཚད་ལ་མཐའ་གཅིག་ཏུ་བཀག་སྡོམ་དང་།མི་ལེགས་པའི་དངུལ་བུན་ལ་མཐའ་གཅིག་ཏུ་སྔོན་འགོག་དང་སེལ་ཐབས་བྱ་དགོས་ལ།  ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་མཐའ་ཐིག་མཐའ་གཅིག་ཏུ་སྲུང་དགོས།དངུལ་རྩའི་ལས་ཁུངས་ཀྱི་ལས་གཉེར་དོ་དམ་དང་། ལས་རྨས་འགན་བཅོལ་དང་བུ་སྐྱེས་འགན་བཅོལ་གྱི་མ་དངུལ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱ་དགོས་པ་དང་། དབྱེ་ཞིབ་དང་དཔྱད་དཔོག་ལ་ཤུགས་བསྣན་ནས།ཕན་འབྲས་ཡོད་པའི་སྒོ་ནས་གཏིང་ཟབ་པའི་འགལ་བ་དང་མངོན་མེད་ཀྱི་ཉེན་ཁར་སྔོན་འགོག་བྱ་དགོས།ས་ཁང་བདག་ཁོངས་ཀྱི་ཉོ་འཚོང་ཚད་ལྡན་དུ་གཏོང་བ་དང་།  ས་ཁང་བདག་ཁོངས་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཏེ། ལོ་མཇུག་སྔོན་དུ་ལག་ཡོད་ཀྱི་ཁང་པ1983དང་། རྒྱ་ཁྱོན་རྨིད་གྲུ་བཞི་མ15.9ཐག་གཅོད་བྱ་དགོས།

གཉིསབྱེད་སྟངས་གསར་པཟོ་དང་དོན་འཁྱོལ་ནན་འཛིན་བྱས་ཏེ།དཔལ་འབྱོར་སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

བཟོ་ལས་འཁོར་སྐྱོད་བརྟན་འཇགས་ཡོང་བར་ཤུགས་འདོན་དགོས།བཟོ་ལས་རྨང་བརྟན་འཕེལ་རྒྱས་ཀྱི་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་དང་།ལྟེ་བའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་རུ་བཏང་ནས།  ཡང་བའི་བཟོ་ལས་དང་འཕྲུལ་གློག་བཟོ་ལས།བརྟག་བཤེར་ཞིབ་དཔྱད།  ནུས་གྲོན་ཁོར་སྲུང་། འཁོར་སྐྱོད་དང་སྲུང་སྐྱོང་གི་ཞབས་ཞུ།ཚན་རྩལ་ལས་སྟེགས་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།བཟོ་ལས་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ཀྱི་ཉེན་བརྡ།  རོགས་སྐྱོར་སོགས་ཀྱི་མ་ལག་ལ་ཤུགས་བསྣན་ནས།ཁུལ་དང་རྫོང་གི་ཁེ་ལས་རིམ་གསུམ་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏང་དགོས། ཟླ་རེ་དང་དུས་ཚིགས་རེ་རེ་བཞིན་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་རྣམ་པ་དང་།རྣམ་གྲངས་ཀྱིས་མ་དངུལ་བཏང་བའི་གནས་ཚུལ་ལ་དབྱེ་ཞིབ་བྱ་དགོས་ལ།  གནད་ཆེའི་ས་ཁུལ་དང་གཙོ་གནད་ཁེ་ལས་ཀྱི་གནད་འཁེལ་སྙོམས་སྒྲིག་ལ་ཤུགས་བསྣན་ཏེ།ཟླ་ལྟར་དུས་ཚིགས་ཁག་ཏུ་ལེན་པ་དང་། དུས་ཚིགས་ལྟར་ལོ་ཁག་ཏུ་ལེན་དགོས། དངོས་སུ་ཁེ་ལས་ཀྱི་ཁྲལ་མིན་ཁུར་བོ་ཇེ་ཡང་དུ་བཏང་སྟེ།ནུས་ཤུགས་ཡོད་རྒུས་གློག་ཤུགས་དང་། སྐྱེལ་འདྲེན།  སྣུམ་རླངས་སོགས་ཐོན་སྐྱེད་ཀྱི་རྒྱུ་ཆ་གཙོ་བོ་མཐུན་སྦྱོར་འགན་སྲུང་གི་ལས་དོན་འཛིན་དགོས་ལ།གོང་འོག་ཐོན་ལས་ཀྱི་མཐུད་སྦྲེལ་དམ་འཛིན་ཡག་པོ་བྱ་དགོས་ཤིང་།འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལ་རྗེས་སྙེག་ཞབས་ཞུ་བྱེད་པ་དང་།  ཁེ་ལས་ལ་རོགས་རམ་བྱས་ཏེ་ཐོན་སྐྱེད་རྒྱ་བསྐྱེད་ཚོང་སྐུལ་བྱ་དགོས། མུ་མཐུད་དུ་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ་དང་།གཙོ་གནད་ལས་རིགས་ཀྱི་འཁོར་སྐྱོད་དང་། གཙོ་གནད་ཐོན་རྫས་ཀྱི་མཁོ་སྤྲོད།ཐོན་ནུས་ཀྱི་ཆ་འཕྲིན་འགྲེམ་སྤེལ་ལམ་ལུགས་སོགས་གཟབ་ནན་ངང་དོན་འཁྱོལ་བྱས་ཏེ། ཁེ་ལས་ལ་ཞབས་ཞུ་སྒྲུབ་པའི་ལས་དོན་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་མ་ལག་ནང་འཇོག་པ་དང་།ཤུགས་བཏོན་ནས་ཁེ་ལས་ལ་འཕྲད་པའི་དཀའ་ངལ་དང་འགལ་བ་སེལ་དགོས་ལ།  ཁེ་ལས་བརྟན་འཇཊ་ངང་གཉེར་སྐྱོང་བྱེད་པར་རམ་འདེཊ་བྱ་དགོས།

ཕན་ལྡན་མ་དངུལ་རྒྱུན་ཆད་མེད་པར་གཏོང་དགོས།རྣམ་གྲངས་འབྱུང་བའི་ལོའི་བྱེད་སྒོགཏིང་ཟབ་ངང་སྤེལ་ནས། མགྱོགས་མྱུར་སྒོས་ཕྱོགས་ཡོངས་ནས་རྣམ་གྲངས་བརྩོན་ལེན་བྱེད་པའི་མ་དཔེ་འགོ་ཚུགས་པ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མ་རྣམ་གྲངས་ཀྱི་ཆེད་དུརྒྱུགཔའི་རྣམ་པ་གསར་པ་ཐོན་དགོས། ལས་ཀ་སྙོམས་སྒྲིག་བྱེད་པའི་བྱ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། རྣམ་གྲངས་ལ་མ་འཇོག་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་།བཀོད་གཏོང་དང་བསྡོམས་རྩིས་ལས་དོན་བཅས་ལ་ཤུགས་སྣོན་དགོས།  རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབ་པ་དང་།རྣམ་གྲངས་གཅིག་དང་། ཚན་ཁག་གཅིག  ལག་བསྟར་གཅིག་གིལས་ཀའི་ལམ་སྲོལ་ལག་བསྟར་བྱས་ནས།ཤུགས་ཆེན་པོས་ཐུའུ་ཅི་ཞུན་ཚྭ་ཕུང་བོའི་ནུས་ཤུགས་དང་། མཁའ་རླུང་གནོན་བཙིར་ནུས་གསོག རླུང་གློག་ཀྲའོ་ཝ400ཡི་ཨར་འདམ་སྟེགས་མདོང་། ཕྱུགས་སྐྱིལ་འགག་གི་ཆུ་བེད་ལྟེ་གནས་ཆུ་འདོན་ལས་གཞི། ས་འོག་ཕྱོགས་བསྡུས་མདོང་ལམ་སོགས་རྣམ་གྲངས་གལ་ཆེན100ཡི་དུས་མགོའི་ལས་དོན་ལ་སྐུལ་འདེད་གཏང་དགོས། མགྱོགས་མྱུར་སྒོས་རྣམ་གྲངས་གཅིག་སྡུད་ཀྱིས་ལས་འགོ་བསྐྱར་ཚུགས་ཀྱི་ཡུན་རིང་ལམ་སྲོལ་འཛུགས་པ་དང་།ཟླ3པའི་ཟླ་མཇུག་སྔོན་དུ་རྣམ་གྲངས400 ཡི་གཅིག་སྡུད་ལས་འགོ་བསྐྱར་ཚུགས་འགན་ལེན་བྱེད་དགོས་ཤིང་།ཟླ6པའི་ཟླ་མཇུག་སྔོན་དུ་རྣམ་གྲངས200ཡི་ལས་འགོ་བསྐྱར་ཚུགས་བྱ་དགོས་ལ།ཟླ9པའི་ཟླ་མཇུག་སྔོན་ལ་རྣམ་གྲངས200ཡང་བསྐྱར་ལས་འགོ་ཚུགས་དགོས་པ་མ་ཟད།ལོ་འཁོར་འདིའི་རྣམ་གྲངས་མང་ཙམ་ལས་འགོ་ཚུགས་པ་དང་མགྱོགས་མྱུར་ལག་བསྟར་ཐུབ་པ་བཅས་བྱ་དགོས།ཚོང་རར་ཞུགས་འཐུས་ལྷོད་དུ་གཏོང་བ་དང་། ལས་རིགས་ཀྱི་འགོག་རྐྱེན་སེལ་དགོས་ལ། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་གསོན་ཤུགས་རྒྱས་སུ་བཅུག་ནས།དམངས་ཁྲོད་ཀྱི་མ་འཇོག་སྒོར་དུང་ཕྱུར270བརྩོན་ལེན་དང་། བརྒྱ་ཆའི10འཕར་བ་ལེགས་འགྲུབ་བྱ་དགོས།

ཤུགས་ཆེན་པོས་དངོས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ།དངོས་གཞིའི་དཔལ་འབྱོར་དར་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དང་།སྟོང་ཅན་ལྔཡི་ཁྱུ་ཚོགས་ཇུས་གཞི་འབྲེལ་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས།ཁྲལ་འབེབས་ལག་ཁྱེར་ཉུང་གཏོང་དང་ཚད་གཞི་མཐོ་གཏོངགི་བྱེད་ཐབས་ཁག་གསུམ་སོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ།ཤུགས་ཆེན་པོས་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་བྱེད་ནུས་ཇེ་ཆེར་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་དང་།རེས་སྐོར་གསར་པའི་ལག་རྩལ་སྒྱུར་བཀོད་རིམ་སྤོར་ལས་དོན་ལག་བསྟར་བྱས་ཏེ། དངོས་གཞིའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་དགོས།ལས་རྣམ་གསར་པ་དང་ཐོན་ལས་གསར་པ་འཕེལ་རྒྱས་རོགས་སྐྱོར་བྱེད་པའི་བྱ་ཐབས་དང་བསམ་འཆར་དོན་འཁྱོལ་བྱེད་པ་དང་།གསར་སྐྲུན་ཅན་གྱི་ལས་རྣམ་ལས་རིགས་ལ་ཞུགས་ཆོག་པའི་ལམ་ལུགས་གཟབ་ནན་ངང་ལག་བསྟར་བྱས་ནས།གློག་རྡུལ་ཚོང་དོན་དང་། དངོས་ཟོག་མངག་སྐྱེལ། དྲ་རྒྱའི་འཛད་སྤྱོད།ནུས་ཁུངས་གྲོན་ཆུང་གི་ཞབས་ཞུ། ཁྱིམ་ཚང་འཛིན་སྐྱོང་གི་ཞབས་ཞུ། རིག་གནས་ཡུལ་སྐོར་ལུས་རྩལ་སོགས་ཐོན་ལས་གསུམ་པ་འཕེལ་རྒྱས་འགྲོ་བའི་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས།དམངས་ལ་རོགས་མིན་པའི་བྱེད་ཐབསསོགས་སྲིད་ཇུས་རབ་དང་རིམ་པའི་བྱེད་ཐབས་བསྟུད་མར་འཐུས་ཚང་དུ་གཏོང་བ་དང་།འཕེལ་རྒྱས་སྟོབས་ཤུགས་ཡོད་པའི་རང་ས་གནས་ཀྱི་ཁེ་ལས་འབྲིང་ཆུང་དེ་གཞི་ཁྱོན་ཅན་གྱི་ཁ་ཕྱོགས་དང་།སྣེ་འདྲེན་ཁེ་ལས་དེ་ཚོགས་པ་ཅན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེབས་དང་རྒྱབ་སྐྱོར་བྱ་དགོས་ལ། ལོ་འདིའི་ནང་དུ་སྒྲིག་སྲོལ་དུ་ཞུགས་པའི་ཁེ་ལས10 དང་། ཁེ་ལས་འབྲིང་ཆུང120གསོ་སྐྱོང་བྱ་དགོས། ཧུར་ཐག་གིས་རྩ་འཛུགས་བྱས་ཏེ་ཅཱ་ལུད་དང་ལྷད་མེད་བུལ་ཏོག་གི་རིན་གོང་སྟོན་གྲངས་ཁྱབ་བསྒྲགས་བྱེད་པ་དང་། མཚོ་ནུབ་ཀྱི་ཁྱད་ལྡན་ཐོན་ལས་དང་ཐོན་རྫས་རྒྱལ་ནང་དང་ཐ་ན་རྒྱལ་སྤྱིའི་ཚོང་རའི་སྟེང་གི་རིན་གོང་གཏན་འབེབས་ཀྱི་དབང་ཆ་དང་གཏམ་གླེང་དབང་ཆ་མཐོར་འདེགས་གཏོང་དགོས།

