མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2019-03-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

2019ལོའི་ཟླ2པའི་ཚེས27ཉིན་ལ་ཁུལ་གྱི་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པའི་སྟེང་།

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།   ཀུའུ་ཧྲོའུ་ཞན་ནས།

འཐུས་མི་རྣམ་པ།

ངས་མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་འབུལ་རྒྱུན་ཡིན་པས། གྲོས་ཞིབ་བྱེད་པར་མ་ཟད།  སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་རྣམ་པས་བསམ་འཆར་འདོན་པར་འཚལ།

2018ལོར།  མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་དང་།  དམངས་ཆེན་གྱི་ཁྲིམས་ལྟར་ལྟ་སྐུལ་དང་གོང་རིམ་ཁྲིམས་ཁང་གི་ནུས་ལྡན་མཛུབ་ཁྲིད་འོག   ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་སློབ་སྦྱོང་ནན་མོ་དང་དོན་འཁྱོལ་མཐིལ་ཕྱིན་བྱས་ཏེ།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཇུས་གཞི་ལ་རྒྱུན་འཁྱོངས་དང་དོན་འཁྱོལ།  དམངས་ཆེད་ཁྲིམས་འཛིན་དང་དྲང་བདེན་གྱིས་ཁྲིམས་འཛིན་བཅས་རྒྱུན་བསྐྱངས་ཤིང་།  རྣམ་དག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བསྩལ་བའི་འགན་འཁྲི་ལག་བསྟར་བྱས་ཏེ།  འབྱོར་ཕྱུག་དང་ཤེས་དཔལ།   འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ནུས་ལྡན་གྱི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱས།  མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་རིགས་སོ་སོའི་གྱོད་གཞི1477བདག་སྤྲོད་བྱས་ཤིང་།གྱོད་གཞི1118ཀྱི་ཞིབ་གཅོད་མཇུག་སྒྲིལ།  དུས་མཚུངས་ལས་སོ་སོ14.23དང0.27འཕར་བ་དང་།  ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་སོ་སོའི་གྱོད་གཞི12838བདག་སྤྲོད་བྱས་ཏེ།  གྱོད་གཞི11111གི་ཞིབ་གཅོད་མཇུག་སྒྲིལ། དུས་མཚུངས་ལས་སོ་སོ2.32དང6.06འཕར་ཡོད།  

 གཅིག   དྲང་བདེན་ཁྲིམས་འཛིན་ལ་གཟབ་ནན་དང་སྟོབས་ཤུགས་ཡོད་རྒུས་བྱ་བའི་སྤྱི་ཁོག་ལ་ཞབས་ཞུ་བསྒྲུབས།

