མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

༢༠༡༨ལོའི་མཚོ་ནུབ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང༢༠༡༩ལོའི་འཆར་གཞིའི་འཆར་ཟིན་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2019-03-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

2019ལོའི་ཟླ2པའི་ཚེས27ཉིན་མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་།

འཐུས་མི་རྣམ་པ།

ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར།2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2019ལོའི་འཆར་གཞིའི་འཆར་ཟིན་སྙན་ཞུ་ཁུལ་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བར་སྤྲད་དེ་གྲོས་ཞིབ་བྱེད་རྒྱུ་དང་སྲིད་གྲོས་ཨུ་ཡོན་དང་ཚོགས་འདུར་ཟུར་ཞུགས་བྱས་པའི་བློ་མཐུན་རྣམས་ཀྱིས་བསམ་འཆར་འདོན་པའི་རེ་བ་ཞུས་པ་ཡིན།

གཅིག 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ།

2018ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་སྒུལ་ཤུགས་ཇེ་ཞན་དུ་སོང་བ་དང་བསྟུན་ནས། དཔལ་འབྱོར་འཕེལ་ཚད་མར་ཆག་པའི་གནོན་ཤུགས་ཇེ་ཆེར་སོང་བ་དང་།གཏིང་རིམ་གྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་དང་གནད་དོན་དག་ཕྱི་རོལ་གྱི་གནོན་ཤུགས་འོག་མངོན་གསལ་ཅན་དུ་འགྱུར་བའི་རྙིང་འཛིང་གི་འཕེལ་རྒྱས་གནས་བབ་ཞིག་ཏུ་གནས་ཡོད་ལ།ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཁུལ་ཨུས་བློ་བརྟན་འགྱུར་མེད་ཀྱི་སྣེ་ཁྲིད་དང་ཁུལ་དམངས་ཆེན་གྱི་ཁྲིམས་ལྟར་ལྟ་སྐུལ་དང་ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ།གཏན་འབེབས་བྱས་ཟིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་བ་དང་། བརྟན་བརླིང་ཁྲོད་མདུན་སྐྱོད་བྱེད་པའི་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལྟར་གཏིང་ཟབ་སྒོས་ལྔ་བཞིའི་འཐབ་ཇུས་ལག་བསྟར་བྱས་ཏེ།ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བྱས་ཤིང་།གཅིག་གྱུར་གྱིས་གཏན་འཇགས་ཁྲོད་འཕར་སྣོན་འབྱུང་བ་དང་སྒྲིག་གཞི་སྙོམས་སྒྲིག་བྱེད་པ།བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ། དམངས་ཚིས་ལ་ཕན་ཁེ་བསྐྲུན་པ།ཉེན་ཁ་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བའི་ལས་རིམ་སོ་སོ་ལེགས་པོར་བསྒྲུབས།ལོ་ཧྲིལ་བོར་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་སྒོར་དུང་ཕྱུར625.2སླེབས་པ་དང8%ཡར་འཕར།དེའི་ཁྲོད་ཐོན་ལས་དང་པོར་སྒོར33.3བཏང་ཞིང7.6%ཡར་འཕར། ཐོན་ལས་གཉིས་པར་སྒོར་དུང་ཕྱུར428.4བཏང་། 8%ཡར་འཕར།ཐོན་ལས་གསུམ་པར་སྒོར་དུང་ཕྱུར163.5བཏང་། 9.1%ཡར་འཕར།  གཏན་འཇགས་རྒྱུ་ནོར་མ་རྐང་བཞག་ཚད9.1%ལ་འཕར་བ་དང་།གཞི་ཁྱོན་ཡན་གྱི་བཟོ་ལས་གནས་ཐང་འཕར་ཚད7.8%འཕར་སྣོན་བྱུང་།  ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར54.4ལ་སླེབས་ཤིང8.7%ཡར་འཕར།སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར81ལ་སླེབས་ཤིང7%ཡར་འཕར། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་འབབ་སྒོར27772ལ་སླེབས། 9%ཡར་འཕར།མཁར་གྲོང་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཆ་སྙོམས་ཡོང་འབབ་སྒོར13755  ལ་སླེབས། 9.1% ཡར་འཕར།གྲོང་ཁྱེར་གཉིས་ཀྱིCPIའཕར་ཚད2.6%ཡིན། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་འགན་འཁྲི་གཙོ་བོ་སྔོན་དཔག་གི་ཚད་དུ་སླེབས་ཡོད་ཅིང་།འཕེལ་རྒྱས་ཀྱི་གནས་ཚུལ་སྤྱིའི་ཆ་ནས་ལེགས་པོ་ཡིན་ལ་ཚད་དང་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས།

ལོ་གཅིག་གི་རིང་ལ།ང་ཚོས་གཙོ་བོ་གཤམ་གྱི་ཕྱོགས་འདི་དག་ནས་ཧུར་ཐག་གིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་ཡིན།

༼གཅིག༽ཧུར་ཐག་གིས་སྤྱི་ཁོག་ཕྱོགས་བསྡུས་སྙོམས་སྒྲིག་ཤུགས་དྲག་ཏུ་བཏང་སྟེ་འཕེལ་རྒྱས་ཀྱི་གཏིང་ཤུགས་ལ་མུ་མཐུད་དུ་ཤུགས་སྣོན་བྱས། རྒྱུན་མཐུད་ངང་དཔལ་འབྱོར་ཕྱོགས་བསྡུས་སྙོམས་སྒྲིག་བྱེད་པའི་བྱ་བར་ཤུགས་སྣོན་བྱས་པ་དང་།དམིགས་ཚད་གཙོ་བོ་དང་རྣམ་གྲངས་གལ་ཆེན་གྱི་བཀོད་འདོམས་དང་བཀོད་གཏོང་ལ་ཤུགས་སྣོན་བྱས་ཤིང་།དམིགས་ཡུལ་ཡོད་པའི་སྒོ་ནས་གྲོས་གཞི་དང་བསམ་འཆར་བཏོན་ཏེ་ནུས་ཤུགས་ཡོད་རྒུས་ཁྱབ་ཁོངས་སོ་སོའི་ལས་དོན་མཐུན་སྦྱོར་ངང་སྤེལ་བར་སྐུལ་འདེད་བྱས།མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་དུ་འཕར་བའི་བདེ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་སྐོང་བ་དམིགས་ཡུལ་དུ་བཟུང་སྟེ།ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་བྱེད་པ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་ཟབ་སྒོས་སྐུལ་འདེད་བྱས་ཏེ།མུ་མཐུད་དུ་ཚོང་རའི་ཁོར་ཡུག་དང་སྲིད་གཞུང་གི་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ།ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་པ་དང་། ༼མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་མཐའ་འཁྱོལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པའི་འབྲེལ་ཡོད་ལག་བསྟར་ཇུས་གཞི༽ དང ༼  མཚོ་ནུབ་ཁུལ་གྱི་ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་ཇུས་གཞི ༽༼མཚོ་ནུབ་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་འཆར་གཞི ༽སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་སྒྲིག་བཟོ་བྱས་ཡོད།  རྒྱུ་རྐྱེན་འགན་སྲུང་ཆེན་མོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ་ཁྱོན་ཡོངས་ནས་ཁུལ་རིམ་པའི་འགོ་ཁྲིད་འབྲེལ་གཏུག་ས་ཚིགས་ཀྱི་དངོས་སྡོད་འགན་འཁྲིའི་ལམ་ལུགས་དང་།ཁེ་ལས་ཆེ་བའི་ཐད་གཏོང་རླངས་འཁོར་ཞབས་ཕྱིའི་ལམ་ལུགས།འཕར་གཞི་མཐུན་སྦྱོར་ཞབས་ཕྱིའི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཕན་ནུས་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་མངོན་འགྱུར་བྱས་ཏེ།ཁྱོན་ཡོངས་ནས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་། ལོ་ཧྲིལ་བོར་ཐོན་སྐྱེད་ཁེ་ལས་གཙོ་བོའི་སྐྱེལ་འདྲེན་རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་བསྐྱོད་པའི་བསྐྱོད་གླའི་ཕྱེད་ཀ་ཇེ་ཉུང་དུ་བཏང་ཞིང་།བསྡོམས་པའི་སྒོར་ཁྲི1300ལྷག་མེད་པར་བཏང་།རླངས་སྣུམ་རིན་གོང་ཁ་གསབ་དང་ནུས་ཁུངས་གྲོན་ཆུང་རྣམ་གྲངས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི7183བརྩོན་ལེན་བྱས། 2019ལོའི་འཕར་སྣོན་འགན་ལེན་དང་ཐོན་ཚད་བརྟན་པོའི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི3300སྤྲད་ཚར།ཁེ་ལས་བདུན་ཞིང་ཆེན་ཡོངས་ཀྱི་ཐད་ཉོ་གློ་རྡུལ་ཁེ་ལས་ཀྱི་ཁྱབ་ཁོངས་སུ་ཚུད་ཅིང་གློག་རིན་སྒོར་ཁྲི5100ཡི་གཟིགས་སྐྱོང་ལོངས་སྤྱོད་ཐོབ་པ་དང་།གོང་འོག་སྦྲེལ་མཐུད་དངུལ་འབོར་སྒོར་དུང་ཕྱུར200ལ་སླེབས་ཡོད།  ཧུར་ཐག་གིས་ཚོང་འགུག་ཆེན་མོའི་བྱ་འགུལ་སྤེལ་ཏེ་ཕྱི་རུ་འགྲོ་བ་དང་ནང་དུ་འདྲེན་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་།མཚོ་སྔོན་ཚོང་གཏམ་དང་ཐེན་ཅིན་ཚོང་གཏམ་སོགས་ལ་ཞུགས་ཤིང་།ཀྲེ་ཅང་དང་དང་མཚོ་ནུབ་ཁུལ་གྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་ཀྲུང་གོའི་ཚྭ་འདམ་རྒྱལ་སྤྱིའི་སྐྱེ་ལྡན་འཕང་འབྲས་དུས་ཆེན་སྐབས་དང་པོ།2018ལོའི་འཛམ་གླིང་ཅཱ་ཚྭ་ཅ་ལུད་ཚོགས་ཆེན་སོགས་ཀྱི་བྱ་འགུལ་བདེ་བླག་ངང་སྤེལ། ཚོང་འགུག་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར101.57སླེབས་ཤིང་།མཚོ་སྔོན་ཚོང་གཏམ་སྟེང་གི་རྣམ་གྲངས་གན་རྒྱ་ལག་བསྟར་བྱས་ཚད་དང་ལས་འགོ་བརྩམས་ཚད།མ་དངུལ་དོན་འཁྱོལ་བྱས་ཚད་བཅས100%  66% 34.7%སླེབས།

གཉིས ༽རྣམ་གྲངས་འཛུགས་སྐྲུན་གྱི་སྒུལ་ཤུགས་གཙོ་བོའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་འཕེལ་རྒྱས་ཀྱི་འདེགས་སྐྱོར་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་བཏང་། རྒྱུན་ཆད་མེད་པར་དངུལ་གཏོང་རྣམ་གྲངས་ཅན་དང་རྣམ་གྲངས་འགན་འཁྲི་ཅན།འགན་འཁྲི་བྱེ་བྲག་ཅན་དུ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་།ཞིང་ཆེན་དང་ཁུལ་གྱི་གཏན་འཇགས་མ་དངུལ་གྱི་དངུལ་གཏོང་རྣམ་གྲངས་དམིགས་འབེན་འགན་འཁྲི་དང་བྱ་བའི་བླང་བྱར་དཔེ་བལྟས་བྱས་ཏེ་རེ་རེ་བཞིན་བསྡུར་ཞིང་།ཟླ་བགོས་དང་དུས་ཚིགས་ལྟར་བཅར་འདྲིར་སོང་སྟེ་དུས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་ཐག་གཅོད་བྱས། སྒྲུབ་ཚད་མི་ལོན་པ་དང་སྔོན་དཔག་དམིགས་ཚད་ལྟར་ལེགས་འགྲུབ་བྱུང་མེད་པའི་ས་ཁུལ་དང་སྡེ་ཁག་ལ་དུས་ལྟར་གསལ་བརྡའི་ཡི་གེ་བསྐུར་བ་དང་ཁ་པར་གཏོང་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རེ་རེ་བཞིན་གསལ་འདེབས་བྱས་ཤིང་། གོང་འོག་འབྲེལ་ཞིང་མཉམ་གཅིག་ཏུ་སྐུལ་འདེད་བྱེད་པའི་བྱ་བའི་རྣམ་པ་ཆགས་ཡོད། ཕྱོགས་མང་པོ་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཐོན་ལས་སྲིད་ཇུས་དང་མ་དངུལ་གཏོང་ཕྱོགས་རྒྱུས་ལོན་བྱས་ཏེ། རྒྱུན་ཆད་མེད་པར་རྣམ་གྲངས་ཀྱི་སྔོན་གྱི་གྲ་སྒྲིག་འཐུས་ཚང་དུ་བཏང་སྟེ་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱེད་པའི་སྙན་ཞུ་ཕུལ། ཞིང་ཆེན་ཡོངས་ཀྱི་རྣམ་གྲངས་ཐོན་སྐྱེད་ལོའི་བྱ་འགུལ་དམ་ཟབ་སྒོས་དམ་འཛིན་བྱས་ཏེ།མུ་མཐུད་དུ་ཁུལ་རིམ་པའི་གསོག་འཇོག་འཛུགས་སྐྲུན་རྣམ་གྲངས་མཛོད་འཐུས་ཚང་དུ་བཏང་། ༼ མཚོ་ནུབ་ཁུལ་གྱི་རྣམ་གྲངས་གལ་ཆེན་ལོ་གསུམ་གྱི་ནང་བསྐྲུན་པའི་བྱ་འགུལ་ཆེན་པོར་སྐུལ་ཁྲིད་བྱེད་པའི་འཆར་གཞིར༽ཞིབ་འཇུག་བྱས་ཏེ་གསར་དུ་བཏོན། 2018ནས 2019ལོའི་དཔལ་འབྱོར་འཕེལ་རྒྱས་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བྱེད་པ་བཀོད་སྒྲིག་བྱས་ཏེ་བསྡོམས་པའི་རྣམ་གྲངས860བསྡུ་རབ་བྱས་ཤིང་། མ་དངུལ་བཞག་པའི་བསྡོམས་འབོར་སྒོར་དུང་ཕྱུར4083ལ་སླེབས།  2018ལོར་ཀྲུང་དབྱང་དང་ཞིང་ཆེན་གྱི་སྔོན་རྩིས་ཁྲོད་རྣམ་གྲངས177ལ་མ་དངུལ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར16.5དོན་འཁྱོལ་བྱས། དམངས་ཁྲོད་དུ་མ་དངུལ་སྒོར་དུང་ཕྱུར132.2བཏང་ཞིང56.8%ཡར་འཕར། ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས170ལས་རྣམ་གྲངས131ལས་འགོ་ཚུགས་ཡོད་ལ།བསྡོམས་པའི་སྒོར་དུང་ཕྱུར317བཏང་། གཅིག་བསྡུས་ཀྱིས་ལས་འགོ་ཚུགས་པའི་སྐོར་ཐེངས་གཉིས་ཅན་གྱི་རྣམ་གྲངས་དྲུག་བརྒྱར་མ་དངུལ་སྒོར་དུང་ཕྱུར207.12བཏང་།ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་ཁྲི202ཡི་རྨང་གཞིའི་སྟེང། ཁུལ་དང་རྫོང་རིམ་པ་ནས་ནོར་སྲིད་མ་དངུལ་སྒོར་ཁྲི7393བསྡུས་ཏེ་ཆེད་དུ་ཁུལ་ཡོངས་ཀྱི་གསང་སྤྱོད་ཁང་གསར་བརྗེའི་རྣམ་གྲངས་འཛུགས་སྐྲུན་གྱི་ཐད་ལ་བཀོལ་ཞིང་།ཁྱོན་ཡོངས་ནས་ལོའི་འཛུགས་སྐྲུན་འགན་འཁྲི་ལེགས་འགྲུབ་བྱས།

