མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

༢༠༡༨ལོའི་མཚོ་ནུབ་ཁུལ་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང༢༠༡༩ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2019-03-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

༢༠༡༨ལོའི་མཚོ་ནུབ་ཁུལ་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང༢༠༡༩ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ།

2019ལོའི་ཟླ2པའི་ཚེས26ཉིན་མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་།

མཚོ་ནུབ་ཁུལ་ནོར་སྲིད་ཅུའུ།

འཐུས་མི་རྣམ་པ།

ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར།2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ཁུལ་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བར་སྤྲད་ནས་གྲོས་ཞིབ་བྱས་ཏེ།ཁུལ་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་བློ་མཐུན་དག་གིས་བསམ་འཆར་འདོན་པའི་རེ་བ་ཞུས་པ་ཡིན།

གཅིག 2018ལོའི་ཁུལ་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།

  2018ལོར་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་དཔལ་འབྱོར་གནས་བབ་ལ་དམིགས་ནས།ཁུལ་ཨུས་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། བརྟན་བརླིང་ཁྲོད་མདུན་སྐྱོད་བྱེད་པའི་བྱ་བའི་རྩ་དོན་ལྟར།འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་དང་ལྔ་བཞིའི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ།ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བྱས་པ་བརྒྱུད་ནས།ནན་ཏན་གྱིས་ནོར་སྲིད་སྲིད་ཇུས་ལག་ལེན་དངོས་འབེབས་བྱས་པ་དང་། མུ་མཐུད་དུ་ནོར་སྲིད་དཔྱ་ཁྲལ་ལམ་ལུགས་ལ་བཅོས་བསྒྱུར་གཏིང་ཟབ་བྱས་ཤིང་།འགྲོ་གྲོན་སྒྲིག་གཞི་ལེགས་བཅོས་གང་ལེགས་བྱས་ཏེ་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་བྱ་བའི་དམིགས་འབེན་དག་ཅུང་གྲུབ་འབྲས་ཡོད་པའི་སྒོ་ནས་ལེགས་འགྲུབ་བྱུང་ཡོད་ཅིང་།ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྲ་བརྟན་གྱི་རྨང་གཞི་ལེགས་པོ་བཏིངས།

༼གཅིག ༽2018ལོའི་སྤྱི་བའི་སྔོན་རྩིས་གཏོང་ཡོང་གནས་ཚུལ།   1.སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས།   ཁུལ་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།ས་གནས་ཀྱི་སྤྱི་བའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་ཁྲི544781ཡིན་པ་དང་།     སྔོན་རྩིས་ལས100.6%ལེགས་འགྲུབ་བྱུང་སྟེ8.7%ཡར་འཕར་བྱུང་།

སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཀྱི་གཏོང་ཡོང་སྒོར་ཁྲི381802སླེབས་ཡོད་ཅིང་།སྔོན་རྩིས་ལས93.5%ལེགས་འགྲུབ་བྱུང་བ་དང9.8%ཡར་འཕར་བྱུང་ཡོད།དེའི་ཁྲོད་སྤྱིར་བཏང་གི་སྤྱི་བའི་ཞབས་ཕྱིའི་འགྲོ་སོང་ལ་སྒོར་ཁྲི149899བཏང་།3.1%ཡར་འཕར་བྱུང་།རྒྱལ་སྲུང་དང་སྤྱི་བའི་བདེ་འཇགས་ཀྱི་འགྲོ་སོང་སྒོར་ཁྲི79384བཏང་།14.8%ཡར་འཕར་བྱུང་།ཚན་རིག་ལག་རྩལ་ལ་འགྲོ་སོང་སྒོར་ཁྲི7834བཏང41.9%ཡར་འཕར་བྱུང་། སློབ་གསོའི་ཕྱོགས་ལ་འགྲོ་སོང་ལ་སྒོར་ཁྲི154012བཏང་། 4.4%ཡར་འཕར་བྱུང་།རིག་གནས་ལུས་རྩལ་དང་སྨྱན་བྱད་ལ་འགྲོ་སོང་སྒོར་ཁྲི31411བཏང་། 9.4%མར་ཆག་ཡོད།སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ལ་འགྲོ་སོང་ལ་སྒོར་ཁྲི157514བཏང་པ་དང9.4%ཡར་འཕར་བྱུང་།  སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཕྱོགས་ལ་འགྲོ་སོང་སྒོར་ཁྲི123380བཏང་།  18%ཡར་འཕར་བྱུང་།  ནུས་ཁུངས་གྲོན་ཆུང་དང་ཁོར་སྲུང་ལ་འགྲོ་སོང་སྒོར་ཁྲི64818བཏང་།      24.1%ཡར་འཕར་བྱུང་།མཁར་ཞང་སྡེ་ཁུལ་ཕྱོགས་ལ་འགྲོ་སོང་སྒོར་ཁྲི160973བཏང་། 5.5%ཡར་འཕར་བྱུང་།ཞིང་ནགས་ཆུ་གསུམ་ལས་དོན་ཕྱོགས་ལ་འགྲོ་སོང་སྒོར་ཁྲི257517བཏང་། 11.5%ཡར་འཕར་བྱུང་།  འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་ལ་འགྲོ་སོང་སྒོར་ཁྲི32614བཏང་པ་དང141.6

ཡར་འཕར་བྱུང་།  ཐོན་ཁུངས་རྩད་ཞིབ་དང་གློག་ཤུགས་ཆ་འཕྲིན་ཕྱོགས་ལ་འགྲོ་སོང་སྒོར་ཁྲི27761བཏང་།31.5%མར་ཆག  ཚོང་ལས་ཞབས་ཕྱིའི་ལས་རིགས་སོགས་ཀྱི་ཕྱོགས་ལ་འགྲོ་སོང་སྒོར27761བཏང་། 37.5%མར་ཆག།   དངུལ་རྩའི་ཕྱོགས་ལ་འགྲོ་སོང་སྒོར་7བཏང་། 84.1% མར་ཆག      རྒྱལ་ཁོངས་ཐོན་ཁུངས་དང་གནམ་གཤིས་སོགས་ཀྱི་ཕྱོགས་ལ་འགྲོ་སོང་སྒོར6129བཏང་།  82.2%མར་ཆག        སྡོད་ཁང་འགན་སྲུང་ཕྱོགས་ལ་འགྲོ་སོང་སྒོར་ཁྲི69586བཏང་།  72.2%མར་ཆག བུ་ལོན་གྱི་སྐྱེལ་ཀ་འཇལ་བའི་ཕྱོགས་ལ་འགྲོ་སོང་སྒོར་ཁྲི29969བཏང་། 52.9%ཡར་འཕར་བྱུང་།   འབྲུ་རིགས་དང་དངོས་རྫས་གསོག་འཇོག་སོགས་གཞན་པར་འགྲོ་སོང་སྒོར་ཁྲི2232བཏང་། 23.9%མར་ཆག་ཡོད།

ཁུལ་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་མཇུག་འབྲས།  ཁུལ་ཡོངས་ཀྱི་སྤྱིའི་ནོར་ཤུགས་སྒོར་ཁྲི571821ལ་སླེབས་ཡོད་པ་དང་།དེའི་ཁྲོད་ས་གནས་ཀྱི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི544781ཡིན། ཞིང་ཆེན་གྱི་ཁ་གསབ་ཡོང་སྒོ་སྒོར་ཁྲི827745ཡིན།  ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་བརྒྱུད་གཏོང་གི་ཡོང་འབབ་སྒོར་ཁྲི138000ཡིན། མ་དངུལ་སྒོར་ཁྲི59619ནང་འདྲེན་བྱས།      དེའི་ཁྲོད་ནང་འདྲེན་བྱས་པའི་སྔོན་རྩིས་བརྟན་སྲུང་དང་སྙོམས་སྒྲིག་གི་ཐེབས་རྩའི་དངུལ་སྒོར་ཁྲི41789ལ་བུད།          ཕྱོགས་གཞན་པ་ནས་མ་དངུལ་སྒོར་ཁྲི17830ཡིན་ལ།ལོ་སྔོན་མར་སྒོར་ཁྲི1676ལྷག  སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཀྱི་འགྲོ་སོང་སྒོར་ཁྲི1381802ལ་སླེབས་ཤིང་།ས་གནས་སྲིད་གཞུང་གི་བུན་འཛིན་མ་རྩ་ཕྱིར་སློག་པའི་འགྲོ་སོང་སྒོར་ཁྲི48799ཡིན།  སྔོན་རྩིས་བཀོད་སྒྲིག་གི་བརྟན་སྲུང་དང་སྙོམས་སྒྲིག་ཐེབས་རྩའི་མ་དངུལ་སྒོར་ཁྲི45902ཡིན།ལོ་མཇུག་གི་འགྲིལ་བསགས་ལྷག་དངུལ་སྒོར་ཁྲི95318ལ་སླེབས། དེའི་ཁྲོད་ལོ་རྗེས་མའི་འགྲོ་སོང་ནང་སྒོར་ཁྲི95318བཞག་ཆོག་ལ་ལོ་མཇུག་ཏུ་ལྷག་དངུལ་མེད།  

ཁུལ་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་246525ལ་སླེབས་ཤིང་།སྔོན་རྩིས་ལས་97.4%ལེགས་འགྲུབ་བྱུང་ཡོད་པ་དང5.2%ཡར་འཕར་བྱུང་།

   སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཀྱི་འགྲོ་གྲོན་སྒོར་ཁྲི260528ལ་སླེབས་ཡོད་ཅིང་།  སྔོན་རྩིས་ལས83.7%ལེགས་འགྲུབ་བྱུང་།    13.1%ཡར་འཕར་བྱུང་། དེའི་ཁྲོད་སྤྱིར་བཏང་གི་སྤྱི་བའི་ཞབས་ཕྱིའི་ཕྱོགས་ལ་འགྲོ་སོང་སྒོར་ཁྲི་38244བཏང་།10.8%མར་ཆག  རྒྱལ་སྲུང་དང་སྤྱི་བའི་བདེ་འཇགས་ཕྱོགས་ལ་འགྲོ་སོང་སྒོར་ཁྲི21998བཏང་།  64.1%ཡར་འཕར།    སློབ་གསོའི་ཕྱོགས་ལ་འགྲོ་སོང་སྒོར་ཁྲི20385བཏང་། 15.6%ཡར་འཕར།   ཚན་རིག་ལག་རྩལ་ཕྱོགས་ལ་འགྲོ་སོང་སྒོར་ཁྲི3261 བཏང་།  42.2% ཡར་འཕར།    རིག་གནས་ལུས་རྩལ་དང་སྨྱན་བྱད་ཕྱོགས་ལ་འགྲོ་སོང་སྒོར་ཁྲི11759 བཏང་། 16.5%  མར་ཆག   སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཕྱོགས་ལ་སྒོར་ཁྲི30820བཏང་། 7% ཡར་འཕར་བྱུང་།   སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཕྱོགས་ལ་སྒོར་ཁྲི33907བཏང་།   48.4%ཡར་འཕར་བྱུང་།  ནུས་ཁུངས་གྲོན་ཆུང་དང་ཁོར་སྲུང་ཕྱོགས་ལ་འགྲོ་སོང་སྒོར་ཁྲི9704བཏང་།   41.9%མར་ཆག མཁར་ཞང་སྡེ་ཁུལ་ཕྱོགས་ལ་འགྲོ་སོང་སྒོར་ཁྲི20513བཏང་།       52.6%ཡར་འཕར།  ཞིང་ནགས་ཆུ་གསུམ་ལས་དོན་ཕྱོགས་ལ་འགྲོ་སོང་སྒོར་ཁྲི35675 བཏང་།   112.7% ཡར་འཕར།  འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་ལ་སྒོར་ཁྲི4000 བཏང་། 2.1%མར་ཆག  ཐོན་ཁུངས་རྩད་ཞིབ་དང་གློགས་ཤུགས་ཆ་འཕྲིན་སོགས་ཀྱི་ཕྱོགས་ལ་འགྲོ་སོང་སྒོར་ཁྲི11454 བཏང་།  45%  མར་ཆག   ཚོང་ལས་ཞབས་ཕྱིའི་ལས་རིགས་སོགས་ཀྱི་ཕྱོགས་ལ་འགྲོ་སོང་སྒོར་ཁྲི1668 བཏང་། 67.4% མར་ཆག  རྒྱལ་ཁོངས་ཐོན་ཁུངས་དང་གནམ་གཤིས་སོགས་ཀྱི་ཕྱོགས་ལ་འགྲོ་སོང་སྒོར་ཁྲི་ 1503 བཏང་།70.8%མར་ཆག  སྡོད་ཁང་འགན་སྲུང་ཕྱོགས་ལ་འགྲོ་སོང་སྒོར་ཁྲི 5374 བཏང་།   30.5%ཡར་འཕར།   བུ་ལོན་གྱི་སྐྱེལ་ཀ་འཇལ་བའི་ཕྱོགས་ལ་སྒོར་ཁྲི9947བཏང་།  376.6%ཡར་འཕར།     འབྲུ་རིགས་དང་དངོས་རྫས་གསོག་འཇོག་སོགས་གཞན་པར་འགྲོ་སོང་སྒོར་ཁྲི316བཏང་། 59.6% ཡར་འཕར།

  ཁུལ་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་པའི་མཇུག་འབྲས།   ཁུལ་རིམ་པ་དེ་གའི་སྤྱིའི་ནོར་ཤུགས་སྒོར་ཁྲི386077ལ་སླེབས་ཡོད་པ་དང་།     དེའི་ཁྲོད་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི246525ཡིན།   ཞིང་ཆེན་གྱི་ཁ་གསབ་དངུལ་གྱི་ཡོང་འབབ་སྒོར་ཁྲི26414ཡིན།ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་དངུལ་བུན་ལ་བསྒྱུར་བའི་ཡོང་འབབ་སྒོར་ཁྲི77976ཡིན། མ་དངུལ་སྒོར་ཁྲི33486ནང་འདྲེན་བྱས་ཤིང་།      དེའི་ཁྲོད་ནང་འདྲེན་སྔོན་རྩིས་ཀྱི་བརྟན་སྲུང་དང་སྙོམས་སྒྲིག་ཐེབས་རྩའི་མ་དངུལ་སྒོར་ཁྲི33372ཡོད།     མ་དངུལ་གཞན་དག་སྒོར་ཁྲི114ནང་འདྲེན་བྱས།ལོ་སྔོན་མར་སྒོར་ཁྲི1676ལྷག སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་སོང་སྒོར་ཁྲི260528ལ་སླེབས་ཡོད།ས་གནས་སྲིད་གཞུང་གི་བུན་འཛིན་མ་རྩ་ཕྱིར་སློག་པའི་འགྲོ་སོང་གྱིས་སྒོར་ཁྲི46039ཟིན། སྔོན་རྩིས་བཀོད་སྒྲིག་བརྟན་སྲུང་དང་སྙོམས་ཐེབས་རྩའི་མ་དངུལ་སྒོར་ཁྲི28899ཡིན།    ལོ་མཇུག་གི་འགྲིལ་བསགས་ལྷག་དངུལ་སྒོར་ཁྲི50611ཡིན།དེའི་ཁྲོད་ལོ་རྗེས་མའི་འགྲོ་སོང་ནང་སྒོར་ཁྲི50611བཞག་ཆོག་ལ་ལོ་མཇུག་དུ་ལྷག་དངུལ་མེད།

སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གསུམ་གྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི55788ལ་སླེབས་ཤིང18.2%

ཡར་འཕར་བྱུང་།    སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་སོང་སྒོར134007ལ་སླེབས་ཤིང་།   27.7%ཡར་འཕར་བྱུང་།

སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གསུམ་གྱི་སྔོན་རྩིས་ལག་བསྟར་མཇུག་འབྲས། སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གསུམ་གྱི་སྤྱིའི་ནོར་ཤུགས་སྒོར་ཁྲི143442སླེབས་ཤིང་།དེའི་ཁྲོད་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི55788ཡིན། ཞིང་ཆེན་དང་ཁུལ་གྱི་རོགས་སྐྱོར་ཡོང་འབབ་སྒོར་ཁྲི74874ཡོད།   ས་གནས་སྲིད་གཞུང་གི་སྤྱི་བཏང་གི་བུན་འཛིན་བརྒྱུད་གཏོང་ཡོང་འབབ་སྒོར་ཁྲི10920ཡོད།    མ་དངུལ་སྒོར་ཁྲི1860ནང་འདྲེན་བྱས་པ་དང་། དེའི་ཁྲོད་སྔོན་རྩིས་ནང་འདྲེན་བརྟན་སྲུང་དང་སྙོམས་སྒྲིག་ཐེབས་རྩའི་མ་དངུལ་སྒོར་ཁྲི1228ཡོད།   མ་དངུལ་གཞན་དག་སྒོར་ཁྲི632ནང་འདྲེན་བྱས།       སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་སོང་སྒོར་ཁྲི134007ཡིན།ས་གནས་སྲིད་གཞུང་གི་བུན་འཛིན་མ་རྩ་ཕྱིར་སློག་གི་འགྲོ་སོང་སྒོར་ཁྲི23ཡིན།སྔོན་རྩིས་བཀོད་སྒྲིག་བརྟན་སྲུང་དང་སྙོམས་སྒྲིག་གི་ཐེབས་རྩའི་མ་དངུལ་སྒོར་ཁྲི6144ཡོད།  ལོ་མཇུག་གི་འགྲིལ་བསགས་ལྷག་དངུལ་སྒོར་ཁྲི3268ཡིན།དེའི་ཁྲོད་ལོ་རྗེས་མའི་འགྲོ་སོང་ནང་སྒོར་ཁྲི3268བཞག་ཆོག་ལ་ལོ་མཇུག་ཏུ་ལྷག་དངུལ་མེད།2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཁུལ་ཡོངས་ཀྱི་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་ཁྲི141747ཡིན་པ་དང་། དེའི་ཁྲོད་ལོ་འདིའི་ཡོང་འབབ་སྒོར་ཁྲི57507དང་ཞིང་ཆེན་གྱི་ཁ་གསབ་ཡོང་འབབ་སྒོར་ཁྲི14240ཡིན། ས་གནས་སྲིད་གཞུང་གི་དངུལ་བུན་ལ་བསྒྱུར་བའི་ཆེད་དངུལ་ཡོང་སྒོ་སྒོར70000ཡིན་པ་དང་ལོ་སྔོན་མར་ལྷག་དངུལ་མེད། ལོ་འདིའི་ཐེབས་རྩའི་འགྲོ་སོང་སྒོར་ཁྲི124275ཡིན་པ་དང་། ཕྱིར་གཏོང་མ་དངུལ་སྒོར་ཁྲི17472ཡིན་ཞིང་གཏོང་ཡོང་དོ་མཉམ་དང་ལོ་མཇུག་ཏུ་ལྷག་དངུལ་མེད།

ཁུལ་རིམ་པ་དེ་གའི་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་ཁྲི4886ཡིན་པ་དང་། དེའི་ཁྲོད་ལོ་འདིའི་ཡོང་འབབ་སྒོར་ཁྲི114ཡིན། ཞིང་ཆེན་གྱི་ཁ་གསབ་ཡོང་འབབ་སྒོར་ཁྲི4772ཡིན་ཞིང་ལོ་སྔོན་མར་ལྷག་དངུལ་མེད།ལོ་འདིའི་འགྲོ་སོང་སྒོར་ཁྲི4772ཡིན་ལ། ཕྱིར་གཏོང་བྱས་པའི་མ་དངུལ་སྒོར་ཁྲི114ཡིན།གཏོང་ཡོང་དོ་མཉམ་ཡིན་ལ་ལོ་མཇུག་ཏུ་ལྷག་དངུལ་མེད།

སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གསུམ་གྱི་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་ཁྲི16025ཡིན་ལ། དེའི་ཁྲོད་ལོ་འདིའི་ཡོང་འབབ་སྒོར་ཁྲི2531དང་ཞིང་ཆེན་གྱི་ཁ་གསབ་ཡོང་འབབ་སྒོར་ཁྲི494ཡིན་ཞིང་ལོ་སྔོན་མར་ལྷག་དངུལ་མེད།ས་གནས་སྲིད་གཞུང་གི་བུན་འཛིན་དངུལ་བུན་ལ་བསྒྱུར་བའི་ཆེད་དངུལ་ཡོང་སྒོ་སྒོར་ཁྲི13000ཡིན། ལོ་འདིའི་འགྲོ་སོང་སྒོར་ཁྲི15393ཡིན་པ་དང་། སྒོར་ཁྲི632ལྷག་ཕྱིར་གཏོང་བྱས་ཤིང་ལོ་མཇུག་ཏུ་ལྷག་དངུལ་མེད།

3.རྒྱལ་ཁབ་ལ་དབང་བའི་མ་རྩ་བདག་གཉེར་གྱི་སྔོན་རྩིས། ཁུལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྩ་བདག་གཉེར་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི1226ཡོད།དེའི་ཁྲོད་ལོ་འདིའི་ཡོང་འབབ་སྒོར་ཁྲི1226ཡིན་ལ་འགྲོ་སོང་སྒོར་ཁྲི470ཡིན། ཕྱིར་གཏོང་མ་དངུལ་སྒོར་ཁྲི398ཡིན་ཞིང་། ལོ་མཇུག་ཏུ་འགྲིལ་བསགས་ལྷག་དངུལ་སྒོར་ཁྲི398ཡོད།མ་དངུལ་སྒོར་ཁྲི398ལོ་རྗེས་མའི་འགྲོ་སོང་ནང་བཞག་ཆོག

ཁུལ་རིམ་པ་དེ་གའི་རྒྱལ་ཁབ་ལ་དབང་བའི་མ་རྩ་བདག་གཉེར་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི398ཡིན་ལ།    དེའི་ཁྲོད་ལོ་འདིའི་ཡོང་འབབ་སྒོར་ཁྲི398དང་ལོ་མཇུག་གི་འགྲིལ་བསགས་ལྷག་དངུལ་སྒོར་ཁྲི398ཡིན་ཞིང་དེའི་ཁྲོད་མ་དངུལ་སྒོར་ཁྲི398ལོ་རྗེས་མའི་འགྲོ་

སོང་ནང་བཞག་ཆོག

སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གསུམ་གྱི་རྒྱལ་ཁབ་ལ་དབང་བའི་མ་རྩ་བདག་གཉེར་གྱི་སྔོན་རྩིས་ལ་གཏོང་ཡོང་མེད།  4. སྤྱི་ཚོགས་ཉེན་སྲུང་ཀྱི་ཐེབས་རྩའི་སྔོན་རྩིས།  2018ལོ་ནས་བཟུང་།  མཚོ་སྔོན་སྣུམ་གཏེར་གྱི་ལས་བཟོ་བའི་མ་མཐའི་སྨན་བཅོས་ཉེན་སྲུང་དང་བུ་བཙའི་འགན་བཅོལ་གཉིས་ཁུལ་རིམ་པའི་གཅིག་གྱུར་འཆར་འགོད་དུ་བཞག ཁུལ་ཡོངས་ཀྱི་སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་ཡོང་འབབ་སྒོར་ཁྲི127663ལ་སླེབས་ཤིང་། སྒོར་ཁྲི43657འཕར་སྣོན་བྱུང་།  སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་འགྲོ་སོང་སྒོར་ཁྲི71135ཡིན་ལ་སྒོར་ཁྲི15437འཕར་སྣོན་བྱུང་།    ལོ་སྔོན་མའི་ལྷག་དངུལ་སྒོར་ཁྲི151070ཡིན་ལ།  ལོ་མཇུག་གི་འགྲིལ་བསགས་ལྷག་དངུལ་སྒོར་ཁྲི203153ཡིན།  5.ཁུལ་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུ་ལོན་གནས་ཚུལ། 2018ལོར་ཞིང་ཆེན་རིམ་པའི་དངུལ་བུན་ལ་བསྒྱུར་བའི་རང་ཁུལ་གྱི་ས་གནས་སྲིད་གཞུང་གི་བུད་འཛིན་མ་དངུལ་སྒོར་དུང་ཕྱུར20.8གསར་སྣོན་བྱས།དེའི་ཁྲོད་གསར་དུ་བསྣན་པའི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར9ཡིན་པ་དང་།   ཁང་རྙིང་བསྒྱུར་བཀོད་ཀྱི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར7ཡིན།   མ་དངུལ་བསྐྱར་བསྡུ་དང་བརྗེ་བཀོལ་གྱི་བུན་མཛིན་སྒོར་དུང་ཕྱུར4.8ཡིན།   ཞིང་ཆེན་ནོར་སྲིད་ཐིན་གྱིས2018ལོའི་རང་ཁུལ་གྱི་ས་གནས་སྲིད་གཞུང་གི་དངུལ་བུན་གྱི་ཚད་གྲངས་སྒོར་དུང་ཕྱུར134.95ལ་ཞིབ་བཤེར་གཏན་འབེབས་བྱས་ཡོད་ཅིང་།དེའི་ཁྲོད་སྤྱིར་བཏང་གི་དངུལ་བུན་ལྷག་དངུལ་སྒོར་དུང་ཕྱུར95.12ཡིན།ཆེད་དོན་བུན་འཛིན་ལྷག་དངུལ་གྱིས་སྒོར་དུང་ཕྱུར17.9ཟིན། ཁུལ་རིམ་པ་དེ་གའི་དངུལ་བུན་ལྷག་དངུལ་སྒོར་དུང་ཕྱུར32.04ཡིན་ལ་ཆ་ཚང་སྤྱིར་བཏང་གི་དངུལ་བུན་ལ་གཏོགས།ཁུལ་ཡོངས་དང་ཁུལ་རིམ་པ་དེ་གའི་དངུལ་བུན་གྱི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་པ་ཡིན།

༼ གཉིས ༽ ཁུལ་དམངས་ཆེན་ཚོགས་འདུའི་སྔོན་རྩིས་གྲོས་ཆོད་དངོས་འབེབས་བྱས་པའི་གནས་ཚུལ།

   ལོ་གཅིག་གི་རིང་ང་ཚོས་ཁུལ་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི་འབྲེལ་ཡོད་གྲོས་ཆོད་དང་ཁུལ་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་གྱི་བསམ་འཆར་ལྟར།   མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གྱི་བླང་བྱ་དཀྱིལ་སྙིང་དུ་བཟུང་སྟེ།  ནན་ཏན་གྱིས་འབྲེལ་ཡོད་ནོར་སྲིད་སྲིད་ཇུས་ཀྱི་བྱེད་ཐབས་ལག་ལེན་དངོས་འབེབས་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཧུར་ཐག་གིས་སྤྱི་ཚོགས་དཔལ་འབྱོར་ཕྱོགས་ཀྱི་དཀའ་ཁག་ཁྱད་དུ་སེལ་ཞིང་།མུ་མཐུད་དུ་སྔོན་རྩིས་ཀྱི་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན་ལ་ཤུགས་སྣོན་བྱས་ཏེ།   ནོར་སྲིད་ཉེན་ཁ་སྔོན་འགོག་གང་ལེགས་བྱས་ཏེ་ནོར་སྲིད་བརྟན་བརླིང་ངང་