རྣམ་པ་གསར་པའི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ། ཚྭ་ཁའི་ཚྭ་མཚོA5རིམ་པའི་མཛེས་ལྗོངས་ཁུལ་གསར་སྐྲུན་ལས་དོན་ལ་མགྱོགས་པོར་སྐུལ་འདེད་གཏང་དགོས།ཚྭ་ཁམས་ཚྭ་མཚོ་དང་། མཚེའུ་གཉིས་དང་ཤུལ་གཅིགགི་སྒྱུར་བཀོད་མཐོར་གཏོང་སོགས་ཡུལ་སྐོར་རྣམ་གྲངས་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས་ཏེ།ནམ་མཁའ་དང་པོ་དང་། ཆུ་ཐོག་ཡཱ་ཏན། གསེར་མཚོ་སོགས་མཛེས་ལྗོངས་ཁུལ་རྣམས་དུས་ལྟར་སྒོ་ཕྱེ་བར་ཁག་ཐེག་བྱ་དགོས་ལ།ཡུལ་སྐོར་མི་ཐེངས18%འཕར་བ་མངོན་འགྱུར་བྱ་དགོས་ཤིང་།ཡུལ་སྐོར་ཡོང་འབབ16% འཕར་བར་བྱ་དགོས། ན་གོར་མོ་དང་། གཏེར་ལེན་ཁ།ཐེམ་ཆེན་རྫོང་སོགས་སུ་གློག་རྡུལ་ཚོང་དོན་གྲོང་ཚོར་འཁྲིད་པའི་རྣམ་གྲངས་ལག་བསྟར་བྱེད་པ་དང་།ཡུལ་ཚོ་དང་གྲོང་རྡལ་དང་གྲོང་ཚོ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས25གསར་དུ་འཛུགས་དགོས་ལ།  ལོ་འཁོར་འདིའི་ནང་གློག་རྡུལ་ཚོང་དོན་གྱི་དྲ་ཐོག་ཚོང་དོན20% འཕར་བ་དང་། གློག་འཕྲིན་ལས་སྒོའི་སྤྱི་འབོར15% འཕར་དགོས། ན་གོར་མོའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན་ལ་བརྟེན་ནས་ཟོག་འདྲེན་དྲ་གནས་ཁྱབ་ཚུལ་ལེགས་སུ་གཏོང་བ་དང་།ཚྭ་ཁམས་སོགས་གཙོ་གནད་ཟོག་འདྲེན་གླིང་ཁུལ་འཛུགས་སྐྲུན་བྱས་ནས།མགྱོགས་མྱུར་སྒོས་ནུབ་རྒྱུད་ཀྱི་ས་ཁོངས་རང་བཞིན་གྱི་ཟོག་འདྲེན་འདུ་འགྲེམས་ལྟེ་གནས་བསྐྲུན་དགོས།ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་སྤེལ་རེས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་།བསྡོམས་རྩིས་བྱེད་ཐབས་མུ་མཐུད་ལེགས་བཅོས་བྱས་ནས།ཚན་རིག་གིས་བསྡོམས་རྩིས་བྱེད་པར་དངོས་སུ་ཤུགས་སྣོན་པ་དང་། ངེས་པར་དུ་བསྡོམས་རྩིས་བྱེད་དགོས་རིགས་གང་ཐུབ་ཀྱིས་བསྡོམས་རྩིས་བྱ་ཐུབ་དགོས།

གསུམལེགས་ཤོས་རིགས་གསོ་སྐྱོང་དང་གསར་པཟོ་བྱེད་པ་ཤུགས་ཆེ་རུ་བཏང་ནས།ནུས་ཤུགས་ཡོད་རྒུས སྟོང་ཅན་ལྔའིཐོན་ལས་ཁྱུ་ཚོགས་ལ་སྐུལ་འདེད་བྱེད་པ།

སྒོར་དུང་ཕྱུར་སྟོང་གི་ལཱིས་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཚྭ་མཚེའུ་ ཚོགས་པ་དང་།ཧིན་ཞིན་རོང་ལཱིས་ལས་རིགས་སོགས་ཁེ་ལས་ཀྱིས་བརྟན་འཇགས་འཁོར་སྐྱོད་ཚོང་གཉེར་ལེགས་པོར་འཛིན་པའི་རྨང་གཞིའི་སྟེང་།གཏེར་ཁུལ་ལྔ་པས་ཐཱན་སྐྱུར་ལཱིས་ཏུན་ཁྲི1དང་། ཅིན་ཁུན་ནུས་ལིས་ཚྭ་དུས་རིམ་དང་པོ་ཏུན་ཁྲི1.5སོགས་རྣམ་གྲངས4འཛུགས་དགོས་ལ།  པིས་ཡ་ཏི་ཐཱན་སྐྱུར་ལིས་ཏུན་ཁྲི3དང་།  ལན་ཁའོ་ལཱིས་ལས་རིགས་ཀྱིས་གློག་རྫས་རིམ་པའི་ཐཱན་སྐྱུར་ལིས་ཏུན་ཁྲི2 སོགས་ཀྱི་རྣམ་གྲངས4འཛུགས་སྐྲུན་ལས་འགོ་ཚུགས་ནས། ཐཱན་སྐྱུར་ལཱིས་ཐོན་ནུས་ཏུན་ཁྲི 10 ལ་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། ལཱིས་ཐོན་ལས་དེ་འབྲིང་དང་མཐོ་བའི་རིམ་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱ་དགོས།

སྒོར་དུང་ཕྱུར་སྟོང་གི་རྒྱུ་ཆ་གསར་པའི་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།སྲོལ་རྒྱུན་ཐོན་ལས་ཀྱི་རྨང་གཞིའི་ཐོགམཐུད་སྦྱོར དང གསོ་སྐྱོང བྱེད་པ་དང་། ཤུགས་ཆེན་པོས་ལྕགས་རིགས་མཱེ་དང་མཱེ་འདྲེས་ལྕགས། སྐྱེ་མེད་ཀྱི་ལྕགས་རིགས་མིན་པའི་རྒྱུ་ཆ།འདུས་རྡུལ་མཐོ་བའི་བྱེད་ནུས་རྒྱུ་ཆ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏང་དགོས།རྩེ་གྲས་ཀྱི་ཧྥུལ་དྲུག་ལིན་སྐྱུར་ལཱིས་ཏུན6000དུས་ཐེངས་དང་པོ་ཏུན2000 དང་།  སྤྲི་དཀར་ཚི་སྣའི་རྒྱུ་ཆ་ཏུན་ཁྲི 2 སོགས་རྣམ་གྲངས 9 བསྐྲུན་པ་དང་།  ཚད་མཐོ་བའི་འགྱིག་ཚི་ཏུན1200དང་། ཅི་པིན་ལིག་མིས་འགྱིག་ཚི་ཏུན་ཁྲི1སོགས་ཀྱི་རྣམ་གྲངས8འཛུགས་སྐྲུན་འགོ་ཚུགས་ནས།རྒྱུ་ཆ་གསར་པའི་ཐོན་ལས་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྒྱུ་ཆ་གསར་པའི་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏང་དགོས།
      སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།ཐོན་ལས་འབྲེལ་ཐག་ཡོངས་ཀྱི་འདུ་ཤེས་ལྟར། འོད་ཤུགས་དང་། ཉི་འོད་དྲོད་སྣང་། རླུང་ནུས་གློག་འདོན་དང་ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་སོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས།ཀྲའོ་ཝ50ཡི་རྩེག་དབྱིབས་རྣམ་པ་དང་།ཀྲའོ་ཝ50ཡི་ཤུར་དབྱིབས་རྣམ་པའི་ཉི་འོད་དྲོད་སྣང་གློག་འདོན་རྣམ་གྲངས་གཉིས་འཛུགས་ཐུབ་དགོས་ལ།མགྱོགས་མྱུར་སྒོས་ཀྲའོ་ཝ1950ཅན་གྱི་རླུང་ཤུགས་གློག་འདོན་རྣམ་གྲངས28འཛུགས་སྐྲུན་བྱ་དགོས།  ཚད་གཞི་མཐོ་བའི་སྒོ་ནས་ན་གོར་མོ་དང་གཏེར་ལེན་ཁ་གཉིས་ཀྱི་ཉེར་སྤྱོདསྣེ་ཁྲིད་མཁནགྱི་འོད་ཤུགས་གློག་འདོན་རྟེན་གཞི་ལེགས་པོར་འཛུགས་དགོས་ལ།ཀྲའོ་ཝ150ཅན་གྱི་རླུང་ཤུགས་གློག་འདོན་གྱི་ཐོན་སྐྱེད་སྒྲིག་ཆས་བཟོ་སྐྲུན་དང་།ཀྲའོ་ཝ500ཅན་གྱི་ཤེལ་གཟུགས་ཀའེ་ཡི་ཉི་འོད་ནུས་པའི་གྲུབ་ཆ། ཀྲའོ་ཝ500ཅན་གྱི་ཉི་འོད་དྲོད་སྣང་གློག་འདོན་གྱི་སྒྲིག་ཆས་སོགས་རྣམ་གྲངས་འཛུགས་ཐུབ་དགོས་པ་མ་ཟད། ལོ་འདིའི་ནང་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་ཐོན་ལས་ཁྱུ་ཚོགས་ཀྱི་སྒྲོམ་གཞི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་དགོས།
     ཏུན་ཁྲི་སྟོང་རིམ་པའི་ས་མཐོའི་སྣུམ་རླངས་གཏེར་ཁུངས་དང་སྣུམ་རླངས་རྫས་འགྱུར་བཟོ་ལས་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས།སྣུམ་རླངས་གསོག་ཚད་འཕར་བའི་ཐོན་སྐྱེད་ཐད་ཤུགས་བརྒྱབ་ནས།  ལུའོ་ཧོ་སྣུམ་ཁུངས་ཀྱིས་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་དུ་ཉེན་ཁ་རྩད་གཅོད་སྤེལ་བར་རྒྱབ་སྐྱོར་བྱ་དགོས།ཤུགས་ཆེན་པོས་དྲང་བོར་ཁུང་བུ་འབིགས་པའི་གནོན་ཤུགས་ལག་རྩལ་ཁྱབ་སྤེལ་གཏོང་བ་དང་། ཁག་དང་པོའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཁུངས་རྩད་གཅོད་གསར་སྤེལ་རྣམ་གྲངས་ལག་བསྟར་བྱས་ནས།གསོག་ཚད་དང་ཐོན་ཚད་གཉིས་ཀྱིས་སྟེང་ནས་མཐོར་འདེགས་ཡོང་བ་མངོན་འགྱུར་བྱ་དགོས། ཤུགས་བཏོན་ནས་ན་གོར་མོའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་ནུས་ཁུངས་རྒྱ་བསྐྱེད་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་།མཐུན་སྦྱོར་བྱས་ནས་ཀྲུང་ཧཱའི་རྡོ་སྣུམ་སྦུབས་ལམ་ལས་གཞིའི་ན་གོར་མོ་བར་བསྲིངས་པར་སྐུལ་འདེད་བྱེད་དགོས་ལ། རྡོ་གཡམ་སྣུམ་རླངས་གསར་སྤེལ་ཇེ་མགྱོགས་སུ་གཏོང་བ་མ་ཟད། རྒྱལ་ཁབ་འཐབ་ཇུས་ཀྱི་སྣུམ་རླངས་ཐོན་ལས་རྟེན་གཞི་འཛུགས་པར་ཤུགས་འདོན་དགོས།

དུང་ཕྱུར་སྟོང་གི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འདུས་འཛོམས་ཀྱིས་འཛུགས་སྐྲུན་ལ་ཇེ་མགྱོགས་སུ་གཏོང་དགོས།  ཁྱད་ལྡན་སྐྱེ་དངོས་ཐོན་ལས་སྤུས་ཚད་མཐོ་རུ་བཏང་ནས་ཕན་འབྲས་འཕར་བའི་བཟོ་བསྐྲུན་ཞེས་པ་གཏིང་ཟབ་པས་སྐུལ་འདེད་གཏོང་བ་དང་། འཕང་འབྲས་དང་ལི་གྲོ་སོགས་ཁྱད་ལྡན་སྐྱེ་དངོས་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཞིང་། མཐོ་སྒང་འཁྱག་བསིལ་ཁྱད་ལྡན་སྐྱེ་དངོས་ཐོན་ལས་རྟེན་གཞི་བཞེངས་བསྐྲུན་བྱ་དགོས།   ཚྭ་འདམ་རྩེར་སོན་གྱི་འཕང་འབྲས་ཐོན་ལས་རྟེན་གཞི་བསྐྲུན་པ་དང་།  འཕང་འབྲས་ཀྱི་ར་གན་ལེན་པ་དང་། ལི་གྲོ་དང་འཕང་འབྲས་ཀྱིས་བག་ལེབ་སྐམ་པོ་ལས་སྣོན་སོགས་ལས་གཞི་འཛུགས་སྐྲུན་བྱ་དགོས། ཏུན1000གི་འཕང་འབྲས་དམར་པོའི་སྤུས་ལེགས་ལས་སྣོན་དང་ཏུན500ཡི་འཕང་འབྲས་ནག་པོའི་གར་ཆང་ཁུ་བ་སོགས་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། འཕང་འབྲས་གཙོ་ཤོས་ཡིན་པའི་ཚྭ་འདམ་ཁྱད་ལྡན་རྒྱ་བོད་སྨན་རྫས་ལས་སྣོན་ཞིབ་ཚགས་ལ་སྐུལ་འདེད་གཏོང་ཞིང་། སྐྱེ་དངོས་སྨན་རྫས་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཏེ། ཚྭ་འདམ་གྱི་རྒྱ་བོད་སྨན་རྫས་ཐོན་ལས་རྟེན་གཞི་བཞེངས་དགོས། རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁྱད་ལྡན་གྱི་རྟགས་མང་གྲགས་ཅན་ལ་བརྟེན་ནས། མཐོ་སྒང་གི་ནོར་ལུག་ཤ་སྲོག་ཤིང་ཡིན་པའི་ཐོན་ལས་མ་ལག་བཞེངས་སྐྲུན་བྱ་དགོས།  

བཞིགླིང་ཁུལ་དུ་གཞི་རྐང་བཙུགས་ནས་ཁྱད་ལྡན་ལྷང་ངེ་ཡིན་དགོས་ཏེ། ལྗང་མདོག་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་ཆུ་ཚད་ཧུར་ཐག་གིས་ཡར་འཐེན་བྱེད་དགོས།

ཧུར་ཐག་གིས་ཐོན་ལས་ཀྱི་ལས་གཞིར་དམ་འཛིན་ལེགས་པོ་བྱ་དགོས། རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ཁུལ་བཞེངས་བསྐྲུན་ཇེ་མགྱོགས་སུ་གཏོང་བར་དམིགས་ནས།ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བཞེངས་ཏེ། ཧུར་བརྩོན་སྒོས་ལྗང་མདོག་བཟོ་སྐྲུན་ལས་གཞི་ཞེས་པ་ལག་བསྟར་བྱས་པ་དང་། བཟོ་ལས་གྲོན་ཆུང་གི་ལྗང་མདོག་ཚད་ལྡན་ཅན་འགུལ་སྤྱོད་ཞེས་པ་སྤེལ་དགོས། ཧུར་ཐག་གིས་ཐཱ་སྙིགས་འབུད་དབང་དང་ཆུ་ཉོག་འབུད་དབང་། ཆུ་བཀོལ་དབང་ཆ་སོགས་ཉོ་འཚོང་ཚོད་ལྟའི་གནས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཀྱི་བེད་སྤྱོད་རྣམ་པ་དང་འཁོར་སྤྱོད་ཀྱི་མཐོ་ཆོད་རྣམ་པ།  ཐཱ་དམའ་གཙང་དག་རྣམ་པ།  ཁོར་ཡུག་བཅོས་བསྒྱུར་རྣམ་པ་སྐོར་སོགས་ལྗང་མདོག་གི་ཐོན་ལས་ལས་གཞིའི་ཇུས་འགོད་བྱ་དགོས།  གླིང་ཁུལ་གཙོ་ཤོས་ཀྱི་ཐོན་ལས་ལས་གཞིའི90ཡན་ལག་བསྟར་བྱས་ནས། ཧུར་བརྩོན་གྱིས་མ་དངུལ་གཏོང་བར་སྒོར་དུང་ཕྱུར210ཡན་ལ་ལེགས་འགྲུབ་འབྱུང་དགོས། ན་གོར་མོ་བཟོ་ལས་གླིང་གིས་ནུས་མང་ཕན་ཚུན་ལ་གསབ་མཐུན་བྱེད་པ་བསྡུས་གྲུབ་མཆོག་གྱུར་གྱི་དཔེ་སྟོན་དང་འོད་དྲོད་གློག་ཚུགས་ཀྱི་སྒུལ་ཤུགས་སྦུ་གུའི་བཟོ་སྐྲུན། ཏུན་ཁྲི60ཡི་ཞཱི་ཐཱན་སོགས་ལས་གཞི་སོགས་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། གཏེར་ལེན་ཁའི་བཟོ་ལས་གླིང་གིས་རླུང་ཤུགས་གློག་འདོན་གྱི་གཤོག་པའམ་ཐེལ་འགྱུར་ཁད་ཀྱི་སྐྱི་མོ་གློག་རྡུལ། ཧྥུལ་དྲུག་ལིས་སྐྱུར་ལིན་ལ་ཆུ་མེད་ཆིང་ཧྥུལ་སྐྱུར་སྒྲིག་ཆས་ཆ་ཚང་སོགས་ལས་གཞིའི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས།  ཆྭ་འདམ་ཆེ་བའི་བཟོ་ལས་གླིང་གིས་ཏུན2000དབྱང་འགྱུར་པོན་དང་ཏུན5000མཐོ་དག་ཆིང་དབྱང་འགྱུར་མཱེ་སོགས་ཀྱི་ལས་གཞིའི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས།དབུས་ལམ་བཟོ་ལས་གླིང་གིས་ཏུན་ཁྲི30བཟའ་ཚྭ་དང་རྡོ་སོལ་སྲེག་ཐབ་ཀྱི་སོལ་རླངས་གཅིག་བསྡུས་བེད་སྤྱོད་སོགས་ཀྱི་ལས་གཞིའི་ཧུར་བརྩོན་སྒོས་སྐུལ་འདེད་གཏོང་དགོས།