༼ གསུམ  ༽ རྒྱུན་མཐུད་ངང་དཔལ་འབྱོར་སྒྲིག་གཞི་སྙོམས་སྒྲིག་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཇེ་མཐོར་སོང་།   དེང་རབས་ཞིང་ལས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ།ཚྭ་འདམ་འཕང་འབྲས་དང་ནོར་ཤ་ལུག ཤིང་ཏོག་དང་སྔོ་ཚལ།ལི་གྲོའི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་སྟེ།  སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ར་བ་དྲུག་དང་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་རྟེན་གཞི་བརྒྱད་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་ཅིང་། ཚྭ་འདམ་འཕང་འབྲས་དང་ཐེམ་ཆེན་ནོར་ཤ།ཚྭ་ཁའི་ལུག་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བདུན་ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་རྟགས་མཚན་ཐོབ། ཁུལ་རིམ་པ་ཡན་གྱི་ཁེ་ལས་རྩེ་གྲ་རེ་བརྒྱད་དང་ཞིང་ཕྱུགས་ལས་ཀྱི་ཆེད་ལས་མཉམ་ལས་ཁང་།ཁྱིམ་ཚང་ཞིང་ར་བཅས་སྟོང་གཅིག་དང་བདུན་ལྷག་གསོ་སྐྱོང་བྱས་ཡོད།ཁུལ་ཡོངས་དུ་ཉི་འོད་ནུས་གྲོན་དྲོད་ཁང་ཁྲི1.82དང་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ས་མུའུ་ཁྲི2.8ཡོད་ལ།ཤིང་ཏོག་དང་སྔོ་ཚལ་གྱི་སྤྱིའི་ཐོན་ཚད་ཏུན་ཁྲི6.8ཡིན།ཕྱུགས་སྤྱོད་དྲོད་ཁང1916དང་སྒོ་ཕྱུགས་དང་ཁྱིམ་བྱའི་ཚད་ལྡན་ཅན་གསོ་སྤེལ་བྱེད་ས143ཡོད་ཅིང་།དེའི་ཁྲོད་ཞིང་ཆེན་རིམ་པའི་ངེས་ལེན་བྱས་པའི་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ92ཡོད།བཟོ་ལས་ཀྱི་སྒྲིག་གཞི་རྒྱུན་ཆད་མེད་པར་ཆུ་ཚད་མཐོ་བའི་ཕྱོགས་ལ་གོམ་ཁ་སྤོ་བཞིན་ཡོད་པ་དང་།སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་ཀ་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད་ཅིང་།གསར་དར་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྒང་ཡིན། གཙོ་བོར་བོད་ལྗོངས་དང་ན་གོར་མོའི་ལིས་ལས་རིགས་ཐཱན་སྐྱུར་ལིས་དང་གཏེར་ཁ་ལྔ་དང་ལི་ཕིང་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ། པིན་ཏིན་ཁྲི་བརྒྱའི་ཅཱ་ལུད་རྒྱ་བསྐྱེད་བསྒྱུར་བཀོད་སོགས་རྣམ་གྲངས་ཞེ་བཞི་ལག་བསྟར་བྱེད་ཀྱིན་ཡོད་ལ།གསེར་ཁུ་ནུ་ལིས་ལས་རིགས་དང་ཚྭ་མཚོའི་ཅ་ལུད་སྔོག་འདོན་གྱི་མངོན་མེད་ནུས་ཤུགས་རྒྱ་བསྐྱེད་གཏོང་བ། ཅིན་ཐའེ་ཐཱན་སྐྱུར་ལིས་སོགས་རྣམ་གྲངས་བཅོ་ལྔ་འཛུགས་བསྐྲུན་ལེགས་འགྲུབ་བྱུང་ཡོད། ལོ་ཡོངས་གསར་དུ་བསྣན་པའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་བཅོ་ལྔ་ཡོད་ཅིང་གཙོ་གཉེར་ལས་རིགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར530.7སླེབས་པ་དང22.5%ཡར་འཕར།ཞབས་ཕྱིའི་ལས་རིགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ།བདེ་ཐང་རྒན་གསོ་དང་ཟོག་འདྲེན་མྱུར་སྐྱེལ། དྲ་རྒྱའི་འཛད་སྤྱོད་སོགས་གསར་དར་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་སྟེ།འཛད་སྤྱོད་གྲུབ་ཚུལ་རྒྱུན་མཐུད་ངང་རིམ་སྤར་བྱས་ཡོད་ཅིང་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བའི་གོམ་སྟབས་ཤིན་ཏུ་མྱུར།རྒྱུན་རྣམ་ཅན་གྱི་ཀྲུང་གོ་དང་ཡོ་རབ་དབར་གྱི་དུས་གཏན་མེ་འཁོར་དང་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་གསུམ་ཤར་གཏོང་བྱས་པས།ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.35ལ་སླེབས་ཤིང་།101.7%ཡར་འཕར། གློག་རྡུལ་ཚོང་དོན་གྱི་ཕྱིར་འཚོང་གྲངས་འབོར་སྒོར་དུང་ཕྱུར2.4ལ་སླེབས་ཤིང20%ཡར་འཕར།

༼བཞི༽ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྟངས་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་བྱས་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པའི་མཐོར་འདེགས་སུ་བཏང་།     ནུས་ཁུངས་གསར་བའི་ཐོན་ལས་རྒྱ་བསྐྱེད་དང་གསོ་སྐྱོང་བྱས་ཤིང་ཚྭ་འདམ་སྟོང་ཝ་ཁྲི་སྟོང་རིམ་པའི་ལྷད་མེད་ནུས་ཁུངས་གློག་འདོན་རྟེན་གཞི་དང་རྒྱལ་ཁབ་ལྷད་མེད་ནུས་ཁུངས་ཕྱིར་འདོན་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ།ན་གོར་མོ་དང་གཏེར་ལེན་ཁའི་རྒྱལ་ཁབ་ཉི་ནུས་གློག་གཏོང་ཉེར་སྤྱོད་ཀྱི་སྣེ་ཁྲིད་རྟེན་གཞི་གཉིས་བདེ་བླག་ངང་དྲ་སྦྲེལ་བྱས།ཁུལ་ཡོངས་ཀྱི་ནུས་ཁུངས་གསར་བའི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་གཞི་རྒྱ་སྟོང་ཝ་ཁྲི1000བརྒལ་ཏེ་དྲ་སྦྲེལ་གློག་འདོན་སྟོང་ཝ་ཁྲི760མངོན་འགྱུར་བྱུང་ཡོད་ལ། སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་བའི་གློག་གཏོང་རྟེན་གཞི་སྔོན་ལ་མངོན་འགྱུར་བྱེད་ཐུབ་པའི་རེ་བ་ཡོད། ཤུགས་ཆེན་པོས་རྒྱུ་ཆ་གསར་བའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ༼མཚོ་ནུབ་ཁུལ་གྱི་སྒོར་དུང་ཕྱུར་སྟོང་གི་རྒྱུ་ཆ་གསར་བའི་ཐོན་ལས་འཕེལ་རྒྱས་འཆར་འགོད༽སྒྲིག་བཟོ་བྱས་ཏེ་ལག་བསྟར་བྱས་ཡོད་ལ། མིག་སྔར་ཐཱན་སྐྱུར་ལིས་དང་ཁིལ་ལིས་རྫས།ལྕགས་རིགས་ལིས་སོགས་རྒྱུ་ཆ་གསར་བ་བཅུ་ལྷག་གསར་འདོན་བྱས་ཡོད།ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བྱས་ཏེ། ཅཱ་དང་མཱའེ། ལིས། ནཱ།པོན་སྔོག་འདོན་བྱེད་པ་མངོན་འགྱུར་བྱུང་།ལྷག་པར་དུ་ནུབ་རྒྱུད་མཱའེ་ལས་རིགས་ཀྱིས་ལོ་རེར་ཚད་མཐོའི་ལྷད་མེད་རྨེའི་བྱེ་ཁྲི་གསུམ་ཐོན་སྐྱེད་བྱས་པ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་མ་འཇོག་ཚོད་ལྟ་བྱས་པ་དེས།རྒྱལ་ནང་དང་ཞིང་ཆེན་གྱི་སྟོང་ཆ་མང་པོ་ཞིག་བསྐངས།ཤུགས་ཆེན་པོས་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་གསོ་སྐྱོང་བྱས་ཤིང་ཁུལ་ཡོངས་ཀྱི་འཕང་འབྲས་འདེབས་འཛུགས་ཀྱི་རྒྱ་ཁྱོན་ས་མུའུ་ཁྲི50བརྒལ། ༼ཚྭ་འདམ་འཕང་འབྲས་ཐོན་ལས་ཀྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་སྐོར་ཞིག༽དང ༼ མཚོ་ནུབ་ཁུལ་གྱི་འཕང་འབྲས་ཐོན་ལས་འཕེལ་རྒྱས་སྲུང་སྐྱོབ་སྒྲིག་སྲོལ༽སྒྲིག་བཟོ་གཏན་འབེབས་བྱས་ཡོད།ལིས་གྲོ་ཐོན་ལས་ཞིབ་འཇུག་ལྟེ་གནས་ལ་དངོས་སུ་སྒོ་འབྱང་བཀལ་བ་དང་ལིས་གྲོ་དང་འཕང་འབྲས་སོགས་ཁྱད་ལྡན་ཐོན་ཁུངས་ཞིབ་ཚགས་ལས་སྣོན་གྱི་ཐོན་ལས་མུ་ཁྱུད་མགྱོགས་མྱུར་རྒྱ་བསྐྱེད་གཏོང་བཞིན་ཡོད་ལ།ཞང་པའོ་སྐྱེ་དངོས་ཚན་རྩལ་འཕང་འབྲས་ཞིབ་ཚགས་ལས་སྣོན་དང་གཙང་གསུམ་ས་རྒྱ་གཤིན་པོའི་ལིས་གྲོ་ཞིབ་ཚགས་ལས་སྣོན་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་རྣམ་གྲངས་འཛུགས་བསྐྲུན་ལེགས་འགྲུབ་བྱུང་ཡོད། མཚོ་ནུབ་ཀྱི་གནས་སྐོར་ལས་རིགས་ཀྱི་སྤྱིའི་དམིགས་འབེན་ལྟར་གནས་སྐོར་དྲིལ་སྒྲོག་འོས་སྦྱོར་ལ་ཤུགས་བསྣན་ཏེ་གནས་སྐོར་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་སོང་ཡོད་ཅིང་།ས་ཁོངས་ཡོངས་ཀྱི་གནས་སྐོར་རམ་མཚོ་ནུབ་ཀྱི་ལྗོངས་རྒྱུ་ཧྲིལ་བོའི་པར་ལེན་འགྲན་སྡུར་དང་།2018ལོའི་ནམ་མཁའི་མེ་ལོང་ངམ་ཚྭ་ཁ་ཚྭ་མཚོའི་མཚན་ལྗོངས་ཀྱི་པར་ལེན་དུས་ཆེན་སོགས་གནས་སྐོར་ལྗོངས་རྒྱུ་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་བྱ་འགུལ་ཉི་ཤུ་ལྷག་སྤེལ་ཞིང་།ནམ་མཁའི་མེ་ལོང་དང་ཆུ་ཐོག་ཡ་ཏན་སོགས་ཁྱད་ལྡན་གནས་སྐོར་ཚོང་རྟགས་གྲགས་ཅན་ཁྱོན་ཡོངས་ནས་སྙན་གྲགས་རྒྱས་འགོ་བརྩམས། ལོ་ཧྲིལ་བོར་གནས་སྐོར་བ་ཁྲི1711.7ལྷག་སྣེ་ལེན་བྱས་ཤིང་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར98.7སླེབས་ཤིང་། སོ་སོར24.5%དང14.9% ཡར་འཕར།ནུས་ཤུགས་ཡོད་རྒུས་དམག་དམངས་མཉམ་འདྲེས་ཀྱི་ཐོན་ལས་ལ་སྐུལ་འདེད་བྱས་ཤིང་།ན་གོར་མོ་དང་གཏེར་ལེན་ཁའི་དམག་དམངས་མཉམ་འདྲེས་ཀྱི་ཐོན་ལས་གླིང་གི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ། ཁྱོན་ཡོངས་ནས་ཚྭ་འདམ་ལྗང་མདོག་གཏེར་འཚོལ་རྩད་ཞིབ་བྱ་འགུལ་འགོ་བརྩམས་པ་དང་།ཞིང་ཆེན་ཕྱི་ནང་གི་ས་གཤིས་རྩད་ཞིབ་ལས་ཁུངས་དང་ཚན་རྩལ་ཞིབ་འཇུག་གླིང་དྲུག་ཅུ་རེ་གསུམ།ཁེ་ལས224གདན་དྲངས་ནས་མཉམ་གཅིག་ཏུ་ལྗང་མདོག་གཏེར་འཚོལ་མ་དཔེ་གསར་བ་འཚོལ་ཞིབ་བྱས་ཤིང་།ཁུལ་རིམ་པའི་དབང་ཆ་གཉིས་ཅན་གྱི་རིན་འབབ་དང་ཚོང་ལས་རང་བཞིན་གྱི་རྩད་ཞིབ་རྣམ་གྲངས157འོས་སྦྱོར་བྱས།

༼ལྔ ༽ལྗང་མདོག་འཕེལ་རྒྱས་འདུ་ཤེས་མི་སེམས་སུ་འཇགས་པར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མི་དམན་པ་བླངས། སྔ་གཞུག་ཏུ༼མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲིའི་གཏན་འབེབས ༽ཚོད་ལྟའི་ཡིག་ཆ་དང༼ མཚོ་ནུབ་ཁུལ་གྱི་བྱེ་སའི་རྩི་ཤིང་སྲུང་སྐྱོབ་སྲོལ་ཡིག ༽༼མཚོ་ནུབ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བྱེད་ཐབས་གསར་པ་བཅུ་གསུམ ༽སོགས་ས་གནས་རང་བཞིན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་གཏན་འབེབས་སྒྲིག་བཟོ་བྱས་པ་དང་།ཞིང་ཆེན་ཡོངས་ནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ལོའི་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་སྔོན་ལ་ལག་བསྟར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས།སྐྱེས་ཁམས་སླར་གསོ་དང་བཅོས་སྐྱོང་གི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་།རྒྱལ་ཁོངས་ལྗང་བསྒྱུར་བྱ་འགུལ་ལོ་གསུམ་གྱིས་ཇེ་མགྱོགས་སུ་གཏོང་བའི་འཆར་གཞིར་ཏན་ཏིག་གིས་སྐུལ་འདེད་བྱས་ཤིང་།རྒྱལ་ཁོངས་ལྗང་བསྒྱུར་རྒྱ་ཁྱོན་ས་མུའུ་ཁྲི119.5ལ་སླེབས། ནགས་ཚལ་གྱི་ཁེབས་ཚད3.7%ཡར་འཕར་ཡོད།ཕྱོགས་སོ་སོར་བཅོས་སྐྱོང་བྱེད་པའི་མ་དངུལ་སྒོར་དུང་ཕྱུར20.8བཏང་ཞིང་།ཤུགས་ཆེན་པོས་མུ་རི་གཏེར་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་སླར་གསོ་མཐོར་འདེགས་བཟོ་སྐྲུན་ལག་བསྟར་དངོས་འབེབས་བྱས་པ་དང་།གཏེར་ཁུལ་སྐྱེ་ཁམས་སླར་གསོ་བྱས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ33.5སླེབས་ཡོད།ནུས་ཤུགས་ཡོད་རྒུས་མདོ་ལ་རི་བོའི་རི་ཆུ་ནགས་ཞིང་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟའི་བཟོ་སྐྲུན་ལ་སྐུལ་འདེད་བྱས་ཏེ་མདོ་ལ་རི་བོའི་སྐྱེ་ཁམས་གནས་སྤོའི་ཚོད་ལྟའི་ས་ཚིགས་འགོ་བརྩམས་ཡོད་ལ།བརླན་ས་སྲུང་སྐྱོབ་ས་མུའུ་ཁྲི66.7དང་བྱེ་ས་བཅོས་སྐྱོང་བྱས་པ་ས་མུའུ་ཁྲི2.3ལ་སླེབས་ཡོད། ནུས་ཤུགས་ཡོད་རྒུས་ཁོར་སྲུང་ལྟ་སྐུལ་ལ་དང་དོད་གང་ལེགས་བྱས་ཏེ་མཚོ་ནུབ་དང་འབྲེལ་བའི་ཁོར་སྲུང་གནད་དོན་བཅུ་གཉིས་ཁྲོད་གནད་དོན་གསུམ་ལ་བསྒྱུར་བཅོས་ལེགས་འགྲུབ་བྱས་ཡོད།ཞིང་ཆེན་ཁོར་སྲུང་ལྟ་སྐུལ་གྱིས་བཏོན་པའི་གནད་དོན་སོ་བཞིའི་ཁྲོད་གནད་དོན་སོ་གཉིས་ལ་བསྒྱུར་བཅོས་བྱས་ཚར་ཡོད་པ་དང་།གནད་དོན་གཉིས་ལ་བསྒྱུར་བཅོས་བྱེད་ཀྱིན་པའི་སྒང་ཡིན་ལ།རང་བྱུང་སྲུང་སྐྱོབ་ཁུལ་ཀྱི་ཆེད་དོན་ལྟ་སྐུལ་བྱས་པའི་གནད་དོན་དགུ་ཡོད་པ་ཚང་མ་བསྒྱུར་བཅོས་ལེགས་འགྲུབ་བྱས་ཡོད།ཁྱོན་ཡོངས་ནས་མཚོ་མོ་དང་ཆུ་དཔོན་ལམ་ལུགས་ཁྱབ་གདལ་བཏང་སྟེ་ཁོར་ཡུག་འབག་བཙོག་གི་ཕྱོགས་གསུམ་པའི་བཅོས་སྐྱོང་ལམ་ལུགས་བཙུགས་ཏེ་འབག་བཙོག་སྔོན་འགོག་འཐབ་འཛིང་གི་མཚོན་རྟགས་རང་བཞིན་ཅན་གྱི་འཐབ་འཛིང་བརྒྱད་ལ་གོ་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།མཁར་གྲོང་གི་འཚོ་བའི་བཙོག་ཆུ་ཐག་གཅོད་བྱས་ཚད79.5%དང་གད་སྙིགས་གནོད་མེད་གཙང་སེལ་བྱས་ཚད92.5%ལ་ཐོན་ཡོད། གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་ཀྱི་མཁའ་དབུགས་སྤུས་ཀའི་ལེགས་ཚད་སོ་སོར94.1% དང88%སླེབས་ཡོད།

དྲུག ༽བཅོས་བསྒྱུར་གྱི་ལས་རིམ་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་པར་གཏིང་ཟབ་སྒོས་སྐུལ་འདེད་བྱས་པས་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དུ་གྱུར།

ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་འཐབ་ཇུས་བཀོད་སྒྲིག་སོ་སོ་ངེས་པ་དོན་གྱིས་ལག་ལེན་དངོས་འབེབས་བྱས་ཏེ།གཅིག་གྱུར་གྱིས་ཁྱབ་ཁོངས་ལྔའི་གཙོ་གནད་བཅོས་བསྒྱུར122ལ་སྐུལ་འདེད་བྱས་ཤིང་།དེའི་ཁྲོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་འགན་འཁྲི85དང་རང་སྟོབས་ཀྱིས་གསར་གཏོད་བྱས་པའི་ལས་འགན37དང་ལེན་བྱས་ཡོད།རྒྱུན་མཐུད་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་སྐུལ་འདེད་བྱས་ནས་གོ་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད།གཏེར་ལམ་ཐཱ་ཐུའུ་རྡོ་སོལ་གཏེར་ཁ་དང་ཚྭ་འདམ་ཆེ་བའི་ཁའེ་ཡོན་རྡོ་སོལ་གཏེར་ཁའི་ས་ཚིགས་གཉིས་པའི་སྒོ་བརྒྱབ་སྟེ་རྡོ་སོལ་ཐོན་ནུས་ཏུན་ཁྲི12སེལ།ལས་ཁུངས་ཁུ་བསྡུ་གཙང་བཤེར་དང་དབང་ཆ་གཤམ་སྤྲོད་ཐེངས་ལྔ་བྱས་པ་བརྒྱུད་ཞིབ་བཤེར་ཆོག་མཆན་འགོད་དགོས་པའི་དོན་ཚན་སྔོན་གྱི་407ནས87བར་ཇེ་ཉུང་དུ་སོང་ཡོད་ཅིང་ཁུ་བསྡུ་བྱས་ཚད78%ཐོན་ཡོད།དཔྱ་ཁྲལ་སྣ་ཚོགས་ཇེ་ཉུང་དུ་བཏང་བ་སྒོར་དུང་ཕྱུར21.5ཡིན།ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཀྱི་མཉམ་ལས་ཁང་བཅོས་བསྒྱུར་བྱ་བར་སྐུལ་འདེད་བྱས་ཏེ་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་དབང་གཏན་འཁེལ་གྱི་ཐོ་འགོད་དང་ལག་ཁྱེར་འཛིན་ཡིག་སྤྲོད་པའི་བྱ་བ་ཞིང་ཆེན་ཡོངས་ཀྱི་ཁུལ་ཡོངས་ནས་ཞིབ་བཤེར་རྩིས་ལེན་ཐོབ།ཞིང་ཕྱུགས་ལས་ཁུལ་གྱི་ཐུན་མོང་རྒྱུ་ནོར་ལམ་ལུགས་ཀྱི་བཅོས་བསྒྱུར་དང་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱིས་གྲུབ་འབྲས་གསར་བ་བླངས།མ་དངུལ་འདུ་འཁོར་གྱི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ཞིང་ཐོན་ལས་ཀྱིས་ཐེབས་རྩའི་དོ་དམ་བྱེད་ཐབས་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་སྲིད་ཇུས་སྒྲིག་བཟོ་གཏན་འབེབས་ཤིང་།དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་བཅུ་དགུ་དང་འགན་སྲུང་ཀུང་ཟི་བདུན།བུ་ལོན་ཀུང་ཟི་ཆུང་བ་བཅུ་གཉིས། དངུལ་འཛིན་ཀུང་ཟི་གསུམ། ཉེན་སྲུང་ཀུང་ཟི་བཅུ་གསུམ།ཐེབས་རྩ་ཀུང་ཟི་བཅུ་གཉིས་བཅས་ཀྱིས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཞབས་འདེགས་བྱས་ཤིང530བུ་ལོན་གྱི་ཁེབས་ཚུལ་སྔར་ལས་ལྷག་པའི་རྒྱ་བསྐྱེད་བྱུང་ཡོད།རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་དང་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་བཅོས་བསྒྱུར།ཞིང་ཕྱུགས་ར་བའི་ཕྱོགས་བསྡུས་བཅོས་བསྒྱུར་བཅས་ལ་གཏིང་ཟབ་སྒོས་སྐུལ་འདེད་བྱས་ཏེ།ཁུལ་གྱི་དོ་དམ་བྱེད་པའི་རྒྱལ་གཉེར་ཁེ་ལས་ཀྱི་འགན་འཁུར་མི་སྣའི་དོ་དམ་ལམ་སྲོལ་གདང་གླ་ཆའི་ལམ་སྲོལ་བཅོས་བསྒྱུར་གཏིང་བྱས་པ་དང་།ཁུལ་གྱི་རྒྱལ་ཁབ་ལ་དབང་བའི་མ་རྩའི་མ་འཇོག་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཁུལ་འཕེལ་རྒྱས་དང་དངུལ་གཏོང་གནས་སྐོར་རིག་གནས་ཚད་ཡོད་ཀུང་ཟི།ཁུལ་འཕེལ་རྒྱས་དང་དངུལ་གཏོང་ཆུ་བེད་ཆུ་གཏོང་གསར་སྤེལ་འཛུགས་སྐྲུན་ཚད་ཡོད་ཀུང་ཟི་སོགས་སྒྲིག་འཛུགས་བྱས།ཁྱིམ་ཐོའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བྱས་ནས་ཁྱོན་ཡོངས་ནས་མཚོ་ནུབ་ཏུ་ཁྱིམ་ཐོ་སྤོར་བའི་ཆ་རྐྱེན་ཇེ་ཡང་དུ་བཏང་སྟེ།ཁུལ་ཡོངས་ཀྱི་ཁྱིམ་ཐོ་མཚོ་ནུབ་ཀྱི་མིན་པའི་མི་འབོར་མཁར་གྲོང་དུ་ཁྱིམ་ཐོ་སྤོར་བར་སྐུལ་འདེད་བྱས་པའི་དུས་མཚུངས་སུ།མང་ནཱེ་གྲོང་ཁྱེར་དངོས་སུ་བཙུགས་ཤིང་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་བདེ་བླག་ངང་ལེགས་འགྲུབ་བྱུང་།མཚོ་ནུབ་ཁུལ་གྱི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་བྱ་བར་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ།

༼བདུན ༽མཁར་གྲོང་འཛུགས་སྐྲུན་བྱེད་པའི་རྟེན་གཞི་གསར་བ་བཞེངས་བསྐྲུན་བྱས་ཤིང་འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་།  ན་གོར་མོ་གྲོང་ཁྱེར་བྱང་ཕྱོགས་ཀྱི་སྡེ་ཁུལ་ལྔ་དང་གཏེར་ལེན་ཁ་གྲོང་ཁྱེར་ཀན་ནན་སྡེ་ཁུལ་གྱི་བཤིག་སྤོའི་བྱ་བ་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་ལ།ན་གོར་མོ་དང་གཏེར་ལེན་ཁ་གཉིས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་སྣང་བརྙན་མུ་མཐུད་དུ་མཐོར་འདེགས་སུ་སོང་ཡོད།གཏེར་ལེན་ཁ་བཟོ་ལས་གླིང་ཁུལ་གྱི་ཆེད་སྤྱོད་ལྕགས་ལམ་དང་ཚྭ་འདམ་ཆེ་བ་ཡིན་མཱ་འགག་ཐོན་ལས་ཁུལ་བཟོ་ལས་གླིང་གི་བཙོག་ཆུ་དྭངས་འབྱེད་བཟོ་གྲྭ་སོགས་རྣམ་གྲངས་བཅོ་བརྒྱད་ཀྱི་སྔོན་གྱི་ལས་ཀར་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ།གླིང་ཁུལ་གྱི་བཟོ་སྐྲུན་ནུས་ཤུགས་སྔར་ལས་ཤུགས་ཆེར་ཕྱིན་ཡོད།ཁུལ་ཡོངས་ཀྱི་མཁར་ཞང་ཁང་རྙིང་བསྒྱུར་བཀོད་ཀྱི་དམིགས་འབེན་ཁང་བ་སྟོང4911བསྐྲུན་རྒྱུ་དེ་ཡིན་ལ།ད་ལྟ་ཁང་བ་སྟོང6647ལས་འགོ་བརྩམས་ཡོད།ལས་འགོ་བརྩམས་ཚུལ135.4%ཡིན།མཛེས་སྡུག་གི་མཁར་ཞང་བཞི་དང་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་བརྒྱད་ཀྱི་འཛུགས་སྐྲུན་གོ་རིམ་ཡོད་པའི་ངང་ནས་སྐུལ་འདེད་བྱས་ཏེ་མཁར་ཞང་གཅིག་གྱུར་འཆར་འགོད་ལ་གྲུབ་འབྲས་གསར་བ་བླངས།གཏེར་ལེན་ཁ་གྲོང་ཁྱེར་གྱི་ནུས་ཁུངས་གསར་བའི་ལྕགས་ལམ་གློག་འཁོར་དང་སྟོད་སོག་གཞུང་ལམ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་སྒང་ཡིན།ནཱ་ལིན་གི་ལིག་ཆུ་བེད་ལྟེ་གནས་དང་།ཐེམ་ཆེན་ནས་ཚྭ་ཧྭན་ནཱའོ་བར་གྱི་མྱུར་བགྲོད་གཞུང་ལམ།ཟི་པཱའེ་ནས་ཚྭ་ཨར་ཧྭན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སོགས་ཀྱི་རྣམ་གྲངས་ལས་འགོ་བརྩམས་ཡོད་ལ་མཁར་གྲོང་རྨང་གཞིའི་སྒྲིག་བཀོད་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད།ཞིང་ཆེན་ཡོངས་ནས་ཁེ་ལས་རེར་ཉེན་རྟོག་པ་རེ་བཀོད་སྒྲིག་བྱེད་པའི་སྒྲིག་སྲོལ་སྔོན་ལ་བཙུགས་ཏེ་མཁའ་དབྱིངས་ཉེན་དོན་མཁའ་འགྲུལ་རུ་ཁག་བཙུགས་ཡོད་པ་དང་།སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་སྔར་ལས་ལྷག་པའི་ཤུགས་ཆེར་ཕྱིན་ཞིང་བདེ་འཇགས་མཚོ་ནུབ་ཀྱི་འཛུགས་སྐྲུན་གྱི་ཕན་ནུས་མངོན་གསལ་ཡིན་པས།མང་ཚོགས་ཀྱི་བློ་སེམས་བདེ་ཚད་སྔར་བས་ཆེ་རུ་ཕྱིན་ཡོད།

༼བརྒྱད ༽ཕྱི་ལ་མཉམ་འབྲེལ་བྱེད་པའི་ཕན་འབྲས་མངོན་གསལ་དང་འཕེལ་རྒྱས་ཀྱི་རྣམ་པ་སྔར་བས་མཐོར་འདེགས་སུ་ཕྱིན།  མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་གཏན་འཇགས་ངང་ལག་བསྟར་བྱས་ཤིང་།ཀྲེ་ཅང་གིས་མཚོ་ནུབ་སྔོན་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར2.2བཀོད་སྒྲིག་བྱས་པ་དང་།ཆ་སྒྲིག་རོགས་སྐྱོར་མ་དངུལ་སྒོར་ཁྲི3200མངོན་འགྱུར་བྱས་ཏེ་རོགས་སྐྱོར་རྣམ་གྲངས་བརྒྱ་ལྷག་ལག་བསྟར་དངོས་འབེབས་བྱས།ཀྲུང་གོ་ན་གོར་མོའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་སྔོན་འགྲོའི་བྱ་བ་དག་བདེ་བླག་ངང་སྤེལ་ཏེ་ན་གོར་མོའི་སྐམ་སའི་གྲུ་ཁར་འགག་སྒོར་བརྟག་ཞིབ་བྱས།ཁུལ་ནང་ཁུལ་གྱི་ཁེ་ལས་རྩ་འཛུགས་བྱས་ཏེ་ཧྲང་ཧེ་སྐྱེ་ལྡན་ཟས་རིགས་ཐོན་རྫས་ཀྱི་འགྲེམ་སྟོན་དང་།ཏུན་མིན་སི་ཐན་གྱི་ཀྲུང་གོའི་ཚོང་ཟོག་འགྲེམ་སྟོན་སོགས་རྒྱལ་སྤྱི་རང་བཞིན་གྱི་འགྲེམ་སྟོན་ཚོགས་འདུར་ཞུགས་ཏེ།མཚོ་ནུབ་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི་རྒྱུ་ལམ་རྒྱ་བསྐྱེད་བཏང་། གསར་གཏོད་ཀྱིས་སྒུལ་ཤུགས་ལ་སྐུལ་འདེད་གཏོང་བ་རྒྱུན་མཐུད་བྱས་ཏེ་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཀྱི་འགྲོ་སོང་སྒོར་ཁྲི8060བརྩོན་ལེན་བྱས་ཤིང་།ཁུལ་ནོར་སྲིད་ཀྱིས་སྒོར་ཁྲི2000ཡི་འགོ་རྩོམ་མ་དངུལ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་མ་འཇོག་ཐེབས་རྩ་གསར་པ་བཙུགས།མཚོ་ནུབ་ཁུལ་གྱི་ཚན་རྩལ་བློ་འདྲི་པ་བཅོ་ལྔ་དང་མཚོ་ནུབ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚེ་གང་གི་མཐོ་རིམ་བློ་འདྲི་པ་བཞི་གདན་ཞུ་བྱས།ཚྭ་མཚོའི་ཅཱ་ལུད་ཕྱོགས་བསྡུས་བེད་སྤྱོད་ཞིབ་འཇུག་གསར་སྤེལ་སོགས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ཁང་གསུམ་གྱི་འཛུགས་སྐྲུན་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་།ཡོན་ཧྲི་བྱ་བའི་ས་ཚིགས་གསུམ་ལ་དངོས་སུ་སྒོ་བྱང་བཀལ་ཞིང་། ཕུལ་བྱུང་དང་སྣེ་ཁྲིད་པ།རྩེར་སོན་འཇོན་མི་གྱ་གསུམ་ནང་འདྲེན་བྱས། གསར་གཏོད་འགག་སྒྲོལ་དང་རིམ་སྤར་རྣམ་གྲངས།ཁེ་ལས་ཀྱི་ལག་རྩལ་གསར་གཏོད་སོགས་ཀྱི་རྣམ་གྲངས་འཕེར་རྒྱས་བདེ་བླག་ཡིན།