འཁོར་སྐྱོད་བྱེད་པར་ཁག་ཐེག་བྱས། 1.ནན་ཏན་གྱིས་ནོར་སྲིད་འགན་འཁྲི་ཁུར་དུ་བཞེས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ཆེན་མོ་གསུམ་གྱི་བྱ་བ་དང་གལ་ཆེའི་ཉེན་ཁ་སྔོན་འགོག་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས། བུ་ལོན་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་ཐབས་ཇུས་བཏོན་ཏེ་ཁུལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་བུ་ལོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་རྩིས་ལེན་བྱས།མངོན་མེད་བུ་ལོན་དག་ཐེར་བསྒྱུར་བཅོས་བྱ་བ་རྩ་འཛུགས་བྱས་ཏེ་སྤེལ་ཞིང་། ༼ མཚོ་ནུབ་ཁུལ་གྱི་མངོན་མེད་བུ་ལོན་ཐག་གཅོད་བྱེད་ཐབས༽སྒྲིག་བཟོ་བྱས་ཤིང་། ས་གནས་གྱི་མ་དངུལ་མཉམ་བསྲེས་སྟེགས་བུའི་བུ་ལོན་དང་སྲིད་གཞུང་གི་དུས་ཡུན་རིང་འབྲིང་གི་འགྲོ་སོང་ལས་དོན་ལྟ་སྐུལ་སྟེགས་བུའི་བསྡུ་ལེན་བྱ་བ་ལེགས་འགྲུབ་བྱུང་བ་དང་།     སྲིད་གཞུང་མ་དངུལ་མཉམ་བསྲེས་ལམ་སྲོལ་ལ་བརྟེན་པ་ཚད་ལྡན་དུ་བཏང་ནས།སྲིད་གཞུང་གི་དུས་ཡུན་རིང་འབྲིང་གི་འགྲོ་སོང་གི་དོན་ཚན་ཁག་ཚོད་འཛིན་ནན་མོ་བྱས་པ་དང་།   ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་གཟབ་ནན་བྱས་ཐོག་ཉེན་ཁ་མི་འབྱུང་སའི་ས་ཁུལ་རང་བཞིན་དང་མ་ལག་རང་བཞིན་གྱི་ཆེས་བའི་དམའ་ཚད་ཐིགས་ཁག་ཐེག་བྱས།    གནད་ཕིགས་དབུལ་ཐར་གྱི་འགག་སྒྲོལ་དམག་འཐབ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས།དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དེ་ནོར་སྲིད་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བཞག་སྟེ་ཁུལ་ཡོངས་ཀྱིས་ནོར་སྲིད་དབུལ་སྐྱོར་ཆེད་དངུལ་སྒོར་དུང་ཕྱུར2.74བཏང་།        དེའི་ཁྲོད་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར2ཡོད་ལ།  ལོ་སྔོན་མ་ལས32%འཕར་སྣོན་བྱུང་ཡོད།     ཁུལ་རིམ་པའི་ཆེད་དངུལ་སྒོར་ཁྲི་7400ཡོད་ཅིང་ལོ་སྔོན་མ་ལས10.6%འཕར་སྣོན་བྱུང་ཡོད།  དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར74.65ལག་བསྟར་དངོས་འབེབས་བྱས་ཤིང་།དབུལ་ཐར་མཁྲེགས་གཏོར་དང་མཛེས་སྡུག་གི་ཞིང་སྡེ་སོགས་གཙོ་གནད་ཁྱབ་ཁོངས་ལ་བཏང་། མ་དངུལ་སྒོར་ཁྲི3687.3བཀོད་སྒྲིག་བྱས་ཏེ་ས་ཞིང་གི་ས་ཤུགས་སྲུང་སྐྱོབ་ཀྱི་ཁ་གསབ་དངུལ་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་དངུལ་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས།ནོར་སྲིད་ཀྱིས་ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་སྡེབ་སྒྲིག་བྱེད་ཤུགས་ལ་སྐུལ་འདེད་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར11.1གཅིག་གྱུར་སྡེབ་སྒྲིག་བྱས།  ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་དང་རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་དངུལ།ཚོད་སླེའི་བཟོ་བསྐྲུན།ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་སྐྱིན་གསབ།   ནོར་སྲིད་དབུལ་སྐྱོར་དང་ཞིང་སའི་ཆུ་བེད་སོགས་ཀྱི་རྣམས་གྲངས་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱས་ཏེ།དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས།   འབག་བཙོག་སྔོན་འགོག་དང་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས།རི་མཐོ་ཆུ་གཙང་ནི་གསེར་རི་དངུལ་རི་ལྷག་པའི་འདུ་ཤེས་བརྟན་པོར་ཆགས་སུ་བཅུག་སྟེ།ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་སྲུང་མ་དངུལ་སྒོར་ཁྲི47131མར་སྤྲད་པ་དང་།རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་འབག་བཙོག་སྔོན་འགོག འཁོར་རྒྱུག་ཅན་གྱི་བསྒྱུར་བཅོས།གྲོང་ཁྱེར་གྱི་བཙོག་ཆུ་ཐག་གཅོད་བྱེད་པ།      སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས།   ཁུལ་རིམ་པའི་ནོར་སྲིད་ཀྱིས་ཁོར་སྲུང་ཆེད་དངུལ་སྒོར་ཁྲི418བཀོད་སྒྲིག་བྱས་པས།ཁོར་སྲུང་དང་སྐྱེ་ཁམས་དཔལ་ཡོན་བྱ་བའི་འགྲོ་སོང་དང་ཁྲིམས་འཛིན་སྒྲིག་ཆས་ཕྱོགས་ལ་མ་དངུལ་གཏོང་བར་ཕན་ནུས་ལྡན་པར་ཁག་ཐེག་བྱས་ཤིང་།སྔར་ལས་ལྷག་པའི་སྒོ་ནས་འབག་བཙོག་སྔོན་འགོག་དང་ཁོར་སྲུང་ལྟ་དཔྱད་ཚད་ལེན་གྱི་ནུས་པ་མཐོར་འདེགས་སུ་བཏང་ཡོད། 2.ཧུར་ཐག་གིས་གསར་གཏོད་ཀྱི་འདུ་ཤེས་ལག་ལེན་བྱས་ཏེ་ནོར་སྲིད་འདེགས་སྐྱོར་གྱི་འགན་སྲུང་ནུས་པ་མཐོར་འདེགས་སུ་བཏང་ཡོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ནོར་ཁྲལ་སྡེ་ཁག་གིས་ཧུར་ཐག་གིས་དཔྱ་ཁྲལ་ལམ་ལུགས་བརྗེ་བསྒྱུར་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ།ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་ཀྱིས་ཤུགས་རྐྱེན་ཐེབས་པ་ཁྱད་དུ་བསད་དེ།ཁྲིམས་ལྟར་ཁྲལ་དངུལ་བསྡུ་དོམ་ལ་ཤུགས་སྣོན་དང་ཁྲལ་འཇལ་ཞབས་ཕྱི་ཇེ་ལེགས་སུ་བཏང་།ཕྱོགས་བསྡུས་ཁྲལ་བཅོས་ཤུགས་ཆེར་བཏང་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་ཆེད་དུ་ཞིབ་བཤེར་བྱས་པས།ཁྲལ་བསྡུའི་ཁོར་ཡུག་སྔར་ལས་ལྷག་པའི་སྒོ་ནས་ཇེ་ལེགས་སུ་སོང་།ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར54.5ལ་སླེབས་ཤིང8.7%ཡར་འཕར་བྱུང་ཡོད་ཅིང་།ཞིང་ཆེན་ཡོངས་ལ་གྲུབ་འབྲས་བསྐྲུན་ཚད16.1%སླེབས་ཡོད་ལ།ནོར་སྲིད་ཡོང་འབབ་གཏན་འཇགས་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས། དཔྱ་ཁྲལ་མ་ཡིན་པའི་ཡོང་འབབ་བསྡུ་ལེན་དོ་དམ་ཚད་ལྡན་དུ་བཏང་སྟེ་ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར11.4སླེབས་ཤིང་།སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་ཀྱི20%ཟིན།རྒྱལ་ཁབ་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་གང་ལེགས་བྱས་ནས་སྦྲེལ་མཐུད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཧུར་ཐག་གིས་འགྲན་རྩོད་རང་བཞིན་གྱི་བགོ་བཤའི་བསྒྱུར་བཅོས་ལ་འཚམ་པར་བྱས།  ལོ་ཧྲིལ་བོར་སྤྱི་བསྡོམས་པའི་ཀྲུང་དབྱང་དང་ཞིང་ཆེན་གྱི་ཆེད་དངུལ་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར45.1བརྩོན་ལེན་བྱས་ཤིང11.4%ཡར་འཕར། གསོག་འཇོག་མ་དངུལ་དུས་ཚོད་གཏན་ཁེལ་ལྟར་གཙང་བཤེར་བྱེད་པའི་རྐྱེན་སྲོལ་གཟབ་ནན་དུ་བཏང་སྟེ་གསོག་འཇོག་མ་དངུལ་སྒོར་དུང་ཕྱུར42.98སླེབས་ཤིང་། ཁང་རྙིང་བསྒྱུར་བཀོད་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་སུ་བཀོལ།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར2.2ལག་ལེན་དངོས་འབེབས་བྱས་ཤིང་དུས་མཉམ་ལས8%ཡར་འཕར།  3.འགྲོ་གྲོན་སྒྲིག་གཞི་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ་དཔལ་འབྱོར་བརྟན་བརླིང་རྒྱུན་མཐུད་ངང་འཁོར་སྐྱོད་བྱེད་པར་རོགས་འདེགས་བྱས།      ཁྱོན་ཡོངས་ནས་འགྲོ་སོང་དོ་དམ་ལ་ཤུགས་བསྣན་ཏེ་གཟབ་ནན་གྱིས་སྔོན་རྩིས་བཅའ་ཁྲིམས་ལྟར་སྔོན་རྩིས་འཆར་འགོད་ལ་ཆོག་མཆན་བཀོད་དེ་མ་དངུལ་གཏོང་སྤྲོད་ཀྱི་ལས་རིམ་ལེགས་བསྒྱུར་བྱས་ཤིང་།    ཟླ་འཁོར་དང་དུས་ཚིགས་ཀྱི་འགྲོ་སོང་དོ་སྙོམས་རང་བཞིན་དང་གཏན་འཇགས་རང་བཞིན་མངོན་གསལ་གྱིས་མཐོར་འདེགས་སུ་སོང་།     ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་སོང9.8%ཡར་འཕར་བྱུང་ཡོད་པ་དང་། ནོར་སྲིད་འགྲོ་སོང་གིས་གཏན་འཇགས་འཕར་སྣོན་ལ་སྐུལ་འདེད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས། རྨང་གཞིའི་འཛུགས་སྐྲུན་གྱི་ཆེད་དངུལ་སྒོར་དུང་ཕྱུར25.38མར་སྤྲད་དེ་མུ་མཐུད་དུ་སྲིད་གཞུང་གི་སྤྱི་བའི་དངུལ་གཏོང་གི་གཞི་ཁྱོན་རྒྱ་བསྐྱེད་བཏང་སྟེ།   ནོར་སྲིད་ཀྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པར་སྐུལ་འདེད་བྱེད་པ་རྒྱུན་མཐུད་ངང་ཤུགས་དྲག་ཏུ་བཏང་།  མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་སྒྱུར་བཅོས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་བརྟན་འཇགས་ཐོན་འཕར་གྱི་ཆེད་དངུལ་སྒོར་ཁྲི5000བཀོད་སྒྲིག་བྱས་ཡོད་ལ།ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་གཙོ་གནད་དུ་བཟུང་སྟེ་བཀོལ།སྒོར་ཁྲི6500བཀོད་སྒྲིག་བྱས་ཏེ་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་འཕེལ་རྒྱས་ཆེད་དངུལ་དུ་བཞག་སྟེ།གླིང་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པས་གླིང་ཁུལ་གྱི་འདེགས་སྐྱོར་གྱི་ནུས་པ་དང་རང་བསྟེན།   ཤན་ཤུགས་བཅས་ཀྱི་ནུས་པ་ཕན་ནུས་ལྡན་པའི་སྒོ་ནས་ཇེ་མཐོར་བཏང་།  ཁེ་ལས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར3.7མར་སྤྲད་དེ་གཙོ་བོ་སྲོལ་རྒྱུན་ཐོན་ལས་དང་གླིང་ཁུལ་བསྒྱུར་བཀོད།    རྗེས་ལུས་ཐོན་ནུས་འདོར་བ་སོགས་ཀྱི་རྣམ་གྲངས་ལ་རོགས་འདེགས་བྱེད་ཤུགས་ཤུགས་ཆེར་བཏང་སྟེ།ཁུལ་ཡོངས་ཀྱི་བཟོ་ལས་ཁེ་ལས་བསྒྱུར་བཀོད་རིམ་སྤར་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  མགྱོགས་མྱུར་ངང་སྲིད་གཞུང་དང་སྤྱི་ཚོགས་མ་དངུལ་མཉམ་འབྲེལ་གྱིPPPདཔེ་དབྱིབས་མགྱོགས་མྱུར་ངང་སྐུལ་འདེད་བྱས་ཤིང་།ཁུལ་ཡོངས་ནས་རྣམ་གྲངས་ཉེར་གསུམPPPདཔེ་དབྱིབས་སུ་ཚུད་པ་དང་།     རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར135.21བཏང་ཞིང་།   ན་གོར་མོའི་འཚོ་བའི་གད་སྙིགས་དབྱེ་བགར་ཐག་གཅོད་དང་གཏེར་ལེན་ཁའི་བཙོག་ཆུ་ཐག་གཅོད་རྒྱས་སྐྲུན་རྣམ་གྲངས།ལུན་ཧུའུ་ཨིག་པའོ་ལིང་ཡ་ཏན་ས་དབྱིབས་ལྗོངས་རྒྱུ་ཁུལ་གྱི་རྣམ་གྲངས་སོགས་འཛུགས་སྐྲུན་ལག་བསྟར་བྱེད་ཀྱིན་པའི་སྒང་ཡིན།   ནོར་སྲིད་ཆེད་དངུལ་ཁྲིད་སྟོན་མ་དངུལ་སྒོར་ཁྲི2000བཀོད་སྒྲིག་བྱས་ཏེ།    མཚོ་ནུབ་ཀྱི་ཚན་རྩལ་གསར་གཏོད་ཐེབས་རྩ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།          ཚན་རྩལ་ཆེད་དངུལ་སྒོར་ཁྲི2600བཀོད་སྒྲིག་བྱས་ཏེ་ཁེ་ལས་ཀྱིས་འཇོན་མི་ནང་འདྲེན་བྱེད་པ་དང་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་ལ་རྒྱབ་སྐྱོར་བྱས་པས།    ཁེ་ལས་ཚན་རྩལ་ཐོན་ལས་ཀྱིས་འགྲན་རྩོད་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་། གཟབ་ནན་གྱིས་རྒྱལ་ཁབ་ཀྱི་སྒྲིག་གཞི་རང་བཞིན་གྱི་ཁྲལ་གཅོག་དང་སྤྱི་ཁྱབ་རང་བཞིན་གྱི་རིན་དངུལ་གཅོག་པའི་སྲིད་ཇུས་ལག་ལེན་དངོས་འབེབས་བྱས་ཏེ།  ཁྲལ་འབབ་སྣ་ཚོགས་མེད་པར་བཟོ་བ་དང་ཇེ་ཉུང་དུ་བཏང་བ་སྒོར་དུང་ཕྱུར21.5ལ་སླེབས། ཁུལ་ཡོངས་ཀྱི་ནོར་སྲིད་ཀྱིས་ཐོན་ལས་གསུམ་པར་རྒྱབ་སྐྱོར་བྱེད་པའི་དོན་ཚན་བརྒྱད་ཀྱི་འགྲོ་སོང་སྒོར་དུང་ཕྱུར89.7སླེབས་ཤིང9.4%ཡར་འཕར་བྱུང་།  4.ངེས་པ་དོན་གྱིས་དམངས་ཚིས་ལེགས་བསྒྱུར་བྱེད་པར་འགན་སྲུང་བྱས་ཏེ་སྤྱི་ཚོགས་ལས་རིགས་དོ་ཉམས་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་བ་དང་།       ཁུལ་ཡོངས་ཀྱི་དམངས་ཚིས་འགྲོ་སོང་སྒོར་དུང་ཕྱུར106.4སླེབས།    སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་སོང་གིས77%ཟིན། ཁྱོན་ཡོངས་ནས་སློབ་གསོ་དོ་ཉམས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་ཤིང་སློབ་གསོའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར3.2མར་སྤྲད་དེ་འོས་འགན་སློབ་གསོའི་འགྲོ་སོང་འགན་སྲུང་དང་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་དང་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་གྱི་ཕྱོགས་ལ་བཏང་ཞིང་།     སློབ་གསོ་མཐུན་སྦྱོར་དང་དོ་ཉམས།སྤུས་ལེགས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བྱས།    སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར5.4ལག་བསྟར་དངོས་འབེབས་བྱས་ཤིང་། ལས་ཞུགས་ཕྱོགས་ཀྱི་བྱེད་ཐབས་དགུ་བཏོན་ཏེ་ལོ་རེར་སྒོར་ཁྲི1000བཀོད་སྒྲིག་བྱས་ཏེ་ལས་རིགས་གསར་སྐྲུན་ལ་རྒྱབ་སྐྱོར་དང་ལས་ཞུགས་ལ་སྐུལ་འདེད་བྱས།སྨན་བཅོས་འཕྲོད་བསྟེན་གྱི་ཆེད་དངུལ་སྒོར་དུང་ཕྱུར2.5མར་སྤྲད་ཅིང་།གཞུང་བཙུགས་སྨན་ཁང་གི་འགྲོ་སོང་ཁ་གསབ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་།རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས། གཞི་རིམ་སྨན་བཅོས་སྡེ་ཁག་གི་ཁྱོན་ཡོངས་ཀྱི་ཞབས་ཕྱིའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་ཕྱོགས་བཅས་སུ་བཀོལ། གོང་རིམ་གྱིས་སྒོར་ཁྲི6480འཆར་འགོད་བཀོད་སྒྲིག་བྱས་ཏེ་ས་གཞན་ནས་སྨན་བཅོས་རྩིས་སྤྲོད་བྱ་བར་རྒྱབ་སྐྱོར་བྱས་པ་དེས།འགན་བཅོལ་ནང་ཞུགས་མཁན་དག་ལ་ཞིང་ཆེན་བརྒལ་བ་དང་ས་གཞན་ནས་སྨན་བཅོས་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན།    རྒྱུན་མཐུད་ངང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར11.56བཏང་སྟེ།མཁར་གྲོང་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་མཁར་ཞང་སྡེ་ཁུལ་གྱི་སྤྱི་བའི་སྒྲིག་བཀོད།གསང་སྤྱོད་ཁང་གསར་བརྗེ། མཐོ་སྒང་གི་མཛེས་སྡུག་གྲོང་ཚོ།མཛེས་སྡུག་གི་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས།མགྱོགས་མྱུར་ངང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ།བཤམས་སྟོན་ཁང་དང་རིན་མེད་ཀྱིས་དཔེ་མཛོད་ཁང་སྒོ་འབྱེད་བྱས་པ་དང་།རིན་མེད་དང་རིན་གོང་དམའ་མོས་སྤྱི་བའི་ལུས་རྩལ་ར་བའི་སྒོ་འབྱེད་པ་བཅས་ལ་སྐུལ་འདེད་བྱས།མ་དངུལ་སྒོར་དུང་ཕྱུར2544.9བཀོད་སྒྲིག་བྱས་ཏེ་ནུས་ཁུངས་གསར་བའི་སྤྱི་བའི་རླངས་འཁོར་འཁོར་རྒྱུག་ཁ་གསབ་དངུལ་དང་སྣུམ་གྲུབ་ཐོན་རྫས་རིན་གོང་གི་ཁ་གསབ་སོགས་ཀྱི་བྱེད་ཐབས་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱས།      ནུས་ཤུགས་ཡོད་རྒུས་བདེ་འཇགས་མཚོ་ནུབ་དང་།ཁྲིམས་སྐྱོང་མཚོ་ནུབ། རྒྱ་གྲམ་དམར་པོ། བུད་མེད་དང་བྱིས་པ། གནོད་འགོག་གནོད་སེལ།མི་རིགས་སྐད་ཡིག་སོགས་ཀྱི་ལས་དོན་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱས།  5.ཏན་ཏིག་གིས་བཅོས་བསྒྱུར་གྱི་ལས་རིམ་ཁག་སོ་སོར་སྐུལ་འདེད་བྱས་ཏེ་ནོར་སྲིད་དོ་དམ་ལ་ཤུགས་སྣོན་མི་དམན་པ་བྱས། བཅོས་བསྒྱུར་གྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ལག་སྟེང་ནུས་ཤུགས་བཏོན་པས་ནོར་ཁྲལ་ལམ་ལུགས་ཀྱི་བཅོས་བསྒྱུར་གཏན་འཇགས་ངང་སྐུལ་འདེད་བྱེད་ཐུབ་པ་བྱུང་།སྡེ་ཁག་སྔོན་རྩིས་བཅོས་བསྒྱུར་གཏིང་ཟབ་བྱས་ཏེ2019ལོའི་སྔོན་རྩིས་སྒྲིག་གཞི་དམ་འཛིན་དང་ལོ་མགོའི་སྔོན་རྩིས་དོན་ཐོག་ཏུ་འཁྱོལ་ཚད་མཐོར་འདེགས་སུ་བཏང་ཞིང་།སྡེ་ཁག་སྔོན་རྩིས་སྒྲིག་གཞིའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་།  ༼མཚོ་ནུབ་ཁུལ་གྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་འགན་འཁྲི་དབྱེ་འབྱེད་བཅོས་བསྒྱུར་བྱ་བའི་ལག་བསྟར་བྱེད་ཐབས༽དང༼ མཚོ་ནུབ་ཁུལ་ནང་ཁུལ་གྱི་ནོར་སྲིད་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས༽གཉིས་སྒྲིག་བཟོ་བྱས་ཤིང་།གཞི་རྩའི་སྤྱི་བའི་ཞབས་ཕྱིའི་མཁོ་འདོན་བྱེད་ཚད་མཐོར་འདེགས་གང་ལེགས་བཏང་།ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་ལྟར། དུས་ཚོད་ལྟར་ཁོར་སྲུང་འགྲོ་སོང་གི་དཔྱ་ཁྲལ་བཅོས་བསྒྱུར་ལག་བསྟར་དང་།ཧུར་ཐག་གིས་སྒེར་འབབ་དཔྱད་ཁྲལ་སོགས་ཀྱི་དཔྱ་ཁྲལ་ལམ་ལུགས་བཅོས་བསྒྱུར་བརྒྱུད་རིམ་ལ་དོ་སྣང་དང་རྗེས་བསྙེག་བྱས།     ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་དཔྱད་ཁྲལ་བརྟག་དཔྱད་ཞིབ་འཇུག་གི་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་།ཧུར་ཐག་གིས་མཉམ་འབྲེལ་དྲ་རྒྱ་དང་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པ་ཟུང་འབྲེལ་བྱེད་པའི་བཅོས་བསྒྱུར་གྱི་གོམ་སྟབས་ལ་སྐུལ་འདེད་དང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་ཐབས་བེད་སྤྱོད་བྱས་ཏེ།  མཚོ་ནུབ་ཁུལ་སྲིད་གཞུང་གི་ཉོ་སྒྲུབ་སྟེགས་བུ་བཙུགས་ནས་ངེས་པ་དོན་གྱིས་སྲིད་གཞུང་གི་ཉོ་སྒྲུབ་བྱ་བ་དྲང་བདེན་གྱི་ཉོ་ཚོང་དུ་བསྒྱུར།ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་གཅིག་གྱུར་འཆར་འགོད་བྱེད་པ་དང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དཀའ་ཁག་ཆེ་བའི་རྫོང་དང་གྲོང་ཁྱེར་གྱི་ནོར་སྲིད་ཁ་གསབ་དང་འཕྲེད་ཕྱོགས་གཏོང་སྤྲོད་སྤོ་སྒྱུར་མ་དངུལ་ལག་བསྟར་དངོས་འབེབས་བྱེད་བྱས་ཤིང་།   རོགས་སྐྱོར་མ་དངུལ་སྒོར་ཁྲི6800དོན་ཐོག་དངོས་འབེབས་བྱས།རྒྱལ་མཛོད་ཀྱི་གཅིག་བསྡུས་ཀྱིས་གཏོང་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་རྒྱལ་མཛོད་ཀྱིས་གཅིག་བསྡུས་གཏོང་སྤྲོད་བྱེད་པའི་མ་ལག་ལེགས་བསྒྱུར་བྱས་པས།     གཅིག་བསྡུས་གཏོང་སྤྲོད་བཅོས་བསྒྱུར་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས།      གཞུང་དོན་བྱང་བུར་བསྒྱུར་བཅོས་དང་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་གྱི་ཕན་འབྲས་མངོན་གསལ་ཡིན་པས།ནོར་སྲིད་མ་དངུལ་གཏོང་སྤྲོད་ཀྱི་ཉེན་ཁ་སྔོན་འགོག་གང་ལེགས་བྱས་ཏེ་སྔོན་རྩིས་ལག་བསྟར་བྱེད་པའི་གསལ་ཚད་དང་ཚོད་འཛིན་བྱེད་ནུས་ཇེ་ཆེར་བཏང་།  6.བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱུ་ནོར་ལ་བདག་གཉེར་བྱེད་པར་སྐུལ་འདེད་བྱས་ཏེ་མ་དངུལ་གྱི་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་།    གཟབ་ནན་གྱིས་ཁྲིམས་ལྟར་སྲིད་འཛིན་སྐྱོང་བར་སྐུལ་འདེད་བྱས་ཏེ་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཆ་ཚང་དུ་བཏང་སྟེ།ཁུལ་རིམ་པ་དེ་གའི་སྔོན་ལ་སྲིད་འཛིན་ལས་དོན་ལས་ཁུངས་གསུམ་དུ་ནང་ཁུལ་ཚོད་འཛིན་ལམ་ལུགས་ཁྱབ་སྤེལ་བྱེད་པའི་ཚོད་ལྟའི་བསྒྱུར་བཅོས་བྱ་བ་སྤེལ་ཞིང་།རིམ་བཞིན་ནང་ཁུལ་དོ་དམ་ནས་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས།     ཁུལ་ཡོངས་ཀྱིས་ལས་ཕྱོད་དམིགས་འབེན་རྣམ་གྲངས1948བསྡུས་ཤིང་།   གཙོ་གནད་ཆེད་དོན་འགྲོ་སོང་ལས་ཕྱོད་དཔྱད་བསྡུར་གྱི་རྒྱ་ཆེ་ཆུང་དང་ཟབ་ཚད་རྒྱ་བསྐྱེད་བཏང་སྟེ།ལོ་ཧྲིལ་བོར་སྤྱི་ཚོགས་ཀྱིས་དོ་སྣང་མཐོན་པོ་བྱེད་པ་དང་དམངས་ཚིས་འགན་སྲུང་གི་གཙོ་གནད་ཆེད་དོན་འགྲོ་སོང53ལ་ལས་ཕྱོད་དཔྱད་བསྡུར་བྱས་པ་དང་།མ་དངུལ་སྒོར་དུང་ཕྱུར33.9ལྷག་གི་འགྲོ་སོང་བཏང་།ཀྲུང་དབྱང་གི་གཏན་འབེབས་བརྒྱད་ལག་ལེན་དངོས་འབེབས་དང་དངུལ་ཉར་མཛོད་ཆུང་གི་ཆེད་དོན་བཅོས་སྐྱོང་དང་ཚད་ལྡན་རྩིས་གཉེར་ཆ་འཕྲིན་དོ་དམ་སོགས་ཀྱི་ཆེད་དོན་ཞིབ་བཤེར་བྱ་བ་སྤེལ་བ་དང་།ཐག་གཅོད་གཏན་འབེབས་ང་གཉིས་འོག་རིམ་ལ་ཁྱབ་བསྒྲགས་དང་བསྒྱུར་བཅོས་དང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལྔ་བཅུ་ལྷག་ཡོ་བསྲང་བྱས་ཤིང་།སྒོར་དུང་ཕྱུར1159.2ཕྱིར་སློག་དང་ཡར་སྤྲོད་བྱས།གྲངས་ཆེའི་དངུལ་འབོར་ལེན་པ་དང་རང་དགར་ཉོ་སྒྲུབ་བྱེད་པ།སྔོན་རྩིས་དང་ངེས་རྩིས་ཆ་ཚང་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས།ས་ཁུལ་རེ་འགའི་ནོར་སྲིད་སྡེ་ཁག་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ་དང་ནོར་དོན་གཉེར་མཁན་ལ་ཁ་ཆད་གྲོས་མོལ་བྱས་ཏེ།དུས་བཀག་གི་བསྒྱུར་བཅོས་བསམ་འཆར་བཏོན་པས་ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་དང་སྒྲིག་ཁྲིམས་ལ་སྲུང་སྐྱོང་བྱས།