བསྟུན་མར་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་དགོས།གླིང་ཁུལ་གྱི་སྤྱི་སྤྱོད་ཞབས་ཞུའི་སྟེགས་བུ་དང་ཆུ་གློགལམ། རང་བྱུང་སོལ་རླངས་དེ་མིན་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་ཐད་ནས་ལག་བསྲིངས་ཤིང་། གླིང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཇེ་དྲག་ཏུ་གཏོང་སྟེ།སྒྲིག་ཆས་ཆ་ཚང་གི་ལས་གཞི25ལག་བསྟར་བྱེད་པ་དང་།གླིང་ཁུལ་གྱིས་ཐེག་ཚད་ནུས་པ་སྐུལ་སྤེལ་བྱས་ནས།  གླིང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་རྣམ་པ་བསྒྱུར་བ་མངོན་འགྱུར་འབྱུང་བར་ཁག་ཐེག་བྱ་དགོས།  གླིང་ཁུལ་གསར་གཏོད་དང་སྤྱི་སྤྱོད་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གཏེར་ལེན་ཁའི་བཟོ་ལས་གླིང་གི་གཅིག་བསྡུས་ཐོན་ལས་ཁུལ་ཚན་རྩལ་ཐོན་ལས་ཀྱི་རྟེན་གཞི། ཚྭ་འདམ་ཆེ་བའི་བཟོ་ལས་གླིང་གི་གསོ་སྤེལ་འཕྲུས་ཆས་ཀྱི་འཛུགས་སྐྲུན་གཙོ་བོར་བཅས་སྐུལ་འདེད་གཏོང་དགོས། ཧུར་བརྩོན་སྒོས་མཚོ་ནུབ་ཁུལ་ཉེན་ཁའི་གད་སྙིགས་ཐག་གཅོད་ལྟེ་གནས་དང་ཚྭ་འདམ་ཆེ་བའི་ཡུན་མཱ་འགག་ཐོན་ལས་ཁུལ་འཚོ་བའི་ཉོག་ཆུ་ཐག་གཅོད་བཟོ་གྲྭགཏེར་ལེན་ཁའི་བཟོ་ལས་གླིང་ཁུལ་གྱི་ལྕགས་ལམ་ཆེད་སྤྱོད་སྐུད་ལམ་སོགས་ལས་གཞིའི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཤུགས་རྐྱེན་གཙོ་བོའི་ལས་གཞི་འཛུགས་སྐྲུན་གྱི་མེ་འགོག་དང་གློག་ཤུགས་སྐུད་ལམ་སྤོ་སྒྱུར།  བགྲོད་ལམ་སོགས་གནད་དོན་ལ་རོགས་རམ་གྱིས་ཐག་གཅོད་བྱ་དགོས།  

གླིང་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་ལ་ངར་སློང་དགོས། ཁུ་བསྡུས་ཀྱི་ལས་ཆོད་མཐོན་པའི་ཚད་གཞི་ལྟར།  ཁྱོན་ཡོངས་ནས་ཞིང་ཆེན་སྲིད་གཞུང་གི་རིགས་སོ་སོའི་ཐོན་ལས་གླིང་ཁུལ་བཅོས་བསྒྱུར་དང་གསར་གཏོད་འཕེལ་རྒྱས་ཀྱི་བསམ་འཆར་སྐོར་ལ་དོན་ཐོག་ཏུ་འཁྱོལ་བའི་སྐུལ་འདེད་གཏོང་བར་ལག་ལེན་དོན་འཁྱོལ་བྱས་ཏེ། ཧུར་བརྩོན་གྱིས་ལམ་ལུགས་ནང་རྐྱེན་འགག་སྒོའི་འཇོམས་ཤིང་། གླིང་ཁུལ་དོ་དམ་ལམ་ལུགས་ལ་མཐུན་འགྲིག་བྱས་ཏེ། དབང་ཆ་དང་འགན་ཁུར་གྱི་འབྲེལ་བ་མངོན་གསལ་ཡིན་དགོས་པ་དང་། ས་གནས་དང་གླིང་ཁུལ་འཕེལ་རྒྱས་མཉམ་ཤུགས་གྲུབ་དགོས། ཧུར་བརྩོན་གྱིས་གླིང་ཁུལ་དོ་དམ་བཅོས་བསྒྱུར་སྐུལ་འདེད་གཏོང་བ་དང་།  གླིང་ཁུལ་འཁོར་སྐྱོད་ཚོང་གཉེར་རྣམ་པ་གསར་གཏོད་དང་། སྤུས་དག་ཞིབ་ཆ་ལྡན་པའི་དོ་དམ་ཆུ་ཚད་སྐུལ་སྤེལ་བྱས་ཏེ།  ཕུན་སུམ་ཚོགས་པའི་གླིང་ཁུལ་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ངར་སློང་བྱ་དགོས།  གླིང་ཁུལ་འཕེལ་རྒྱས་གྱི་གོ་གནས་ངེས་གསལ་བྱེད་པ་དང་། ཚན་རིག་ཇུས་འགོད་དང་ནུས་པ་ཁྱབ་འགོད་བྱེད་དེ།བཟོ་ལས་གླིང་ཁུལ་སོ་སོས་སྲོག་ཤིང་གི་འཕེལ་རྒྱས་ཁུལ་དབྱེ་མཚམས་གཅོད་པ་དང་། གནས་བབ་ལེགས་པོའི་ཕན་ཚུན་ལ་ཁ་གསབ་བྱེད་པ་དང་ཐབས་བསྟུན་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོར་གྲུབ་དགོས།  ཐོན་ལས་རིམ་སྤར་ལ་སྐུལ་སྤེལ་བྱ་དགོས།          

ལྔགལ་ཆེན་དམ་འཛིན་བྱས་ནས་གཙོ་གནད་འབུར་དུ་བཏོད་ཏེ། སྔར་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་འཐས་སུ་གཏོང་དགོས།  

རྫོང་ཁུལ་གྱི་དཔལ་འབྱོར་ཤུགས་ཆེ་རུ་འཕེལ་རྒྱས་སུ་གཏོང་དགོས། གཏེར་ལེན་ཁ་གྲོང་ཁྱེར་གྱིས་གླིང་ཁུལ་དང་མཉམ་འདྲེས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་སྟེ།  ཀྲུང་གོའི་བུལ་གྲོང་ཞེས་པ་དང་ནུས་ཁོངས་གསར་པའི་དཔེ་སྟོན་གྲོང་ཁྱེར་བཞེངས་བསྐྲུན་བྱ་དགོས།   བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་རྟེན་གཞིའི་འཛུགས་བསྐྲུན་དང་དམག་དམངས་མཉམ་འདྲེས་ཀྱིས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།  གཙོ་བོར་ཚྭ་བུལ་བཟོ་འགྱུར།  ནུས་ཁུངས་གསར་པ།  རྒྱུ་ཆ་གསར་པ། ཁྱད་ལྡན་སྐྱེ་དངོས་སྤུས་ལེགས་ལས་སྣོན་ཐོན་ལས་སོགས་འཕེལ་རྒྱས་གཏོང་དགོས། ན་གོར་མོ་གྲོང་ཁྱེར་གྱིས་མཚོ་སྔོན་ལྟེ་གནས་ཡན་ལག་གྲོང་ཁྱེར་གྱི་འཛུགས་སྐྲུན་མཐུན་སྦྱོང་ལ་སྐུལ་འདེད་གཏོང་ཤིང་། དཔྱ་ཁྲལ་ཁག་ཐེག་ཁུལ་དང་མཚོ་བོད་སྐམ་སའི་གྲུ་ཁའི་ཚོང་འགྲུལ་ནུབ་ཁུལ།  ཡོ་རོབ་དང་ཨེ་ཤེ་ཡའི་ཚོང་ར་ཆེན་མོས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་།ཚྭ་འདམ་འཁོར་སྐྱོད་དཔལ་འབྱོར་གྱི་ཚོད་ལྟའི་ཁུལ་དང་སྲོག་ཤིང་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། མཱེ་ལིས་ཅཱ་གླིང་ཞེས་པ་འཛུགས་སྐྲུན་སྟེང་དུ་ངོ་བོའི་རང་བཞིན་གྱི་ལས་བརྒལ་བླང་དགོས། གཙོ་བོར་ཚྭ་མཚོ་དང་སྣུམ་རླངས།  ལྕགས་བཞུ། ནུས་ཁུངས་གསར་པ།  རྒྱུ་ཆ་གསར་པ་སོགས་ཐོན་ལས་འཕེལ་རྒྱས་གཏོང་དགོས། གཏེར་ལམ་རྫོང་གིས་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་བཞེངས་སྐྲུན་བྱེད་དེ། གཙོ་བོར་འཕང་འབྲས་དང་ཐོན་ལས་རྩེ་གྲའི་འཕེལ་རྒྱས་གཏོང་དགོས། དབུས་ལམ་རྫོང་གིས་ཡུལ་སྐོར་རྫོང་མིང་གྲགས་ཞེས་པ་འཐབ་ཇུས་ལག་བསྟར་བྱེད་དེ།གཙོ་བོར་སྐྱེ་ལྡན་ལྗང་མདོག་གི་ཞིང་ལས་དང་རྡོ་སོལ་འགྱུར། ཚྭ་འགྱུར་བཅས་གཅིག་བསྡུས་ཀྱིས་བེད་སྤྱོད་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཡུལ་སྐོར་རྩེ་གྲའི་དམིགས་ཡུལ་ས་གནས་དང་སྐྱེ་ལྡན་ཞིང་ལས་དཔེ་སྟོན་ཁུལ།ཞིང་ཆེན་ཡོངས་ཀྱི་སོལ་འགྱུར་བཟོ་ལས་རྟེན་གཞིའི་གཙོ་བར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།ཐེན་ཆེན་རྫོང་གིས་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་ལ་དམིགས་ནས་འཛུགས་སྐྲུན་བྱེད་པ་དང་།ཞིང་ཆེན་ཡོངས་ཀྱི་མཐོ་གྲང་ནུས་ཆོད་ཀྱི་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་རྟེན་གཞིའི་འཛུགས་སྐྲུན་བྱེད་ཅིང་། རྡོ་སོལ་སྐྱེལ་འདྲེན་དང་བོད་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། འཕེལ་རྒྱས་ཀྱི་གནས་བབ་ལེགས་པོར་ཡང་བསྐྱར་བསྐྲུན་དགོས།ནུབ་རྒྱུད་སྲིད་ཨུ་གསུམ་གྱིས་སྲིད་འཛིན་སུ་ཁུལ་དབྱི་འབྱེད་བཅོས་བསྒྱུར་གོ་སྐབས་དམ་འཛིན་བྱ་དགོས། ཐོན་ལས་མཁར་གྲོང་གསར་པ་འཛུགས་སྐྲུན་དང་། སྒྲིག་གཞི་སྙོམས་སྒྲིག་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྐུལ་འདེད་གཏོང་སྟེ། དེའི་ས་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐུལ་ཁྲིད་བྱེད་དུ་གཞུག་དགོས།

རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གཙོ་གནད་ཀྱི་རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་དཀྱིལ་ནུབ་རྒྱུད་ས་ཁུལ་ལ་ཕྱོགས་ཀྱིས་ཕན་པས་གོ་སྐབས་དམ་འཛིན་བྱེད་ཅིང་། ལས་གཞིའི་བརྩོན་ལེན་ཤུགས་ཚད་ཇེ་ཆེར་གཏོང་སྟེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས།  ཆུ་བེད་ཕྱོགས་ནས་གཙོ་བོ་ན་ལིན་ཀའོ་ལའེ་ཆུ་བོ་དང་ཕྱུག་སྐྱིལ་འགག་ཆུ་བེད་གནད་འགག་སོགས་ཆུ་ཁུངས4ཡི་བཟོ་སྐྲུན།ན་གོར་མོའི་གྲམ་ཆུ་གཅིག་བསྡུས་ཀྱིས་བཅོས་སྐྱོང་སོགས་དམངས་འཚོའི་ཆུ་བེད་ལས་གཞིའི20ལག་བསྟར་བྱེད་དགོས། གློག་ཤུགས་ཕྱོགས་ནས་གཙོ་བོར་མཚོ་ནུབ་ནས་མཚོ་ལྷོ་ཐཱ་ལ་བར་ལ་ཟུང་ལོག་སྟོང་ཧྤི750གློག་སྐུད་དང་ཐོན་ཡུས་གཏེར་ཁུལ་སྟོང་ཧྥི་110འདྲེན་འགྱུར་གློག་ཚུགས་སོགས་ལས་གཞིའི89ལག་བསྟར་བྱ་དགོས། འགྲིམ་འགྲུལ་ཕྱོགས་ནས་གཙོ་བོར་ན་གོར་མོའི་གཅིག་བསྡུས་ཀྱི་འགྲིམ་འགྲུལ་གནད་འགག་དང་ཡིའུ་ཧྲ་རི་བོའི་ཉག་ག་ནས་མང་སྣེ་རྡོ་བལ་བར་གྱི་གཏེར་ཁའི་རིམ་པ་གཉིས་པའི་གཞུང་ལམ་སོགས་ལས་གཞིའི15ལག་བསྟར་བྱ་དགོས། ནུས་ཤུགས་ཡོད་རྒུས་གཏེར་ལམ་རྫོང་གི་སྤྱི་སྤྱོད་གནམ་གྲུ་ཐང་དང་ཚྭ་འདམ་ཆེ་བའི་ཆུ་སྟེང་གི་ཡཱ་ཏན་གྱི་སྤྱི་སྤྱོད་གནམ་གྲུ་ཐང་སོགས་ལས་གཞིའི་ལག་བསྟར་བྱ་དགོས། མཚོ་བོད་ལྕགས་ལམ་ཀྱི་མགྱོགས་ཚད་རིམ་སྤུར་ལ་སྐུལ་འདེད་གཏོང་བ་དང་།མཚོ་བོད་ལྕགས་ལམ་གོར་མོའི་ནས་ལྷ་ས་བར་ལ་རྒྱ་སྐྱེད་བསྒྱུར་བཀོད་ལེགས་འགྲུབ་འབྱུང་དགོས། ན་གོར་མོ་ནས་འཁོར་ལོའི་ལྕགས་ལམ་དང་ན་གོར་མོ་ནས་ས་ཚུགས་བསྒྱུར་བཀོད་སོགས་ཀྱི་བཟོ་སྐྲུན་སྐུལ་འདེད་གཏོང་བ་དང་། ན་གོར་མོ་ནས་ཁྲིན་ཏུའུ་ལྕགས་ལམ་ཀྱི་སྔོན་འགྲོའི་བྱ་བ་སྤེལ་བར་བརྩོན་ལེན་བྱ་དགོས། གཏེར་ལེན་ཁ་ནས་མཚོ་ནག  ཧོའེ་ཐོའུ་ཐ་ལ་ནས་སྣེ་མོ་དཔོན་གྱི་གཞུང་ལམ། ན་གོར་མོ་ནས་མང་སྣེ་རྙིང་བ། མང་སྣེ་རྙིང་བ་ནས་ཧྭ་ཐུའུ་ཀོའུ་སོགས་ཀྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལས་མགོ་བརྩམ་དགོས།  དེ་མིན་ནུས་ཤུགས་ཡོད་རྒུས་ན་གོར་མོ་ས་ཁུལ་དང་གཏེར་ལེན་ཁ་ཀན་ནན་སྡེ་བའི་སྡོད་ཁུལ་ཐབ་ཆག་ཁུལ་བསྒྱུར་བཀོད། གཏེར་ལེན་གྱི་རང་བྱུང་སོལ་རླངས་སྐྱེལ་འདྲེན་རྒྱང་སྦུག་སོགས་ལས་གཞིའི40སྐུལ་འདེད་གཏོང་དགོས།