དགུ༽ སྤྱི་ཚོགས་ལས་དོན་དར་རྒྱས་གོང་འཕེལ་བྱུང་སྟེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཁྱོན་ཡོངས་ནས་མཐོར་འདེགས་སུ་སོང་།  ཏན་ཏིག་གིས་ས་ཁོངས་ཡོངས་ཕྱོགས་ཡོངས་ཀྱི་དབུལ་ཞྭ་འཕུད་པར་སྐུལ་འདེད་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན།ཁུལ་གྱི་ནོར་སྲིད་དབུལ་སྐྱོར་ཆེད་དངུལ་སྒོར་དུང་ཕྱུར2.74བརྩོན་ལེན་བྱས་ཤིང་།ཤུགས་ཆེན་པོས་ཁྱད་ལྡན་གནས་སྐོར་གྱི་དབུལ་སྐྱོར་དང་ཉི་ནུས་འོད་ཤུགས་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་སོགས་ལག་བསྟར་དངོས་འབེབས་བྱས་ཏེ་དབུལ་ཕོངས་མིན་པའི་སྡེ་བ་བརྒྱ་དང་སུམ་ཅུར་རོགས་འདེགས་བྱས་ནས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྒྱ་བསྐྱེད་བཏང་བ་དང་།སྲིད་འཛིན་སྡེ་བ་ཡོངས་ཀྱི་སྒོར་ཁྲི61.8ཡི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་གཏོང་བ་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།2019ལོར་གཏེར་ལམ་རྫོང་དང་མང་ནཱེ།ཚྭ་འདམ་ཆེ་བ་བཅས་ཞིང་ཆེན་ཐོག་དང་པོར་དབུལ་ཐར་བྱས་པའི་རྨང་གཞིའི་སྟེང་།ན་གོར་མོ་དང་གཏེར་ལེན་ཁ། དབུས་ལམ།ཐེམ་ཆེན་སོགས་གྲོང་ཁྱེར་དང་རྫོང་བཞིས་བདེ་བླག་ངང་དབུལ་ཕོངས་ཞྭ་མོ་ཕུད་དེ།མཚོ་ནུབ་ཀྱི་ས་ཁོངས་ཡོངས་སྔ་མོ་ནས་དབུལ་ཐར་བྱེད་པ་མངོན་འགྱུར་བྱུང་།ལོ་ཧྲིལ་བོར་དམངས་ཚིས་ཐད་སྒོར་དུང་ཕྱུར106.4བཏང་ཞིང་སྤྱི་བའི་སྔོན་རྩིས་འགྲོ་སོང་ལས77%ཟིན།དམངས་ཚིས་འགན་སྲུང་ནུས་པ་སྔར་བས་མཐོར་འདེགས་སུ་ཕྱིན་ཡོད་ལ་སྤྱི་ཚོགས་ལས་རིགས་སོ་སོ་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་དུ་སོང་ཡོད།ཁུལ་ཡོངས་ཀྱི་མཁར་གྲོང་དུ་ལས་ཞུགས་མི་སྣ་ཁྲི1.35གསར་སྣོན་བྱུང་བ་དང་།མཁར་གྲོང་གྱི་ལས་ཤོར་ཐོ་འགོད་བྱས་ཚད2.54%ཡིན།མཁར་ཞང་གི་མི་སྟོང7980ལ་ངལ་རྩོལ་ནུས་ཤུགས་ཕྱོགས་ཀྱི་གསོ་སྦྱོང་དང་ཞིང་ཕྱུགས་ལས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས82819ལྷག་ལས་ཞུགས་གཞན་སྒྱུར་བྱུང་ཞིང་།ངལ་རྩོལ་ཡོང་སྒོ་སྒོར་དུང་ཕྱུར4.9སླེབས་པ་དང་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད93.64%ཡིན།སློབ་གསོའི་གཞི་རྩའི་སྤྱི་བའི་ཞབས་ཕྱི་ཆ་སྙོམས་ཅན་མགྱོགས་མྱུར་ངང་སྐུལ་འདེད་བྱས་ཏེ་སློབ་སྔོན་སློབ་གསོའི་དུས་སྐབས་གསུམ་གྱི་འཆར་གཞི་དང་མཐོ་འབྲིང་སློབ་གསོ་ཁྱབ་གདལ།སློབ་ཁྲིད་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་འཆར་གཞི་སོགས་ཡུན་རིང་འཕེལ་རྒྱས་དང་ལམ་ལུགས་སྒྲིག་སྲོལ་དང་འབྲེལ་བའི་སྲིད་ཇུས་བྱེད་ཐབས་སྒྲིག་བཟོ་བྱས་ཏེ།མགྱོགས་མྱུར་ངང་མཉམ་འབྲེལ་དྲ་རྒྱ་དང་སློབ་གསོ་ཟུང་འབྲེལ་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་བྱས་ཤིང་།ཀྲེ་ཅང་ཀྲི་ཅང་ཧྭའེ་སློབ་གསོའི་སྟེགས་བུ་མཚོ་ནུབ་ལ་ཁ་གཏད་ནས་སྒོ་འབྱེད་བྱས་ཡོད། མགྱོགས་མྱུར་ངང་བདེ་འཇགས་མཚོ་ནུབ་འཛུགས་སྐྲུན་དང་གཏན་འཇགས་ངང་ཁྱིམ་ཚང་གན་རྒྱ་སྨན་པའི་ཞབས་ཕྱིར་སྐུལ་འདེད་བྱས།གྲོང་ཁྱེར་དང་རྫོང་སོ་སོའི་དམ་ཟབ་ཅན་གྱི་ཐུན་མོང་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་བྱས་ཏེ་རྒྱུན་མཐུད་གསོ་རིག་སློབ་གསོའི་རྣམ་གྲངས་གོ་ལྔ་ལག་བསྟར་དངོས་འབེབས་བྱས་པ་དང་།མི་ཐེངས་ཁྲི1.8ལ་གསོ་སྦྱོང་བྱས་ཤིང་།ཆེད་ལས་ལག་རྩལ་མི་སྣས་རྒྱུན་མཐུད་སློབ་གསོ་མྱངས་བའི100%ཡིན་ལ་སྨན་བཅོས་ཞབས་ཕྱིའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་ཕྱིན་ཡོད། མཁར་ཞང་སྡོད་མིའི་སྨན་བཅོས་ཉེན་སྲུང་གི་མ་དངུལ་བསྡུ་བའི་ཚད་གཞི་སྒོར680 ནས776ལ་འཕར་ཡོད་པ་དང་།མཁར་ཞང་སྡོད་མིའི་ནགས་ཚབས་ཆེན་གྱི་སྨན་བཅོས་ཉེན་སྲུང་གི་མ་དངུལ་བསྡུ་བའི་ཚད་གཞི་སྔོན་གྱི་མི་རེར་ལོ་རེར་སྒོར་60ནས80ལ་འཕར་ཡོད།གསར་དུ་འཛུགས་སྐྲུན་བྱས་པའི་རིག་གནས་རྒྱང་སྒྲོག་གི་དམངས་ཕན་རྣམ་གྲངས21ཡོད་ལ།རིག་གནས་ཁེ་ལས་རྩ་འཛུགས་བྱས་ཏེ་ཧྲན་ཞི་དང་ཞ་མིན།ཧྲིན་ཀྲིན་སོགས་ཀྱི་དངོས་མང་བཤམས་སྟོན་འདུ་ཚོགས་བཅུ་གྲངས་ཞུགས་པ་དང་གལ་ཆེའི་བྱ་འགུལ་འགྲན་སྡུར103སྤེལ།དྲིལ་སྒྲོག་སློབ་གསོ་དང་རིག་རྩལ་འཁྲབ་སྟོན་བྱ་འགུལ250བདེ་བླག་ངང་སྤེལ་ཞིང་།རིག་གནས་ཐོན་ལས་ཕྱིར་འཚོང་གི་ཡོང་འབབ་སྒོར་དུང་ཕྱུར6.3ལ་སླེབས་ཤིང20% ཡར་འཕར།

གཉིས།2019ལོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྔོན་རྩིས་དམིགས་འབེན།

2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བའི་ལོ་ཡིན་ལ།ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྔ་མོ་ནས་ཕུ་ཐག་གཅོད་པའི་གལ་འགངས་ཆེ་བའི་ལོ་དང་།ལྔ་བཞིའི་འཐབ་ཇུས་གཏིང་ཟབ་སྒོས་ལག་ལེན་དངོས་འབེབས་བྱེད་པ་དང་ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བྱེད་པའི་ཐོག་མའི་ལོ་དེའང་ཡིན་པས།ལོ་ཧྲིལ་བོའི་བྱ་བ་ལེགས་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་འགན་འཁྲི་རབ་ཏུ་ལྕི།མིག་སྔའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དེ་མཐུན་རྐྱེན་ལེགས་པོ་མང་པོ་ཞིག་ལ་འཕྲད་ཡོད་དེ།གཅིག་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་བཀོད་སྒྲིག་གསར་བ་བྱས་ཡོད་ལ།བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བ་ཆགས་སུ་འཇུག་པ་དང་།ཞིང་སྡེ་དར་རྒྱས་འཐབ་ཇུས་སོགས་ཀྱིས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྦྲེལ་མཐུད་བྱེད་པ་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་ལེགས་པོ་བསྐྲུན་པར་ཕན་པ་ཡོད།གཉིས་ནི་ཁུལ་ནང་གི་འཕེལ་རྒྱས་བརྗེ་སྤོར་གྱི་གནས་བས་ཅུང་ལེགས་ཤིང་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བའི་མཚོན་པའི་གསར་དར་ཐོན་ལས་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ།རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་ལེགས་པོ་བཏིངས་ཡོད།སྲོལ་རྒྱུན་ཐོན་ལས་ཀྱི་བསྒྱུར་བཅོས་རིམ་སྤར་ཇེ་མགྱོགས་སུ་ཕྱིན་ཡོད་པས་སྲོལ་རྒྱུན་ཐོན་ལས་གཏན་འཇགས་ངང་འཕར་སྣོན་འབྱུང་བར་ཤིན་ཏུ་ཕན།གསུམ་ནི་རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་ཤིན་ཏུ་བཟང་ལ།རྒྱུད་གཅིག་ལམ་གཅིག་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་སོགས་གོ་སྐབས་ཀྱི་རླབས་རྒྱུན་དང་འཕྲད་ཡོད།འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇེ་བརྟན་དུ་བཏང་སྟེ་འཕར་སྣོན་གཏན་འཇགས་དང་སྒྲིག་གཞི་སྙོམས་སྒྲིག བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ། ཉེན་ཁ་སྔོན་འགོག་བྱེད་པ།མི་འདང་སར་ཁ་གསབ་བྱེད་པ།དཀའ་གནད་སེལ་བ།དོན་འཁྱོལ་དམ་འཛིན་བྱེད་པ་སོགས་ཀྱི་ཕྱོགས་ལ་ཕན་ནུས་གང་ལེགས་ལྡན་པའི་བྱ་མང་པོ་བསྒྲུབ་སྟེ།2019ལོའི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྲ་བརྟན་གྱི་རྨང་གཞི་བཏིངས།

འོན་ཀྱང་།མཐུན་རྐྱེན་དང་གོ་སྐབས་ལེགས་པོ་དམ་འཛིན་བྱེད་པའི་དུས་མཚུངས་སུ་འཕེལ་རྒྱས་འགྲོ་བར་དཀའ་ཁག་གང་མང་ཡོད་པའང་གསལ་བོར་ཤེས་དགོས།སྤྱི་ཁོག་དཔལ་འབྱོར་གི་འཕེལ་རྒྱས་གནས་བབ་སྔར་བཞིན་རྙོག་འཛིང་ཡིན་ལ་དཀའ་ཁག་དང་གནད་དོན་མང་པོ་ཞིག་གནས་ཡོད་དེ།གཙོ་བོར་དཔལ་འབྱོར་ཉམས་ཉེས་སུ་འགྲོ་བའི་གནོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ལ།འགུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་གོམ་སྟབས་སྔར་བཞིན་ཇེ་མགྱོགས་སུ་གཏོང་དགོས་ཤིང་།ནུས་ལྡན་གྱི་མཁོ་སྤྲོད་ཀྱིས་ད་དུང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་མེད།གསར་དར་ཐོན་ལས་ཀྱི་གཞི་རྒྱ་ཅུང་ཆུང་ལ་འདེགས་སྐྱོར་གྱི་ནུས་པར་ལ་ཡང་ཚད་ཡོད།མཁར་ཞང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དོ་ཉམས་མིན།སྤྱི་ཚོགས་དམངས་ཚིས་ཁྱབ་ཁོངས་ཀྱི་མི་འདང་སར་སྔར་བཞིན་ཁ་གསབ་བྱེད་དགོས།གཞི་རྩའི་སྤྱི་བའི་ཞབས་ཕྱིའི་ཆ་སྙོམས་ཅན་སྔར་བས་ཤུགས་ཆེར་གཏོང་དགོས།ས་གནས་ཀྱི་སྤྱི་བའི་ནོར་སྲིད་གཏོང་ཡོང་འགལ་བ་འབུར་ཐོན་ཡིན་པ་སོགས་རྗེས་ཕྱོགས་ཀྱི་བྱ་བའི་ཧུར་ཐག་གིས་ཐག་གཅོད་བྱེད་དགོས།

རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་གནས་བབ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་གཅོད་བྱེད་པ།འཕར་སྣོན་གྱི་སྒུལ་ཤུགས་ལ་དབྱེ་ཞིབ་བྱེད་པ།འཕེལ་རྒྱས་ཀྱི་དགོས་མཁོར་དང་དོད་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་།ད་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་ནི།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བར་བཏོན་པའི་མཛུབ་སྟོན་རབ་དང་རིམ་པའི་བླང་བྱ་ལྟར།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་་དང་ལྔ་པའི་འཐབ་ཇུས་བཀོད་སྒྲིག་དཀྱིལ་སྙིང་དུ་བཟུང་སྟེ།གནས་ལྔ་གཅིག་བསྡུས་ཀྱི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་ལ་མཐུན་སྦྱོར་སྐུལ་བྱས་ཏེ།ཏན་ཏན་ཏིག་ཏིག་བཞིའི་གལ་ཆེའི་བླང་བྱ་གཏིང་ཟབ་སྒོས་ལག་ལེན་དོན་འཁྱོལ་བྱེད་པ་དང་བརྟན་བརླིང་ཁྲོད་མདུན་སྐྱོད་བྱེད་པའི་བྱ་བའི་གཞི་རྩའི་བླང་བྱ་ལྟར།འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིགས་སུ་བཟུང་ནས་སྐྱེ་ཁམས་ཁོར་སྲུང་མཐའ་འཁྱོལ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད།སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ།དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་འཛུགས་དགོས་ཤིང་།མུ་མཐུད་དུ་འགག་སྒྲོལ་ཆེན་མོ་གསུམ་གྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་།འཕར་སྣོན་གཏན་འཇགས་ཡོང་བ་དང་། བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ།སྒྲིག་གཞི་སྙོམས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་ཁེ་བསྐྲུན་པ།ཉེན་ཁ་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་ལ།དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱས་ཏེ།མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་བསམ་པའི་དཔལ་ཡོན་སོགས་མཐོར་འདེགས་སུ་བཏང་ནས།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུ་བའི་བྱ་བར་ཐག་གཅོད་རང་བཞིན་ཅན་གྱི་རྨང་གཞི་བཏིངས་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་ལེགས་སྐྱེས་སུ་འབུལ་དགོས།

2019ལོ་ནི་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་འགོར་བར་དམིགས་ནས་ཁྱོན་ཡོངས་སུ་ཞིང་ཆེན་ཏང་ཨུའི༼སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་༽ཀྱི་ཐབས་ཇུས་བཀོད་སྒྲིག་གི་འགོ་རྩོམ་པའི་ལོ་ཡིན་ལ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཕུ་ཆད་གཏོང་བ་དང༼ལོ་ལྔའི་འཆར་གཞི་བཅུ་གསུམ་པའི༽དམིགས་འབེན་གྱི་གལ་ཆེའི་ལོ་ཞིག་ཀྱང་ཡིན།དུས་མཉམ་དུ་གཅིག་ནི་༼བརྟན་བརླིང་ངང་ཡར་འཕར་༽གྱི་བྱ་བའི་སྤྱིའི་གཞི་གདངས་ལྟར་དམིགས་འབེན་ལོ་སྔོན་མ་དང་གཅིག་མཚུངས་ལ་ཕྱོགས་ནས་རང་ཉིད་ཀྱིས་རང་ཉིད་ལ་སྐུལ་མ་བཏང་སྟེ།ཚོང་རའི་སྔོན་དཔག་ལ་གཏན་འཇགས་དང་མི་སེམས་གཅིག་སྒྲིལ་དང་ཡིད་ཆེས་བརྟན་པོ་བྱེད་བསྡུས་དགོས།གཉིས་ནི༼ལོ་ལྔའི་འཆར་གཞི་བཅུ་གསུམ་པའི༽འཆར་འགོད་དང་མཐུན་པར་སྦྲེལ་ཏེ་ལོ་རེའི་འཆར་གཞི་ནི་དམིགས་འབེན་ལས་འགན་ནང་མངོན་དུ་བཅུག་ནས་གནོན་ཤུགས་ཕྱིར་བཤོལ་བྱེད་པར་སྔོན་འགོག་བྱེད་དགོས།ཕྱོགས་ཡོངས་ལ་བསམ་གཞིགས་བཏང་ན།2019ལོའི་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི།ས་ཁུལ་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར8%ཡི་ཡན་ཡིན།དེའི་ཁྲོད་ཐོན་ལས་དང་པོ7%ཡས་མས་ལ་འཕར་སྣོན་བྱུང་བ།གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང8.5%ཡན་ཟིན་པར་བརྩོན་ལེན་བྱེད་དགོས་ཤིང་།ཐོན་ལས་གསུམ་པ7.5%ཡས་མས་ལ་འཕར་སྣོན་བྱུང་བ།གཏན་འཇགས་རྒྱུ་ནོར་ལ་འཕར་སྣོན་རིན་ཐང10%ཡན་ཡིན།སྤྱི་ཚོགས་མཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་བསྡོམས་འབོར8%ཡས་མས་ལ་འཕར་བ།ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་འབབ6.5%ཡས་མས་འཕར་སྣོན་བྱུང་བ།མཁར་གྲོང་སྡོད་དམངས་ཀྱི་ཆ་སྙོམས་ཡོང་འབབ8%གཡས་མས་ལ་འཕར་སྣོན་བྱུང་བ།སྡོད་དམངས་ཀྱི་མཛད་སྤྱོད་ཐོན་རྫས་སྟོན་གྲངས་དང་ནུས་སྲི་སྙིགས་འཕྲི།སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་སོགས་ཞིང་ཆེན་ནང་གཏན་ཁེལ་བྱས་ཟིན་པའི་གཞི་གྲངས་ལྟར་ཚོད་འཛིན་བྱེད་དགོས།

གསུམ། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་བྱེད་ཐབས།

2019ལོར་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་ལྕི་བ་དང་རེ་འདུན་མང་བས།ངེས་པར་དུ་ཁྱོན་ཡོངས་སུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་པ་དོན་འཁྱོལ་བྱས་ཤིང་།དངོས་གནས་ཀྱིས་བསམ་བློ་དང་འགུལ་སྤྱོད་གཉིས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ཐབས་ཇུས་ནང་གཅིག་གྱུར་བྱས་ནས༼འདུ་ཤེས་བཞི༽སྲ་བརྟན་དུ་གཏོང་བ་དང༼འགན་སྲུང་གཉིས༽ལེགས་པོར་བསྒྲུབ་པ།ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི༼གཏན་འཇགས་དྲུག༽སོགས་ཀྱི་བྱ་བའི་ཐབས་ཇུས་ལ་གཞིར་བཟུང་ཞིང་།༼སྲ་བརྟན། ཤུགས་ཆེར་གཏོང་བ། མཐོར་འདེགས། བདེ་བགྲོད།༽ཞེས་པའི་ཡིག་འབྲི་བརྒྱད་ཀྱི་སྟེང་དུ་འབད་བརྩོན་ཆེར་བསྐྱེད་བྱས་ནས་གཅིག་གྱུར་འཆར་འགོད་སྒོས་དང་བརླིང་གི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་ལ་གོ་སྐབས་ཀྱང་བརྩོན་ལེན་བྱེད་དགོས།ཁྱོན་ཡོངས་སུ༼སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས༽ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་མུ་མཐུད་དུ་མཚོ་ནུབ་འཛུགས་སྐྲུན་གྱི་སྐས་རིམ་གསར་བ་ཞིག་ཏུ་སླེབས་སུ་འཇུག་དགོས།གཙོ་བོ་གཤམ་གསལ་གྱི་བྱ་བ་ནན་གྱིས་འཛིན་དགོས།