འཐུས་མི་རྣམ་པ།ལོ་གཅིག་རིང་ལ་ཁུལ་ཡོངས་ཀྱི་ནོར་སྲིད་སྡེ་ཁག་སོ་སོས་མུ་མཐུད་དུ་འདུ་ཤེས་བཞི་ཤུགས་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞིར་རྒྱུན་འཁྱོངས་བྱས་ཏེ།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་ཐིགས་སུ་བཟུང་པ་དང་།ཧུར་ཐག་གིས་བཅོས་བསྒྱུར་གཏིང་ཟབ་དང་རྒྱ་བསྐྱེད་དུ་སྤེལ་ཏེ།གལ་ཆེའི་ཉེན་ཁ་སྔོན་འགོག་བྱེད་པའི་བྱ་བ་དང་གནད་ཕིགས་དབུལ་སྐྱོར།འབག་བཙོག་སྔོན་འགོག་བྱེད་པའི་འགག་སྒྲོལ་ཆེན་མོ་གསུམ་གྱི་བྱ་བ་ལེགས་པོར་བསྒྲུབ་སྟེ།ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་འཆམ་མཐུན་དང་དམངས་ཚིས་དམིགས་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང།སྐྱེ་ཁམས་ཁོར་ཡུག་བཅས་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད་པ་རེད། འདས་པའི་ལོ་གཅིག་གི་རིང་ལ། ང་ཚོས་སྔར་འཕྲད་མ་མྱོང་བའི་འགྲན་རྩོད་དང་དཀའ་ཁག་ཁྱད་དུ་བསད་ནས།སྔར་ན་མེད་པའི་གནོན་ཤུགས་དང་དཀའ་བ་གདོང་གིས་བསུས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།འདི་ནི་ཁུལ་ཨུས་བློ་བརྟན་འགྱུར་མེད་ཀྱི་སྣེ་ཁྲིད་དང་ཚན་རིག་དང་མཐུན་པའི་ཇུས་ཐག་བཅད་པའི་འབྲས་བུ་ཡིན་ལ།ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས། འཐུས་མི་དང་ཨུ་ཡོན་རྣམ་པའི་ལྟ་སྐུལ་དང་ཁྲིད་སྟོན་བྱས་པའི་འབྲས་བུ་ཡིན་ལ།ཁུལ་ཡོངས་ཀྱི་ནོར་སྲིད་དང་དཔྱ་ཁྲལ་སྡེ་ཁག ལས་ཁུངས་སོ་སོས་མཉམ་གཅིག་ཏུ་ཧུར་ཐག་འབད་འབུངས་བྱས་པའི་འབྲས་བུའང་ཡིན།

གྲུབ་འབྲས་ལ་སྤྱི་སྡོམ་བྱེད་པའི་དུས་མཚུངས་སུ།ང་ཚོས་མིག་སྔར་འཕྲད་བཞིན་པའི་དཀའ་ཁག་ཅུང་མང་བ་ཡང་གསལ་བོར་མཐོང་དགོས་ཤིང་།དཔལ་འབྱོར་འཕེལ་ཤུགས་མར་ཆག་པའི་ཤུགས་རྐྱེན་དང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་བླང་བྱས་བཏོན་པའི་གཞི་རྒྱ་སྔར་ལས་ཆེ་བའི་ཁྲལ་འཕྲི་དངུལ་གཅོག་གི་ལས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་གྱིས་སྔར་བཞིན་ཆེད་དོན་རོགས་སྐྱོར་དང་བགོ་བཤའི་བྱེད་ཐབས་བཅོས་བསྒྱུར་སྙོམས་སྒྲིག་སོགས་གནོད་ཤུགས་མང་པོའི་འོག  ནོར་ཤུགས་རྒྱུན་མཐུན་ངང་འཕར་སྣོན་བྱེད་པའི་དཀའ་ཁག་ཆེ་རུ་ཕྱིན་པ་དང་།གནད་ཕིགས་དབུལ་སྐྱོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གལ་ཆེའི་རྣམ་གྲངས་འཛུགས་སྐྲུན།དཔལ་འབྱོར་སྒྲིག་གཞི་སྙོམས་སྒྲིག  མཁའ་ཞང་ཁུལ་མཐུན་སྦྱོར་འཕེལ་རྒྱས་སུ་འགྲོ་བ།སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་པ། རྒྱུན་མཐུད་ངང་དམངས་ཚིས་བྱ་བ་སོགས་ལེགས་བཅོས་བྱེད་དགོས་ཤིང་།དེར་མ་ཟད་གཙོ་གནད་བཅོས་བསྒྱུར་གྱི་ལས་རིམ་སོ་སོ་སྐུལ་འདེད་བྱེད་པར་མ་དངུལ་སྔར་ལས་མང་པོ་གཏོང་དགོས་པས།ནོར་སྲིད་ཀྱི་འགྱུར་མེད་རང་བཞིན་གྱི་གཏོང་སྒོ་རྒྱུན་མཐུད་ངང་ཤུགས་ཆེར་འགྲོ་བ་དང་།ས་གནས་སྲིད་གཞུང་གི་དངུལ་བུན་ཉེན་ཁའི་མངོན་མེད་རྐྱེན་ངན་ཇེ་ཆེར་འགྲོ་བཞིན་ཡོད་ལ།དེའི་ཁར་མིག་སྔར་བུ་ལོན་འཇལ་བའི་མཐོ་རླབས་དུས་སྐབས་སུ་སླེབས་ཡོད་པ་དང་།བུ་ལོན་གནོན་ཤུགས་མགྱོགས་མྱུར་ངང་སྔོན་རྩིས་བཀོད་སྒྲིག་གི་གནོན་ཤུགས་སུ་བསྒྱུར་བའི་སྐབས་སུ་ཁེལ་ཡོད་པས།  ནོར་སྲིད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་གནོན་ཤུགས་སྔར་བས་ཆེ་རུ་འགྲོ་བཞིན་ཡོད།དེ་བས་ང་ཚོས་ངེས་པར་དུ་ཚད་མཐོན་པོས་དོ་སྣང་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་ཐག་གཅོད་བྱེད་དགོས།

གཉིས།2019ལོའི་ཁུལ་ཡོངས་དང་ཁུལ་རིམ་པ་དེ་གའི་སྔོན་རྩིས་འཆར་ཟིན།

2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བའི་ལོ་ཡིན་ལ་འགག་སྒྲོལ་ཆེན་མོའི་དམག་འཐབ་ཆེན་པོ་གསུམ་རྒྱག་པ་དང་།༼ལོ་ལྔའི་འཆར་གཞི་བཅུ་གསུམ་པའི༽འཆར་བཀོད་དམིགས་འབེན་འགན་འཁུར་ལེགས་འགྲུབ་དང་།ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཕུག་ཐག་གལ་ཆེ་བའི་ལོ་ཞིག་ཀྱང་ཡིན།2019ལོའི་ནོར་སྲིད་བྱ་བ་ལེགས་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ།ད་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་སོ་སོར་ལྟར་བྱས་པའི2019ལོའི་ནོར་སྲིད་གཏོང་ཡོང་གི་འཆར་འགོད་ཀྱི་ཐོག་མའི་བཀོད་སྒྲིག་ནི།ས་གནས་ཀྱི་སྤྱི་བའི་སྔོན་རྩིས་ཡོང་འབབ6.5%ཡར་འཕར་བྱུང་དགོས་ཤིང་།ནོར་སྲིད་འགྲོ་གྲོན་མུ་མཐུད་དུ་ཚད་ལྡན་ངང་འཕར་སྣོན་བྱུང་དགོས།