ཚྭ་འདམ་གྱི་མཁར་གྲོང་གསར་པ་འཛུགས་སྐྲུན་དགོས། མཁར་གྲོང་གི་བྱ་བའི་ལམ་ལུགས་ནང་རྐྱེན་གསར་གཏོད་དང་། མཁར་གྲོང་གི་དོ་དམ་འགན་ཁུར་ཞིབ་ཚགས་གཏིང་བ་དང་ཚད་འབེབས་བྱེད་དེ། དབང་ཆ་དང་འགན་ཁུར་ངེས་གསལ་ཡིན་པ་དང་ཞབས་ཞུའི་སྔོན་དུ་སྐྱོད་པ། དོ་དམ་ལེགས་པོར་གཏོང་བ།  ཁྲིམས་ལུགས་ལག་བསྟར་ཚད་ལྡན་ཡིན་པ།བདེ་འཇགས་གོ་རིམ་ཡོད་པའི་མཁར་གྲོང་དོ་དམ་ལམ་ལུགས་འཛུགས་སྐྲུན་དགོས།མཁར་ཞིང་གི་ཁྱིམ་ཐོ་དོ་དམ་གཏིང་ཟབ་བའི་བཅོས་བསྒྱུར་བྱེད་ཅིང་།མི་གྲངས་དེའི་གྲོང་ཁྱེར་དང་མཁར་གྲོང་ལ་འདུས་སྡོད་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ས་ཞིང་བསྡུ་ལེན་དང་ཐུན་མོང་ལས་གཉེར་རང་བཞིན་གྱི་ས་སྤྱོད་འཛུགས་སྐྲུན་གྲོང་ཁྱེར་ལ་འཇུག་པ་དང་ཁང་སའི་བཅོས་བསྒྱུར་ཚོད་ལྟའི་གནས་སྐུལ་འདེད་གཏོང་དགོས། མཚོ་ནུབ་ཁུལ་ཁྱད་ལྡན་གྲོང་ཆུང་འཆར་གཞིའི་བཟོ་བཀོད་ཕྱོགས་སྟོན་དང་མཁར་ཞིང་གི་ཆུའི་ཁོར་ཡུག་གཙང་སྦྲའི་དོ་དམ་གཏན་ཁེལ་སོགས་འབྲེལ་ཡོད་སྒྲིག་ལམ་གཏན་འབེབས་ཇེ་མགྱོགས་སུ་གཏོང་དགོས། སྔར་ལས་གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་སྐུལ་སྤེལ་གཏོང་དགོས། ཧུར་ཐག་གིས་གྲོང་ཁྱེར་དང་བཟོ་ལས་གླིང་ཁུལ་མཉམ་འདྲེས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཧུར་བརྩོན་གྱིས་ཐོན་ཁུངས་ཡོད་པར་བརྟེན་པ་དང་ཚོང་རའི་མདུན་ལམ་ཡངས་པ།ལས་ཞུགས་བསྡུ་པར་ནུས་པ་ཆེ་བའི་གནས་བབ་ཐོན་ལས་དང་ཁྱད་ལྡན་ཐོན་ལས་བཅས་གསོ་སྤེལ་བྱེད་ཅིང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་བརྟེན་པར་བཞེངས་དགོས་ཏེ། ཐོན་ལས་འདུས་ཏེ་གྲོང་ཁྱེར་འཕེལ་རྒྱས་རྒྱ་ཆེར་འགྲོ་བར་སྐུལ་ཁྲིད་བྱ་དགོས།  འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་ལ་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཚོང་ལས་ཁུལ་གྱི་བསྒྱུར་བཀོད་ཤུགས་ཚད་ཇེ་ཆེ་གཏོང་བ། ཁྱད་ལྡན་ཚོང་རྫས་ཚོང་རར་གསོ་སྤེལ་དང་འཕལ་རྒྱས་བྱེད་ཅིང། ཧུར་ཐག་གིས་མཛད་སྤྱོད་འདོན་སྤྲོད་ཀྱི་ཆུ་ཚད་རིམ་སྤར་སྐུལ་འདེད་གཏོང་དགོས།  

དྲུགཁྱད་ལྡན་ལྷང་ངེ་དོན་དངོས་དང་བསྟུན་ཏེ།  ཤུགས་ཆེན་པོས་ཞིང་སྡེའི་འཐབ་ཇུས་དར་སྤེལ་བྱེད་པ་ལག་བསྟར་དགོས།

ཞིང་སྡེའི་བསྒྱུར་བཀོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གནས་བཅའ་བར་འཚམ་པ།ཞིང་སྲོལ་དཔལ་ཡོན་ཡིན་པ།  བསྒྱུར་བཀོད་ཕན་འབྲས་ཡོད་པ། འཚོ་བའི་འབྱོར་ཕྱུག་གི་སྤྱིའི་བླང་བྱ་ལྟར།ཀྲུང་དབྱང་དང་ཞིང་ཆེན་སྲིད་ཨུའི་ཡིག་ཆ་དང་པོའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་དེ། ས་གནས་དང་བསྟུན་ཏེ།  ཚན་རིག་གིས་ལས་གཉེར་བྱེད་པ། ཚན་ལྡན་མཐོན་པའི་ཞིང་སྡེའི་དར་སྤེལ་འཐབ་ཇུས་ཞིབ་ཆ་ལྡན་པའི་འགུལ་སྤྱོད་ཇུས་གཞི་གཏན་འབེབས་བྱ་དགོས།གོ་རིམ་ཡོད་པར་འཇུག་པར་རྒྱ་སྐྱེད་དེ། ཆ་འཕྲིན་སྤྱི་སྒྲོག་བྱེད་པ་སྐུལ་འདེད་གཏོང་བ། གྲོས་དོན་གྲོས་མོལ་ཇེ་དྲག་ཏུ་གཏོང་བ།དབང་ཆ་ལྟ་རྟོག་གཙོ་བོ་བཟུང་བར་ཤུགས་སྣོན་ཏེ།སྡེ་མིའི་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཞིང་ཕྱུགས་ཁུལ་གྱི་གཞི་རིམ་རྨང་གཞིའི་བྱ་བ་ཤུགས་སྣོན་ཏེ།དབང་ཆ་ཆུང་བའི་ཞིབ་ཐོ་ལམ་ལུགས་ཁྱབ་སྤེལ་གཏོང་བ་དང་།རང་སྐྱོང་དང་ཁྲིམས་སྐྱོང། ཀུན་སྤྱོད་བཅས་ཟུང་འབྲེལ་གྱི་ཞིང་ཕྱུགས་ཁུལ་བསྒྱུར་བཀོད་མ་ལག་འཐུས་ཚང་དུ་གཏོང་དགོས།སྡེ་སྲོལ་དམངས་ཆིངས་ཀྱི་ཧུར་ཐག་གི་ནུས་པ་འདོན་སྤེལ་བྱེད་དགོས།ཆོས་ལུགས་བེད་སྤྱོད་དང་ཆོས་ལུགས་སྟོབས་ཤུགས་ཀྱིས་སྡེ་བའི་སྤྱི་སྤྱོད་ལས་དོན་ལ་ཐེ་གཏོགས་བྱེད་པ་ལ་ནན་མོར་རྡུང་རྡེག་བྱེད་དགོས།ཞིང་སྡེ་འབྲོག་ཁུལ་གྱི་སྤྱི་ཚོགས་ལ་གསོན་ཤུཊ་འཛོམས་པ་དང་འཆམ་མཐུན་གོ་རིམ་ཡོད་པར་ཁག་ཐེག་དགོས།

ཞིང་སྡེའི་ཐོན་ལས་གྱི་འཕེལ་རྒྱས་བཟོ་སྐྲུན་ལག་བསྟར་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་རྫས་མ་ལག བདག་གཉེར་མ་ལག་བཅས་ལ་ལེགས་སྒྲིག་བྱེད་ཅིང་།   ཕྱུགས་བསྐྱུར་རྩྭ་གསོ་དང་ཁྱད་ལྡན་རྨོ་འདེབས་གསོ་སྤེལ་སོགས་ཞིང་ནགས་ཆུ་ཕྱུགས་ལས་གཞིའི229ལག་བསྟར་བྱེད་དགོས། ལྗང་མདོག་བདེ་ཐང་ཡིན་པའི་སྔོ་ཚོད་རྨོ་འདེབས་རྒྱ་ཁྱོན་རྒྱ་སྐྱེད་དགོས། སྔོ་ཚོད་ལས་སྣོན་དང་ཚོང་ཟོག་སྐྱེལ་བར་འཕེལ་རྒྱས་གཏོང་དགོས།  ཞིང་ཕྱུགས་ལས་རིགས་ཚད་ལྡན་ཅན་དུ་འཛུགས་སྐྲུན་ཇེ་མགྱོགས་གཏོང་སྟེ། ཞིང་ལས་ཚད་ལྡན་ཅན་གྱི་རྟེན་གཞིའི་གསར་པ2བསྐྲུན་པ་དང་།  ཐོན་རྫས3དང་མཚོན་རྟགས་གཅིག་ཞེས་པ་དཔང་ཡིག་གསུམ་གསར་པ་སྣོན་དགོས།  ཞིང་ཕྱུགས་ཀྱི་ཐོན་རྫས་སྤུས་ལེགས་ལས་སྣོན་ལ་སྐུལ་སྤེལ་འགུལ་སྤྱོད་དང་དྲ་སྦྲེལ+དེར་རབས་ཞིང་ཕྱུགས་ལས་ཞེས་པ་འགུལ་སྤྱོད་ལག་བསྟར་དགོས་སྟེ།ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མགོ་ཁྲིད་ཁེ་ལས་དང་བསྟི་གནས་གྱི་ཞིང་ཕྱུགས་ལས་ཁེ་ལས།ཞིང་ཕྱུགས་ལས་གློག་ཚོང་ཁེ་ལས།  ཞིང་ཕྱུགས་ལས་གྱི་དངོས་རྫས་དྲ་སྦྲེལ་དཔེ་སྟོན་ཁེ་ལས་དང་ཞིང་སྡེ་ཡུལ་སྐོར་དཔེ་སྟོན་གནས་སོགས་ཁེ་ལས་བརྒྱས་གསོ་སྤེལ་བྱ་དགོས། ཞིང་ཕྱུགས་ཁུལ་གྱི་ཐོན་ལས་གཅིག་གཉིས་གསུམ་བཅས་མཉམ་འདྲེས་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་སྟེ།  ཞིང་ལས་གྱི་ཐོན་རྫས་ལས་སྣོན་ཕྱིར་འཚོང་དང་ཞིང་བཟོ་ཚོང་ལས་གཞི་གཅིག་ཅན་དུ་མངོན་འགྱུར་འབྱུང་དགོས།ཞིང་འབྲོག་གི་མང་ཚོགས་ལ་ཐོན་ལས་གཉིས་གསུམ་གསར་སྤེལ་གྱི་རིན་ཐང་དང་ཡོང་སྒོའི་ལོངས་སུ་སྤྱོད་དགོས།

ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་བཟོ་སྐྲུན་དར་སྤེལ་ལག་བསྟར་དགོས།  ཧུའེ་ཐུའུ་ཐཱ་ལ་དང་ཞི་ལི་ཀོའུ། ཧྭ་ཐུའུ་ཀོའུ།  ཚྭ་འདམ་ཆེ་བ་བཞིའི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མཛེས་པའི་མཐོ་སྒང་གི་ཞིང་སྡེའི་འཛུགས་སྐྲུན་བརྒྱད་ལག་བསྟར་བྱེད་ཅིང་། འགྲིམ་འགྲུལ་དང་ཆུ་བེད།  གློག་ཤུགས། བརྡ་འཕྲིན་སོགས་རྨང་གཞིའི་སྒྲིག་ཆས་མཁར་ཞིང་གཞི་གཅིག་ཅན་ལ་སྐུལ་འདེད་ཇེ་མགྱོགས་གཏོང་དགོས། ཞིང་ཕྱུགས་ཁུལ་གྱི་གཞུང་ལམ་ལམ་བུའི་ལམ་ལུགས་ཞེས་པ་འཛུགས་སྐྲུན་བྱེད་དེ།གཞུང་ལམ་བདེ་འཇགས་ཀྱི་ཚེ་སྲོག་རྐྱེན་ལམ་དུ་ཤོར་བའི་འགོག་སྲུང་བྱ་བ་ཤུགས་སྣོན་དགོས། ཟམ་པ་ཉེན་ཁའི་ཆེ་བ་སྐོར་བསྒྱུར་བཀོད་བྱེད་པ་དང་། ཞིང་ཕྱུགས་ཁུལ་གྱི་གཞུང་ལམ་སྟེ་འཛུགས་སྐྲུན་ལེགས་པོ་དང་དོ་དམ་ལེགས་པོ།  སྲུང་སྐྱོང་ལེགས་པོ། བདག་གཉེར་ལེགས་པོ་སོགས་བྱ་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་ལོ་གསུམ་ལ་བཟོ་བཅོས་འགུལ་སྤྱོད་སྤེལ་དགོས།   སྤྱོད་ཁང་གསར་པརྗེ་ཞེས་པ་ལོ་གསུམ་ལ་མཁྲེགས་གཏོར་འཆར་གཞིའི་སྐུལ་འདེད་གཏོང་དགོས། གཙོ་བོར་ཞིང་གྲོང་གི་སྤྱི་སྤྱོད་སྤྱོད་ཁང་དང་ཞིང་ཕྱུགས་ཁུལ་གྱི་སྤྱོད་ཁང་། འགྲིམ་འགྲུལ་ལམ་འགྲམ་གྱི་སྤྱོད་ཁང་དང་ཡུལ་སྐོར་ལྗོངས་ཁུལ་གྱི་སྤྱོད་ཁང་ལས་གཞིའི་འཛུགས་སྐྲུན་དགོས།