༼གཅིག༽ཧུར་བརྩོན་གྱིས་བརྟན་བརླིང་ཡར་འཕར་གྱི་སྤྱིའི་གཞི་གདངས་ལྟར།སྤྱི་ཚོགས་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་བྱུང་བར་ཁག་ཐེག་བྱེད་དགོས། གཅིག་ནི་དམིགས་ས་ཡོད་པའི་རོགས་སྐྱོར་སྲིད་ཇུས་ཤིག་གཏན་འབེབས་བྱེད་དགོས་ཤིང་།མཚོ་ནུབ་ཁུལ་གྱི་དཔལ་འབྱོར་བརྟན་འཕར་གྱི་སྲིད་ཇུས་ཐབས་ཇུས་གཏན་འབེབས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་དང་མངོན་མེད་ནུས་ཤུགས་སྔོག་འདོན་སོགས་ཀྱི་ཕྱོགས་ལྔའི་སྲིད་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས།ཁེ་ལས་རང་འགུལ་གྱིས་གོམས་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ནང་ཁྲིད་སྟོན་བྱེད་དགོས།གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཤུགས་དང་སྲིད་ཇུས་གྲ་སྒྲིག་གི་བྱེད་ཤུགས་ཆེ་རུ་གཏོང་བ།བཏོན་པའི་གལ་ཆེའི་སྲིད་ཇུས་དག་དང་བསྟུན་ནས་ཕན་ཡོད་ཀྱི་བརྡ་འཕྲིན་དང་ཁུངས་སྣེ་སྔོན་འདོན་བྱེད་པར་བརྩོན་ལེན་རྒྱབ་སྐྱོར་བྱེད་དགོས།གཉིས་ནི་དཔལ་འབྱོར་འཁོར་སྐྱོད་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་དམ་འཛིན་བྱེད་པ།དམ་ཟབ་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་འཕེལ་ཕྱོགས་དང་སྤྱི་ཁོག་སྙོམས་སྒྲིག་གི་ཁ་ཕྱོགས་གསར་བ་ལ་དོ་ཁུར་བྱས་ནས།ཁྱོན་ཡོངས་ནས་མྱུར་ཚད་འགྱུར་ལྡོག་དང་ཆགས་ཚུལ་ལེགས་འགྱུར། འགུལ་ནུས་བརྗེ་སྤོར་གྱི་ཁྱད་ཆོས་གསུམ་དམ་དུ་འཛིན་པ།མུ་མཐུད་དུ་མྱུར་ཚད་སྙོམ་སྒྲིག་དང་ཐབས་ཤེས་སྙོམ་སྒྲིག་བྱས་ཏེ།དཔལ་འབྱོར་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྲིད་ཇུས་ཐབས་ཇུས་ཀྱི་སྔོན་མའི་སྟ་གོན་ལ་ཤུགས་ཆེར་གཏོང་བ།ལྟ་ཞིབ་ཚད་ལེན་དབྱེ་ཞིབ་དང་སྔོན་དཔྱད་སྔོན་གཅོད་ལ་ཤུགས་སྣོན་བྱས་ནས་སྔར་ལས་ཚོང་རའི་སྣེ་ཁྲིད་བྱ་སྤྱོད་དང་སྤྱི་ཚོགས་སྔོན་དཔག་ལ་དོ་སྣང་ཆེན་པོ་བྱེད་དགོས།གསུམ་ནི་ཧུར་ཐག་གིས་སྤྱི་ཚོགས་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།ཞིང་ཆེན་ཡོངས་སུ་སྔོན་ལ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྤྱིའི་རེ་འདོད་ལ་དམིགས་ཏེ།ཚན་རིག་གིས་རང་ཁུལ་གྱི་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་མངོན་འགྱུར་བྱེད་པར་དམིགས་ནས་མགྱོགས་མྱུར་གྱིས་སློབ་གསོ་དང་སྨན་བཅོས།རྒན་གསོ།མཁར་གྲོང་དམངས་ཚིས་ཀྱི་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་མི་འདང་ས་ཁ་གསབ་རྒྱག་པ།དམིགས་ས་ཡོད་པའི་སྒོ་ནས་འབྲེལ་ཡོད་བྱ་བ་ལ་སྐུལ་འདེད་བྱེད་དགོས།ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཡུན་རིང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་དམིགས་ཏེ་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང་དུ་ཤུགས་རྐྱེན་ཆེ་བའི་གལ་ཆེན་བྱ་བ་བསྒྲུབ་པ་དང༼སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས༽ཀྱི་ཐབས་ཇུས་བཀོད་སྒྲིག་གི་དོན་འཁྱོལ་སྐུལ་འདེད་བྱེད་པའི་བྱ་བའི་བྱེ་བྲག་གི་ཇུས་འགོད་བྱེད་དགོས།བཞི་ནི་གོང་འོག་གཉིས་ཀྱི་ཐོན་ལས་རྒྱུན་མཐུད་ལ་ཤུགས་ཆེར་གཏོང་བ།ཁུལ་ནང་ཁུལ་གྱི་ཁེ་ལས་སོ་སོའི་ཚོང་རའི་བརྡ་འཕྲིན་མཉམ་རོལ་བྱེད་པར་ཤུགས་བསྣན་ནས་འབྲེལ་ཡོད་ཁེ་ལས་མཉམ་བསྲེ་ཡི་ལམ་དུ་ཞུགས་པར་སྐུལ་མ་བཏང་སྟེ་ཐོན་རྫས་འདོན་སྤྲོད་བསྡུས་ཚད་མཐོར་འདེགས་སུ་གཏོང་དགོས།ལས་རིགས་དང་རྐང་འཛིན་ཁེ་ལས་ལ་རྒྱབ་བརྟེན་བྱས་ནས་ཟོང་སླ་ཚོང་ཟོག་སོགས་ཐབས་ཤེས་བེད་སྤྱད་དེ་ལག་རྩལ་མཐུན་སྦྲེལ་དང་ཐོན་རྫས་མཐུན་སྦྲེལ།ཆ་འཕྲིན་སྤེལ་རེས་ཀྱི་བྱ་འགུལ་སྤེལ་ནས།ཁུལ་ནང་ཁུལ་གྱི་རྒྱུ་ཆ་ཐོན་ལས་བྱེད་པའི་ཁེ་ལས་ཀྱིས་ཁུལ་གྱི་ཕྱི་ནས་མངག་བཅོལ་ལས་སྣོན་གྱི་རྣམ་པར་བསྟེན་ཏེ་གོང་འོག་གི་ཐོན་ལས་མཐུན་སྦྲེལ་བྱེད་དགོས།ལྔ་ནི་སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ།ཚོང་རར་ཞུགས་པར་སྒོ་འབྱེད་དེ་ཐོན་ལས་བར་གྱི་འགག་སྒོ་མེད་པར་བཟོ་བ་རྒྱུན་འཁྱོངས་བྱས་ཏེ།གཅིག་གྱུར་འཆར་འགོད་ཀྱི་སྙོམས་སྒྲིག་ནུས་ཤུགས་ཆེ་རུ་གཏོང་བ།རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་ལེགས་སྒྲིག་བྱས་ནས་ནུས་ཤུགས་ཆེན་པོས་པ་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་དགོས།སྔར་ལས་ལྷག་པའི་སྒོ་ནས་བཀག་སྡོམ་ཡོད་ཚད་མེད་པར་བཟོས་ནས་ཐོན་ལས་ཁེ་དབང་གི་དབང་ཆ་ལ་སྲུང་སྐྱོབ་སྒོས་འབྲེལ་ལམ་གསར་བའི་སྲིད་ཚོང་གི་འབྲེལ་བ་འཛུགས་དགོས།ཁེ་ལས་པ་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱས་ཤིང་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་དང་ཁེ་ལས་པའི་བདེ་ཐང་འཕེལ་རྒྱས་ཀྱི་སྲིད་ཇུས།ཁྲིམས་སྐྱོང་། ཚོང་ར།མ་དངུལ་གཏོང་འཇོག་གི་ཁོར་ཡུག་སོགས་བཞེངས་སྐྲུན་བྱས་ཏེ་ཁེ་ལས་པའི་ཤུགས་རྐྱེན་འདོན་སྤེལ་བྱེད་དགོས།

༼གཉིས༽འགག་སྒྲོལ་ཆེན་པོ་གསུམ་ལེགས་པོར་སྤེལ་ནས་ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་ལ་རྨང་གཞི་བཟང་པོ་འཇོག་དགོས།གཅིག་ནི་ཉེན་ཁའི་འགག་སྒྲོལ་ལ་དོགས་ཟོན་བྱས་ནས་ཐབས་ལམ་སྤེལ་བ།ཧུར་ཐག་གིས་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ལ་དོགས་ཟོན་བྱས་ནས་མེད་པར་བཟོ་བའི་བྱ་བ་ལེགས་པོ་བསྒྲུབ་པ།མངོན་མེད་བུ་ལོན་ཇེ་མང་འགྲོ་བར་མཐའ་གཅིག་ཏུ་འགོག་པའི་འགན་འཁྲི་འགྲུབ་བར་ཁག་ཐེག་བྱེད་དགོས།སྔར་ལས་ལྷག་པའི་སྒོ་ནས་དངུལ་རྩའི་ཉེན་ཁ་འཕྲལ་བསྟུན་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དུས་སྐབས་གཏན་ཁེལ་སྒོས་ཉོ་ཚོང་བྱེད་ས་སྣ་ཚོགས་དང་འཕྲིན་སྦྲེལ་དྲ་བའི་དངུལ་རྩ།མ་དངུལ་གཏོང་འཇོག་རིགས་ཀྱི་ལས་ཁུངས་སོགས་ཉེན་ཁ་ཆེ་བའི་ལས་རིགས་དང་ཆེད་དོན་གཅིག་བསྡུས་ཀྱི་བཅོས་བསྒྱུར་བྱ་འགུལ་སྤེལ་དགོས།གྲངས་ཉུང་དངུལ་བུན་ལེན་པ་ལས་ཁུངས་དང་མ་དངུལ་མཉམ་བསྲེས་འགན་ལེན་ལས་ཁུངས་སོགས་ས་གནས་དངུལ་རྩའི་ལས་ཁུངས་ཀྱི་དུས་རྒྱུན་གྱི་ལྟ་སྐུལ་དང་དོ་དམ་ལ་ཤུགས་ཆེར་བཏང་སྟེ་བསྐྱར་ཞིབ་བྱ་བ་བསྒྲུབ་དགོས།གཉིས་ནི་ཧུར་ཐག་གིས་དབུལ་ཐར་མཁྲེགས་ཀྱི་ལས་ཆོད་སྲ་བརྟན་དུ་གཏོང་བ།ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་མཐོར་འདེགས་སུ་བཏང་ཞིང་གཏིང་ཟབ་ཀྱིས་དབུལ་ཐར་མང་ཚོགས་ཀྱི་གསར་གཏོད་ནུས་པ་ལ་ཤུགས་བསྣན་ནས་དབུལ་ཐར་གཏན་བརླིང་དུ་གཏོང་དགོས།དབུལ་ཐར་སྲ་བརྟན་མཐོར་འདེགས་དང་ཞིང་སྡེ་དར་སྤེལ་དོན་འཁྱོལ་ཐབས་ཇུས་མཉམ་སྦྲེལ་དུ་བྱས་ཏེ།ཁེ་ལས་མཉམ་སྦྲེལ་གྱིས་ཞིང་སྡེ་དར་སྤེལ་གྱི་བྱ་འགུལ་དོན་འཁྱོལ་དང་འཕང་འབྲས་དང་ལིས་གྲོ།ནོར་ཤ།ལུག་ཤ་སོགས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་འཕེལ་རྒྱས་སུ་གཏོང་དགོས།སྣོད་བཅུད་དང་གནས་སྡོད་ལ་འཚམ་པའི་གྲོང་གསེབ་གསར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་མུ་མཐུད་དུ་ཞིང་འབྲོག་དམངས་ཚིས་འཚོ་བའི་ཚུ་ཚད་མཐོར་འདེགས་སུ་གཏོང་དགོས།ནུས་ཤུགས་ཡོད་དགུས་དམངས་ཕྱུག་ཡོང་འཕར་གྱི་མཉམ་འཕར་ཡག་པོ་བྱས་ནས་རིགས་སོ་སོའི་མང་ཚོགས་ཞིང་ཆེན་ཡོངས་སུ་སྔོན་ལ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཐུབ་པར་འབད་དགོས།གསུམ་ནི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱག་པ།མགྱོགས་མྱུར་གྱིས༼མཚོ་ནུབ་ཀྱི་ལྗང་མདོག་ཐྰན་ཉུང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སྤྱིའི་སྒྲིག་བཀོད༽རྩ་འཛུགས་དག་སྒྲིག་བྱས་ནས།ནན་ཏན་སྒོས་ཚྭ་མཚོའི་ཕྱོགས་བསྡུས་ནུས་ཁུངས་བེད་སྤྱོད་དེ་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་འཆར་ཐབས་ཇུས་བཏོན་ནས།ནུས་ཤུགས་ཡོད་དགུས་ཚྭ་འདམ་གཞོང་སའི་ལྗང་མདོག་གཏེར་འཚོལ་འཐབ་ཇུས་དང་ལྗང་མདོག་གཏེར་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཤིང་།སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་སྙོམས་སྒྲིག་ལ་སྐུལ་འདེད་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་བ་ཞིག་གི་སྒོ་མོ་འབྱེད་དགོས།རྩྭ་ཐང་དང་ནགས་ཚལ།བྱེ་ཐང་། རློན་ས། ཆུ་མཚེའུ་སོགས་ཀྱི་སྐྱེ་ཁམས་མ་ལག་གི་བཅོས་སྐྱོང་ལ་ཤུགས་ཆེར་བསྣན་ནས་ཚྭ་འདམ་གཞོང་གི༼ལྗང་མདོག་ལྕགས་རི་རིང་བོ༽འཛུགས་སྐྲུན་བྱེད་དགོས།ཆུ་ཁུངས་དང་ས་གཤིས་འབག་བཙོག་གི་གཙང་སེལ་བྱ་འགུལ་གྱི་འཆར་གཞི་དང་ལོ་གསུམ་གྱི་དགུང་སྔོན་པོ་སྲུང་སྐྱོབ་དམག་འཐབ་འཆར་གཞི་དོན་འཁྱོལ་བྱས་ནས་ཁྱོན་ཡོངས་སུ་སྔོན་དཔག་དམིགས་འབེན་འགྲུབ་དགོས།

༼གསུམ༽གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་མ་དངུལ་འཇོག་པའི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་པ།དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ་ལྷོད་གཡེང་མེད་པར་མུ་མཐུད་དུ་མ་དངུལ་གཏོང་འཇོག་རྣམ་གྲངས་བྱ་བ་གཏིང་ཟབ་སྒོས་བསྒྲུབ་སྟེ།ནན་གྱིས་ཐོན་ལས་ཐེངས་གསུམ་པ་དང་ཆེ་འབྲིང་ཆུང་གསུམ་གྱི་རྣམ་གྲངས།སྲིད་གཞུང་དང་དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་སོགས་མཉམ་གཅིག་ཏུ་བསྒྲུབ་ནས།ཟླ་རེར༼བཟོ་སྐྲུན་ལེགས་པོ་ལྔ༽ལ་སྐུལ་འདེད་བྱེད་པའི་རྐྱེན་སྲོལ་དང་།རྣམ་གྲངས་འབྱེད་པའི་མཐུན་སྦྱོར་དང་ལྷུ་ཚིགས་དབྱེ་ནས་ལྟ་སྐུལ་སློབ་སྟོན།དཔེ་རིས་བཀལ་ནས་དམག་འཐབ་བྱེད་པ། དམིགས་འབེན་དང་ཐབས་ཇུས།ལས་འགན་གསུམ་ལ་ཁག་ཐེག་བྱེད་དགོས།༼དུང་ཕྱུར་ཁྲི་བརྒྱ༽ཅན་གྱི་གལ་ཆེའི་བཟོ་གྲྭའི་རྣམ་གྲངས་གཏིང་ཟབ་ཀྱིས་དོན་འཁྱོལ་བྱས་ནས་སྐུལ་འདེད་དུ་བཏང་སྟེ།གཅིག་གྱུར་སྒོས་བྱ་འགུལ་གྱིས་རྣམ་གྲངས་མ་དངུལ་གཏོང་འཇོག་བྱ་བ་ལ་རྒྱབ་སྐྱོར་དང་དྲིལ་བསྒྲགས་བྱས་ནས་ལོ་རེའི་རྣམ་གྲངས་མགྱོགས་མྱུར་གྱིས་འགོ་རྩོམ་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།རྣམ་གྲངས་ཀྱི་སྔོན་མའི་གལ་ཆེའི་དུས་སྐབས་ལ་གཏིང་ཟབ་སྒོས་སྐུལ་འདེད་བཏང་སྟེ་ཁ་གཏད་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།དུས་འགོའི་སྤུས་ཚད་དང་ཟབ་ཚད་མཐོར་འདེགས། ཧུར་ཐག་གིས་ལས་འགོ་འཛུགས་པའི་ཆ་རྐྱེན་དང་རྒྱུ་རྐྱེན་གཙོ་བོ་འགན་སྲུང་དོན་འཁྱོལ་བྱས་ནས་ལས་འགོ་འཛུགས་པར་བརྩོན་ལེན་བྱེད་དགོས།གཏིང་ཟབ་སྒོས་རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམས་སྒྲིག་སྲིད་ཇུས་དང་མ་དངུལ་གཏོང་འཇོག་ལ་ཞིབ་འཇུག་བྱས་ཏེ་མ་དངུལ་ཁ་གྲངས་ལོ་སྔོན་མ་དང་བསྡུར་ན10%ཡར་འཕར་བྱུང་བའི་དམིགས་འབེན་ལ་བརྩོན་ལེན་བྱེད་དགོས་ལ།རྣམ་གྲངས་མང་པོ་རྒྱལ་ཁབ་དང་ཞིང་ཆེན།ཁུལ་གྱི་འཆར་གཞིའི་ནང་བཞག་ནས་མ་དངུལ་གཏོང་འཇོག་གི་སྤྱིའི་ཁ་གྲངས་ཁྱབ་ཆེ་རུ་གཏོང་དགོས།སྔར་ལས་ལྷག་པའི་སྒོ་ནས་གལ་ཆེའི་རྨང་གཞི་སྒྲིག་ཆས་དང་ཐོན་ལས་རྣམ་གྲངས་ཀྱི་འཆར་བཀོད་དཔྱད་ཡིགཐོན་ལས་འཕེལ་རྒྱས་སྲིད་ཇུས་ཀྱི་ཞིབ་འཇུག་ལ་ཤུགས་ཆེར་གཏོང་དགོས།༼ལོ་ལྔའི་འཆར་གཞི་བཅུ་ལྔ༽བའི་རྣམ་གྲངས་ཆེད་དོན་སྒྲིག་བཀོད་བྱ་བ་འགོ་བརྩམས་ཏེ་ཀྲུང་གོའི་གནམ་གྲུ་གཅིག་བསྡུས་སྒོས་གསོག་ཉར་དང་ལྗང་མདོག་ཚུར་བསྡུ་ལྟེ་གནས།ཆུ་རྒྱུད་ནྰ་རྡུལ་གློག་རྫས། ན་གོར་མོའི་ཡོ་རབ་དང་ཨེ་ཤ་ཡའི་ཁྲོམ་ར་ཆེན་པོ་སོགས་ཀྱིས་རང་ཁུལ་གྱི་ཐོན་ལས་འཕེལ་སྟངས་ལ་བཏོན་པའི་ཁྲིད་སྟོན་ནུས་པས་རྣམ་གྲངས་ལག་ལེན་དོན་འཁྱོལ་བྱས་ནས་རྣམ་གྲངས་སྔོན་དུས་བྱ་བ་ལ་འཕེལ་རྒྱས་རང་བཞིན་གྱི་གྲུབ་འབྲས་ལེན་དགོས།