ཁྲིམས་ལྟར་ཉེས་དོན་ཁྲིམས་ཆད་ལ་ཉེས་ཆད་བཅད།   རྒྱལ་ཁབ་སྤྱིའི་བདེ་འཇགས་ཀྱི་ལྟ་བ་དོན་འཁྱོལ་ནན་མོ་དང་།  ཉེས་བསགས་ལ་ཉེས་ཆད་གཅོད་པ་དང་འགྲོ་བ་མིའི་དབང་ཆར་འགན་སྲུང་བྱེད་པ་གནད་དུ་འཛིན་པར་རྒྱུན་འཁྱོངས་དང་།  ནུས་ལྡན་གྱིས་ཉེས་དོན་ཁྲིམས་ཆད་ལ་རྡུང་རྡེག་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱས།  མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིགས་སོ་སོའི་ཉེས་དོན་གྱོད་གཞི142བདག་སྤྲོད་བྱས་ཏེ་གྱོད་གཞི124ཡི་ཞིབ་གཅོད་མཇུག་སྒྲིལ་བ་དང་། དུས་མཚུངས་ལས་སོ་སོ7.75དང12.73འཕར་ཡོད།  ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་སོ་སོའི་ཉེས་དོན་གྱོད་གཞི814 བདག་སྤྲོད་བྱས་ཤིང་།གྱོད་གཞི746གི་ཞིབ་གཅོད་མཇུག་སྒྲིལ།   དུས་མཚུངས་ལས་སོ་སོ1.97དང1.34འཕར་ཡོད།  ཉེས་དོན་ཁྲིམས་ཆད་ལ་གཟབ་ནན་གྱིས་ཉེས་ཆད་བཅད། མཚོ་ནུབ་དང་ཐ་ན་ཞིང་ཆེན་ཡོངས་སུ་ཤུགས་རྐྱེན་ཆེན་མོ་ཐེབས་པའི་ཝང་ག་གེ་མོ་དང་ཞི་ག་གེ་མོ་སོགས་གྱོད་པ18ཀྱིས་དུག་རྫས་བཟོ་བ་དང་སྐྱེལ་འདྲེན།  ལྐོག་བཙོང་།   ཁྲིམས་མིན་དུ་ལྐོག་འཛིན་དང་ཁྲིམས་མིན་དུ་མེ་མདའ་ལྐོག་འཛིན་བྱས་པའི་གྱོད་གཞི་དེའི་ཞིབ་གཅོད་མཇུག་སྒྲིལ། རུལ་རྒོལ་གྱི་ཚ་རླབས་འཕྱུར་བའི་རྣམ་པ་ལ་རྒྱུན་འཁྱོངས་དང་ཁྲིམས་ལྟར་གཞུང་རྒྱུ་ཧམ་ཟ་དང་ལྐོག་ངན་བརྫངས་པ།  འགན་ལྟུང་སོགས་གོ་གནས་ཀྱི་ཉེས་བསགས་གྱོད་གཞི26དང་མི40ལ་འདྲི་ཞིབ་བྱས།  སྤྱི་ཕན་གཏུག་བཤེར་གྱོད་གཞི་ལ་འདྲི་ཞིབ་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ། གཏེར་ལེན་ཁ་གྲོང་ཁྱེར་ཁྲིམས་ཁང་གིས་བདེ་བླག་ངང་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་འབྲེལ་བའི་ཉེས་དོན་གཏུག་བཤེར་ཞོར་དུ་དམངས་དོན་གཏུག་བཤེར་གྱི་གྱོད་གཞི་ཐོག་མ་འདྲི་ཞིབ་བྱས་པ་དང་།  ན་གོར་མོ་གྲོང་ཁྱེར་ཁྲིམས་ཁང་གིས་ཁྲིམས་ལྟར་ཞིང་ཆེན་ཡོངས་ཀྱི་ཁྲིམས་མིན་དུ་གཏེར་སྔོག་གི་ཉེས་དོན་གཏུག་བཤེར་ཞོར་དུ་དམངས་དོན་གཏུག་བཤེར་གྱི་གྱོད་གཞི་ཐོག་མ་འདྲི་ཞིབ་བྱས་ཏེ་ནུས་ལྡན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་མཛད།  