སྡེ་སྲོལ་དཔལ་ཡོན་སྐུལ་སྤེལ་བཟོ་སྐྲུན་ལག་བསྟར་དགོས།གོམས་སྲོལ་བསྒྱུར་བའི་ཆེད་དོན་འགུལ་སྤྱོད་ལ་སྐུལ་འདེད་གཏོང་སྟེ། ཧུར་ཐག་གིས་གོམས་གཤིས་ངན་པ་སྤང་སེལ་དགོས་སྟེ། སྤྱི་ཚོགས་གོམས་གཤིས་ཡག་པོ་གྲུབ་པར་འཇུག་དགོས། སྡེ་དམངས་ཀྱི་གཤིས་ཀའི་སྐུལ་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་དེ། གཞི་རིམ་གྱི་རིག་གནས་གཡུལ་སའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། སྡེ་ཡོངས་ལ་ཡོངས་སུ་འཁེལ་པར་མངོན་འགྱུར་བྱ་དགོས།ནུས་ཤུགས་ཡོད་རྒུས་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་བསམ་བློའི་ཀུན་སྤྱོད་སློབ་གསོ་སོགས་བྱ་འགུལ་སྤེལ་དགོས་པ་དང་།མང་ཚོགས་ཀྱི་བསམ་བློའི་ཀུན་སྤྱོད་དང་ཚན་རིག་རིག་གནས་བྱང་ཚད་སྐུལ་སྤེལ་གཏོང་དགོས། སྤྱི་ཚོགས་ཡོངས་ལྷག་པར་དུ་ཞིང་ཕྱུགས་ཁུལ་དུ་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།  ཏང་གི་ཁ་ཉོན་པས་ཏང་གི་རྗེས་སུ་སྙེག་ཞེས་པའི་དྲིན་ལམ་སློབ་གསོའི་སྤེལ་དགོས།  ཏན་ཏིག་གིས་དཔལ་ཡོན་བརྗོད། སྲོལ་བཟང་ལེགས་པོར་བཞེངས་ཞེས་པའི་བརྗོད་དོན་བྱ་འགུལ་སྤེལ་པ་དང་། ཁྱིམ་གྱི་སློབ་གསོ་དང་ཁྱིམ་གྱི་གོམས་སྲོལ་གསོ་སྤེལ་བྱེད་དེ། རྒན་བཀུར་བྱིས་གཅེས་དང་ཁྱིམ་མཚེས་བར་ལ་རོགས་རམ།དྲང་གཞུང་ཁ་དན་ཚིག་གནས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་དཔལ་ཡོན་གྱི་ལུགས་སྲོལ་གསར་པ་མཉམ་འཛུགས་མཉམ་སྤྱོད་བྱ་དགོས།

བདུན།འགག་རྐྱེན་གཙང་སེལ་བྱས་ཏེ་གསོན་ཤུགས་ལ་ངར་སློང་བྱས་ཏེ།བསྟུན་མར་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་དུ་གཏོང་དགོས།

མཁོ་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་པར་གཏོང་དགོས།   མཚོ་ནུབ་འཕེལ་རྒྱས་དོན་དངོས་ལ་རྐང་བཙུགས་ནས།གསུམ་དོར་གཅིག་དམའ་གཅིག་གསབ་ཞེས་པའི་ལས་འགན་ཆེན་པོ་ལྔ་ལ་དམིགས་ནས།གཙོ་བོར་དམའ་ཞེས་པ་དང་གསབ་ཞེས་པ་དོར་ཞེས་པ་བཅས་ལས་དོན་གསུམ་ལེགས་པོར་བསྒྲུབ་དགོས།མ་རྩྭའི་དམའ་བསྒྱུར་དང་ལས་ཆོད་འཕར་བའི་ཆེད་དོན་འགུལ་སྤྱོད་སྤེལ་དགོས།ལྕགས་ལམ་གྱི་སྐྱེལ་འདྲེན་གཟིགས་སྐྱོང་གི་སྲིད་ཇུས་དང་རང་བྱུང་སོལ་རླངས་སྣོན་སྲུང་ཐོན་ཆོད་བརྟན་བརླང་།ཐད་ཀར་དུ་གློག་ཉོ་འཚོང་སོགས་རབས་དང་རབ་པའི་ཐབས་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས།ལམ་ལུགས་རང་བཞིན་གྱི་ཉོ་འཚོང་དང་ཁྲལ་དངུལ།རྒྱུ་ཆའི་མ་རྩྭ་བཅས་དམའ་དགོས།ཁྱོན་ཡོངས་ནས་ཚྭ་འདམ་གྱི་ལྗང་མདོག་གཏེར་འཚོལ་རྟོག་བཤེར་དམག་འཐབ་ཆེན་པོ་མགོ་བརྩམ་དགོས། གཏེར་ཁའི་གསོག་འཇོག་ལ་འཚོལ་བཤེར་བྱས་ཏེ། ས་གཤིས་རྩད་ཞིབ་ཞན་ཆ་ཁ་གསབ་དགོས།   ཐོན་ནུས་ཚད་གཞི་ཉོ་འཚོང་བརྗེ་བ་སོགས་ཚོང་རའི་ཅན་བྱེད་ཐབས་གཅིག་བསྡུས་ཀྱིས་བེད་སྤྱོད་བྱེད་དེ། སྔོན་ཐོན་གྱི་ཁེ་ལས་བསྐྱར་འཛུགས་སྐུལ་སློང་བྱེད་པ་དང་། ཁྱོན་ཡོངས་ནས་ནང་ཁུལ་དུ་མ་མངོན་པའི་ནུས་ཤུགས་བསློག་པ་སྤེལ་ཏེ།ཐོན་ནུས་ཚད་ལྷག་གི་ཁེ་ལས་མིང་ཐོ་འདོར་བའི་ལམ་ལུགས་གཏན་འབེབས་བྱེད་ཅིང་།ཚྭ་འདམ་ཆེ་བའི་རྡོ་སོལ་གཏེར་ཁ་སློག་འདོན་དང་གཏེར་ལམ་ཐཱ་ཐའོ་རྡོ་སོལ་གཏེར་ཁའི་ཐོན་ནུས་དོར་བའི་བྱ་བ་ལེགས་འགྲུབ་འབྱུང་དགོས།ཐོན་ནུས་ཏུན་ཁྲི12དོར་དགོས།

དབང་གཏོང། དོ་དམ། ཞབས་ཞུ་ཞེས་པ་གཏིང་ཟབ་པས་བཅོས་བསྒྱུར་བྱ་དགོས།  སྤུས་དག་ཁུ་བསྡུས་ཀྱི་སྲིད་གཞུང་གིས་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ལས་དོན་མུ་མཐུད་དུ་གཏོང་དགོས། སྲིད་དོན་ཞབས་ཞུའི་ལས་དོན་ལ་གནས་ཚུལ་ལེགས་སྒྲིག་དང་ཆེད་དོན་དོ་དམ་བྱེད་དེ། སྲིད་དོན་ཞབས་ཞུའི་ལས་དོན་གྱི་དཀར་ཆག་གསལ་ཁྲའི་དང་གསལ་ཁྲའི་ཨང་རྟགས་འགོད་པའི་བྱ་བ་ལག་བསྟར་བྱ་དགོས། ཁྱོན་ཡོངས་ནས་ཆོག་མཆན་གནང་བའི་ཚོང་ར་ནང་དུ་འཇུག་པའི་ལྡོག་ཕྱོགས་གསལ་ཁྲའི་ལམ་ལུགས་སྐུལ་འདེད་གཏོང་ཅིང་། ལས་གཉེར་དཔང་ཡིག་དང་ལས་གཉེར་ཆོག་མཆན་དཔང་ཡིག་ཐོར་བ་ཞེས་པ་དང་དྲ་ཐོག་ཏུ་ཞིབ་བཤེར་ཆོག་མཆན་གནང་བ་བཅས་ལ་ཇེ་མགྱོགས་སུ་སྐུལ་འདེད་གཏོང་སྟེ།  ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་མ་ལག་བསྐྲུན་དགོས།  སྔར་ལས་སྐབས་བསྟུན་གཉིས་དང་གསལ་བསྒྲགས་གཅིག་ཞེས་པའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་སྟེ། གཏན་ནས་རྫུན་མས་སྐྱེ་ཞིང་མཆེད་དུ་མི་འཇུག་པ་དང་།  གཏན་ནས་ཁྲིམས་ལག་བསྟར་མཁན་གྱིས་ལྐོག་ངན་གྱི་བྱ་བ་གཏན་ནས་ལས་མི་ཆོག སྲིད་དོན་ཁུ་བསྡུས་དང་དམངས་ལ་སྟབས་བདེ་ཞེས་པའི་འགུལ་སྐྱོད་གཏིང་ཟབ་དུ་སྤེལ་དགོས། འབྲེལ་ཡོད་ཁེ་ལས་ཀྱི་ཚོང་གཉེར་ཞབས་ཞུའི་རང་བཞིན་གྱི་མ་དངུལ་བསྡུ་བར་གཙང་སེལ་བྱེད་ནས་ཚད་ལྡན་དུ་གཏོང་དགོས་སྟེ། ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་སོགས་རིམ་པ་བཞིའི་སྲིད་འཛིན་ཞབས་ཞུའི་ལྟེ་གནས་དང་དམངས་བདེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གཅིག་བསྡུས་ཀྱིས་ཁྲིམས་ལག་བསྟར་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་སྟེ། ཡིད་རྟོན་ལ་སྐུལ་མ་གཏོང་བ་དང་ཁ་དན་ཚིག་ལ་མ་གནས་པ་ལ་ཆད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

མངའ་ཁོངས་གཙོ་བོའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་གཅིག་གྱུར་གྱིས་བཀོད་སྒྲིག་ལྟར།ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་སྒྲིག་གཞིའི་བཅོས་བསྒྱུར་ལ་སྐུལ་སྤེལ་བྱས་ཏེ།སྲིད་གཞུང་གི་སྒྲིག་གཞིའི་བཀོད་སྒྲིག་དང་འགན་ནུས་ལེགས་སྡེབ་བྱ་དགོས།  འོས་འགན་གསལ་ཞིང་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་གྲུབ་དགོས།གཞུང་སྤྱོད་རླངས་འཁོར་བཅོས་བསྒྱུར་དང་གཞུང་སྤྱོད་རླངས་འཁོར་ལུགས་མཐུན་བེད་སྤྱོད་བྱ་བ་འགྲུབ།ཁྲིམས་བསྟར་རླངས་འཁོར་བེད་སྤྱོད་བཀོད་སྒྲིག་ལེགས་པོ་བྱས།བཅོས་བསྒྱུར་དགོས་པའི་རླངས་འཁོར་ཐག་གཅོད་དང་ཁ་ལོ་བ་བཀོད་སྒྲིག་ལེགས་པོ་བྱས།རྒྱལ་དབང་ཁེ་ལས་བསྟུད་མར་བཅོས་བསྒྱུར་བྱས་ཏེ། ནུས་ཆོད་འདྲ་མཉམ་ལྡན་པའི་ཁྲིམས་མིས་བཅོས་སྐྱོང་སྒྲིག་གཞི་དང་ནུས་ཆོད་མཐོ་བའི་ཚོང་རའི་རང་བཞིན་གྱི་བདག་གཉེར་རྐྱེན་སྲོལ་མྱུར་བར་གྲུབ།རྒྱལ་ཁབ་ལ་དབང་བའི་ཐོན་ཁུངས་མ་རྩ་ཇེ་རྒྱས་ཇེ་ལེགས་སུ་བསྒྲུབ་པར་སྐུལ་འདེད་བྱས། སྔོན་རྩིས་དོ་དམ་དང་ཚད་ལྡན་ནོར་སྲིད་འགྲོ་སྒོ། ཁྲལ་བསྡུ་ལམ་ལུགས་འཐུས་ཚང།  དོན་དབང་འགྲོ་སྒོའི་འགན་འཁྲི་ངེས་གསལ་ཡིན་པ་སོགས་ལས་འགན་གཙོ་གནད་བཅོས་བསྒྱུར་དམིགས་ཏེ། ནོར་ཁྲལ་བཅོས་བསྒྱུར་གོམ་པ་དམ་པས་སྐུལ་འདེད་གཏོང་དགོས།   ཧུར་ཐག་གི་རིམ་པ་མང་བའི་མ་རྩྭ་ཚོང་རར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྟེ། ཐོན་ལས་ཐབས་རྩྭའི་གཞི་ཁྱོན་རྒྱ་བསྐྱེད་དེ།  མགྱོགས་མྱུར་སྒོས་མ་དངུལ་གསོག་འཇོག་ཇེ་མང་དུ་གཏོང་དགོས།  ནུས་ཤུགས་ཡོད་རྒུས་ཀུན་ཕན་མ་དངུལ་དང་ལྗང་མདོག་མ་དངུལ་ལ་འཕེལ་རྒྱས་སུ་གཏོང་དགོས། འབྲིང་ཆུང་རིམ་པའི་ཁེ་ལས་མ་དངུལ་འདྲེས་པའི་བགྲོད་ལམ་རྒྱ་བསྐྱེད་དགོས། ཐད་ཀར་དུ་མ་དངུལ་མཉམ་འདྲེས་དུང་ཕྱུར120མངོན་འགྱུར་བྱ་དགོས།  