༼བཞི༽མགྱོགས་མྱུར་གྱིས་ཐོན་ལས་བསྒྱུར་བཅོས་ལ་སྐུལ་འདེད་བྱས་ཏེ་ཧུར་ཐག་གིས་ཐོན་ལས་སྤུས་བཟོ་ཅན་གྱི་ལམ་དུ་ཞུགས་པ།གཅིག་ནི་ཆན་ཝ་ཁྲི་སྟོང་རིམ་པའི་ཁུངས་རྒྱུ་གསར་པའི་ཐོན་ལས་ཚོགས་པ་སྟོབས་ཆེར་གཏོང་བ།མཚོ་ནུབ་ཁུལ་རྒྱལ་ཁབ་ཐྰན་མེད་པའི་དྭགས་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཁུལ་འཛུགས་པ་དང་དུང་ཕྱུར་མང་པོའི་གློག་ཤར་སྐྱེལ་བྱེད་པའི་ཐོག་མའི་གྲོས་གཞི་དང་དུ་བླངས་ཏེ།མགྱོགས་མྱུར་གྱིས་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གནས་གཞི་འཛུགས་པའི་གོམ་སྟབས་ལ་སྐུལ་འདེད་བྱས་ནས།དངོས་གནས་ཀྱིས་མཚོ་ནུབ་ཁུལ་ནི་རྒྱལ་ཁབ་རིམ་པའི་ནུས་ཁུངས་གསར་བའི་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་དྭགས་གཙང་འདྲེན་པའི་གནས་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས།གཉིས་ནི་གསར་བྱུང་ཐོན་ལས་གསོ་སྐྱོང་བྱས་ནས་སྟོབས་ཆེར་གཏོང་དགོས་པ།ནུས་ཤུགས་ཡོད་དགུས་ཚྭ་མཚོའི་ཕྱོགས་བསྡུས་ནུས་ཁུངས་གསར་སྤེལ་བྱེད་པ་དང་ནུས་ཁངས་གཙང་མ།ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས།རིག་གནས་ཡུལ་སྐོར་ཐོན་ལས་སོགས༼ཁྱབ་ཁོངས་བཞིའི༽གནས་བབ་ཡག་པོ་དམ་འཛིན་བྱས་ནས།ཚད་རིམ་མཐོན་པོ་འདེམས་པ་དང་ལྗང་མདོག་འཁོར་རྒྱུག་ཐོན་རྫས་ལ་འཕེལ་རྒྱས་གཏོང་བ།མགྱོགས་མྱུར་གྱིས་སྐྱེ་ཁམས་ཐོན་ལས་དཔལ་འབྱོར་ལ་འཕེལ་རྒྱས་བཏང་ནས་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་མཉམ་དུ་སྦྲེལ་དགོས།༼ཁྱབ་ཁོངས་བཞིའི༽ཐུན་མིན་གྱི་ཐོན་ཁུངས་ཀྱི་ཆ་རྐྱེན་ལེགས་པོ་ལ་དམིགས་ནས་ཐོན་ཁུངས་བཀོད་སྒྲིག་ཐེངས་གཉིས་པའི་རྐྱེན་སྲོལ་འཛུགས་པ་བརྒྱུད་དེ་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྲིག་མངོན་འགྱུར་དང་ཐོན་ཁུངས་སྣ་འཛོམས་བཀོལ་སྤྱོད་ཀྱི་ཚད་རིམ་མཐོར་འདེགས་སུ་གཏོང་དགོས།རྣམ་གྲངས་འཛུགས་སྐྲུན་གྱིས་སྐུལ་འདེད་བྱེད་པའི༼སྟོང་ལྔ་ཅན༽གྱི་ཁྱུ་ཚོགས་རྣམ་པ་མངོན་འགྱུར་བྱེད་པར་ཡང་སྐུལ་འདེད་བྱས་ཏེ།མཐུན་སྦྱོར་བྱེད་ཐབས་ལ་གསར་གཏོད་དང་།ཤུགས་ཡོད་ཀྱིས་ལིས་ཐོན་རྫས་ཀྱི་ཐོན་ལས་རྟེན་གཞི་དང་ནུས་ཁུངས་གཙང་བའི་རྟེན་གཞི།ལྕགས་རིགས་རྨེ་དང་དེའི་མཉམ་བསྲེས་ལྕགས་རིགས་རྒྱུ་ཆའི་ཐོན་ལས་རྟེན་གཞི། མཐོ་སྒང་གི་ཁྱད་ཆོད་ལྡན་པའི་སྐྱེ་དངོས་ཐོན་ལས་རྟེན་གཞི།མཚོ་བོད་མཐོ་སྒང་གི་སྣུམ་རླངས་བཟོ་ལས་རྟེན་གཞི་སོགས་འཛུགས་དགོས།ཚན་རྩལ་གསར་གཏོད་དང་བཟོ་ལས་ལས་རྩལ་ནང་འདྲེན་བཀོལ་བྱེད་པ་རྒྱབ་བརྟེན་བྱས་ཏེ་གནས་བབ་ལེགས་པའི་ཐོན་ལས་ཀྱི་འཁོར་རྒྱུག་དང་གཞི་ཁྱོན་ཅན་དུ་བསྒྱུར་བ།ཁྱུ་ཚོགས་རང་བཞིན་གྱི་ཕྱོགས་ལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ནས་ཐོན་ལས་སྒྲིག་གཞི་ལ་བསྒྱུར་བཅོས་དང་རང་སྟོབས་གོང་འཕེལ་གཏོང་བ།ཁེ་ལས་འཕེལ་རྒྱས་ཀྱི་སྟངས་བསྒྱུར་པ་མངོན་འགྱུར་བྱེད་དགོས།གསུམ་ནི་ཐོན་ལས་གསུམ་པ་མགྱོགས་མྱུར་གྱིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ།ཐོན་ལས་གསུམ་པའི་བཀོད་འདོམས་པུའུ་ཡི་སྤྱི་འདོམས་མཐུན་སྦྱོར་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་མགྱོགས་མྱུར་གྱིས་ཐོན་ལས་གསུམ་པའི་འཕེལ་རྒྱས་དང་སྡེ་ཁག་གི་བསྡོམས་རྩིས་བྱ་བ་མཉམ་དུ་སྦྲེལ་ནས།ཞིབ་འཇུག་བྱེད་ཐབས་དང་རྣམ་པ་ལ་ཞིབ་འཇུག་བྱས་ཏེ་ངེས་པ་དོན་གྱིས་༼དོན་ཐོག་ཏུ་འབབ་པ།གཅིག་གྱུར་ཐོག་འབབ་པ༽ཞེས་པ་ཞིག་བསྒྲུབ་དགོས།བསྡོམས་རྩིས་གཞི་གྲངས་ཀྱིས་དངོས་གནས་རང་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པར་མངོན་ཏེ་ཐོན་ལས་གསུམ་པའི་ལོ་ཡོངས་ཀྱི་ལས་འགན་དམིགས་འབེན་འགྲུབ་པར་ཁག་ཐེག་བྱེད་དགོས།དུས་མཉམ་དུ་ཚོང་དོན་འགྲོ་རྒྱུག་དང་ཞག་སྡོད་བཟའ་བཏུང་སོགས་སྲོལ་རྒྱུན་ཞབས་ཕྱི་གཙོ་གནད་དུ་བཟུང་ནས་བསྒྱུར་བཀོད་དང་མཐོར་འདེགས་སུ་གཏོང་བ།སྔོན་འདོན་དང་ཞབས་ཕྱིའི་རིགས་ཀྱི་ཡོང་འབབ་ནི་ཞབས་ཕྱིའི་ལས་རིགས་ཀྱི་འགོ་རྩོམ་ས་ཞིག་ཏུ་བཟུང་ནས་དངོས་གསོག་མཛོད་ཁང་དང་དངུལ་རྩའི་ཞབས་ཕྱི།ཚན་རྩལ་ཞབས་ཕྱི། ས་གཤིས་རྩད་ཞིབ་སོགས་ཐོན་ལས་རང་བཞིན་གྱི་ཞབས་ཕྱི་ལས་རིགས་ལ་སྐུལ་མ་གཏོང་བ།རིག་གནས་ཡུལ་སྐོར་དང་སྡེ་ཁུལ་ཞབས་ཕྱི་སོགས་ཀྱི་འཚོ་བ་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཞིབ་ཚགས་འཕེལ་རྒྱས་སུ་གཏོང་དགོས་ལ།རིམ་བཞིན་ཞབས་ཕྱིའི་ནང་ཁུལ་ན་གནས་པའི་གནད་དོན་དག་སེལ་དགོས།

༼ལྔ༽སྐྱེ་ཁམས་མཐོར་འདེགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས་མགྱོགས་མྱུར་གྱིས་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།མུ་མཐུད་དུ་རི་ཆུ་ནགས་གསུམ་གྱི་དུས་སྔོན་མའི་འབྲེལ་ཡོད་འགྲོ་ལུགས་བྱ་བར་སྐུལ་འདེད་བྱས་ནས་རྣམ་གྲངས་ཡོངས་ལ་ཞིབ་ཀྱིས་རྗེས་འདེད་བྱས་ཏེ་སྐབས་ཐོག་ཏུ་གནད་དོན་དག་ཐག་གཅོད་བྱེད་དགོས།ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱ་བ་སྤེལ་ནས་ས་གནས་སོ་སོའི་བྱ་བའི་གནད་དོན་ཁ་གསབ་ལ་སྐུལ་འདེད་དང་།ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱེད་དགོས།གྲོང་ཁྱེར་གྱི་རྡུལ་ལངས་སྦགས་བཙོག་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ་ཉེན་ཁ་ཆེ་བའི་ཕན་མེད་དངོས་པོའི་ལྟ་སྐུལ་ལ་ཤུགས་སྣོན་དང་།ཚན་རིག་གིས་ཕན་མེད་དངོས་པོའི་བཀོད་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།གཅིག་གྱུར་གྱིས་ཁུལ་ཡོངས་ཀྱི་ཞིང་སྡེ་ཕྱོགས་བསྡུས་ཁོར་ཡུག་བཅོས་སྐྱོང་བཟོ་གྲྭའི་མཐོར་འདེགས་ལ་སྐུལ་འདེད་བྱས་ནས།སྤྱི་ཚོགས་ཡོངས་སུ་མགྱོགས་མྱུར་གྱིས་ཐོན་ལས་བྱེད་ཐབས་ལྷད་མེད་ཅན་དུ་བསྒྱུར་བ་དང་།ལྷད་མེད་ཐོན་ལས་ཀྱི་འདུ་ཤེས་འཛིན་སྟངས་ལ་སྐུལ་ནས།དམིགས་བསལ་གྱིས་སྔོན་ལ་ནུས་ཁུངས་གྲོན་ཆུང་དང་ཆུ་གྲོན་ཆུང་། རྒྱུ་ཆ་གྲོན་ཆུང་།ཐོན་རྫས།ཞབས་ཕྱི་སོགས་ཀྱི་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པར་སྐུལ་མ་བཏང་སྟེ་སྤྱི་ཚོགས་དང་དམངས་ཁྲོད་མ་རྩའི་འཕེལ་རྒྱས་ལ་ལྷད་མེད་ཁོར་སྲུང་ཐོན་ལས་ཕྱོགས་ལ་སྣེ་ཁྲིད་བྱེད་དགོས།