ཞི་དྲག་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ལ་རྒྱུན་འཁྱོངས་དང་། ལག་བསྟར་ཕྱིར་བསྒྱངས་དང་བཙན་ཉར་ལས་བསྐུལ།  རྩིས་སྤྲོད་དོ་དམ་བཅས་ཀྱི་ཉེས་ཆད་བཅད་པའི་ཉེས་མི467དང་ཉེས་དོན་ཆད་པ་མ་བཅད་པ19ཡོད།  ཁྲིམས་ལྟར་ཉེས་ཆད་ཇེ་ཡང་དུ་བཏང་བའི་གྱོད་གཞི113དང་ཉེས་མི113ཡོད། ཧུར་ཐག་སྒོས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཞུགས་ཏེ།  ནུས་ལྡན་གྱིསནག་སེལ་གཤེད་བཅོམ གྱི་ཆེད་དོན་འཐབ་རྩོད་སྤེལ་ཞིང་།  འདྲི་དཔྱོད་དང་མཐུན་སྦྱོར།   འགག་སྒོ་བཅས་གཟབ་ནན་དང་། ཁྲིམས་ལྟར་ནག་ཚོགས་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་བསྒྲུབས་ཏེ།  བརྟན་ཞིང་གནད་ལ་འཁེལ་བ་དང་།   རྣོ་ཤུགས་ལྡན་པའི་ངང་ནས་ནག་ཚོགས་དང་འབྲེལ་བའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་མཛད་ནས། སྤྱི་ཚོགས་བདེ་འཇགས་དང་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱས་ཤིང་།  མང་ཚོགས་ཀྱི་བདེ་འཇགས་གི་ཚོར་སྣང་ཇེ་མཐོ་རུ་བཏང་སྟེ་བདེ་འཇགས་མཚོ་ནུབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཕན་ནུས་ལྡན་པའི་སྒོ་ནས་འགལ་བ་དང་རྩོད་གཞི་སེལ། གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་དང་།  ནུས་ལྡན་གྱིས་དམངས་ཚོང་དོན་གྱི་འདྲི་གཅོད་གཟུ་སྒྲིག་གི་སྤྱི་ཚོགས་འབྲེལ་བའི་ནུས་པ་བཏོན་ཏེ།  ཁྲིམས་ལྟར་འདྲ་མཉམ་སོགས་གཙོ་ཕུང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།  མཚོ་ནུབ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིགས་སོ་སོའི་དམངས་ཚོང་དོན་གྱི་གྱོད་གཞི844བདག་སྤྲོད་བྱས་ཤིང་དུས་མཚུངས་ལས2.68འཕར་ཞིང་། ཞིབ་གཅོད་མཇུག་སྒྲིལ་བ681དང་དུས་མཚུངས་ལས6.07མར་ཆག་ཡོད།   ཁུལ་ཡོངས་ཁྲིམས་ཁང་གིས་རིགས་སོ་སོའི་དམངས་ཚོང་དོན་གྱི་གྱོད་གཞི7644བདག་སྤྲོད་བྱས་ཤིང6807ཞིབ་གཅོད་མཇུག་སྒྲིལ་བ་དང་། དུས་མཚུངས་ལས་སོ་སོ7.05དང1.87འཕར་བ་ཡིན།   དམག་དོན་དང་འབྲེལ་བའི་རིན་དོད་ཡོད་པའི་ཞབས་འདེགས་མཚམས་འཇོག་གྱོད་གཞི25གཟབ་ནན་གྱིས་བསྒྲུབས་ཏེ་རྒྱལ་སྲུང་འཛུགས་སྐྲུན་དང་དམག་དཔུང་བཅོས་བསྒྱུར་བཅས་ཀྱི་སྲུང་སྐྱོང་ལ་ཞབས་ཞུ་བསྒྲུབས།  ཁྲིམས་ལྟར་ཉོ་ཚོང་དང་དངུལ་བུན་གཏོང་ལེན།  བོགས་གཏོང་།  འགན་གཙང་ལེན་སོགས་གན་རྒྱའི་རྩོད་གླེང་གི་གྱོད་གཞི4515ཞིབ་གཅོད་མཇུག་སྒྲིལ་བ་དང་།  གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སོགས་མི་ལུས་གུན་གསབ་གྱོད་གཞི413ཞིབ་གཅོད་མཇུག་སྒྲིལ་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས། འོས་འཚམ་གྱིས་ཁོར་ཡུག་ཐོན་ཁུངས་རིགས་དང་འབྲེལ་བའི་གྱོད་གཞི12འདྲི་ཞིབ་བྱས་ཏེ་སྐྱེ་ཁམས་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབས།   ཁྲིམས་ལྟར་ཁྱིམ་དོན་རྩོད་གླེང་གི་གྱོད་གཞི1161དང་ནར་མ་སོན་པའི་གྱོད་གཞི39བཅས་འདྲི་ཞིབ་བྱས་ཏེ།  སྔར་ལས་འཆམ་མཐུན་དང་བདེ་ཐང་ཡིན་པའི་ཁྱིམ་ཚང་གི་འབྲེལ་བ་དང་སྤྱི་ཚོགས་ཀྱི་འབྲེལ་བ་བཅས་བཟོས།