༼ གཅིག ༽2019ལོའི་སྔོན་རྩིས་སྒྲིག་གཞི་མཛུབ་སྟོན་གྱི་བསམ་བློ།  2019ལོའི་ཁུལ་ཡོངས་ཀྱི་སྔོན་རྩིས་སྒྲིག་གཞི་དང་ནོར་སྲིད་བྱ་བའི་སྤྱི་ཡོངས་རེ་འདུན་ནི།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་གྱི་སྣེ་ཁྲིད་འོག་ནས་ཁྱོན་ཡོངས་སུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཐེངས་གསུམ་པ།ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་པ་དོན་འཁྱོལ་བྱས་ནས།ཏང་གི་ཁྱོན་ཡོངས་སྣེ་ཁྲིད་ལ་ཤུགས་ཆེར་རྒྱུན་འཁྱོངས་གཏོང་བ་དང་།ནན་ཏན་གྱིས་བརྟན་བརླིང་ཁྲོད་མདུན་སྐྱོད་དང་འཕེལ་རྒྱས་གསར་བའི་འདུ་ཤེས་མངོན་ནས།སྤུས་ལེགས་འཕེལ་རྒྱས་ཀྱི་རེ་འདོད་ལྟར་ནན་གྱིས་ཕྱོགས་ཡོངས་ནས ༼ཕྱོགས་ལྔ་གཞི་གཅིག་ཏུ་འགྱུར་བ་༽དང༼ཁྱོན་ཡོངས་བཞིའི༽སྤྱིའི་བཀོད་སྒྲིག ༼སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས༽ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱས་ཏེ། མུ་མཐུད་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལྟེ་བར་བཟུང་ནས་ཁྱོན་ཡོངས་སུ་དཔྱ་ཁྲལ་ཇེ་ཉུང་དང་མེད་པར་བཟོ་བའི་སྲིད་ཇུས་དང་འགྲོ་གྲོན་སྒྲིག་གཞི་ལེགས་སྒྲིག འགག་སྒྲོལ་དམག་འཐབ་ཆེན་མོ་གསུམ་ལ་རྒྱབ་སྐྱོར་བྱེད་པར་དོན་འཁྱོལ་བྱས་ནས་མགྱོགས་མྱུར་ངང་དེང་རབས་ནོར་སྲིད་ལམ་ལུགས་བཙུགས་ནས་ཁྱོན་ཡོངས་སུ་ཚད་གཞི་ཕྱི་གསལ་ནང་གསལ།ཚན་རིག་དང་མཐུན་པ། ཚོད་འཛིན་ཡོད་པའི་སྔོན་རྩིས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།ཁྱོན་ཡོངས་སུ་སྔོན་རྩིས་ལས་ཆོད་དོ་དམ་ལག་བསྟར་བྱས་ནས་ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ལ་ཤུགས་ཆེར་བཏང་སྟེ།ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱས་ཏེ་གྲུབ་འབྲས་ལེགས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུའི་འཁྲུངས་སྐར་དང་མཚོ་སྔོན་བཅིངས་བགྲོལ་བྱས་ནས་ལོ་འཁོར་བདུན་ཅུ།མཚོ་ནུབ་སྲིད་འཛིན་བཙུགས་ནས་ལོ་འཁོར་རེ་ལྔ་སོགས་འགོར་བར་བསུ་མ་དགོས།

༼གཉིས༽ 2019ལོའི་སྔོན་རྩིས་བཀོལ་སྒྲིག་གི་གཞི་རྩའི་རྩ་དོན།གོང་གི་བསམ་བློའི་སྣེ་ཁྲིད་ལ་དམིགས་ནས་སྔོན་རྩིས་བཀོད་སྒྲིག་གི་གཤམ་གྱི་རྩ་དོནརྒྱུན་འཁྱོངས་བྱེད་དགོས།གཅིག  ཡོང་འབབ་སྔོན་རྩིས་ནི་དོན་དངོས་དང་ཚན་རིག་གི་སྔོན་དཔག་ལ་བསྟུན་ཏེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་ནོར་སྲིད་སྲིད་ཇུས་ལ་མཐུན་དགོས།ནན་ཏན་སྒོས་རྒྱལ་ཁབ་ཀྱིས་གསར་བར་བཏོན་པའི་དཔྱ་ཁྲལ་ཇེ་ཡང་དང་མེད་པར་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་ནས་དངོས་པ་དོན་གྱིས་ཚོང་རའི་འགན་འཁྲི་ལྕི་མོ་ཡང་ཇེ་ཡང་དུ་གཏོང་དགོས།གཉིས། འགྲོ་གྲོན་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་པ་དང་སྒྲིག་གཞི་ལེགས་སྒྲིག་ལ་འབད་ནས། འགྲོ་གྲོན་གནད་འགག་འབུར་ཐོན་བྱས་ཏེ་ནན་གྱིས་སྤྱི་བཏང་གི་འགྲོ་གྲོན་ལ་ཚོད་འཛིན་དང་གནོན་ཤུགས་ཇེ་ཡང་དུ་བཏང་ཞིང་སྡེ་ཁག་གི་འཁོར་སྐྱོད་རིགས་ཀྱི་ཆེད་དམིགས་དངུལ5%ལས་མི་དམའ་བར་བྱེད་དགོས། ཤུགས་ཆེན་པོས་གནད་ཆེའི་ཁྱབ་ཁྱབ་ཁོངས་དང་གནད་འགག་གོ་རིམ་འགན་ལེན་བྱེད་པ།ལས་ཕྱོད་དམའ་བའི་འགྲོ་གྲོན་མེད་པར་བཟོས་ནས་ཚད་ལྡན་གྱིས་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་གཏོང་དགོས་བྱེད་དགོས།གསུམ། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལ་ཇེ་དྲག་དུ་བཏང་ནས་ནོར་སྲིད་འགྲོ་གྲོན་སྲིད་ཇུས་ཀྱི་ཐབས་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་དགོས།ཚད་མཐུན་གྱིས་ནོར་སྲིད་འགྲོ་གྲོན་རྒྱ་ཁྱོན་ལ་ཁ་སྣོན་བྱས་ཏེ་ཕན་པའི་བརྡ་འཕྲིན་བཏང་ནས་ཚོང་རའི་གདེང་ཚོད་ལ་རྒྱབ་སྐྱོར་བྱེད་དགོས།བཞི། ཁྱོན་ཡོངས་སུ་སྔོན་རྩིས་ལས་ཕྱོད་དོ་དམ་ལག་བསྟར་དང་སྔོན་རྩིས་ལས་ཕྱོད་དོ་དམ་གྱི་གོ་རིམ་འཐུས་ཚང་དུ་གཏོང་བ་དང་།སྔོན་རྩིས་ལས་ཕྱོད་ཀྱི་ཚད་ལྡན་མ་ལག་འཐུས་ཚང་།ལས་ཕྱོད་དམིགས་འབེན་དོ་དམ་ལ་ཤུགས་སྣོན་བྱས་ཏེ།ལས་ཕྱོད་ཀྱི་གདེང་འཇོག་དང་མཇུག་འབྲས་ལ་བེད་སྤྱོད་སྤེལ་བ།ཤུགས་ཆེན་པོས་ལས་ཆོད་དོ་དམ་ལ་སྐུལ་མ་གཏོང་བ་དང་ཚོད་འཛིན་བྱེད་དགོས།ལྔ། ཕན་ཡོད་ཀྱིས་ནོར་སྲིད་ཉེན་ཁ་ལ་ཚོད་འཛིན་ཐེབས་སུ་བཅུག་ནས་ས་གནས་སྲིད་གཞུང་གི་བུ་ལོན་མ་དངུལ་རྣམ་པ་ཚད་ལྡན་དུ་གཏོང་བ་དང་གཏན་འཇགས་ཀྱིས་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་གཏན་འཇགས་དང་ཞི་ལྷོད་དུ་གཏོང་དགོས་པ་མ་ཟད། སྔོན་ལ་ཞིང་ཆེན་རིམ་པའི་དངུལ་བུན་ལ་བསྐོར་བའི་ས་གནས་སྲིད་གཞུང་གི་བུན་འཛིན་སྔོན་རྩིས་ནང་འཇོག་དགོས།

༼གསུམ ༽2019ལོའི་གཏོང་ལེན་སྔོན་རྩིས་བཀོད་སྒྲིག 1.སྤྱི་བཏང་གི་སྤྱི་བའི་སྔོན་རྩིས་འཆར་ཟིན། 2019ལོའི་ས་གནས་ཀྱི་སྤྱི་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་ལ་སྒོར་ཁྲི580200བཀོད་སྒྲིག་བྱས་པ། 6.5%ཡར་འཕར་བྱུང་། ཞིང་ཆེན་གྱིས་ནོར་སྲིད་རོགས་སྐྱོར་ཡོང་སྒོ་ལ་སྒོར་ཁྲི376682སྔོན་རྗེས་བྱས་ཡོད།ལོ་སྔོན་མའི་བསྡོམས་རྩིས་ལྟར་ན་སྒོར་ཁྲི95318ལྷག་ཡོད། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ལ་ཐེབ་རྩ་ཁྲི23500བཀོད་སྤྱོད་བྱས་ཆོག་པ།གཏོང་ཡོང་གི་ཆ་སྙོམས་དང་མཚལ་ཡིག་མ་རྒྱབ་པའི་རྩ་དོན་ལྟར་ཁུལ་ཡོངས་ཀྱི་ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་འགྲོ་གྲོན་ལ་སྒོར་ཁྲི1075700བཀོད་སྒྲིག་བྱས་ཡོད།

ཁུལ་ཡོངས་ཀྱི་སྤྱི་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་གྲོན་ལ་སྒོར་ཁྲི1075700བཀོད་སྒྲིག་བྱས་ལ་ལོ་སྔོན་མའི་ལོ་སྟོད་ཀྱི་སྔོན་རྩིས་དང་བསྡུར་ན11.9%ཡར་འཕར་བྱུང་། བཀོད་སྒྲིག་གཙོ་བོ་ནི།སྤྱི་བཏང་གི་སྤྱི་བའི་ཞབས་ཕྱིའི་འགྲོ་གྲོན་སྒོར་ཁྲི118065ཡིན། 1.9%འཕར།རྒྱལ་སྲུང་འགྲོ་གྲོན་སྒོར་ཁྲི1134ཡིན། 28%མར་ཆག སྤྱི་བའི་བདེ་འཇགས་འགྲོ་གྲོན་སྒོར་ཁྲི46471ཡིན།2%ཡར་འཕར་བྱུང་།སློབ་གསོའི་འགྲོ་གྲོན་སྒོར་ཁྲི116843ཡིན། 6.3%ཡར་འཕར་བྱུང་། ཚན་རིག་ལག་རྩལ་འགྲོ་གྲོན་སྒོར་ཁྲི3298ཡིན།0.3%ཡར་འཕར་བྱུང་།ཡུལ་སྐོར་རིག་གནས་ལུས་རྩལ་དང་སྨྱན་བྱད་འགྲོ་གྲོན་སྒོར་ཁྲི23665ཡིན། 22.9%ཡར་འཕར་བྱུང་།སྤྱི་ཚོགས་འགན་ལེན་དང་ལས་ཞུགས་ཀྱི་འགྲོ་གྲོན་སྒོར་ཁྲི137791ཡིན། 5.8%ཡར་འཕར་བྱུང་། འཕྲོད་བསྟེན་བདེ་ཐང་འགྲོ་གྲོན་སྒོར་ཁྲི89215ཡིན།0.2%མར་ཆག ནུས་ཁུངས་ཁོར་སྲུང་འགྲོ་གྲོན་སྒོར་ཁྲི44979ཡིན།90.5%ཡར་འཕར་བྱུང་། གྲོང་ཁྱེར་སྡེ་ཁག་གི་འགྲོ་གྲོན་སྒོར་ཁྲི145660ཡིན།46.6%ཡར་འཕར་བྱུང་། ཞིང་ལས་དང་ནགས་ལས་འགྲོ་གྲོན་སྒོར་ཁྲི132755ཡིན།4.7%མར་ཆག འགྲིམ་འགྲུལ་སྐྱེལ་འདྲེན་འགྲོ་གྲོན་སྒོར་ཁྲི10154ཡིན།3.3%ཡར་འཕར་བྱུང་།ནུས་ཁུངས་རྩད་གཅོད་བརྡ་འཕྲིན་སོགས་ཀྱི་འགྲོ་གྲོན་སྒོར་ཁྲི24595ཡིན། 147.5%ཡར་འཕར་བྱུང་། ཚོང་ལས་ཞབས་ཕྱིའི་འགྲོ་གྲོན་སྒོར་ཁྲི4817ཡིན།9%མར་ཆག ས་ཁུལ་གཞན་ལ་རོགས་སྐྱོར་གྱི་འགྲོ་གྲོན་སྒོར་ཁྲི450ཡིན་ཏེ་ལོ་སྔོན་མ་དང་འདྲ་མཉམ་པ།རང་བྱུང་ཐོན་ཁུངས་ཀྱི་རྒྱ་མཚོའི་གནམ་གཤིས་འགྲོ་གྲོན་ལ་སྒོར་ཁྲི5137ཡིན། 16%ཡར་འཕར་བྱུང་། སྡོད་ཁང་འགན་ལེན་འགྲོ་གྲོན་སྒོར་ཁྲི23400བཏང་།1.4%ཡར་འཕར་བྱུང་།འབྲུ་རིགས་དང་བཟའ་སྣུམ་གསོག་འཇོག་འགྲོ་གྲོན་ལ་སྒོར་ཁྲི106ཡིན་ཏེ་ལོ་སྔོན་མ་དང་འདྲ་མཉམ་ཡོད།གསར་བྱུང་གནོད་སྐྱོན་སྔོན་འགོག་དང་མྱུར་མཁོ་དོ་དམ་འགྲོ་གྲོན་ལ་སྒོར་ཁྲི3487བཏང་།གྲ་སྒྲིག་མ་དངུལ་ལ་སྒོར་ཁྲི9808བཏང་། 7.5%ཡར་འཕར་བྱུང་། དེ་ལས་གཞན་པའི་འགྲོ་གྲོན་ལ་སྒོར་ཁྲི106211བཏང་།4.8%མར་ཆག བུ་ལོན་ཕྱིར་མཇལ་འགྲོ་གྲོན་སྒོར་ཁྲི3910བཏང་།51.6%མར་ཆག བུ་ལོན་གྱི་སྐྱེལ་ཀའི་འགྲོ་གྲོན་ལ་སྒོར་ཁྲི23749བཏང་།100%ཡར་འཕར་བྱུང་།

ཁུལ་ནང་ཁུལ་གྱི་ས་གནས་སྤྱི་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་བཀོད་སྒྲིག་ལ་སྒོར་ཁྲི263000བཏང་།6.7%ཡར་འཕར་བྱུང་།ཞིང་ཆེན་གྱིས་རོགས་སྐྱོར་ཡོང་འབབ་སྒོར་ཁྲི6518ཇེ་ཉུང་དུ་སོང་། ལོ་སྔོན་མའི་བསྡོམས་རྩིས་ལྟར་ན་སྒོར་ཁྲི50611ལྷག་ཡོད།སྔོན་རྩིས་གཏན་འཇགས་ཀྱི་སྙོམ་སྒྲིག་ཐེབ་རྩ་ཁྲི23500བཀོད་ཆོག ཁུལ་རིམ་པ་དེ་གའི་སྔོན་རྩིས་འགྲོ་གྲོན་སྒོར་ཁྲི330593བཀོད་སྒྲིག་བྱས་ཡོད།