༼དྲུག༽མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ།ཁྱོན་ཡོངས་སུ་འཕེལ་རྒྱས་ཀྱི་འགུལ་ཚུལ་ནུས་རྩལ་ཆེ་རུ་གཏོང་དགོས། གཅིག་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས།༼གསུམ་དོར་གཅིག་གཅོག་གཅིག་གསབ༽ནི་ལས་འགན་གཙོ་བོ་བརྩིས་ནས་གཏིང་ཟབ་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་གྱིས་བཏོན་པའི་གལ་ཆེའི་སྲིད་ཇུས་ཐབས་ཇུས་ལག་ལེན་དོན་འཁྱོལ་བྱས་ཏེ།ཁེ་ལས་ཀྱིས་སྤུས་ཀ་ཚད་ལྡན་གྱི་འདུ་ཤེས་ཤིག་ཆགས་སུ་འཇུག་དགོས་ལ་ཚོང་རྟགས་འཛུགས་སྐྲུན་ཤུགས་སྣོན་བྱས་ནས་འགྲན་རྩོད་ནུས་ཤུགས་ཤུགས་ཆེར་གཏོང་དགོས།ཐོན་ནུས་ཕྱོགས་ནས་རྗེས་ལུས་ཀྱི་ཐོན་ནུས་འདོར་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དབྱེ་ཞིབ་གཟབ་ནན།༼བེམ་རོ༽ལྟ་བུའི་ཁེ་ལས་གཙང་སེལ་བྱས་ཏེ་ལས་འགོ་ཚུགས་ཟིན་པ་དང་འཛུགས་སྐྲུན་བྱས་ཀྱང་རྒྱུན་རིང་ལ་ཁེ་ཕན་ཡོང་མེད་པའི༼རྗེས་ལུས༽རྣམ་གྲངས་ལ་དམིགས་ནས།ནུས་པ་གསར་པ་སྐྱེད་སྲེང་བྱེད་དགོས། མཛོད་ཉེར་འདོར་བའི་ཕྱོགས་ནས་མཛོད་ཉེར་འདོར་བ་དང་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་ཟུང་འབྲེལ་དམ་ཚགས་བྱས་ཏེ།ཁང་རྙིང་བཅོས་བསྒྱུར་རྒྱ་སྐྱེད་གཏོང་བ་དང་སྡོད་ཁང་དངུལ་ལོར་ཅན་དུ་བཀོད་སྒྲིག་བྱེད་པའི་གཞི་ཁྱོན་འགན་སྲུང་བྱེད་པ་དང་།ཚོང་ལས་ཅན་གྱི་ཁང་པའི་སྤྱོད་ཤུགས་ཆེ་རུ་གཏོང་དགོས། རྡོལ་སོལ་དང་ཨར་འདམ། ཅ་ལུད།ལྷད་མེད་བུལ་སོགས་ཀྱི་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་དེ་བཟོ་ལས་ཐོན་རྫས་ཀྱི་མཛོད་ཉེར་འདོར་བ་ལ་ཤུགས་སྣོན་བྱེད་དགོས།བཀན་ཤིང་འདོར་བའི་ཕྱོགས་ནས་དམར་ཐིག་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཞིང་ཕྱུགས་མི་དམངས་ཀྱི་ཡོང་འཕར་མི་འགྱུར་བ་དང་གཏན་འཇགས་ལ་གནད་དོན་མི་བྱུང་བའི་མ་མཐའི་གཞི་ཐིག་འདི་གཉིས་སྲུང་སྟེ།ཞིང་ཕྱུགས་མི་དམངས་ཀྱི་ཡོང་འཕར་འབྱོར་ཕྱུག་ནི་གཞི་རྩར་འཛིན་པར་སྐུལ་འདེད་བྱེད་དགོས།མ་རྩ་གཅོག་པའི་ཕྱོགས་ནས་ཁྱོན་ཡོངས་སུ་དཔྱ་ཁྲལ་ཇེ་ཡང་དང་མེད་པར་བཟོ་བའི་སྲིད་ཇུས་ཐབས་ཇུས་དོན་འཁྱོལ་བྱས་ཏེ།ཁེ་ལས་ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོས་རོགས་སྐྱོར་བྱེད་པའི་ཐབས་ཇུས་དེ་སྙོམས་སྒྲིག་དོན་འཁྱོལ་བྱས་ནས།ཁེ་ལས་ཀྱི་རྒྱུ་ནོར་དངུལ་འཛིན་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས་ཏེ་གོ་རིམ་ཡོད་པའི་སྒོ་ནས་ཚོང་ར་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་དགོས།ཞན་ཆ་ཁ་གསབ་ཀྱི་ཕྱོགས་ནས་བཅོས་བསྒྱུར་གསར་སྐྲུན་ནུས་པ་མཐོར་འདེགས་དང་རྨང་གཞི་སྒྲིག་ཆས་འཐུས་ཚང་།ཁོར་ཡུག་བཅོས་སྐྱོང་ཞན་ཆ་སོགས༼ཕྱོགས་བཅུའི༽གནད་དོན་ལ་དམིགས་ཏེ་ཞན་ཆ་ཁ་གསབ་འཕེལ་རྒྱས་སུ་གཏོང་དགོས།གཉིས་ནི་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་ཤུགས་སྣོན་བྱེད་དགོས།ནུས་ཤུགས་ཡོད་དགུས་སྲིད་གཞུང་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ཏེ་སྲིད་གཞུང་གི་ལམ་ལུགས་བཀོད་སྒྲིག་དང་ལས་གནས་བཀོད་སྒྲིག་ལ་ལེགས་སྒྲིག་བྱེད་དགོས།མུ་མཐུད་དུ་སྲིད་འཛིན་དོ་དམ་ལམ་ལུགས་བཅོས་བསྒྱུར་ལ་ཤུགས་སྣོན་བྱས་ནས༼གློད་སྡོམ་ཞབས་ཕྱི༽བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།མུ་མཐུད་དུ་སྲིད་འཛིན་ཞིབ་བཤེར་གྱི་ཆོག་མཆན་དོན་ཚན་འགན་ལེན་དང་མེད་པར་བཟོ་བ།གཤམ་གཏོང་། མཐུན་སྦྱོར་བྱ་བ་ལེགས་པོར་བསྒྲུབ་དགོས།ད་དུང་སྲིད་དོན་ཞབས་ཕྱིའི་དོན་ཚན་ལ་སྙོམས་སྒྲིག་དང་ཆེད་དུ་དོ་དམ་བྱས་ཏེ་༼སྲིད་འཕྲི་དམངས་ཕན༽གྱི་ཆེད་དོན་བྱ་འགུལ་སྤེལ་དགོས།མུ་མཐུད་དུ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་ཚོང་དོན་ལམ་ལུགས།འཕྲོད་བསྟེན་སྨན་རིགས་སོགས་གལ་ཆེའི་བཅོས་བསྒྱུར་ལ་གཏིང་ཟབ་སྤེལ་ནས།མ་དངུལ་འཇོག་བསྡུ་དང་ནོར་སྲིད་དཔྱ་ཁྲལ་ལམ་ལུགས། ཐོན་ལས་རིམ་འཕར་བསྒྱུར་བ། གསར་གཏོད་སྐུལ་གཏོང་སོགས་གལ་ཆེའི་སྣེ་ཁྲིད་ནུས་པ་ལྡན་པ་བཅོས་བསྒྱུར་ཐབས་ཇུས་ལ་ཤུགས་སྣོན་བྱེད་དགོས།གསུམ་ནི་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་པར་སྐུལ་འདེད་བྱེད་དགོས།གཙོ་བོ་སྲིད་དོན་དང་ཚོང་དོན། སྤྱི་ཚོགས།ཁྲིམས་འཛིན་ཡིད་རྟོན་སོགས་ཀྱི་ཕྱོགས་བཞིའི་ཁྱབ་ཁོངས་ཀྱི་ཡིད་རྟོན་འཛུགས་སྐྲུན་དང་ཕྱོགས་དེ་གའི་ཡིད་རྟོན་མེད་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱ་བ་བསྒྲུབ་སྟེ།ཡིད་རྟོན་སླར་གསོ་དང་མིང་ཐོ་ནག་པོ་ནང་འཇུག་པ་ཕྱིར་འཐེན་ལམ་སྲོལ་འཐུས་ཚང་དུ་བཏང་ནས།མུ་མཐུད་དུ་ཆད་གཅོད་བསླབ་ཁྲིམས་རྒྱ་ཆེ་རུ་བཞག་ཏེ་ཡིད་རྟོན་མེད་པའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་བསྐོར་ནས་འོས་འཚམ་གྱི་ཆད་གཅོད་བསླབ་འདོམས་ཀྱི་སྤྱི་ཚོགས་ཕན་འབྲས་འདོན་སྤེལ་ལ་སྐུལ་འདེད་བྱེད་དགོས།བཞི་ནི་གཏིང་ཟབ་ཀྱིས་དམག་དམངས་མཉམ་བསྲེས་ཀྱི་འཕེལ་རྒྱས་ཐབས་ཇུས་དོན་འཁྱོལ་བྱེད་དགོས།༼དཔལ་འབྱོར་དང་དམག་གྲབས་མཉམ་སྤྱོད། རྒྱུན་ལྡན་དང་དམག་འཁྲུག་མཉམ་སྦྲེལ། དམག་མཁོ་དང་དམངས་སྤྱོད་གཞི་གཅིག༽ཅན་གྱི་རྩ་དོན་ལྟར།གང་ལེགས་ཀྱིས་དམག་དམངས་མཉམ་བསྲེས་ཀྱིས་རྣམ་གྲངས་མཛོད་འཕེལ་རྒྱས་སུ་བཏང་ནས་རྣམ་གྲངས་ཆེ་བ་བརྩོན་ལེན་དང་གསར་སྐྲུན།གསོག་འཇོག་གི་ནུས་པ་ལ་ཤུགས་སྣོན་བྱེད་དགོས།དམག་དཔུང་གི་འཐབ་ཇུས་གཡུལ་འགྱེད་དང་གལ་ཆེའི་དམག་དོན་སྒྲིག་ཆས་གྲ་སྒྲིག་གི་དགོས་མཁོ་ལ་དམིགས་ཏེ།གཞུང་ལམ་དང་གནང་གྲུ་ཐང་།ལྕགས་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་གཙོ་བོར་བཟུང་ནས་དམག་དམངས་མཉམ་བསྲེས་དང་གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན།དམངས་ཚིས་ཀྱི་ལེགས་བསྒྱུར་ཟུང་འབྲེལ་ལ་སྐུལ་འདེད་བྱས་ཏེ་དམག་དཔུང་དང་ས་གནས་ཀྱི་ཕྱོགས་བསྡུས་འགན་སྲུང་གི་ནུས་ལྡན་སྡེབ་སྒྲིག་མངོན་འགྱུར་བྱེད་དགོས།

༼བདུན༽ཞིང་སྡེ་དར་སྤེལ་གྱི་ཐབས་ཇུས་དོན་འཁྱོལ་བྱེད་པར་ཤུགས་བསྣན་ནས་མཁར་གྲོང་མཉམ་བསྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།གཅིག་ནི་ཞིང་ཕྱུགས་ལས་རིགས་དང་ཞིང་ཕྱུགས་ཁུལ་གྱི་དམིགས་བསལ་འཕེལ་རྒྱས་ལ་ཤུགས་བསྣན་ནས།མགྱོགས་མྱུར་གྱིས་དེང་རབས་ཞིང་ལས་ཀྱི་ཐོན་ལས་སྒྲིག་གཞི་དང་ཐོན་སྐྱེད་སྒྲིག་གཞི།ཚོང་གཉེར་སྒྲིག་གཞི་བཙུགས་ཏེ་ཞིང་ལས་རྐྱེན་སྲོལ་ལེགས་པོར་སྙོམས་སྒྲིག་བྱེད་དགོས།ཞིང་ཕྱུགས་ལས་རིགས་ཀྱི་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས་ཞིང་དུད་དང་དེང་རབས་ཞིང་ལས་འཕེལ་རྒྱས་བྱེད་པའི་འབྲེལ་བ་དམ་པོ་བྱེད་པར་དགོས།ཞིང་ཕྱུགས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རིག་གནས་ཆུ་ཚད་ཀྱི་མཐོར་འདེགས།ཞིང་སྡེ་ཁྱུ་ཚོགས་ཁེ་དབང་ལམ་ལུགས་ཀྱི་བཅོས་བསྒྱུར།ཞིང་སྡེའི་སྨན་བཅོས་བསྒྱུར་བཅོས་སོགས་ཀྱི་བྱེ་བྲག་བྱ་བའི་ཕྱོགས་ནས་གལ་ཆེར་སྐུལ་འདེད་བྱས་ནས་ཞིང་སྡེའི་དེང་རབས་ཀྱི་རྣམ་པ་གསར་བ་ཞིག་སྒྲིག་འཛུགས་བྱེད་དགོས།༼མཚོ་ནུབ་ཁུལ་གྱི་ཞིང་སྡེ་དར་སྤེལ་ཐབས་ཇུས་ལག་ལེན་བཀོད་སྒྲིག  2019___2022༽ལག་ལེན་དོན་འཁྱོལ་བྱས་ཏེ་མགྱོགས་མྱུར་གྱིས་ཐོན་ལས་དང་པོ་དང་གཉིས་པ།གསུམ་པའི་མཉམ་བསྲེས་འཆར་འགོད་ལ་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་དགུས་འཆར་འགོད་ཁྲོད་ཀྱི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་དགོས།གཉིས་ནི་རིམ་པ་སོ་སོའི་འཆར་འགོད་གཅིག་གྱུར་བྱས་ནས་ནུས་པ་ཡོད་དགུས༼འཆར་མང་གཅིག་སྒྲིལ༽ལ་སྐུལ་འདེད་བྱས་ཏེ་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་ས་ཆ་བེད་སྤྱོད་འཆར་འགོད་ལ་མཐུད་འབྲེལ་མེད་པར་སྐུལ་འདེད་བྱས་ནས།གྲོང་ཁྱེར་གྱི་ཇུས་འགོད་ལ་ཤུགས་སྣོན་པ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་གོ་གནས་མཐོར་འདེགས་གཏོང་དགོས།མཁར་ཞང་གཅིག་གྱུར་ཆུ་ཚད་མཐོར་འདེགས་གཏོང་བ་དང་ཁྱོན་ཡོངས་སུ་ཞིང་སྡེ་སྡོད་ཁང་།རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལེགས་བསྒྱུར་བྱས་ཏེ་མུ་མཐུད་དུ་གྲོང་ཁྱེར་དོ་དམ་སྤྱི་ཚོགས་ཅན་དང་ཁྲིམས་ལུགས་ཅན།རིག་ནུས་ཅན། ཆེད་ལས་ཅན་གྱི་ཆུ་ཚད་དུ་མཐོར་འདེགས་སུ་གཏོང་དགོས།ཤེས་རིག་གྲོང་ཁྱེར་དང་ཤེས་རིག་གྲོང་ཁྱེར་དོ་དམ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།མཁར་གྲོང་གི་ཁོར་སྲུང་བཅོས་སྐྱོང་ནུས་པ་ལ་ཤུགས་སྣོན་བྱས་ཏེ་གད་སྙིགས་གནོད་མེད་ཅན་དུ་སྒྱུར་ཚད་མཐོ་རུ་བཏང་ནས་མཁར་གྲོང་ཁོར་ཡུག་གི་འདེགས་ཤུགས་ནུས་པ་ཁྱོན་ཡོངས་སུ་མཐོར་འདེགས་བྱེད་དགོས།གསུམ་ནི་མཚོ་སྔོན་ནུབ་རྒྱུད་དུ་གྲོང་ཁྱེར་ཁྱུ་ཚོགས་བཙུགས་ནས་ཆུ་ཚད་མཐོ་བའི་བོད་ཁུལ་ཁྱད་ཆོས་ཀྱི་བཟོ་བཀོད་འཆར་འགོད་བྱས་ཏེ།ཁྱད་ཆོས་ལྡན་པའི་གྲོང་རྡལ་གྱི་སྒྲིག་བཀོད་ཁྲིད་སྟོན་དང་གྲོང་ཁྱེར་ཇུས་འགོད་སྒྲིག་སྲོལ་སོགས་ཀྱི་བྱ་ཐབས་གཏན་འབེབས་བྱས་ནས་གྲོང་ཁྱེར་གྱི་བྱེད་ལས་འཐུས་ཚང་གཏོང་བར་རྒྱུན་འཁྱོངས་བྱེད་དགོས།མྰང་ནེ་གྲོང་ཁྱོར་གྱི་འཛུགས་སྐྲུན་ནུས་པ་ལ་ཤུགས་བསྣན་ནས་ན་གོར་མོའི་རྒྱལ་ཡོངས་འགྲིམ་འགྲུལ་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས།༼ཁུལ་སྲིད་གཞུང་གི་འདུ་ཤེས།གྲོང་ཁྱེར་གྱི་འདུ་ཤེས༽ལ་དམིགས་ནས་མགྱོགས་མྱུར་གྱིས་གཏེར་ལེན་ཁའི་ཁུལ་སྲིད་གཞུང་གིས་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ་ནུབ་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དེ།དར་གོས་ཚོང་ལམ་གྱི་དཔལ་འབྱོར་ལྟེ་བའི་སྟེང་ནས་གལ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་དགོས།མཁར་གྲོང་གི་སྣང་བརྙན་འདུས་པ་དང་ལོ་རྒྱུས་ཀྱི་རྣམ་པ་ལ་སྲུང་སྐྱོབ་བྱས་ཏེ་སྤུས་ཚད་འཛུགས་སྐྲུན་དམ་འཛིན་བྱས་ནས།ཁུ་ལོ་ཁུ་གྲོང་རྡལ་དང་ཚྭ་ཁ་གྲོང་རྡལ་སོགས་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ཆུང་གི༼ཁྱད་མཚར༽དང༼ཉམས་ལྡན༽ལ་གལ་ཆེར་མཐོར་འདེགས་བྱེད་དགོས།མགྱོགས་མྱུར་གྱིས་མཛེས་སྡུག་མཁར་གྲོང་དང་མཐོ་སྒང་གི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་གི་དཔེ་སྟོན་སྡེ་བ་དང་གནས་སྡོད་ལ་འཚམ་པའི་སྡེ་བ་ཁག་ཅིག་འཛུགས་དགོས།