དུས་སྔོན་ལ་གཟུ་སྒྲིག་པ་དང་གཟུ་སྒྲིག་དང་འདྲི་གཅོད་གཉིས་ཟུང་དུ་སྦྲེལ་བ་བཅས་རྒྱུན་སྐྱོང་སྟེ།   ཧྥུན་ཆའོ་ས་ཆའི་ཉམས་མྱོངལ་སློབ་སྦྱོང་དང་རྒྱུན་བཟུང་ནས།  གཏུག་བཤེར་གཟུ་སྒྲིག་བྱེད་ཚུལ་ཇེ་དྲག་དང་གཟུ་སྒྲིག་བྱེད་ཐབས་གསར་དུ་གཏད་དེ།  གཟུ་སྒྲིག་གི་ཕན་འབྲས་ལ་མཐོང་ཆེན་དང་། སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་ནང་རྐྱེན་འཐུས་ཚང་ཅན་དུ་བཏང་སྟེ་དུས་ཐོག་ཏུ་ཕན་ལྡན་གྱིས་འགལ་བ་དང་རྩོད་གཞི་སེལ་ནས།  སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་དང་།  ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་ཚོང་དོན་གྱི་གྱོད་གཞི3923ལ་འདུམ་སྒྲིག་དང་ཕྱིེར་འཐེན་བྱས་པས།  འདུམ་སྒྲིག་དང་ཕྱིར་འཐེན་བྱེད་ཚད52.31ལ་སླེབས་ཡོད།

སྲིད་འཛིན་རྩོད་གཞི་འོས་འཚམ་གྱིས་ཐག་བཅད། སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞི་འདྲི་ཞིབ་ནན་མོ་དང་གཙོ་བོ་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་ནས། ཁྲིམས་ལྟར་སྲིད་འཛིན་གྱི་རྩོད་གཞི་ཐག་བཅད།  མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་རིགས་སོ་སོའི་སྲིད་འཛིན་གྱོད་གཞི172བདག་སྤྲོད་བྱས་ཤིང་དེའི་ནང་དུ་བཙན་བཤིག་སྲིད་འཛིན་ཁྲིམས་འགལ་བྱ་སྤྱོད་རིགས་གྱི་སྲིད་འཛིན་གྱོད་གཞི108འདུས་པ་དང་། ཞིབ་གཅོད་མཇུག་སྒྲིལ་བའི་གྱོད་གཞི43དང་དུས་མཚུངས་ལས་སོ་སོ391.43དང126.32འཕར་ཡོད།  ཁུལ་ཡོངས་ཁྲིམས་ཁང་གིས་རིགས་སོ་སོའི་སྲིད་འཛིན་གྱོད་གཞི377བདག་སྤྲོད་བྱས་ཤིང་ཞིབ་གཅོད་མཇུག་སྒྲིལ་བ240དང་། དུས་མཚུངས་ལས་སོ་སོ277.00དང228.77འཕར་ཡོད།  ཁྲིམས་ལྟར་ཤན་འབྱེད་པ་དང་མཐུན་སྦྱོར་སེལ་བ་བཅས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་དང་།  སྲིད་འཛིན་རྩོད་གཞི་དེ་དོན་དངོས་སུ་ཐག་གཅོད་པར་སྐུལ་འདེད་བྱས།  སྲིད་འཛིན་སྡེ་ཁག་གི་འགན་འཁྲི་པ་ཁྲིམས་རར་ཞུགས་པའི་ལམ་ལུགས་སྐུལ་བར་རྒྱུན་འཁྱོངས་དང་སྲིད་འཛིན་འདྲི་གཅོད་ཀྱི་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་བྱས།

རང་འགུལ་གྱིས་སྲིད་འཛིན་འདྲི་གཅོད་ཀྱི་འགན་ནུས་རྒྱ་སྐྱེད་དེ་ཁྲིམས་ལྟར་སྲིད་འཛིན་གྱི་བསམ་འཆར་བཏོན་ཞིང་། སྲིད་འཛིན་འདྲི་གཅོད་ལ་ལྟ་སྐུལ་བྱེད་ཚུལ་ཇེ་དྲག་དང་།  ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་དང་འཆམ་མཐུན་ཀྱི་སྲིད་འཛིན་འབྲེལ་བ་བཙུགས་ཏེ།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་དང་།  གཟབ་ནན་གྱིས་རྒྱལ་ཁབ་གུན་གསབ་གྱོད་གཞི5བསྒྲུབས་ནས་ཁྲིམས་ལྟར་སྐྱིན་ཚབ་རྒྱག་པའི་རེ་ཞུ་བའི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་བྱས།