ཚན་རྩལ་གསར་སྤེལ་གྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས། གསར་གཏོད་མ་ལག་འཛུགས་སྐྲུན་ལ་འབད་དེ་ཚན་རྩལ་གསར་སྤེལ་ལ་མ་དངུལ་གཏོང་ཚད་ཇེ་ཆེར་དང།སྤྱི་ཚོགས་ཡོངས་ཀྱིས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་ནི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད་ལས1%གི་ཡན་ཟིན་པར་ཁག་ཐེག་དང་།  ཚན་རྩལ་ཡར་སྐུལ་གྱིས་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་འཇོག་ཚད53%གྱི་ཡན་འབུད་དགོས།  རྣམ་གྲངས་བརྒྱ་གསར་སྤེལ་མཁྲེགས་གཏོར་གྱི་བཟོ་སྐྲུན་ཞེས་པ་ལག་བསྟར་བྱས་ནས།  ཚན་རྩལ་ཞིབ་འཇུག་གསར་སྤེལ་སྟེགས་བུ་འཛུགས་སྐྲུན་བྱེད་པར་འབད་ཅིང་། ཀྲུང་གོ་ཚྭ་འདམ་གྱི་འཁོར་རྒྱུག་དཔལ་འབྱོར་ཞིབ་འཇུག་གླིང་དང་ཚྭ་འདམ་སྐྱེ་ཁམས་ཞིང་ཕྱུགས་ལས་གསར་གཏོད་མནའ་འབྲེལ་སོགས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས།  ན་གོར་མོ་དང་གཏེར་ལེན་ཁ་བཅས་ཀྱི་ཞིང་ཆེན་རིམ་པའི་ལག་རྩལ་མཐོ་གསར་གྱི་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།  ལིས་གསར་སྤེལ་ནི་གཙོ་བོ་ཡིན་པའི་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་ནུས་ཆོད་མཐོ་བའི་ངང་ནས་བེད་སྤྱོད་པའི་ལག་རྩལ་ཇེ་ལེགས་སུ་གཏོང་དགོས་པ་དང་། ཉི་ནུས་དང་ལིས་ཀྱི་གློག་གཡིས། ཁྱད་ལྡན་སྐྱེ་དངོས་སོགས་གསར་སྤེལ་དཔེ་དབྱིབས་ཅན་གྱི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ལིས་ཚྭ་སྤུས་ལེགས་ཅན་སོགས་གནད་འགག་ཅན་གྱི་ལག་རྩལ་གཙོ་བོ་སྐོར་ཞིག་ཚད་ལས་བརྒལ་དགོས། ལས་སྤེལ་དངུལ་གཏོང་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་ཁ་ཚང་ཅན་དུ་གཏོང་ཞིང།  རིམ་པ་དང་ཕྱོགས་གང་མང་ལས་ལས་སྤེལ་ཞབས་ཞུ་གསར་སྤེལ་མ་ལག་སྐྲུན་ནས་ཉིས་སྤེལ་གྱི་རིམ་སྤོ་པར་གཞི་གསར་སྐྲུན་བྱ་དགོས།བརྒྱ་བཅུ་སྟོང་ཁྲི་ཅན་གྱི་འཇོན་མིའི་ཐབས་ཇུས་ལག་བསྟར་ནན་མོ་དང་། དངོས་ནས་ཤེས་ལྡན་པ་ནང་འདྲེན་གྱི་ཡང་དག་པའི་ཚད་གཞི་ཇེ་མཐོར་དང་།  ལོ་ཧྲིལ་བོར་རིམ་མཐོའི་འཇོན་མི30ནང་འདྲེན་སྐྱེད་སྲིང་དང་རང་ཡུལ་གྱི་ལག་བཟོ་ཆེད་ལས་ལག་རྩལ་འཇོན་མི་དང་ཐོན་ལས་ལས་བཟོ་བ2000ཀྱི་ཡན་སྐྱེད་སྲིང་བྱེད་དགོས།    

བརྒྱད།གོ་སྐབས་དམ་འཛིན་དང་མཉམ་ལས་བྱེད་ཚད་ཤུགས་སྣོན་བྱས་ཏེ་ཁྱོན་ཡོངས་ནས་སྒོ་འབྱེད་ཀྱི་ཆུ་ཚད་མཐོར་རུ་འདེགས་དགོས།    

སྒོ་འབྱེད་ཀྱི་རིམ་པ་མཐོར་རུ་འདེགས་དགོས།རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་ལ་དམ་འཛིན་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།  མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་དང་།  ཐོན་ཁུངས་ཅན་ས་ཁུལ་གྱི་དཔལ་འབྱོར་གཏོང་སྟངས་སྒྱུར་བར་སྐུལ་འདེད་དང་།  ནུབ་རྒྱུད་ཀྱི་གསར་སྤེལ་ཆེན་མོ་ལ་རྣམ་པ་གསར་པ་ཆགས་པར་སྐུལ་འདེད།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སོགས་ཀྱི་ཐབས་ཇུས་གོ་སྐབས་དམ་འཛིན།  སྒོ་འབྱེད་ཀྱི་རིམ་པ་དང་ཆུ་ཚད་བསྟུད་མར་ཇེ་མཐོར་གཏོང་དགོས་པ་དང་།  སྟོབས་ཤུགས་ཡོད་རྒུས་ལྷོ་ཕྱོགས་དང་ནུབ་ཕྱོགས་སུ་སྒོ་འབྱེད་པའི་ཟམ་ཁ་དང་གྲུ་ཁ་གསར་པཟོ་བྱེད་དགོས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྒོ་འབྱེད་ཚྭ་འདམ་འཛུགས་སྐྲུན་བྱེད་པའི་བླང་བྱ་གསར་པ་ལྟར།   མཚོ་ནུབ་ཀྱི་སྒོ་འབྱེད་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་གོ་སྐབས་ཆེན་མོ་བེད་སྤྱོད་གང་ལེགས་དང་།  གཏེར་ལེན་ཁའི་ཀྲུང་ནེའི་ཐོན་ལས་གླིང་མགྱོགས་པོའི་ངང་འཛུགས་སྐྲུན་དང་།  ན་གོར་མོའི་རྒྱུད་གཅིག་ལམ་གཅིག་གི་མཚམས་ཚིགས་གྲོང་ཁྱེར་འཛུགས་སྐྲུན་དང་དེ་མིན་ལྗང་མདོག་འཕེལ་རྒྱས་འཆར་འགོད་དང་ན་གོར་མོའི་དངོས་རྒྱུག་རྒྱལ་སྤྱི་བགྲོད་ལམ་ཆེན་མོའི་བྱ་བ་གསར་སྤེལ་བྱ་དགོས།  ཕྱི་ཕྱོགས་ཉོ་ཚོང་དཔེ་སྟོན་རྟེན་གཞི་བཟོ་སྐྲུན་བྱེད་པར་འབད་ནས།   རྒྱལ་མཚམས་ལས་བརྒལ་བའི་གློག་ཚོང་དང་དངོས་རྒྱུག་འཕེལ་རྒྱས་སུ་གཏོང་དགོས།  ཀྲུང་གོ་དང་རྒྱ་གར།  ཀྲུང་ནེའི་དང་ཀྲུང་པཱ་བཅས་རྒྱལ་སྤྱིའི་དངོས་རྒྱུག་བགྲོད་ལམ་སོགས་ཀྱི་བྱ་བ་མགྱོགས་སྐུལ་དང་།  ཕྱིར་གཏོང་ཁེ་ལས་གསོ་སྐྱོང་ལ་འབད་དེ་ཚྭ་མཚེའུ་ཅཱ་ལུད་སོགས་ཁེ་ལས་གཙོ་བོ་ཕྱིར་འགྲོ་ཐུབ་པར་རྒྱབ་སྐྱོར་དང།  རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་དང་ཁུལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང8%འཕར་བར་བརྩོན་ལེན་བྱ་དགོས།ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ལྕགས་ལམ་མུ་འབྲེལ་སྐྱེལ་འདྲེན་རྒྱུན་ལྡན་འཁོར་སྐྱོད་བྱེད་པར་སྐུལ་འདེད་དང་། ཅུང་མཐོ་བའི་ཟུར་སྣོན་རིན་ཐང་ལྡན་པའི་ཕྱིར་གཏོང་ཐོན་རྫས་ལ་སྐྱེལ་གླའི50%ལྟར་མ་དངུལ་ཁ་གསབ་རྒྱག  ཤར་རྒྱུད་གསར་སྤེལ་ས་ཁུལ་དང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་བཅས་ནི་མཐའ་འཁོར་གྱི་ཞིང་ཆེན་ས་ཁུལ་བར་གྱི་འབྲེལ་གཏུག་ཐབས་ལམ་ཡངས་ཤིང་། གནས་བབ་ཡག་པོས་ཕན་ཚུན་ལ་ཁ་སྣོན་དང་ཕན་ཚུན་ལ་ཕན་ཐོགས་པའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་བྱ་དགོས།  

ཚོང་འགུག་དངུལ་འདྲེན་ལ་དམ་འཛིན་བྱེད་དགོས། ཁུལ་ཚོང་འདྲེན་གྱི་ཞབས་ཞུ་ལ་སྐུལ་འདེད་བྱེད་པའི་ཨུ་ཡོན་ལྷན་ཚོགས་ཀྱི་འགན་ནུས་ལེགས་སྒྲིག་དང།   ཁུལ་ཚོང་འགུག་ཅུའུ་དང་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དཔལ་འབྱོར་མཐུན་སྦྱོར་ཚན་རྩལ་པུའུ་དང་གླིང་ཁུལ་དུ་བགོས་པའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་བཅས།   ཁུལ་ཚོང་འགུག་གིས་ཞབས་ཞུ་ལ་སྐུལ་འདེད་བྱེད་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ནང་ལ་མཉམ་དུ་བསྡུས་ནས། ཁུལ་རིམ་པའི་ཚོང་འགུག་ཆེན་མོའི་བྱ་བའི་ཆགས་སྟངས་ཆགས་སུ་འཇུག་དགོས།   ཚོང་འགུག་དངུལ་འདྲེན་སྤུས་ཚད་མཐོར་འདེགས་ཕོད་བརྒལ་ལོའི་བྱ་འགུལ་སྤེལ་ཏེ།  ཕྱི་སྡོད་འབྲེལ་གཏུག་སྡེ་ཁག་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ།  མཚོ་ནུབ་ཀྱི་ཕྱི་རོལ་དུ་འགན་འཁྱེར་སྦྱོང་བརྡར་བྱེད་པའི་ལས་བྱེད་པ་བཅས་ཀྱིས་ཚོང་འགུག་དངུལ་འདྲེན་ཕྱོགས་ཀྱི་གནས་བབ་འདོན་སྤེལ་དང་།  ཚོང་འགུག་དངུལ་འདྲེན་བྱ་བ་སྤེལ་བར་འབད་དགོས།    མཚོ་ནུབ་ཀྱི་ཐོན་ཁུངས་དང་ཐོན་ལས་ཀྱི་གནས་བབ་ལ་དམིགས་ཏེ།  གཙོ་བོར་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ།  སྐྱེ་དངོས་སྨན་རྫས།   སྒྲིག་ཆས་བཟོ་སྐྲུན།   དེང་རབས་ཆ་འཕྲིན་ལག་རྩལ།  དངོས་རྒྱུག་ཞབས་ཞུ་སོགས་ཀྱི་མངའ་ཁོངས་ལ་གཙོ་བོར་དམིགས་ཏེ།  མཉམ་འདྲེས་བྱེད་ཚད་མཐོ་ཞིང་མདུན་ལམ་ལེགས་པོའི་ཐོན་ལས་ལས་གཞི་ཆེན་མོ་སྐོར་ཞིག་ཇུས་འགོད་ནན་མོ་བྱ་དགོས།  ཐོན་རྫས་སྦྲེལ་ཐག་ཁ་ཚང་དུ་ཚོང་འགུག་གནད་འཁེལ་དང་། གནས་དང་གནས་བར་ཁ་གཏད་ཀྱིས་ཚོང་འགུག་བཅས་ལག་བསྟར་དང་།   ཁེ་ལས་ཀྱིས་ཚོང་འགུག་པ་དང་ཚོང་གིས་ཚོང་འགུག་པ་བཅས་ནན་མོར་སྤེལ་ཏེ།   ཆུ་ཚད་མཐོ་ཞིང་སྲོག་ཤིང་གི་འགག་རྩའི་ལག་རྩལ་ལྡན་ལ།  ཞིབ་འཇུག་གསར་སྤེལ་གྱི་ནུས་ཤུགས་ཅུང་དྲག་པའི་ཁེ་ལས་སྐོར་ཅིག་མཚོ་ནུབ་ཏུ་གཞིས་ཆགས་པར་འགུག་ཅིང་།  ལོ་ཧྲིལ་བོར་སྒོར་དུང་ཕྱུར450ཡི་ཚོང་འགུག་དངུལ་འདྲེན་གྱི་གྲོས་ཆོད་བཀོད་ཅིང་སྒོར་དུང་ཕྱུར220དོན་ཐོག་ཏུ་འཁྱོལ།

ཁ་གཏད་རོགས་སྐྱོར་དང་ལེན་ནན་མོ་བྱེད་པ།   ཁ་གཏད་རོགས་འཛུགས་བྱ་བའི་སྟེགས་བུ་ལ་རྟེན་ཏེ།ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་དང་ལེན་བྱེད་པའི་རིམ་པ་སྤར་བར་ཤུགས་སྣོན་ལ་སྐུལ་འདེད་དང་།   ཚོང་འགག་དངུལ་འདྲེན་དང་ཐོན་ལས་རོགས་སྐྱོར།   རིག་སྟོབས་རོགས་སྐྱོར།  རྒྱུ་ནོར་གྱིས་རོགས་སྐྱོར་སོགས་ཀྱི་ཕྱོགས་སུ་མཉམ་འབྲེལ་བྱེད་པར་འབད་དགོས།  མཉམ་ལས་ཐབས་ལམ་རྒྱ་སྐྱེད་པ་དང་མཉམ་ལས་བྱེད་ཐབས་གསར་གཏོད།   མཉམ་ལས་ནང་རྐྱེན་འཐུས་ཚང་དུ་གཏོང་ཞིང་།ཕན་ཚུན་བར་ཕན་ཐོགས་པར་སྐུལ་འདེད་བྱ་དགོས།  ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་དང་།  ཀྲེ་ཅང་ཞིང་ཆེན་དང་པེ་ཅིན་ཧའེ་ཏིན་ཁུལ་སོགས་ཞིང་ཆེན་ས་ཁུལ་བར་བརྗེ་རེས་འཚམ་འདྲི་བྱེད་ཚད་ཇེ་དྲག་དང་།  ཐོན་ཁུངས་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས། ཡུལ་སྐོར་གསར་སྤེལ་སོགས་ཕྱོགས་ཀྱི་མཉམ་ལས་དམ་ཟབ།   ཚད་གཞི་མཐོ་བའི་ངང་ནས་ཚྭ་འདམ་གྱི་ཀྲེ་ཅང་བཟོ་ལས་གླིང་ཞེས་གཏེར་ལེན་ཁ་ས་ཁུལ་དང་དང་ན་གོར་མོ་ས་ཁུལ་གྱི་བསྙལ་རྒྱུ་ཅན་གྱི་རྟེན་གཞི་གསར་པཟོ་བྱ་དགོས།   ཀྲུང་དབྱང་གི་ཁེ་ལས་དང་ཀྲེ་ཅང་ཚོང་ལས་ནི་མཚོ་ནུབ་ཏུ་ཇེ་ཆེ་དང་ཇེ་དྲག་ཏུ་འཕེལ་བར་སྐུལ་སློང་དང་ཁྲིད་སྟོན། མ་དངུལ་གཏོང་ཚད་དང་ཁེ་སྤོགས།   ཁྲལ་འབབ་བཅས་ཇེ་མང་དུ་གཏོང་ཞིང་ཐོན་རྫས་མིང་གྲགས་ཅན་མང་དུ་གསར་སྤེལ་བྱ་དགོས།  

དགུམ་དངུལ་གཏོང་ཚད་ཇེ་ཆེ་དང་དོན་འཁྱོལ་བར་འབད་དེ་དངོས་ནས་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་དགོས།