༼བརྒྱད༽གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་གསར་གཏོད་ནུས་པ་སྔོན་འདོན་བྱེད་པར་ཤུགས་སྣོན་དགོས།གསར་གཏོད་དང་བྱ་བཞག་གསར་གཏོད་ནི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གལ་ཆེའི་སྒུལ་ཤུགས་སུ་འཛིན་པར་རྒྱུན་འཁྱོངས་བྱས་ཏེ།ནན་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བླང་བྱའི་ཐབས་ཇུས་ལག་ལེན་དོན་འཁྱོལ་བྱེད་པ་དང་།༼མཁྲེགས་གཏོར་བཟོ་སྐྲུན་གསར་གཏོད༽དང༼གལ་ཆེའི་ཚན་རྩལ་ཐོན་ལས་ཀྱི་རྒྱབ་སྐྱོར་བཟོ་གྲྭ༽དོན་འཁྱོལ་བྱེད་དགོས།མགྱོགས་མྱུར་གྱིས་འཕྲིན་སྦྲེལ་དྲ་བ་དང་དངོས་སྦྲེལ་དྲ་བ། བྱ་བཞག་གསར་གཏོད།སྤྱི་སྤྱོད་ཞབས་ཕྱི། གློག་རྡལ་ཚོང་རིགས།ལྗང་མདོག་སྐྱེ་ཁམས་སོགས་ཀྱི་ལས་རིགས་གཏིང་ཟབ་སྒོས་མཉམ་བསྲེས་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་ནས།གསར་གཏོད་གཙོ་བོར་བྱས་པའི་འདེགས་ཤུགས་སྣེ་ཁྲིད་ཀྱི་དཔལ་འབྱོར་སྒྲིག་གཞི་དང་འཕེལ་རྒྱས་དཔེ་དབྱིབས་སྒྲིག་འཛུགས་བྱེད་དགོས།སྔར་ལས་ལྷག་པའི་སྒོ་ནས་བྱ་བཞག་གསར་གཏོད་ཀྱི་ཞབས་ཕྱི་མ་ལག་དང་ནོར་སྲིད།དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས།མགྱོགས་མྱུར་གྱིས༼རུམ་འགྱུར་དང་གསར་གཏོད་མ་འཇོག༽སོགས་ཀྱི་བྱ་བཞག་གསར་གཏོད་ཀྱི་དཔེ་དབྱིབས་འཛུགས་སྐྲུན་བྱེད་པ་དང་།ནུས་ཤུགས་ཡོད་དགུས༼མང་ཚོགས་ཡོངས་ཀྱིས་ལས་སྐྲུན་པ་དང་མི་དམངས་ཡོངས་ལས་སྐྲུན་ནང་ཞུགས་པའི་བྱ་བཞག་སྐྲུན་པའི༽རྣམ་པ་སྐྲུན་ཏེ།ཚན་རྩལ་གསར་གཏོད་མི་སྣ་དང་སློབ་ཆེན་པ།ཕྱིར་ཡོང་ཞིང་འབྲོག་མི་དམངས་སོགས་ཁྱབ་ཁོངས་སོ་སོའི་ལས་སྐྲུན་པ་གསར་གཏོད་ནང་ཞུགས་པར་སྐུལ་མ་དང་རོགས་སྐྱོར་གནང་དགོས།གཉིས་ནི་ཁྱོན་ཡོངས་སུ་སྒོ་འབྱེད་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།གཏིང་ཟབ་ཀྱིས༼རྒྱུད་གཅིག་ལམ་གཅིག༽གི་འཛུགས་སྐྲུན་ནང་ཞུགས་ནས་ཧུར་ཐག་གིས་ན་གོར་ནས་ཏུན་ཧོང་ཁོའུ་འར་ལུག་གི་ལྕགས་ལམ་བཙུགས་ནས་ཤར་བསྐྱོད་བྱེད་པའི་ཐབས་ཇུས་ཇུས་འགོད་བྱས་ཏེ།ན་གོར་མོ་གྲོང་ཁྱེར་རྒྱལ་ཡོངས་ཕྱོགས་བསྡུས་འགྲིལ་འགྲུལ་ལྟེ་གནས་འཛུགས་སྐྲུན་ལ་བསྟེན་ནས་མགྱོགས་མྱུར་གྱིས་རང་མོས་ཉོ་ཚོང་གི་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་རེ་འདུན་ཞུས་པ་དང་།ན་གོར་མོར་མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ན་གོར་མོའི་ཁྱད་ཆོས་ལྡན་པའི་སྒོ་འབྱེད་གྲོང་ཁྱེར་ཞིག་ཏུ་སྐྲུན་པར་ནུས་པ་འདོན་དགོས།རྒྱལ་སྤྱི་དང་རྒྱལ་ནང་གི་མཉམ་འབྲེལ་ཁུལ་ལ་འཛུགས་སྐྲུན་ཤུགས་སྣོན་བྱས་ཏེ་ཀྲེ་ཅིང་དང་གཏེར་ལེན་ཁའི་ཀྲུང་གོ་དང་བལ་བོའི་ཐོན་ལས་ཁུལ་དང་།མྰང་ནེ་ནས་དང་ཚྭ་འདམ་ཆེ་བའི་དངོས་གསོག་བསྡུ་འགྲེམ་ལྟེ་གནས་འཛུགས་པར་འགོ་རྩོམ་དགོས།རྒྱལ་ཁབ་ཕྱིར་ལ་འགྲོ་བའི་སྲིད་ཇུས་བཏོན་ནས་གཙོ་བོ་ཚྭ་མཚོའི་བཟོ་ལས་དང་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སོགས་ཀྱི་ཐོན་རྫས་རྒྱལ་སྤྱིའི་ཚོང་རའི་ནང་འདྲེན་པར་སྐུལ་འདེད་གཏོང་དགོས་ལ།ཀྲུང་གོ་དང་ཡོ་རབ་དབར་གྱི་དུས་གཏན་མེ་འཁོར་ཐེངས་མང་དུ་ཕྱིན་པ་དང་ཉེ་འཁོར་གྱི་རྒྱལ་ཁབ་རྒྱ་བསྐྱེད་པར་ཤུགས་སྣོན་བྱས་ཏེ་རྒྱལ་སྤྱིའི་ཚོང་རར་ཐོན་རྫས་ཕྱིར་འཚོང་རྒྱ་ཆེ་རུ་གཏོང་དགོས།གསུམ་ནི་ཁ་གཏད་རོགས་སྐྱོར་བྱ་བ་ཤུགས་ཆེར་གཏོང་དགོས།ཁ་གཏད་རོགས་སྐྱོར་གྱི་བྱ་བའི་སྟེགས་བུ་ལ་བསྟུན་ནས་ནུབ་རྒྱུད་དང་ཤར་རྒྱུད་ཀྱི་དབུལ་སྐྱོར་མཉམ་འབྲེལ་དང་།ཁ་གཏད་རོགས་སྐྱོར་ལ་རིམ་འཕར་ཤུགས་སྣོན་བྱས་ཏེ་ཚོང་དང་མ་རྩ་འདྲེན་འགུགས།ཐོན་ལས་རོགས་སྐྱོར། ཤེས་རིག་རོགས་སྐྱོར།དངོས་གསོག་རོགས་སྐྱོར་སོགས་ཕྱོགས་མང་པོ་ལ་ཤུགས་སྣོན་བྱེད་དགོས། 2019ལོའི་ཀྲེ་ཅང་རོགས་སྐྱོར་རྣམ་གྲངས་ཀྱི་སྒྲིག་ཁོངས་འཆར་འགོད་དོན་འཁྱོལ་བྱས་ནས་རོགས་སྐྱོར་མཉམ་སྦྲེལ་དང་སློབ་གསོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ།ལས་ཞུགས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་གལ་ཆེའི་ཁྱབ་ཁོངས་འབུར་ཐོན་བྱས་ནས།རོགས་སྐྱོར་རྣམ་གྲངས་དང་མ་དངུལ་གཞི་རིམ་ཞིང་ཕྱུགས་ཁུལ་ལ་བཏང་ནས་གཞི་རིམ་མང་ཚོགས་ལ་འདི་ཡིས་ཕན་འབྲས་རྒྱུན་རིང་ལ་མྱོང་རོལ་བྱེད་དུ་འཇོག་དགོས།མུ་མཐུད་དུ་མཚོ་ནུབ་ཀྱི་ཞིང་ཕྱུགས་ཐོན་རྫས༼ཞིང་ལས་དངོས་མང་སྟོན་ཚོགས༽སོགས་ཀྱི་ཐོག་ཏུ་སྤེལ་ནས།མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་སྒེའུ་ཁུང་བཙུགས་ཏེ་འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་ཚོང་སྒོ་རྒྱ་བསྐྱེད་དགོས།ཐེངས་བཞི་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་བརྗེ་སྤོར་བྱ་བ་ལེགས་པོར་བསྒྲུབ་སྟེ་མཉམ་ལས་ལ་ཤུགས་སྣོན་བྱས་ནས་འབྲེལ་འདྲེས་དོན་སྙིང་གསར་བ་ཡང་ཁག་ཐེག་བྱེད་དགོས།

༼ དགུ ༽དམངས་ཚིས་ལེགས་བཅོས་བྱེད་པ་གཙོ་གནད་དུ་བཟུང་སྟེ་མི་དམངས་ཀྱི་བློ་ཡིད་ཚིམ་པར་བྱེད་དགོས།གཅིག་ནི་སྤྱི་ཚོགས་ལས་དོན་ཕྱོགས་ནས་ཡིན་ལ།མུ་མཐུད་དུ2019ལོའི་དམངས་ཚིས་དངོས་དོན་བཟོ་བསྐྲུན་ལེགས་པོར་བསྒྲུབ་སྟེ་ནོར་སྲིད་དམངས་ཚིས་འགྲོ་སོང་གི་ཕྱོགས་སུ་བཀོལ་བའི་བསྡུར་ཚད78%སླེབས་པར་ཁག་ཐེག་བྱེད་དགོས།ལས་ཞུགས་གལ་ཆེན་རང་བཞིན་གྱི་འཐབ་ཇུས་མཐའ་འཁྱོལ་བྱེད་པ་དང་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།མཐོ་རིམ་མཐར་ཕྱིན་སློབ་མ་དང་མཁར་གྲོང་གི་དཀའ་ཁག་ཅན་གྱི་ལས་ཞུགས་མི་སྣ་སོགས་གཙོ་གནད་མི་ཚོགས་ལས་ཞུགས་བྱེད་པར་སྐུལ་འདེད་བྱེད་དགོས།ཤེས་རབ་སློབ་གསོའི་སྟེགས་བུ་བཞེངས་བསྐྲུན་བྱས་ཏེ་ཨང་ཀའི་སློབ་གསོའི་ཐོན་ཁུངས་དང་སྤྱི་བའི་ཞབས་ཕྱིའི་མ་ལག་འཛུགས་དགོས།མཚོ་ནུབ་ཁུལ་གྱི་མཐོ་རིམ་སློབ་འབྲིང་འཛུགས་པའི་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱས་ནས་སློབ་གྲྭ་གཅིག་ལ་འཆར་འགོད་ལག་དེབ་རེ་དགོས་པའི་རྣམ་པ་ཆགས་སུ་འཇུག་དགོས།རྫོང་ཁྱབ་ཁོངས་ཀྱི་ཐུན་མོང་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བྱས་ནས་མུ་མཐུད་དུ་ནད་རིགས་ལྟར་སྨན་རིན་སྟེར་བ་གཙོ་བོ་ཡིན་པའི་སྣ་མང་མཉམ་འདུས་ཀྱི་རིན་སྤྲོད་བྱེད་སྟངས་གཏིང་ཟབ་ཏུ་སྤེལ་དགོས་ཤིང་།ཁྱོན་ཡོངས་ནས་ཁྱིམ་ཚང་གན་རྒྱ་སྨན་པའི་ཞབས་ཕྱིའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།གཞི་རྩའི་སྤྱི་བའི་རིག་གནས་ཞབས་ཕྱིའི་ཚད་གཞི་ཅན་དང་ཆ་སྙོམས་ཅན་འཛུགས་བསྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བྱས་ནས།ཏན་ཏིག་གིས་ཁུ་ནུ་ཆེ་བའི་དངོས་མང་བཤམས་སྟོན་ཁང་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཕྱི་ལྟེ་གནས།རྫོང་རིམ་པའི་སྤྱི་དམངས་ལུས་སྦྱོང་ལྟེ་གནས་སོགས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་བསྐྲུན་བྱ་བར་སྐུལ་འདེད་བྱེད་དགོས་ཤིང་།གཙོ་བོར་དབུས་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་རྒྱང་སྒྲོག་བརྙན་འཕྲིན་གྱི་མཐོ་སྟེགས་གསུམ་གྱི་རྣམ་གྲངས་འཛུགས་ལག་བསྟར་བྱེད་དགོས།མུ་མཐུད་དུ་སྡེ་བ་དོན་གཅིག་གི་ཕྱོགས་བསྡུས་རིག་གནས་ཞབས་ཕྱིའི་ལྟེ་གནས་ཀྱི་སྐོར་ཐེངས་གཉིས་པའི་རྒྱང་སྒྲོག་སྒྲིག་ཆས་བཀོད་སྒྲིག་དང་ཉོ་སྒྲུབ་ཀྱི་རྣམ་གྲངས་འཛུགས་བསྐྲུན་ལག་བསྟར་བྱེད་དགོས།ཧུར་ཐག་གིས་ཆུ་ཁོལ་གནའ་བོའི་བང་སོ་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང་དུ་འདེམས་པའི་སྙན་ཞུའི་བྱ་བ་བསྒྲུབ་པ་བརྒྱུད་ནས་རྒྱལ་ཁབ་རིག་དངོས་ཅུའུ་ཡིས་མཚོ་ནུབ་ཏུ་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་རྟེན་གཞི་འཛུགས་པར་བརྩོན་ལེན་བྱེད་དགོས།ཁྱོན་ཡོངས་ནས་སྤུས་ལེགས་འཛད་སྤྱོད་གཏིང་ཟབ་ཏུ་སྤེལ་ནས་ཧུར་ཐག་གིས་སེམས་བདེ་འཛད་སྤྱོད་དཔེ་སྟོན་ཚོད་ལྟ་ཁུལ་དང་འཛད་སྤྱོད་ཁོར་ཡུག་དཔེ་ལེགས་གྲོང་ཁྱེར་གྱི་གསར་བསྐྲུན་དཔེ་དབྱིབས་འཚོལ་ཞིབ་བྱེད་དགོས་ཤིང་།ལྟ་སྐུལ་དང་དོ་དམ་ཕན་ནུས་མཐོར་འདེགས་སུ་བཏང་ནས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་དང་འབྲེལ་བ་ཡོད་པའི་ཚོང་རའི་ཆེད་དོན་བཅོས་སྐྱོང་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནས།རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་འཚོ་བར་སྲ་བརྟན་གྱི་རྨང་གཞི་བསྐྲུན་དགོས།གཉིས་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་ཡིན།སྔ་མོ་ནས་ཁྲིན་ཏུའུ་ནས་ན་གོར་མོ།ཏུན་ཧོང་བར་གྱི་ལྕགས་ལམ་དང་། ན་གོར་མོ་ནས་ཞིན་ཅང་ཁོའུ་ཨར་ལིག་བར་གྱི་ལྕགས་ལམ་འཛུགས་བསྐྲུན་བྱེད་པར་བརྩོན་ལེན་བྱེད་དགོས།ན་གོར་མོ་མེ་འཁོར་འབབ་ཚིགས་སྔོན་གྱི་ཐང་ཆེན་དང་གྲོང་ཁྱེར་སྲིད་གཞུང་གི་རྨང་གཞིའི་སྒྲིག་བཀོད།ཟི་པའེ་ནས་ཚྭ་ཨར་ཧན།ཐེམ་ཆེན་ནས་ཚྭ་ཧན་ནཱའོ།  གཏེར་ལེན་ཁ་ནས་མཚོ་ནག་དང་སུའུ་པའེ།ན་གོར་མོ་ནས་མང་ནཱེ་བར་གྱི་གཞུང་ལམ།དེར་མ་ཟད་གཏེར་ལམ་རྫོང་དང་ཐེམ་ཆེན་རྫོང་། དབུས་ལམ་རྫོང་།  ཚྭ་འདམ་ཆེ་བའི་ཆུ་ཐོག་ཡ་ཏན་གནམ་གྲུ་ཐང་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་དགོས།  མུ་མཐུད་དུ་ཞིང་སའི་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་ཞིང་ཆུ་གཏོང་བའི་འདེབས་འཛུགས་རྒྱ་ཁྱོན་སུ་མུའུ་ཁྲི་བརྒྱད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཡོད།མུ་མཐུད་དུ་གྲོང་ཁྱེར་གཉིས་དང་རྫོང་གསུམ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ཏེ།མི་ཁྲི1.5ཡི་འཐུང་ཆུའི་བདེ་འཇགས་ཇེ་ལེགས་སུ་གཏོང་དགོས།གཏེར་ལེན་ཁ་གྲོང་ཁྱེར་པཱ་ལི་ཀུན་གཙང་བོའི་ཕྱོགས་བསྡུས་བཅོས་སྐྱོང་དང་ན་གོར་མོ་གྲོང་ཁྱེར་ཆིན་ཧྲིས་གཙང་བོའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཆུ་ལམ་བཅོས་སྐྱོང་དང་ཆུ་ལོག་སྔོན་འགོག་གི་བཟོ་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་བྱེད་དགོས།གསུམ་ནི་དངོས་གོང་གཏན་འཇགས་དང་ཚོད་འཛིན་གྱི་ཕྱོགས་ཡིན།ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་བྱ་བ་ལེགས་པོར་བསྒྲུབ་སྟེ་ཚོང་ཁང་དག་གི་ཚོང་རྫས་ཕྱིར་འཚོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཤིང་།ཚོང་རྫས་གལ་ཆེན་གྱི་གསོག་འཇོག་ལ་ཤུགས་བརྒྱབ་སྟེ་ཚོང་རའི་རིན་གོང་གི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་པ་དང་།གལ་ཆེའི་དུས་རིམ་གྱི་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཤུགས་དྲག་ཏུ་བཏང་སྟེ་སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི།དངོས་ཟོག་རིན་གོང་ཡར་འཕར་བའི་བར་གྱི་འབྲེལ་མཐུད་མཉམ་འགུལ་ལམ་སྲོལ་ལག་བསྟར་གང་ལེགས་བྱེད་དགོས།བཞི་ནི་འབྲུ་རིགས་བདེ་འཇགས་ཀྱི་བྱ་བའི་ཕྱོགས་ཡིན།འབྲུ་རིགས་བདེ་འཇགས་ཀྱི་འགན་འཁུར་ལམ་སྲོལ་ལག་ལེན་དངོས་འབེབས་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་མ་ལག་བསྐྲུན་ཏེ།འབྲུ་རིགས་མཁོ་བསྟུན་གྲ་སྒྲིག་འཆར་གཞི་དང་འབྲུ་རིགས་མཁོ་བསྟུན་མཁོ་སྤྲོད་དྲ་བའི་ས་ཚིགས་འཐུས་ཚང་དུ་བཏང་སྟེ།འཕྲལ་བསྟུན་བྱ་བའི་ལམ་སྲོལ་དང་རྫོང་རིམ་པའི་ལས་སྣོན་འབྲུ་རིགས་གསོག་འཇོག་བྱེད་ཚད་འཐུས་ཇེ་ཚང་དང་སྤུས་ལེགས་འབྲུ་རིགས་བཟོ་བསྐྲུན་རྣམ་གྲངས་ལག་བསྟར་བྱེད་པར་ཤུགས་རྒྱག་དགོས།

འཐུས་མི་རྣམ་པ།2019ལོའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་རྩིས་དམིགས་འབེན་ལེགས་འགྲུབ་བྱེད་པའི་འགན་འཁྲི་ཤིན་ཏུ་ལྕི་བས།ང་ཚོས་ཁུལ་ཨུས་བློ་བརྟན་འགྱུར་མེད་ཀྱི་སྣེ་ཁྲིད་དང་།ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་དང་མཛུབ་སྟོན་འོགནན་ཏན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ།འཕེལ་རྒྱས་མདུན་སྐྱོད་ཀྱི་སྙིང་སྟོབས་དང་གསར་གཏོད་བདེན་འཛིན་གྱི་བྱ་བའི་རྣམ་འགྱུར།ཕན་ནུས་གང་ལེགས་ལྡན་པའི་བྱ་བའི་གྲུབ་འབྲས་ཀྱིས་ཁྱོན་ཡོངས་ནས་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་འཛུགས་བསྐྲུན་བྱེད་པའི་བགྲོད་ལམ་གསར་བར་བསྐྱོད་དགོས།

གོང་མ།:མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།

ཞོལ་མ།:༢༠༡༨ལོའི་མཚོ་ནུབ་ཁུལ་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང༢༠༡༩ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235