གཉིས།  ལག་བསྟར་བྱ་བ་ཇེ་དྲག་དང་ཁྲིམས་ལྟར་སྲིད་འཛིན་དབང་གྲགས་ལ་སྲུང་སྐྱོང་བྱས།

ལག་བསྟར་བྱ་བ་ཞིབ་ཚགས་ཀྱིས་བཀོད་སྒྲིག་བྱས།   ཏང་ཨུའི་འགོ་ཁྲིད་རྒྱུན་འཁྱོངས་དང་།  ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་ལག་བསྟར་བྱེད་དཀའ་བ་ཕལ་ཆེར་ཐག་གཅོད་དགོས་པའི་བྱ་བའི་དམིགས་འབེན་ལ་དམ་པོར་དམིགས་ཏེ།ཁུལ་ཡོངས་ཁྲིམས་ཁང་གིས་ལག་བསྟར་བྱ་བའི་གྲོས་ཚོགས་བསྡུས་ཤིང་། ཁྱོན་ཡོངས་སུ་ལག་བསྟར་བྱ་བ་བཀོད་སྒྲིག་དང་ལག་བསྟར་བྱ་བའི་དམིགས་འབེན་གསལ་བོར་བསྟན་ནས།       ལག་བསྟར་བྱ་བའི་ཤུགས་ཚད་ཇེ་ཆེ་དང་ནུས་ཤུགས་ཡོད་རྒུས90ཅན་གསུམདང80ཅན་གཅིགགིལག་བསྟར་བྱེད་དཀའ་བ་ཕལ་ཆེར་ཐག་གཅོད་བྱེད་པའིདམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱས། འབྲིང་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཡིས་ལག་བསྟར་བྱ་བའི་ཆེད་དོན་གྲོས་ཚོགས་ཐེངས་གང་མང་བསྡུས་ཏེ། རིམ་བཞིན་འགན་འཁྲི་མནན་ཞིང་ལས་འགན་དོན་ཐོག་ལ་འཁྱོལ་བར་བྱས། ཟླ9བའི་ཚེས6ཉིན་ལ།  ཕྱོགས་གསུམ་པའི་དཔྱད་དཔོག་ཚན་ཆུང་གིས་མཚོ་ནུབ་ཁྲིམས་ཁང་གི་ལག་བསྟར་བྱ་བ་དཔྱད་དཔོག་བྱས་ཚར་བ་དང་དམིགས་ཚད་སོ་སོ་དཔྱད་དཔོག་གི་བླང་བྱའི་ཚད་གཞི་དང་མཐུན།  མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་ལག་བསྟར་གྱོད་གཞི117བདག་སྤྲོད་བྱས་ཤིང་དུས་མཚུངས་ལས4.88མར་ཆག་ཡོད། ལག་བསྟར་ཞིབ་གཅོད་མཇུག་སྒྲིལ་བ88དང་དུས་མཚུངས་ལས7.32འཕར་བ་དང་།  ལག་བསྟར་དམིགས་ཚད་ཀྱི་སྒོར་དུང་ཕྱུར5.36མཇུག་སྒྲིལ།  ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ལག་བསྟར་གྱོད་གཞི3513བདག་སྤྲོད་བྱས་ཤིང་། ལག་བསྟར་མཇུག་སྒྲིལ་བ2894དང་།  དུས་མཚུངས་ལས10.06དང18.12འཕར་ཞིང་།   ལག་བསྟར་དམིགས་ཚད་ཀྱི་སྒོར་དུང་ཕྱུར13.12མཇུག་སྒྲིལ་པ་ཡིན།