ཁུལ་རིམ་པ་དེ་གའི་སྤྱི་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་གྲོན་སྒོར་ཁྲི330593བཀོད་སྒྲིག་བྱས་ཡོད།  ལོ་སྔོན་མའི་ལོ་སྟོད་ཀྱི་སྔོན་རྩིས་དང་བསྡུར་ན25.7%ཡར་འཕར་བྱུང་།བཀོད་སྒྲིག་གཙོ་བོ་ནི།སྤྱི་བཏང་གི་སྤྱི་བའི་ཞབས་ཕྱིའི་འགྲོ་གྲོན་སྒོར་ཁྲི26771ཡིན། 1.4%ཡར་འཕར་བྱུང་།རྒྱལ་སྲུང་འགྲོ་གྲོན་སྒོར་ཁྲི197བཏང་སྟེ་ལོ་སྔོན་མ་དང་འདྲ་མཉམ་ཡིན། སྤྱི་བའི་བདེ་འཇགས་འགྲོ་གྲོན་སྒོར་ཁྲི8983ཡིན།3.6%མར་ཆག སློབ་གསོའི་འགྲོ་གྲོན་སྒོར་ཁྲི13810ཡིན།6.6%ཡར་འཕར་བྱུང་། ཚན་རིག་ལག་རྩལ་འགྲོ་གྲོན་སྒོར་ཁྲི2533ཡིན།5.2%ཡར་འཕར་བྱུང་།ཡུལ་སྐོར་རིག་གནས་ལུས་རྩལ་དང་སྨྱན་བྱད་འགྲོ་གྲོན་སྒོར་ཁྲི11764ཡིན། 18.2%ཡར་འཕར་བྱུང་།སྤྱི་ཚོགས་འགན་ལེན་དང་ལས་ཞུགས་ཀྱི་འགྲོ་གྲོན་སྒོར་ཁྲི37015ཡིན། 0.9%མར་ཆགའཕྲོད་བསྟེན་བདེ་ཐང་འགྲོ་གྲོན་སྒོར་ཁྲི20811ཡིན། 1%ཡར་འཕར་བྱུང་། ནུས་ཁུངས་ཁོར་སྲུང་འགྲོ་གྲོན་སྒོར་ཁྲི33331ཡིན།208.1%ཡར་འཕར་བྱུང་། གྲོང་ཁྱེར་སྡེ་ཁག་གི་འགྲོ་གྲོན་སྒོར་ཁྲི57424ཡིན།0.6%ཡར་འཕར་བྱུང་། ཞིང་ལས་དང་ནགས་ལས་འགྲོ་གྲོན་སྒོར་ཁྲི8048ཡིན།2%ཡར་འཕར་བྱུང་། འགྲིམ་འགྲུལ་སྐྱེལ་འདྲེན་འགྲོ་གྲོན་སྒོར་ཁྲི4309ཡིན།15.9%ཡར་འཕར་བྱུང་།ནུས་ཁུངས་རྩད་གཅོད་བརྡ་འཕྲིན་སོགས་ཀྱི་འགྲོ་གྲོན་སྒོར་ཁྲི5192ཡིན། 118.8%ཡར་འཕར་བྱུང་། ཚོང་ལས་ཞབས་ཕྱིའི་འགྲོ་གྲོན་སྒོར་ཁྲི3532ཡིན།0.2%ཡར་འཕར་བྱུང་། ས་ཁུལ་གཞན་ལ་རོགས་སྐྱོར་གྱི་འགྲོ་གྲོན་སྒོར་ཁྲི450ཡིན་ལ་ལོ་སྔོན་མ་དང་འདནར་མཉམ་ཡིན།རང་བྱུང་ཐོན་ཁུངས་ཀྱི་རྒྱ་མཚོའི་གནམ་གཤིས་འགྲོ་གྲོན་ལ་སྒོར་ཁྲི1647ཡིན། 66.2%ཡར་འཕར་བྱུང་། སྡོད་ཁང་འགན་ལེན་འགྲོ་གྲོན་སྒོར་ཁྲི5299ཡིན།1.3%ཡར་འཕར་བྱུང་།འབྲུ་རིགས་དང་བཟའ་སྣུམ་གསོག་འཇོག་འགྲོ་གྲོན་ལ་སྒོར་ཁྲི106ཡིན་ཏེ་ལོ་སྔོན་མ་དང་འདྲ་མཉམ་ཡིན།གསར་བྱུང་གནོད་སྐྱོན་སྔོན་འགོག་དང་མྱུར་མཁོ་དོ་དམ་འགྲོ་གྲོན་ལ་སྒོར་ཁྲི1427ཡིན།གྲ་སྒྲིག་མ་དངུལ་ལ་སྒོར་ཁྲི2500ཡིན་ཏེ་ལོ་སྔོན་མ་དང་འདྲ་མཉམ་ཡིན། 7.5%ཡར་འཕར་བྱུང་། དེ་ལས་གཞན་པའི་འགྲོ་གྲོན་ལ་སྒོར་ཁྲི8544ཡིན།52.2%ཡར་འཕར་བྱུང་།

ཚྭ་འདམ་ཆེ་བའི་བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ལོ་དེའི་ཡོང་སྒོ་སྒོར་ཁྲི43752ཡིན།དེའི་ནང་ས་གནས་སྤྱི་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི35500བཀོད་སྒྲིག་ཡོད། གོང་རིམ་གྱི་རོགས་སྐྱོར་ཡོང་འབབ་སྒོར་ཁྲི6520ཟིན།ཚྭ་འདམ་ཆེ་བའི་བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་སྔོན་རྩིས་སྒོར་ཁྲི43752བཀོད་སྒྲིག་བྱས་པ།

ཚྭ་འདམ་ཆེ་བའི་བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་སྤྱི་བཏང་གི་སྤྱི་བའི་སྔོན་རྩིས་སྒོར་ཁྲི43752བཀོད་སྒྲིག་ཡོད་ལ་ལོ་སྔོན་མའི་ལོ་སྟོད་ཀྱི་སྔོན་རྩིས་དང་བསྡུར་ན10.4%ཡར་འཕར་བྱུང་།བཀོད་སྒྲིག་གཙོ་བོ་ནི། སྤྱི་བཏང་གི་སྤྱི་བའི་ཞབས་ཕྱིའི་འགྲོ་གྲོན་སྒོར་ཁྲི10616ཡིན།9.3%ཡར་འཕར་བྱུང་། སྤྱི་བའི་བདེ་འཇགས་འགྲོ་གྲོན་སྒོར་ཁྲི4510ཡིན།1.1%ཡར་འཕར་བྱུང་།སློབ་གསོའི་འགྲོ་གྲོན་སྒོར་ཁྲི2704ཡིན། 21.4%མར་ཆགཡུལ་སྐོར་རིག་གནས་ལུས་རྩལ་དང་སྨྱན་བྱད་འགྲོ་གྲོན་སྒོར་ཁྲི1476ཡིན། 97.9%ཡར་འཕར་བྱུང་།སྤྱི་ཚོགས་འགན་ལེན་དང་ལས་ཞུགས་ཀྱི་འགྲོ་གྲོན་སྒོར་ཁྲི4606ཡིན། 11.5%མར་ཆག འཕྲོད་བསྟེན་བདེ་ཐང་འགྲོ་གྲོན་སྒོར་ཁྲི2998ཡིན།3%ཡར་འཕར་བྱུང་། ནུས་ཁུངས་ཁོར་སྲུང་འགྲོ་གྲོན་སྒོར་ཁྲི2622ཡིན།6.8%མར་ཆག གྲོང་ཁྱེར་སྡེ་ཁག་གི་འགྲོ་གྲོན་སྒོར་ཁྲི6575ཡིན།11.8%ཡར་འཕར་བྱུང་། ཞིང་ལས་དང་ནགས་ལས་འགྲོ་གྲོན་སྒོར་ཁྲི2664ཡིན།3.8%ཡར་འཕར་བྱུང་། འགྲིམ་འགྲུལ་སྐྱེལ་འདྲེན་འགྲོ་གྲོན་སྒོར་ཁྲི500ཡིན།74.8%ཡར་འཕར་བྱུང་།རང་བྱུང་ཐོན་ཁུངས་ཀྱི་རྒྱ་མཚོ་དང་གནམ་གཤིས་འགྲོ་གྲོན་ལ་སྒོར་ཁྲི52ཡིན། 61.5%མར་ཆགསྡོད་ཁང་འགན་ལེན་འགྲོ་གྲོན་སྒོར་ཁྲི885ཡིན། 75.6%ཡར་འཕར་བྱུང་།གསར་བྱུང་གནོད་སྐྱོན་སྔོན་འགོག་དང་འཕྲལ་བསྟུན་དོ་དམ་འགྲོ་གྲོན་ལ་སྒོར་ཁྲི760ཡིན།གྲ་སྒྲིག་མ་དངུལ་ལ་སྒོར་ཁྲི438ཡིན། 11.2%ཡར་འཕར་བྱུང་།  2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འཆར་ཟིན།༼ཡོང་འབབ་ལ་དམིགས་ནས་འགྲོ་གྲོན་གཏན་འབེབས་བྱེད་པའི༽རྩ་དོན་ལྟར།ཁུལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཁྲི93400ཡིན།ལོ་དེར་འགྲོ་གྲོན་སྒོར་ཁྲི93400བཀོད་སྒྲིག་བྱས་ཡོད། དེའི་ནང་ཁུལ་རིམ་པའི་དེ་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་ཁྲི70བཏང་།ལོ་དེར་འགྲོ་གྲོན་བཀོད་སྒྲིག་སྒོར་ཁྲི70ཡིན།ཚྭ་འདམ་ཆེ་བའི་བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་སྲིད་གཞུང་རང་བཞིན་གྱི་ཐེབ་རྩའི་ཡོང་འབབ་ཁྲི1500ཟིན།སྔོན་ཆད་འགྲོ་གྲོན་སྒོར་ཁྲི1500བཀོད་སྒྲིག་བྱས་ཡོད། 3.རྒྱལ་ཁབ་ལ་དབང་བའི་མ་རྩའི་བདག་ཉེར་སྔོན་རྩིས་འཆར་ཟིན།སྔོན་རྩིས་བྱས་པ་ལྟར་ན2019ལོའི་ཁུལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྩའི་ཉེར་སྐྱོང་སྔོན་རྩིས་ཡོང་འབབ་ནི་སྒོར་ཁྲི2025ཡིན།ལོ་དེར་འགྲོ་གྲོན་སྒོར་ཁྲི2025བཀོད་སྒྲིག་བྱས་ཡོད། 4.སྤྱི་ཚོགས་ཉེན་སྲུང་གི་ཐེབ་རྩའི་སྔོན་རྩིས་འཆར་ཟིན།རང་ཁུལ་གྱིས་གཅིག་གྱུར་དོ་དམ་བྱེད་པའི་སྤྱི་ཚོགས་ཉེན་སྲུང་གི་ཐེབས་རྩ་ནི་མཁར་ཞང་སྡོད་དམངས་ཀྱི་མ་མཐའི་རྒན་གསོའི་ཐེབས་རྩ་དང་མཁར་གྲོང་ལས་བཟོའི་མ་མཐའི་སྨན་བཅོས་ཉེན་སྲུང་ཐེབས་རྩ།ལས་རྨས་ཉེན་སྲུང་ཐེབས་རྩ། བུ་བཙའ་ཉེན་སྲུང་ཐེབས་རྩ་སོགས་ཡོད།སྔོན་རྩིས་བྱས་པ་ལྟར་ན་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ནི་སྒོར་ཁྲི127915ཡིན།སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་འགྲོ་གྲོན་སྒོར་ཁྲི76544བཀོད་སྒྲིག་བྱས་ཡོད།

གསུམ། 2019ལོའི་ནོར་སྲིད་ཀྱི་གལ་ཆེའི་བྱ་བ།

ཁྱོན་ཡོངས་སུ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ནོར་སྲིད་བྱ་བའི་གྲོས་ཚོགས།ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་གྲོས་ཚོགས་སོགས་ཀྱི་དགོངས་པ་ལག་ལེན་དོན་འཁྱོལ་བྱས་ཏེ།ངེས་ཤེས་མཐོར་འདེགས་དང་གོམ་སྟབས་གཅིག་གྱུར། གཅིག་གྱུར་འཆར་འགོད། གནད་འགག་འབུར་ཐོན།གོ་རིམ་འཆར་འགོད་ཀྱིས་བྱ་བ་སོ་སོ་ལེགས་པོར་བསྒྲུབ་དགོས།

༼གཅིག༽ཧུར་ཐག་གིས་ནོར་ཁུངས་འཛུགས་སྐྲུན་བྱས་ནས་ནོར་སྲིད་གཏན་འཇགས་ངང་འཕེལ་རྒྱས་བྱེད་པར་མངོན་འགྱུར་བྱེད་དགོས།མཚོ་ནུབ་ཀྱི་དངོས་ཡོད་དང་བསྟུན་ནས་ཐབས་བརྒྱ་ཇུས་སྟོང་གིས་ནོར་སྲིད་ཤུགས་ཆེར་བཏང་སྟེ་མུ་མཐུད་དུ་ནོར་སྲིད་འགན་ལེན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས།ས་གནས་ནོར་སྲིད་ཡོང་འབབ་ཚད་ལྡན་གྱིས་ཡར་འཕར་བྱུང་བར་རྒྱུན་འཁྱོངས་བྱས་ཏེ།ནན་ཏན་གྱིས་དཔྱ་ཁྲལ་ཇེ་ཡང་དང་མེད་པར་བཟོ་བའི་སྲིད་ཇུས་འཕེལ་རྒྱས་དང་།ནོར་སྲིད་ཡོང་འཕར་སོགས་ཀྱི་འབྲེལ་བ་རྒྱབ་སྐྱོར་དང་དམ་འཛིན་དོན་འཁྱོལ་བྱས་ནས་ཞིབ་ཚགས་ཀྱིས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་བབ་ལ་དོ་ཁུར་དང་དབྱེ་ཞིབ་བྱས་ཏེ་དམིགས་འབེན་ཁ་ཕྱོགས་བརྟན་པོ་བྱེད་དགོས།མུ་མཐུད་དུ་དུས་ཚོད་གཏན་ཁེལ་བྱས་ཏེ་ལྟ་སྐུལ་སློབ་སྟོན་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཡོང་འབབ་དུས་ཐོག་ཏུ་མཛོད་འཇུག་བྱེད་པར་ཁག་ཐེག་དང་ཡོང་འབབ་སྤུས་ཀ་དང་ཁེ་ཕན་ཇེ་དྲག་ཏུ་གཏོང་དགོས།ཧུར་ཐག་གིས་གོང་རིམ་གྱི་རོགས་སྐྱོར་ཆེད་དོན་བརྩོན་ལེན་བྱེད་དགོས།ཁ་ཕྱོགས་ཀྱི་ཐད་དུ་སྐྱེ་ཁམས་ཁོར་སྲུང་གི་སྣེ་སྟོན་དང་དབུལ་ཐར་མཁྲེགས་གཏོར་ལ་དམིགས་པ།རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དམངས་ཚིས་ལེགས་བཅོས་སོགས་གལ་ཆེ་བའི་ཁྱབ་ཁོངས་བརྩོན་ལེན་གྱི་ནུས་པར་ཤུགས་སྣོན་དགོས།བྱ་ཐབས་ཀྱི་ཐད་དུ་གོང་རིམ་གྱི་སྲིད་ཇུས་ཞིབ་འཇུག་ལ་མཐོང་ཆེན།སྲིད་ཇུས་ཁ་ཕྱོགས་དང་མ་དངུལ་གཏོང་ཕྱོགས་ལ་དམ་པོར་སྦྲེལ་ནས།ནུས་ཡོད་ཀྱིས་བགོ་བྱའི་བྱ་ཐབས་གསར་བར་མཐུན་པ་དང་། རྣམ་གྲངས་ཀྱི་དུས་འགོ་དང་རྨང་གཞིའི་བྱ་བ་ནན་གྱིས་འཛིན་པ།དམིགས་འབེན་རང་བཞིན་གྱིས་སྙན་ཞུ་དང་སྦྲེལ་མཐུན་བྱེད་དགོས་རྐྱེན།ལམ་སྲོལ་གྱི་ཐད་དུ་སྡེ་ཁག་སོ་སོའི་བར་གྱི་རམ་འདེགས་མཐུན་སྦྱོར་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྲིད་ཇུས་དང་མ་དངུལ་རྒྱབ་སྐྱོར་ལ་ཕྱོགས་པའི་མཉམ་ཤུགས་འདོན་པར་བརྩོན་ལེན་བྱེད་པའི་རྣམ་པ་ཞིག་ཆགས་ནས།རོགས་སྐྱོར ཆེད་དོན་ལ10%ཡན་འཕར་བར་འབད་དགོས།ངེས་པ་དོན་གྱིས་སྔོན་རྩིས་ལག་བསྟར་ཇེ་མགྱོགས་སུ་གཏོང་དགོས།རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་ཆེར་རྒྱབ་ནས་མུ་མཐུད་དུ་སྔོན་རྩིས་དམིགས་ཚད་དུས་ཆད་ལྟར་མར་བཏོན་པ་དང་རྣམ་གྲངས་འཕེལ་རིམ་ལ་ལྟ་སྐུལ་སློབ་སྟོན་སོགས་མུ་མཐུད་དུ་ལག་བསྟར་བྱས་ནས།ངེས་པ་དོན་གྱིས་སྔོན་རྩིས་ལག་བསྟར་དལ་བ་དང་ནོར་སྲིད་མ་དངུལ་གྱི་འཁོར་སྐྱོད་ཕན་འབྲས་མི་གསལ་བའི་གནད་དོན་སོགས་ཐག་གཅོད་བྱེད་དགོས་ཤིང་།ལོ་མཇུག་དུ་ནན་གྱིས་མ་དངུལ་གསོག་འཇོག་གི༼མེད་པར་བཟོ་བའི༽ལམ་ལུགས་མུ་མཐུད་དུ་དོན་འཁྱོལ་བྱེད་པ་དང་སྔོན་རྩིས་ལས་ཁུངས་ཀྱིས་མགྱོགས་མྱུར་ངང་སྔོན་རྩིས་ལག་བསྟར་བྱེད་དགོས།