ནམ་ཡང་མི་དམངས་ནི་གཙོ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་དམངས་འཚོའི་དཀའ་ཁག་མང་དུ་ཐག་གཅོད་པ་དང་།   དམངས་འཚོའི་མཐའ་ཐིག་སྲ་བརྟན་ཏུ་གཏོང་ཞིང་།  དམངས་འཚོར་མ་དངུལ་གཏོང་ཚད་ནི་ནོར་སྲིད་ཀྱི་འགྲོ་སོང་ལས75%ཡི་ཡན་ཟིན་པར་ཁག་ཐེག་དང་།  དམངས་འཚོའི་བཟོ་སྐྲུན་ལེགས་པོ་སྒྲུབ་སྟེ། མི་དམངས་མང་ཚོགས་ཀྱིས་ཐོབ་པའི་མྱོང་ཚོར་དང་བདེ་སྐྱིད་དང་བདེ་འཇགས་ཀྱི་ཚོར་བ་བསྟུད་མར་མཐོར་འདེགས་སུ་གཏོང་དགོས།  སློབ་གསོ་མཐོར་འདེགས་ཀྱི་བཟོ་སྐྲུན་ལག་བསྟར་བྱ་དགོས།   སློབ་གསོ་ནི་དམིགས་བསལ་གྱིས་གཙོ་བོ་འཛིན་པར་རྒྱུན་འཁྱོངས་དང་།     བྱིས་པའི་སློབ་གསོ་དང་རྨང་གཞི་སློབ་གསོ།  མི་རིགས་སློབ་གསོ།  ཆེད་ལས་ལག་རྩལ་སློབ་གསོ་བཅས་ལ་རྒྱབ་སྐྱོར་དང་གོང་དུ་སྤེལ་ནས།   རྒྱང་རིང་སློབ་གསོ་ལ་ལག་བསྟར་ནན་མོ་དང་མི་དམངས་ཀྱིས་ཡིད་འཚིམ་པའི་སློབ་གསོ་ལེགས་པོར་སྒྲུབ་པར་འབད་ཅིང་།  བྱིས་པ་ཡོངས་ཀྱིས་དྲང་བདེན་དང་སྤུས་ཚད་མཐོ་བའི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པར་བྱ་དགོས།    མཁར་ཤང་གི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་དང་།   མུ་མཐུད་དུ་སློབ་སྔོན་གྱི་སློབ་གསོ་དང་ཁྱོན་ཡོངས་སུ་ཉམས་ཞན་སར་བཅོས་བསྒྱུར།  མཐོ་རིམ་སློབ་འབྲིང་དཀྱུས་མའི་ལས་གཞི་བཅས་ལག་བསྟར་དང་།   མཚོ་ནུབ་ཁུལ་དང་ན་གོར་གྲོང་ཁྱེར་གྱི་དམིགས་བསལ་སློབ་གྲྭ2གསར་འཛུགས་དང་བསྐྱར་བཟོ་བྱས་ཏེ།  སློབ་གྲྭ་དང་ཡང་ན་བྱིས་གཉོར་ཁང15ཡི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།  དགེ་རྒན་ལ་གསོ་སྦྱོང་སྤེལ་ཤུགས་ཇེ་ཆེར་བཏང་སྟེ།  དགེ་རྒན320ལ་ཁུལ་རིམ་པ་དང་དེའི་ཡན་གྱི་གསོ་སྦྱོང་མཛད་པར་ལེགས་འགྲུབ་བྱ་དགོས།  ཁུལ་རིམ་པའི་སློབ་གསོའི་ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་དང་།  དམའ་འབྲིང་གི་སྦྱོང་ཚན་ཆུ་ཚད་ཀྱི་རྒྱུགས་གཞི་བཅོས་བསྒྱུར་བྱ་བ་ལེགས་པོར་སྒྲུབ་དགོས།   ལས་ཞུགས་ལས་སྤེལ་གྱི་བཟོ་སྐྲུན་ལག་བསྟར་བྱེད་པ།  སྤོ་འགུལ་མཉམ་འབྲེལ་དྲྭ་རྒྱའི་ལས་ཞུགས་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་ཇེ་མགྱོགས་དང་།  རིམ་གྱིས་ཁུལ་ཡོངས་ཀྱི་ཐིག་གོང་འོག་གཞི་གཅིག་ཅན་གྱི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་དགོས།  མཁར་གྲོང་གི་ལས་ཞུགས་གསར་འཕེལ་མི་གྲངས་ཁྲི1.3མངོན་འགྱུར་བྱེད་པར་ཁག་ཐེག་དང་།  རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི8ནི་གནས་སྤོ་ལས་ཞུགས་བྱེད་དགོས།   དམངས་ཡོངས་ཀྱི་ལས་སྤེལ་འདུ་ཤེས་གསོ་སྦྱོང་འཆར་གཞི་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ཁྲིད་སྟོན་གྱི་འཆར་གཞི་ལག་ཏུ་བསྟར་བ་དང་།  རང་འགུལ་གྱིས་ལས་སྤེལ་བྱེད་པའི་མི1000ལ་རོགས་སྐྱོར་དང་།  མཐོ་རིམ་སློབ་གྲྭར་མཐར་ཕྱིན་སློབ་མའི་ལས་ཞུགས་བྱེད་ཚད87%ཡན་འབུད་དགོས།   དམངས་ཕྱུག་ཡོང་འབབ་འཕར་བའི་བཟོ་སྐྲུན་ལག་བསྟར་བྱེད་པ།  ཁུལ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དང་དཔེ་སྟོན་ཞིང་ཕྱུགས་རའི་ཁྱིམ་ཚང20ལ་རོགས་སྐྱོར་བྱེད་དགོས།  ཞིང་སྡེའི་གཅིག་བསྡུས་ཐོན་དབང་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་དང་།  དཔལ་འབྱོར་ཉམས་ཞན་སྡེ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་རྒྱག་དགོས།  ཕྱོགས་བསྡུས་ཀྱིས་ཐོན་ཁུངས་གསར་སྤེལ་དང་རྒྱུ་ནོར་བགས་མར་གཏོང་ལེན། མ་རྐང་མཉམ་ལས་སོགས་ཡོང་འབབ་འཕར་བའི་བྱེད་ཐབས་ལག་བསྟར་དང་།   གཏེར་ལམ་རྫོང་དུ་མ་རྐང་དུ་ཕབ་པ་ཅན་གྱི་བཅོས་བསྒྱུར་ཚོད་ལྟའི་གཞི་ལ་སྐུལ་འདེད་གཏོང་ཞིང་།  ཐབས་ལམ་གང་མང་ལས་ཐུན་མོང་གི་དཔལ་འབྱོར་སྟོབས་ལྡན་ཅན་དུ་གཏོང་དགོས།  རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་རྒྱག་པའི་བྱ་དགའ་སོགས་ཀྱི་སྲིད་ཇུས་གསར་པ་སྐོར་ཞིག་དོན་ཐོག་འཁྱོལ་དགོས།   མུའུ་ཁྲི1ལ་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་བཟོ་བཀོད་ལག་བསྟར་དང་།  ལུགས་མཐུན་མིན་པའི་ལུད་རྒྱག་ཚད་ཇེ་ཉུང་དུ་གཏོང་ཞིང་།  ས་ཞིང་མུའུ་རེའི་ནང་འབྲུ་རིགས་ཐོན་ཚད་སྔར་ལས་ཇེ་མཐོ་དང་ཞིང་ལས་པའི་ཡོང་སྒོ་འཕར་སྣོན་བྱ་དགོས།  བདེ་ཐང་མཚོ་ནུབ་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་པ།   བདེ་ཐང་མཚོ་ནུབ2030ལོ་ཞེས་པའི་འགུལ་སྤྱོད་འཆར་གཞི་ནན་མོ་སྤེལ་དགོས།  གཞུང་གཉེར་སྨན་ཁང་ལ་ཕྱོགས་བསྡུས་བཅོས་བསྒྱུར་ཟབ་སྤེལ་དང་།  ཁྱོན་ཡོངས་ནས་ཁུལ་མི་དམངས་སྨན་ཁང་གི་དོ་དམ་ཇེ་དྲག་དང་།  སྨན་བཅོས་ཞབས་ཞུའི་ནུས་ཤུགས་བསྟུད་མར་ཇེ་མཐོ།  སྨན་བཅོས་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས།  མཚོ་ནུབ་མི་རིགས་ཀྱི་སྨན་དང་སྨན་བཅོས་ལས་དོན་གོང་དུ་སྤེལ་བར་འབད་པ་དང་།  རྣམ་པ་མང་བོའི་སྨན་བཅོས་མཉམ་འབྲེལ་གྱི་སྒྲིག་གཞི་འཛུགས་སྐྲུན་ཇེ་མགྱོགས། རྒྱང་རིང་གི་ནད་བརྟག་སྨན་བཅོས་ཇེ་དྲག  རིམ་བགོས་ཀྱིས་ནད་བརྟག་སྨན་བཅོས་བྱེད་པའི་ལམ་ལུགས་བསྟུད་མར་སྲ་བརྟན་དུ་གཏོང་དགོས། ས་མཐོ་སའི་ཀླད་པ་དང་སྙིང་རྩའི་ནད་རིགས་སྔོན་འགོག་ནན་མོ་བྱ་དགོས།  དམངས་འཚོའི་རྣམ་གྲངས་ལྔའི་གཞི་རྐྱེན་ཞིབ་དཔྱད་ཚད་ལེན་རྣམ་གྲངས་དང་བུད་མེད་ལ་འབྲས་སྐྲན་སྣ་གཉིས་གདམ་གསེས་བརྟག་དཔྱད་བཅས་བསྟུད་མར་སྤེལ་བ་དང་།  ལིང་ཏོག་སླར་ཡང་མཐོང་ཐུབ་པའི་གཤགས་བཅོས་ལག་བསྟར་བྱ་དགོས།   རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་ཤང་གྲོང་དང་ཡང་ན་རྫོང་གྲོང1དང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཤང་གྲོང་དང་ཡང་ན་རྫོང་གྲོང2བཅས་གསར་དུ་བསྐྲུན་དགོས། ཟས་རིགས་བདེ་འཇགས་ཡིན་པའི་འཐབ་ཇུས་ལག་བསྟར་ནན་མོ་དང་། ཟས་རིགས་ཀྱི་ཁུངས་གཏུག་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས།   རིག་གནས་ལུས་རྩལ་གྱི་བཟོ་བཀོད་ལག་བསྟར་བྱེད་པ།  སྡེ་བ་རིམ་པའི་ཕྱོགས་བསྡུས་ཀྱི་རིག་གནས་ཞབས་ཞུ་ལྟེ་གནས་དང་གཞིས་ཁུལ་གྱི་ནུས་མང་ལུས་རྩལ་ར་བ། ཤང་གྲོང་གི་རྐང་རྩེད་སྤོ་ལོའི་ར་བ་སོགས་ཀྱི་སྤྱི་སྤྱོད་རིག་གནས་ལུས་རྩལ་ལས་གཞི་ལ་སྐུལ་འདེད་གཏོང་དགོས།   ཁྱོན་ཡོངས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལག་བསྟར་འཆར་གཞི་དོན་འཁྱོལ་དང་།  ཁུལ་དང་རྫོང་།  ཤང་།   སྡེ་བ་བཅས་རིམ་པ་བཞིའི་དམངས་ཡོངས་ལུས་སྦྱོང་གི་སྒྲིག་ཆས་དྲ་རྒྱ་ཅན་འཛུགས་སྐྲུན་བྱེད་པར་འབད་དགོས།   དྲིལ་སྒྲོག་རྒྱ་སྐྱེད་དེ་འབྲེལ་བ་དམ་ཟབ་ཏུ་གཏོང་ཞིང་།  མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱ་འགུལ་རབ་དང་རིམ་པ་ཞིབ་ཚགས་ཀྱིས་ཇུས་འགོད་དང་།  མང་ཚོགས་ཀྱི་རིག་གནས་འཚོ་བ་གྱ་ནོམ་པར་གཏོང་དགོས།    དམངས་འཚོ་རོགས་སྐྱོར་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་པ། འཆར་ལྡན་བུ་སྐྱེས་ལས་དམིགས་བསམ་གྱི་ཁྱིམ་ཚང་ལ་རོགས་སྐྱོར་གྱི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་དང་དངོས་ནས་ཐུགས་ཁུར་དང་གཅེས་སྐྱོང་གི་བྱ་འགུལ་ལེགས་པོར་སྤེལ་དགོས། གཞི་རིམ་གྱི་གནོད་སྐྱོན་ཆ་འཕྲིན་དོ་དམ་མཁན་ལ་མ་དངུལ་ཁ་གསབ་རྒྱག་པའི་ལམ་ལུགས་ལག་བསྟར་དང་།  སྟོབས་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་དང་། གནོད་སྐྱོབ་བྱ་བ་འགན་སྲུང་དང་།   མཚོ་ནུབ་ཁུལ་རྒན་པའི་བྱ་འགུལ་སྤེལ་གནས་དང་གཏེར་ལེན་ཁའི་བྱིས་པ་སྲུང་སྐྱོང་ལྟེ་གནས་སོགས་ཀྱི་ལས་གཞི12ལག་བསྟར་བྱས།   མཁར་ཤང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་བཟོ་སྐྲུན་ལག་བསྟར་བྱེད་པ།  དམངས་འཚོ་འགན་སྲུང་བྱེད་ཚད་ཇེ་དྲག་དང་།  མཁར་ཤང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་སྲིད་ཇུས་སྔར་ལས་ཁ་ཚང་ཅན་དུ་གཏོང་ཞིང་།  ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞིའི་འགུལ་རྣམ་ལེགས་སྒྲིག་གི་ནང་རྐྱེན་འཛུགས་དགོས་ལ།  ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་ནི་དངོས་པོའི་རིན་གོང་འཕར་བ་དང་འབྲེལ་བའི་མཉམ་འགུལ་ལག་བསྟར་དང་།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལྟར་རིམ་གྱིས་མཁར་ཤང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་མཐོར་རུ་འདེགས་ཤིང་།  རིམ་བཞིན་མཁར་ཤང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞིའི་བར་ཐག་ཇེ་ཆུང་དུ་གཏོང་དགོས།  སྡོད་གནས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱེད་པ།  རོང་འབྲོག་ཁུལ་གྱི་ཁང་རྙིང་ཉེན་ཁ་ཅན་དང་ཞིང་སྡེ་སྡོད་གནས་ཀྱི་ཁོར་ཡུག་བཅས་ཉིས་ཀ་བསྒྱུར་བཀོད་བྱེད་པའི་བཟོ་བཀོད་ལག་བསྟར་ནན་མོ་དང་།  སྤྱིལ་བུའི་སྡོད་ཁང4911བསྒྱུར་བཀོད་དང་། ཞིང་སྡེའི་ཁང་རྙིང་ཉེན་ཁ་ཅན1115ཡི་ཡན་བསྒྱུར་བཀོད་ལེགས་འགྲུབ་བྱུང་དགོས། འཐུང་ཆུའི་བདེ་འཇགས་ཇེ་བརྟན་ཡོང་བའི་བཟོ་སྐྲུན་ལག་བསྟར་དང་། རོང་འབྲོག་ཁུལ་གྱི་མི་ཁྲི1.6གི་འཐུང་ཆུའི་ཆ་རྐྱེན་དང་ཞིང་ཆུ་འདྲེན་སའི་རྒྱ་ཁྱོན་མུའུ་ཁྲི10བཅས་ཇེ་ལེགས་སུ་གཏོང་དགོས།   ཞིང་སྡེའི་གཞུང་ལམ་སྤྱི་ལེ1000བསྐྱར་བཟོ་དང་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ལས་ཕྱོགས་བསྡུས་ཀྱིས་ལེགས་པོའི་གཞུང་ལམ52%ཡན་ཟིན་དགོས།  སྲིད་འཛིན་སྡེ་བར་རླངས་འཁོར་ཤར་གཏོང་བྱེད་ཐུབ་ཚད80%ཡན་སོན་དགོས།   སྤྱི་ཚོགས་བདག་སྐྱོང་གི་བཟོ་སྐྲུན་ལག་བསྟར་བྱེད་པ། མུ་མཐུད་དུ་འགལ་བ་གྲལ་བཤེར་དང་འདུམ་སྒྲིག་གི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ།  དུས་བཅད་ལྟར་ངོ་གཏུག་སྣེ་ལེན་ཆེན་མོའི་བྱ་འགུལ་སྤེལ་བ་དང་།  འགལ་བ་དངོས་ནས་གཞི་རིམ་དུ་སེལ་དགོས། ཆེས་ལེགས་པའི་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱས་ཏེ།   བདེ་འཇགས་མཚོ་ནུབ་སོགས་བྱ་འགུལ་རབ་དང་རིམ་པ་ཟབ་སྤེལ་དང་།  མཉམ་འཛུགས་དང་མཉམ་སྐྱོང་།  མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་བདག་སྐྱོང་གི་སྒྲིག་གཞི་བཟོ་བཀོད་བྱ་དགོས།  མུ་མཐུད་དུ་མཐའ་འཁོར་ས་ཁུལ་མངའ་ཁོངས་ཀྱི་མཉམ་སྲུང་མཉམ་སྒྲུབ་བྱེད་ཚད་ཇེ་དྲག  བོད་ལྗོངས་དང་ཞིན་ཅང་།  ཀན་སུའུ་བཅས་མཉམ་འདྲེས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་ཐབས་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།  དུས་མཚུངས་སུ་བདེ་འཇགས་ཐོན་སྐྱེད་ལ་དོ་དམ་ནན་མོ་དང་མངོན་གསལ་མ་ཡིན་པའི་རྐྱེན་ངན་ལ་བཅོས་སྐྱོང་ནན་འཛིན།སྔོན་འགོག་གི་བྱེད་ཐབས་འཐུས་ཚང་དུ་གཏོང་ཞིང་གཙོ་ཕུང་གི་འགན་འཁྲི་དོན་འཁྱོལ་དང་།བདེ་འཇགས་ཐོན་སྐྱེད་མངའ་ཁོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས། གཉིས་བཀུར་གཟུགས་སྐྱོང་བཀོད་སྒྲིག་བཟོ་སྐྲུན་ལག་བསྟར་བྱེད་པ། གཟུགས་སྐྱོང་མི་སྣའི་ཆ་འཕྲིན་ཞིབ་བཤེར་དང་ཐོབ་ཐང་ར་སྤྲོད་བཅས་ལེགས་སྒྲུབ་དང་།ཞིབ་བཤེར་དང་ར་སྤྲོད་བྱེད་ཚད100%ལ་འབུད་དགོས།དམག་ཁོངས་ལས་བུད་པའི་དམག་མིའི་གསབ་སྦྱོང་གི་སྲིད་ཇུས་དོན་འཁྱོལ་དང་།གསབ་སྦྱོང་སྟེང་ཞུགས་ཚད80%ཡི་ཡན་སོན་དགོས། ནུས་ཤུགས་ཡོད་རྒུས་དམག་ཁོངས་ལས་བུད་པའི་དམག་མི་བཀོད་སྒྲིག་བྱ་བར་སྐུལ་འདེད་དང་ལོ་འཁོར་ནང་བཀོད་སྒྲིག་བྱེད་ཚད95%ཡི་ཡན་སོན་དགོས།