ནུས་ཤུགས་ཡོད་རྒུས་ཆེད་དོན་བྱ་འགུལ་སྤེལ།  ལག་བསྟར་བྱེད་དཀའ་བ་ཕལ་ཆེར་ཐག་གཅོད་བྱེད་པརརྒྱལ་ཁ་ཕུ་ཐག་ཆོད་པའི་བྱེད་སྒོའི་ཇུས་གཞི་ལ་དོན་འཁྱོལ་ནན་མོ་དང་།  ཁུལ་ཡོངས་ཁྲིམས་ཁང་གིས་དགུན་དུས་འགག་སྒྲོལ་ལག་བསྟར་བྱེད་པའི་སྤྱོད་ཚུལ་དང2018ལོར་གཅིག་བསྡུས་ཀྱིས་ལག་བསྟར་བྱེད་པའི་ཆེད་དོན་བྱ་འགུལ་བཅས་སྤེལ་བར་བཀོད་སྒྲིག་དང་།   ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ཁང་གི་འགོ་ཁྲིད་འོག་སྣེ་ཁྲིད་ནས་མཚོ་ནུབ་ཀྱི་ལག་བསྟར་བྱེད་དཀའ་བ་ཕལ་ཆེར་ཐག་གཅོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་མཉམ་འབྲེལ་གྲོས་ཚོགས་བསྡུ་བར་རྩ་འཛུགས་བྱས་ཏེ།   ནུས་ལྡན་གྱིས་མཉམ་འབྲེལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས།   མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་ནུས་ཤུགས་ཡོད་རྒུས་ན་གོར་མོ་གྲོང་ཁྱེར་ཁྲིམས་ཁང་ལ་མཛུབ་སྟོན་དང་མཉམ་སྡེབ་ངང་བཙན་ཤེད་ཀྱིས་ལག་བསྟར་རེ་ཞུ་མཁན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག93951དཔུང་སྡེ་དང་ལག་བསྟར་བྱེད་ཡུལ་པ་མཱ་ཀྲུང་ཚུའེ་བར་གྱི་གན་རྒྱའི་རྩོད་གཞི་ལས་ས་ཞིང་ཕྱིར་སྤྲོད་པའི་གྱོད་དོན་དེ་ལ་དམིགས་ཏེ།  ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག།   གཟབ་ནན་གྱིས་ཇུས་གཞི་བཀོད་དེ་ཞིབ་ཚགས་ལྡན་པའི་ངང་ལག་བསྟར་རྩ་འཛུགས་དང་།  སྲིད་ཇུས་དྲིལ་སྒྲོག་ཇེ་དྲག་དང་།   ཉེན་ཁ་ཚོད་འཛིན་ལ་ཤུགས་བསྣན་པ་བཅས་ལས།  འབྲེལ་ཡོད་ཀྱི་ཁྱིམ་ཚང280དང་མི1480།   ས་ཞིང་གི་རྒྱ་ཁྱོན་མུའུ200ལྷག་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི5ལྷག་དང་། དེས་མ་ཟད་འབྲེལ་ཡོད་པ95ཡི་ཡན་གྲངས་ཉུང་མི་རིགས་མང་ཚོགས་ཡིན་པའིདམག་དོན་དང་འབྲེལ་བའི་རིན་དོད་ཡོད་པའི་ཞབས་འདེགས་མཚམས་འཇོག་པའིགྱོད་གཞི་དེ་བརྟན་འཇགས་དང་བདེ་བླག་ངང་མཇུག་སྒྲིལ་ཏེ་ཁྲིམས་འཛིན་གྱི་དབང་གྲགས་མངོན་ཞིང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་དང་།   ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་དང་དེ་མིན་དཔུང་སྡེའི་འགོ་ཁྲིད་བཅས་ཀྱི་ཁས་ལེན་ཐོབ་པས།  དམག་དོན་དང་འབྲེལ་བའི་རིན་དོད་ཡོད་པའི་ཞབས་འདེགས་མཚམས་འཇོག་པའིགྱོད་གཞི་གཉེར་སྒྲུབ་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་འཚོལ་ཞིབ་བྱས།