༼གཉིས༽ཧུར་ཐག་གིས་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་དཔལ་འབྱོར་རིགས་བསྒྱུར་རིམ་འཕར་ལ་ཞབས་ཕྱི་དང་རྒྱབ་སྐྱོར་བྱེད་དགོས།འཕེལ་རྒྱས་ཞེས་པའི་གཙོ་གནད་ཆེན་པོ་འདི་ལ་དམ་པོར་བཟུང་ནས་གནད་འགག་གཙོ་བོར་དང་ཞན་ཆ་ལ་ཁ་གསབ་དྲག་ཞན་གྱི་རྣམ་པ་འབུར་ཐོན་བྱེད་དགོས།དཔལ་འབྱོར་འཕེལ་རིམ་ལ་སྐུལ་འདེད་བྱེད་པ།འདང་ངེས་ཀྱིས་ནོར་སྲིད་མ་དངུལ་གྱིས་ཁྱད་སྟོབས་ཀྱི་གནས་བབ་ཡག་པོ་འདོན་སྤེལ་བྱས་ཏེ་མགྱོགས་མྱུར་ངང་སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་གཅིག་གྱུར་སྡེབ་སྒྲིག་བྱས་ཏེpppདཔེ་དབྱིབས་ལ་སྐུལ་འདེད་དང་།སྤུས་ལེགས་ཀྱི་ནུས་ཁུངས་དེ་ཚྭ་མཚོའི་སྣ་འཛོམས་ནུས་ཁུངས་བེད་སྤྱད་དང་དྭགས་གཙང་གི་ནུས་ཁུངས་འཕེལ་རྒྱས།ཐུན་མིན་གྱི་ཞིང་འབྲོག་ལས་རིགས་འཕེལ་རྒྱས།རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གལ་ཆེའི་ཁྱབ་ཁོངས་ལ་གཅིག་བསྡུས་བྱེད་པར་སྣེ་ཁྲིད་བྱས་ཏེ།༼འགན་འཁྲི་བཞི་ལེགས་པོར་འགྲུབ་དགོས༽རྒྱབ་སྐྱོར་བྱས་ཏེ་སྲོལ་རྒྱུན་ཐོན་ལས་རིམ་བསྒྱུར་དང་ཐོན་ལས་གསར་བའི་འཕེལ་རྒྱས་ཇེ་རྒྱས་སུ་གཏོང་བ།ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ནུས་པ་སྔོག་འདོན་བྱེད་པ།ཆུང་འབྲིང་ཁེ་ལས་ལ་གསོ་སྐྱོང་སོགས་བྱེད་པར་སྐུལ་འདེད་བྱེད་དགོས།མཁྲེགས་གཏོར་དམག་ཐབས་ཆེན་པོ་གསུམ་རྒྱག་པར་རྒྱབ་སྐྱོར་བྱེད་དགོས།ནན་ཏན་གྱིས་ས་གནས་སྲིད་གཞུང་གི་ཆེད་དོན་བུ་ལོན་དངུལ་གྲངས་བརྩོན་ལེན་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་གཏན་འཇགས་ཀྱིས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས།བློ་ཐག་རྦ་ཆོད་སྒོས་མངོན་མེད་བུ་ལོན་འཕར་བར་དགག་འགོག་བྱས་ཏེ། བདེ་བླག་ངང་མངོན་མེད་བུ་ལོན་གསོག་གྲངས་ཐག་གཅོད་དང་།ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་ཞི་ལྷོད་དུ་གཏོང་དགོས།གཏིང་ཟབ་ངང་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་མཁྲེགས་གཏོར་ལ་སྐུལ་འདེད་བྱས་ནས་ཐབས་ལམ་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱེད་དགོས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས་རླུང་ཁམས་ཆེན་པོ་དང་ཆུ།ས་གཤིས་སྦགས་བཙོག་གཙང་བཅོས་ལ་ཤུགས་སྣོན་བྱས་ནས་གནམ་སྔོན་པོ་སྲུང་བར་རྒྱལ་ཁ་བླངས་ནས།མགྱོགས་མྱུར་གྱིས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་དགོས། གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས།ལག་རྩལ་གསར་སྐྲུན་གྱིས་ལམ་སྲོལ་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པར་འཐུས་ཚང་དུ་བཏང་ནས་ཆུ་ཚད་མཐོ་བའི་ཚན་རྩལ་མི་སྣའི་ཁག་འཛུགས་པར་རྒྱབ་སྐྱོར་དང་།ཁེ་ལས་ལག་རྩལ་གསར་སྐྲུན་གྱི་གོ་གནས་ལ་གཙོར་བཞག་ནས་ཚན་རྩལ་གྲུབ་འབྲས་ལ་སྤོ་བསྒྱུར་རིགས་བསྒྱུར་སྐུལ་འདེད་བྱེད་དགོས།ཁེ་ལས་ཆུང་བ་དང་ཆེས་ཆུང་ཁེ་ལས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་དངུལ་རྩའི་ཕན་ཡོན་སྲིད་ཇུས་དོན་འཁྱོལ་བ་དང་།༼གསར་སྐྲུན་གཉིས་ཀྱི་༽རིམ་འཕར་དཔེ་དབྱིབས་བཟོས་བར་རྒྱབ་སྐྱོར་བྱས་ཏེ།དམག་དམངས་མཉམ་བསྲེས་ཀྱི་འཕེལ་རྒྱས་ཐབས་ཇུས་ལག་བསྟར་བཟང་བོ་བྱེད་དགོས།ཞིང་སྡེ་དར་རྒྱས་ཀྱི་ཐབས་ཇུས་ལག་བསྟར་ལ་རྒྱབ་སྐྱོར་བྱེད་དགོས།ཤུགས་ཆེན་པོས་ཞིང་ལས་ལ་རོགས་སྐྱོར་མ་དངུལ་རྫོང་ལ་སྐོར་ནས་ཞིང་ལས་རོགས་སྐྱོར་མ་དངུལ་གྱི་ཁྱབ་ཁོངས་སྡེབ་སྒྲིག་དང་ཐབས་ལམ་རྒྱ་ཆེ་རུ་བཏང་སྟེ།རྫོང་རིམ་པའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱིས་མུ་མཐུད་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་༼གཙང་སེལ་བཟོ་སྐྲུན༽སྲ་བརྟན་དུ་གཏོང་དགོས།ཞིང་ཕྱུགས་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་དང་ཞིང་སྡེ་དར་སྤེལ་གྱི་དཔེ་སྟོན་ཚོད་ལྟའི་གནས་འཛུགས་སྐྲུན་བྱེད་པར་ཟུང་འབྲེལ་བྱས་ནས།ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་ཕན་ལས་དོན་མ་དངུལ་གཏོང་བར་ཤུགས་སྣོན་བྱེད་དགོས།ཞིང་ལས་ཉེན་སྲུང་ཁྱབ་ཁོངས་ཆེ་རུ་བཏང་ནས་ཚད་རིམ་མཐོ་བའི་ཞིང་ཕྱུགས་ལས་དང་ཞིང་ཕྱུགས་ཡིད་རྟོན་བུ་ལོན་གྱི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ་རོང་འབྲོག་གི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།

༼གསུམ༽ཧུར་ཐག་གིས་འགྲོ་གྲོན་སྒྲིག་གཞི་ལེགས་བཅོས་བྱས་ཏེ་དམངས་ཚིས་དང་གནད་འགག་འགྲོ་གྲོན་ཁྱབ་ཁོངས་འགན་སྲུང་བྱེད་དགོས།མ་མཐའི་གཏན་ཚིགས་སྲུང་བ་དང་། དྲ་བ་སྦྲེལ་བ། རྐྱེན་སྲོལ་འཛུགས་པར་རྒྱུན་འཁྱོངས།དམངས་ཚིས་བཟོ་སྐྲུན་ལག་བསྟར་ལ་ཁག་ཐེག ལོ་ཧྲུལ་བོའི་དམངས་ཚིས་འགྲོ་གྲོན་ནི་སྤྱིའི་འགྲོ་གྲོན་ལས78%ཟིན།དམིགས་བསལ་ལས་ཞུགས་ཀྱི་ཐབས་ཇུས་རྒྱུན་འཁྱོངས་བྱེད་དགོས།གཏན་འཇགས་ངང་ལས་ཞུགས་བྱེད་པ་གོ་གནས་གལ་ཆེན་དུ་བཞག་ཏེ་རིགས་སོ་སོའི་ལས་ཞུགས་ཁ་གསབ་དངོས་འབེབས་སྲིད་ཇུས་དགོས།མཐོ་རིམ་མཐར་ཕྱིན་སློབ་མ་དང་ཞིང་ལས་བ། ཕྱིར་ཁྱེར་དམག་མི་སོགས་ཀྱི་ལས་ཞུགས་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས།ལས་གནས་གཏན་འཇགས་ཀྱི་རྒྱབ་སྐྱོར་ནུས་པ་ཤུགས་བསྣན་ནས་ཁེ་ལས་བརྟན་བརླིང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས།ལས་སྐྲུན་འགན་ལེན་དངུལ་བུན་གྱི་སྐྱེད་ཀ་དང་བྱ་དགའི་ཁ་གསབ་སྲིད་ཇུས་རྒྱབ་སྐྱོར་དང་ཁེ་ལས་སྲིད་ཇུས་རོགས་སྐྱོར་སོགས་ཀྱི་ཕྱོགས་ནས་མཁར་གྲོང་སྡོད་དམངས་ཀྱི་ལས་ཞུགས་ལ་རོགས་འདེགས་བྱེད་དགོས།འདྲ་མཉམ་སྤུས་ལེགས་ཀྱི་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས།    མུ་མཐུད་དུ་མཁར་ཞིང་གཅིག་གྱུར་གྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་རྐྱེན་སྲོལ་དོན་འཁྱོལ་བྱས་ནས་སློབ་སྔོན་སློབ་གསོའི༼ལོ་གསུམ་གྱི་འགུལ་སྤྱོད༽སྲ་བརྟན་ལག་བསྟར་བྱས་ཏེ།མཁར་གྲོང་གི༼འཛིན་གྲྭ་ཆེ་ཤོས༽ཐག་གཅོད་བྱས་ནས་ཞི་སྡོད་ལ་རྒྱབ་སྐྱོར་དང་འོས་འགན་སློབ་གསོའི་གཞི་ཁྱོན་ཆུང་བའི་ཞིང་སྡེ་སློབ་གྲྭ་དང་ཞིང་གྲོང་གི་བཅའ་སྡོད་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་།སྤྱིར་བཏང་མཐོ་འབྲིང་གི་མཁྲེགས་གཏོར་འཆར་གཞི་ལ་སྐུལ་འདེད་བྱས་ཏེ་སློབ་གྲྭ་འཛུགས་སྐྱོང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།དགེ་རྒན་གྱི་སྡེ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྲིད་གཞུང་གི་སློབ་སྔོན་སློབ་གསོའི་ཞབས་ཕྱིའི་ཁྱབ་ཁོངས་ཆེ་རུ་བཏང་ནས་དགེ་རྒན་ཁ་གསབ་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།རྒན་གསོ་ཐེབས་རྩའི་ཚད་གཞི་འགུལ་ཚུལ་ལ་སྙོམ་སྒྲིག་བྱས་ཤིང་ཚུལ་མཐུན་གྱིས་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་སྨན་བཅོས་ཉེན་སྲུང་མ་དངུལ་ཆུ་ཚད་དང་སྒྲིག་གཞི་ཡང་སྙོམ་སྒྲིག་བྱེད་དགོས།མ་མཐའི་འཚོ་བའི་འགན་སྲུང་ལག་བསྟར་དང་བྱིས་པ་དབང་བོ་སྐྱོན་ཅན་ནད་གསོ།དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་སོགས་དམངས་ཚིས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་དགོས།འཕྲོད་བསྟེན་སྨན་བཅོས་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།མུ་མཐུད་དུ་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ལ་གཏིང་ཟབ་བཅོས་བསྒྱུར་བྱས་ནས་ནུས་ཤུགས་ཡོད་དགུས་འཕྲོད་བསྟེན་སྨན་བཅོས་ལས་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས།ཁྱོན་ཡོངས་སུ་གཞུང་གཉེར་སྨན་ཁང་གི་སྣ་འཛོམས་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ནས་ཁྱིམ་ཚང་དང་སྨན་པ་བར་གྱི་གན་རྒྱའི་ཞབས་ཕྱི་ལ་རྒྱབ་སྐྱོར་བྱེད་དགོས།རིག་གནས་ལུས་རྩལ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།སྤྱི་བའི་རིག་གནས་ཞབས་ཕྱིའི་མ་ལག་སྒྲིག་འཛུགས་ལ་སྐུལ་འདེད་བྱས་ནས་སྒོ་ཕྱེ་བའི་དངོས་མང་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་།རིག་གནས་ཅུའུ་སོགས་རིན་མེད་ངང་གཏོང་བ་དང་།ལུས་རྩལ་ར་བ་ཆེ་གྲས་ཀྱང་རིན་གོང་དམའ་བའི་སྒོ་ནས་སྒོ་ཕྱེ་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས་རིག་རྫས་དང་རིག་རྫས་མ་ཡིན་པའི་སྲུང་སྐྱོབ་བྱ་བ་ལ་རྒྱབ་སྐྱོར་བྱེད་དགོས།རིག་གནས་ལུས་རྩལ་ཉོ་ཚོང་དང་ཡུལ་སྐོར་གཏིང་ཟབ་ངང་མཉམ་བསྲེས་བྱས་ཏེ་ཡུལ་སྐོར་འདེགས་སྐྱོར་ཐོན་ལས་ཇེ་རྒྱས་སུ་བཏང་ནས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་ཐོགགསོན་ཤུགས་ལྡན་པའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས།སྤྱི་ཚོགས་བཅོས་སྐྱོང་རྒྱབ་སྐྱོར་དང་ཤུགས་སྣོན་དགོས།སྤྱི་བདེ་ཉེན་རྟོག་ལས་དོན་གྱི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་རྒྱབ་བྱས་ཏེ་ཕན་ནུས་ལྡན་པས་གཞི་རིམ་ཏང་ཡོན་ལས་བྱེད་པའི་སློབ་གསོའི་གསོ་སྐྱོང་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་རྩ་འཛུགས་དང་།གུང་གཞོན་ཚོགས་པ། བུད་མེད་རྩ་འཛུགས་འཛུགས་པ་དང་།བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ།མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་སོགས་ཀྱི་ལས་རིགས་ལ་གཏིང་ཟབ་ངང་འགན་སྲུང་བྱས་ནས།སྤྱི་ཚོགས་གཏན་འཇགས་ཀྱི་རྨང་གཞི་སྲ་བརྟན་དང་མི་རིགས་འཆམ་མཐུན་ཡར་ཐོན་ལ་སྐུལ་འདེད་བྱས་ནས་མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་འགན་སྲུང་བྱེད་དགོས།