འཐུས་མི་རྣམ་པ།  དུས་རབས་གསར་པས་འོས་འགན་གསར་པ་བཏོན་ཞིང་།  སྲིད་གཞུང་གི་བྱ་བ་ནི་ལོ་གསར་པའི་ནང་དུ་རྣམ་པ་གསར་པ་དང་བྱ་རྗེས་གསར་པ་ལྡན་དགོས།   ཏང་གི་འགོ་ཁྲིད་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་གཞི་རྩ་རུ་བཟུང་སྟེ།   སྲིད་གཞུང་བྱ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་དགོས།   དུས་རབས་གསར་པ་དང་བསམ་བློ་གསར་པ།  མགོ་ཚུགས་ས་གསར་པ།   འོས་འགན་གསར་པ།  ལམ་བུ་གསར་པཅས་ཀྱི་བརྗོད་སྙིང་ཕུན་སུམ་ཚོགས་པ་ལ་གོ་བ་ཟབ་མོ་ལེན་བླངས་ནས།དངོས་ནས་འདུ་ཤེས་བཞི་ཇེ་དྲག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་གོ་གནས་ལ་སྲུང་སྐྱོང་ནན་མོ་དང་།  ཏང་ཀྲུང་དབྱང་གི་མཁས་དབང་དང་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་ནན་མོ།  ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ།ཁྱོན་ཡོངས་ནས་སྲིད་གཞུང་རང་ཉིད་ཀྱི་འཛུགས་སྐྲུན་ཇེ་དྲག བྱ་བ་སྒྲུབ་པ་དང་ལས་སྤེལ་གྱི་སྤོབས་སེམས་ཆེན་མོ་ཕྱོགས་གཅིག་ཏུ་བསྡུས་ནས།   མཚོ་ནུབ་ཀྱི་དབྱིབས་འགྱུར་འཕེལ་རྒྱས་དང་ཡང་བསྐྱར་འོད་སྟོང་འབར་བར་སྐུལ་འདེད་དང་།  མཚོ་སྔོན་གྱིས་ཐོག་མར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བར་སྔར་ལས་ཆེ་བའི་བྱས་རྗེས་ཆེན་མོ་འཇོག་དགོས།

ལག་བསྟར་ནུས་ཤུགས་དངོས་སུ་ཇེ་མཐོར་གཏོང་བ། ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་ཡང་དག་དང་འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་གསལ་བོ།  འཕེལ་རྒྱས་ཀྱི་རིག་ལམ་གསེད་བཀྲོལ་བྱ་དགོས།     སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་བཅངས་ཏེ།འཆར་གཞི་གཅིག་དོན་འཁྱོལ་མཐར་ཕྱིན་དང་སྐབས་གཅིག་ནས་སྐབས་གཅིག་མཐུད་དེ་ལེགས་པོ་སྒྲུབ་པར་རྒྱུན་འཁྱོངས་དང་།  དཔོན་པོ་གསར་པས་དོན་རྙིང་ལ་ལས་སྒྲུབ་མི་བྱེད་པར་གཏན་འགོག  ལས་བྱེད་པའི་བྱང་ཚད་མཐོར་འདེགས་བྱེད་པའི་ལོ་ཞེས་པའི་བྱ་འགུལ་སྤེལ་དགོས།  འཐབ་ཕྱོགས་དང་པོའི་བྱ་བའི་ལམ་ལུགས་ལག་བསྟར་ནན་མོ་དང་།  མྱུར་དུ་སྒྲུབ་པ་དང་དམིགས་བསལ་གྱི་བྱ་བ་དམིགས་བསལ་གྱིས་སྒྲུབ་པའི་བྱེད་ཕྱོགས་དར་སྤེལ་དུ་གཏོང་ཞིང་། བྱ་བ་འགེངས་ཆེན་གྱི་ལས་འགན་ལེགས་འགྲུབ་བྱེད་པའི་སྒྲུབ་ཚད་ཀྱི་དུས་ཚོད་རུའེ་མིག་བཀོད་ནས་བྱ་བ་སོ་སོར་དུམ་ཚན་བར་སྦྲེལ་ཞིང་རིམ་ལྡན་གྱིས་འབྲེལ་མཐུད། ནུས་ཆོད་མཐོ་བས་སྐུལ་འདེད་བཅས་བྱེད་པར་ཁག་ཐེག་བྱ་དགོས།

མཐུན་རྐྱེན་ཇེ་ལེགས་སུ་གཏོང་བར་འབད་དགོས།  མཚོ་ནུབ་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་རྐྱེན་བདག་སྐྱོང་བྱེད་ཐབས་བཅུ་དོན་འཁྱོལ་ནན་མོ་དང་།   ཚོང་ལས་གཅེས་འཛིན་གྱི་བྱ་འགུལ་སྤེལ་ནས།  སྲིད་ཚོང་བར་འགྲིག་མཐུན་དང་དག་གཙང་གི་འབྲེལ་བ་འཛུགས་དགོས།   ཁེ་ལས་ཀྱིས་སེམས་ཁུར་བྱེད་པར་སེམས་ཁུར་དང་ཁེ་ལས་ཀྱིས་བསམ་གཞིགས་གཏོང་བར་བསམ་པ།  ཁེ་ལས་ཀྱི་ཆེད་དུ་དོན་སྒྲུབ་དང་མྱུར་སྒྲུབ་བགྲོད་ལམ་འདོན་སྤྲོད་བྱེད་པར་འབད་དགོས།  སྲིད་དོན་ཡོངས་སྒྲག་དང་ལས་སྒྲུབ་གནས་ཚུལ་ཡོངས་སྒྲག་ལ་སྐུལ་འདེད་དང་། ཁེ་ལས་ནང་དངོས་སུ་འཚམ་འདྲི་བྱེད་དུ་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ཁྲོད་དུ་འཕྲད་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་རོགས་དང་བྱ་བ་ཞིབ་ཚགས་ཅན་དང་བདེན་འཚོལ་བྱ་དགོས།

ཁྱོན་ཡོངས་ནས་འགན་ཐེག་ཆོད་ཚད་ཇེ་དྲག་ཏུ་གཏོང་དགོས།  མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་ནི་རང་འགན་རྩོད་མེད་ཡིན་པ་དང་ལས་དོན་མི་སྒྲུབ་པ་ནི་འགན་འཛོལ་ཡིན་པ་བཅས་ཀྱི་འདུ་ཤེས་བརྟན་པོར་བཅང་དགོས་ལ།  ལྟེ་གནས་ཀྱི་བྱ་བར་དམིགས་ཏེ་འགན་འཁྲི་གཏན་ཁེལ་དང་།  རིམ་བཞིན་མནོན་ཤུགས་སྟེར་བ་དང་། རྣམ་འགྱུར་སྟོན་པ་མང་ཞིང་བརྗོད་ཚུལ་མཐོ་ལ་ལག་བསྟར་བྱེད་པ་ཉུང་ཞིང་དོན་འཁྱོལ་བྱས་པ་ཞན་པ། གོ་ས་བཟུང་སྟེ་ལས་དོན་མི་སྒྲུབ་པ་བཅས་གཏན་ནས་བྱེད་མི་ཆོག   བསླབ་པ་གཉིས་དང་བྱེད་པ་གཅིག་བཅས་སློབ་སྦྱོང་སློབ་གསོ་རྒྱུན་སྤེལ་ཅན་དང་ལམ་ལུགས་ཅན་དུ་གཏོང་བར་སྐུལ་འདེད་དང་།   ཐོག་མའི་འདུན་མ་མི་བརྗེད་པ་དང་འོས་འགན་དམ་པོ་བཅངས་བ་ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་ནས།ལྷག་བསམ་རྣམ་དག་གིས་འགན་ལེན་ཕོད་པ་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ཀྱིས་མཚོ་ནུབ་འཕེལ་རྒྱས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཕོད་པར་འབད་དགོས།

སྲིད་བརྩོན་སྤྱོད་གཙང་ལག་ལེན་ནན་མོ་བྱེད་དགོས།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་མཐིལ་ཕྱིན་དང་།   སྒྲིག་ཁྲིམས་ནན་སྲུང་དང་སྤྱོད་ཚུལ་ཡ་རབས་ཅན་ནམ་ཡང་རྒྱུན་འཁྱོངས་བྱ་དགོས།  གཞུང་གྲོན་གསུམ་བསྟུད་མར་ཉུང་འཕྲི་དང་།  རྒྱུན་ལྡན་རང་བཞིན་གྱི་འགྲོ་སོང་གི་གཞི་ཁྱོན་ནི5%ཇེ་ཉུང་དུ་འགྲོ་བར་ཁག་ཐེག་བྱ་དགོས།   ཡིག་ཆ་དང་ཚོགས་འདུ་ཉུང་བསྡུ་དང་།   ཁྱོན་ཡོངས་ནས་སྲིད་དོན་ལ་འབད་པ་མི་བྱེད་པ་དང་མཐོང་ཆེན་མི་བྱེད་པ་ལེགས་སྒྲིག་ཉམས་གསོ་དང་ཁ་བརྡ་བྱེད་པར་ཁ་ཆད་བསྒོ་བའི་ལམ་ལུགས་ནན་མོས་ལག་བསྟར་དང་།   དྲང་ཕྱོགས་ནས་ནོར་རུང་བ་དང་ནོར་ཆིག་དག་བཅོས་བྱེད་པར་སྐུལ་སློང་བྱེད་པའི་ནང་རྐྱེན་ཁ་ཚང་ཅན་དུ་གཏོང་ཞིང་།  ལྟ་བ་ཡང་དག་གིས་ལས་སྒྲུབ་པར་ངར་ཤུགས་སྩོལ་དགོས།  སློབ་སྦྱོང་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ།  དོན་ཐོག་འཁྱོལ་བ་བཅས་ཀྱི་ལུགས་སྲོལ་ཡག་པོ་དར་སྤེལ་དུ་གཏོང་ཞིང་། སྲིད་གཞུང་གི་སྤྱོད་ཚུལ་ལེགས་སྒྱུར་དང་ནུས་ཆོད་བསྟུད་མར་མཐོར་འདེགས་བྱེད་པར་སྐུལ་འདེད་བྱ་དགོས།

འཐུས་མི་རྣམ་པ།  མཐུན་སྒྲིལ་བྱས་ཚེ་སྟོབས་ཤུགས་ཡོད་ཚད་ཕྱོགས་གཅིག་ཏུ་བསྡུ་ཐུབ་ལ།   དངོས་དོན་གཉེར་བ་ཡིས་མ་འོངས་པ་གསར་གཏོད་བྱེད་ཕོད།ང་ཚོས་ཀྲུང་གོའི་ཁྱེད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་དང་།ཁུལ་ཨུའི་འགོ་ཁྲིད་སྲ་བརྟན་འོག  ཁུལ་ཡོངས་ཀྱི་མི་དམངས་ལ་བརྟེན་ནས། ཐོག་མའི་སེམས་འདུན་མི་བརྗེད་པར་ལས་འགན་སེམས་ལ་དམ་པོར་འཆང་སྟེ།  སེམས་ཤུགས་གཅིག་སྒྲིལ་དང་ཧུར་ཐག་མདུན་སྐྱོད།   རྣམ་པ་གསར་པའི་སྒོ་ནས་བྱས་རྗེས་གསར་གསར་པ་བཞག་སྟེ་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་བསྐྲུན་ཕྱིར་འགྲོ་ལམ་གསར་པ་གཏོད་དགོས།

གོང་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཡིག་ཆ།

ཞོལ་མ།:མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235