༼བཞི༽ནོར་སྲིད་དཔྱ་ཁྲལ་བཅོས་བསྒྱུར་གཏིང་ཟབ་ལ་དམིགས་ཏེ་འཇུག་ནས་དེང་རབས་ཀྱི་ནོར་སྲིད་དོ་དམ་ལམ་ལུགས་འཛུགས་དགོས།ནོར་སྲིད་དཔྱ་ཁྲལ་གྱི་ལམ་ལུགས་བཅོས་བསྒྱུར་གྱི་གྲུབ་འབྲས་ཇེ་ཟབ་ངང་བཏང་ནས་བྱ་བའི་ནུས་ཤུགས་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་སྐྱོང་སྟེ་དེང་རབས་ནོར་སྲིད་ལམ་ལུགས་འཛུགས་ཇེ་མགྱོགས་སུ་བཏང་ནས།མུ་མཐུད་དུ་སྔོན་རྩིས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་སྡེ་ཁག་གི་སྔོན་རྩིས་བཅོས་བསྒྱུར་ལ་གཏིང་ཟབ་འཇུག་ཏེ་རྣམ་གྲངས་མཛོད་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དང་རྣམ་གྲངས་ཞིབ་བཤེར་ལ་ཤུགས་ཆེར་གཏོང་དགོས་ཤིང་།རྣམ་གྲངས་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དང་།འགྲོ་གྲོན་ཚད་ལྡན་གྱི་ལམ་ལུགས་སྒྲིག་འཛུགས་ལ་སྐུལ་འདེད་བྱས་ནས།ནན་གྱིས་སྔོན་རྩིས་ཀྱི་འབྲེལ་ཡོད་ལམ་ལུགས་སྤྱི་བསྒྲགས་བྱེད་པ་དོན་འཁེལ་བྱས་ནས།མགྱོགས་མྱུར་གྱིས་ནོར་སྲིད་འགན་དབང་དང་འགྲོ་གྲོན་འགན་འཁྲི་ཡི་དབྱེ་བ་འབྱེད་པར་བཅོས་བསྒྱུར་བྱེད་དགོས།ནན་ཏན་གྱིས་ཁུལ་གྱིས་བྱ་བའི་དབང་ཆ་དང་ལས་སྒོའི་འགན་འཁྲི་བྱེད་ཐབས་ལག་བསྟར་བྱས་ཏེ་ཚན་རིག་མཐུན་པའི་སྒོ་ནས་འབྱེ་བ་འབྱེད་པ་དང་ས་གནས་སྲིད་གཞུང་གི་ཚོད་འཛིན་སྐུལ་མའི་ནུས་པ་བེད་སྤྱོད་བྱེད་དགོས།རིགས་བསྒྱུར་གཏོང་སྤྲོད་རྣམ་གྲངས་ལེགས་སྒྲིག་སྒོས་མུ་མཐུད་དུ་གཏོང་སྤྲོད་ལམ་ལུགས་ཚུལ་མཐུན་དང་འཐུས་ཚང་དུ་གཏོང་བར་རྒྱུན་འཁྱོངས་བྱེད་དགོས།གཏན་པོར་དཔྱ་ཁྲལ་བཅོས་བསྒྱུར་ལམ་ལུགས་ལག་བསྟར་དུ་བླངས་ཤིང་རྒྱལ་ཁབ་ཀྱི་དཔྱ་ཁྲལ་རིགས་སོ་སོའི་རྣམ་གྲངས་དོན་འཁྱོལ་བྱེད་དགོས་ལ།གནས་ཐང་འཕར་བའི་དཔྱ་ཁྲལ་དང་ཐོན་ཁུངས་ཀྱི་དཔྱ་ཁྲལ། སྒེར་འབབ་དཔྱ་ཁྲལ། ཁང་ཁྲལ།རླངས་འཁོར་ཉོ་བའི་དཔྱ་ཁྲལ་སོགས་ཀྱི་དཔྱ་ཁྲལ་ལམ་ལུགས་བཅོས་བསྒྱུར་གྱི་རྗེས་འདེད་དབྱེ་ཞིབ་བྱ་བའི་བཅོས་བསྒྱུར་གཏན་བརླིང་ངང་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་།ས་ཞིང་བདག་སྤྱད་དཔྱ་ཁྲལ་བཅོས་བསྒྱུར་སྐུལ་འདེད་བྱ་བ་མཐུན་སྦྱོར་ལེགས་པོ་བྱས་ནས།བཅོས་བསྒྱུར་བརྟན་བརླིང་འཁོར་སྐྱོད་ལ་ཁག་ཐེག་བྱེད་དགོས།རྩིས་གཉེར་པའི་དོ་དམ་ལ་ཤུགས་རྒྱག་པ། རྩིས་གཉེར་འགན་ནུས་འདོན་སྤེལ་གང་ལེགས་དང་རྩིས་གཉེར་རྨང་གཞི་ལ་ཤུགས་སྣོན་བྱས་ཏེ།རྩིས་གཉེར་གཅིག་བསྡུས་སྒོས་ཞིབ་རྩིས་ཚོད་ལྟའི་བྱ་བ་ལ་སྐུལ་འདེད་བྱེད་པ་བརྒྱུད་དེ་རྩིས་གཉེར་སྡེ་ཁག་ལེགས་བསྒྱུར་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།ཧུར་བརྩོན་གྱིས༼འཕྲེན་སྦྲེལ་དྲ་བ་དང་སྲིད་གཞུང་གི་ཉོ་སྒྲུབ༽བཅོས་བསྒྱུར་གོམ་སྒྲ་ལ་སྐུལ་འདེད་བྱེད་པ།ཞིང་ཆེན་ནོར་སྲིད་ཐིན་གྱི་སྲིད་གཞུང་གི་ཉོ་སྒྲུབ་སྟེགས་བུ་རྨང་གཞིར་བཟུང་སྟེ།སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཞབས་ཕྱི་དཔེ་དབྱིབས་ཀྱིས་མཚོ་ནུབ་ཁུལ་སྲིད་གཞུང་གི་སྟེགས་བུ་ཞིག་བསྐྲུན་ནས་མགྱོགས་མྱུར་གྱིས་སྲིད་གཞུང་གི་གློག་རྡུལ་ཉོ་སྒྲུབ་བྱེད་པའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།སྒྲིག་གཞི་བཅོས་བསྒྱུར་འགྲོ་གྲོན་བཀོད་སྒྲིག་བྱས་ཏེ་རྒྱུ་ནོར་རིགས་བསྒྱུར་བྱ་བ་བསྒྲུབ་དགོས། སྒྲིག་གཞི་བཅོས་བསྒྱུར་བྱེད་ཐབས་ཀྱི་བླང་བྱ་ལྟར་ངེས་པ་དོན་གྱིས་ཁུལ་རིམ་པར་འབྲེལ་བའི་སྡེ་ཁག་གི་སྔོན་རྩིས་དམིགས་འབེན་སྒྲོམ་གཞི་དང་འགྲོ་གྲོན་བྱ་བ་ལེགས་བསྒྲུབ་བྱེད་དགོས།

༼ལྔ༽ཧུར་ཐག་གིས་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་བྱས་ནས་ནོར་སྲིད་མཁོ་སྤྲོད་ཀྱི་ལས་ཕྱོད་མཐོར་འདེགས་སུ་གཏོང་དགོས།ནན་གྱིས་ཁྲིམས་ལྟར་རྒྱུ་ནོར་བདག་གཉེར་དང་དོ་དམ་ཚད་ལྡན་དུ་བཏང་སྟེ།རྒྱུན་རིང་ལམ་ལུགས་འཐུས་ཚང་དང་མུ་མཐུད་དུ་ནོར་སྲིད་མ་དངུལ་བདེ་འཇགས་དང་ནུས་ཡོད་ཀྱིས་འཁོར་བསྐྱོད་བྱེད་པར་སྐུལ་འདེད་བྱེད་དགོས།ཁྱོན་ཡོངས་སུ་ལས་ཕྱོད་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས།གསར་དུ་སྣོན་པའི་གལ་ཆེའི་སྲིད་ཇུས་དང་རྣམ་གྲངས་སྔོན་རྩིས་ཞིབ་བཤེར་དཔྱད་དཔོག་ཤུགས་ཆེར་རྒྱབ་ནས།ཞིབ་བཤེར་དང་དཔྱད་འཇོག་མཇུག་འབྲས་དེ་སྔོན་རྩིས་བཀོད་སྒྲིག་གི་ཟུར་ལྟའི་གཞི་འཛིན་ས་གལ་ཆེན་ཞིག་ལ་བཞག་ཡོད།ལས་ཕྱོད་དམིགས་འབེན་ཀྱི་དོ་དམ་ལ་ཤུགས་སྣོན་དང་ལས་ཕྱོད་འཁོར་སྐྱོད་ཀྱི་ལྟ་སྐུལ་ཚོད་འཛིན་ལེགས་པོར་བསྒྲུབ་ནས་དམིགས་འབེན་དུས་ལྟར་སྤུས་དག་དང་ཚད་ལྡན་གྱིས་མངོན་འགྱུར་ཁག་ཐེག་ཅིག་ཏུ་འགྱུར་བར་བྱེད་དགོས།དམངས་ཚིས་འགྲོ་གྲོན་དོ་དམ་འཐུས་ཚང་དུ་གཏོང་བ། མ་མཐའི་སྤྱི་བའི་ཞབས་ཕྱིའི་དགོས་མཁོ་ལ་དམིགས་ནས་དམངས་ཚིས་འགྲོ་གྲོན་ཞིབ་ཐོ་ཡི་དོ་དམ་ལམ་ལུགས་ཤིག་སྒྲིག་འཛུགས་བྱེད་པར་འཚོལ་ཞིབ་བྱས་ནས་འབྲེལ་ཡོད་སྲིད་ཇུས་དང་འགན་སྲུང་ཁྱབ་ཁོངས།འགྲོ་གྲོན་ཚད་གཞི། ཐབས་ཇུས་རིམ་པ་སོགས་གསལ་བོ་བྱེད་དགོས།ཁྱོན་ཡོངས་སུ་འབྲེལ་ཡོད་སྲིད་ཇུས་ཀྱིས་ནོར་སྲིད་འགྲོ་གྲོན་གྱི་སྐབས་དེར་དང་མ་འོངས་རྒྱུན་རིང་གི་ནུས་པ་ལ་ཤུགས་སྣོན་བྱས་ཏེ་གང་ལེགས་གང་འགྲིག་འདེམས་དགོས།དམངས་ཚིས་ཀྱི་འགྲོ་གྲོན་ཞིབ་བཤེར་སྔོན་བརྡའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ནོར་སྲིད་སྣ་འཛོམས་འགན་ལེན་གྱི་ནུས་པ་ལ་ཤུགས་ཆེར་བཏང་ནས་སྐབས་ཐོག་ཏུ་ལེགས་བསྒྱུར་བྱེད་དགོས།སྔོན་རྩིས་ལག་བསྟར་དོ་དམ་ལ་ཤུགས་ཆེར་རྒྱག་པ།རིམ་པ་སོ་སོའི་དམངས་ཆེན་གྱིས་སྔོན་རྩིས་ལ་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་སུ་ནན་གྱིས་གཏན་འཁེལ་བྱས་པའི་དུས་ཡུན་ནང་སྔོན་རྩིས་ཀྱི་མཆན་འགོད་བཀའ་ལེན་དང་འོག་རིམ་ལ་འགྲོ་གྲོན་སྤོ་བསྒྱུར་ཁྱབ་བསྒྲགས་བྱེད་དགོས།ནོར་སྲིད་ཀྱི་བསགས་འབོར་མ་དངུལ་གང་འགབ་ཅི་སྤྱོད་བྱས་ནས་འགྲོ་གྲོན་སྔོན་རྩིས་ཀྱི་མ་དངུལ་འགྱུར་མི་ཐུབ་པ་གཅིག་གྱུར་གྱིས་ཕྱོགས་གཞན་ལ་མཁོ་བའི་ཁྱབ་ཁོངས་སུ་སྤྱད།སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱེད་པ་དང་སྔོན་ལ་རྣམ་གྲངས་ཀྱི་སྔོན་རྩིས་ཡོད་པ།རྗེས་སུ་ཉོ་སྒྲུབ་ཞབས་ཕྱི་བྱེད་པ་སོགས་ཚད་ལྡན་དུ་གཏོང་དགོས།སྲིད་གཞུང་གི་དངུལ་འཇོག་ཐེབ་རྩ་དང་ཁེ་ལས་ལ་འབྲེལ་བའི་ནོར་སྲིད་མ་དངུལ་དོ་དམ་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་དགོས།ཁྲིམས་དང་སྒྲིག་སྲོལ་ལྟར་ནོར་སྲིད་ཡོང་འབབ་རྩ་འཛུགས་བྱེད་པ་དང་སྟོང་བསྡུ་མི་བྱེད་པ་ཞིག་ཡིན་དགོས།

འཐུས་མི་རྣམ་པ་ཚོ།ད་ལོའི་ནོར་སྲིད་བྱ་བའི་འགན་འཁྲི་ནི་ཤིན་ཏུ་ལྕི།ང་ཚོ་ཁུལ་ཨུའི་ཡང་དག་པའི་སྣེ་ཁྲིད་ཀྱི་འོག་དང་ཁུལ་དམངས་ཆེན། ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་གྱི་འོག་ཏུ་ནན་ཏན་གྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་གོས་ཆོད་བྱ་བ་དོན་འཁྱོལ་བྱས་ཏེ་གསར་སྤེལ་གསར་སྐྲུན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བསྒྲུབ་པའི་ལམ་དུ་ཞུགས་ནས་འགན་འཁྲི་སོ་སོ་འགྲུབ་དགོས་པ་ཁག་ཐེག་བྱེད་དགོས་ལ།འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན།བདེ་སྐྱིད་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས།

གོང་མ།:༢༠༡༨ལོའི་མཚོ་ནུབ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང༢༠༡༩ལོའི་འཆར་གཞིའི་འཆར་ཟིན་སྙན་ཞུ།

ཞོལ་མ།:ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235