ཤུགས་ཆེན་མོས་ལག་བསྟར་བྱ་ཐབས་ཇེ་དྲག་ཏུ་བཏང་།  ལག་བསྟར་མི་སྣ་ཕུལ་བྱུང་ཅན་བཀོད་སྒྲིག་བྱེད་པར་རྒྱུན་འཁྱོངས་དང་།   ལག་བསྟར་གྱི་འགན་སྲུང་འཐུས་ཚང་དུ་བཏང་སྟེ།  ཁུལ་ཡོངས་ཁྲིམས་ཁང་གི་ལག་བསྟར་མི་སྣ་བཀོད་སྒྲིག་བྱེད་ཚད་ནི་ཁྲིམས་ཁང་ཡོངས་ཀྱི་སྒྲིག་གཞིའི་ཁྲོད་ཡོད་པའི་ཉེན་རྟོག་པའི15ཟིན་པ་དང་ཡང་དེ་ལས་བརྒལ་ཡོད། ལག་བསྟར་དྲིལ་སྒྲོག་བྱེད་ཚད་ཇེ་དྲག་ཏུ་བཏང་ཞིང་།   རིགས་སོ་སོའི་ཚགས་པར་སྨྱན་བྱེད་དང་།  རླུང་འཕྲིན་བརྙན་འཕྲིན་དང་ཐང་ཆེན་བརྙན་ཤེལ་བཅས་བེད་སྤྱོད་གང་ལེགས་ངང་ལག་བསྟར་བྱ་ཡུལ་མིའི་རང་འགུལ་གྱིས་ལས་འགན་ལག་བསྟར་བྱེད་པའི་བརྡ་ཁྱབ་བསྒྲགས་ཤིང་།  གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས་ལག་བསྟར་གྱི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་དང་ལག་བསྟར་གྱི་རྣམ་པ་ཡག་པོ་བཟོས་པ་ཡིན།     ལག་བསྟར་བཀོད་འདོམས་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱུན་འཁྱོངས་དང་།  ལག་བསྟར་བྱ་བའི་རྒྱུན་སྲོལ་ལྟར་ཚོགས་འདུ་འཚོགས་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་ཏེ།  གཅིག་གྱུར་གྱིས་ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་བྱ་བ་བཀོད་འདོམས་བྱས།  ལག་བསྟར་ཤུགས་ཚད་ཇེ་ཆེ་དང་རྒྱུ་ནོར་རེ་ཞུའི་རྒྱུད་རིམ་ནི་འཕར་བརྒོལ་གྱི་འགག་སྒོ་རུ་བཟུང་སྟེ།  དང་ལེན་མི་བྱེད་པའི་རེ་ཞུ་དང་དོན་དངོས་ལྟར་རེ་ཞུ་མི་བྱེད་པའི་རྒྱུ་ནོར་དང་དེ་མིན་ལག་བསྟར་ལག་ལག་བཀག་འགོག་བྱེད་པའི་ལག་བསྟར་བྱ་ཡུལ་ལ་ཆད་གཅོད་དང་བཀག་སྐྱིལ་སོགས་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་དེ།  ཉེས་གསོག་ཏུ་གྲུབ་པ་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་སྙེག་དཀྲི་བྱས།    ཁུལ་ཡོངས་ཁྲིམས་ཁང་གིས་ནུས་པ་ཐོན་པའི་ཁྲིམས་ལུགས་ཡིག་ཁྲ་ལག་བསྟར་མི་བྱེད་པའི་ལག་བསྟར་བྱ་ཡུལ་པ171ཁྲིམས་འཛིན་བཀག་སྐྱིལ་དང་།   ཉེས་དོན་འགན་འཁྲི་སྙེག་དཀྲི་བྱས་པའི་མི4ཡོད།   སྤྱི་བདེ་སྡེ་ཁག་གི་དྲ་ཐོག་ཏུ་ཤོར་མ127ལ་རྗེས་སྙེག་བྱེད་པར་སྤོ་སྐྱེལ་བྱས།  ཧུར་ཐག་སྒོར་ལག་བསྟར་གྱི་ཉེན་འགོག་འགན་ལེན་རོགས་སྐྱོབ་བཅོས་བསྒྱུར་འཚོལ་ཞིབ་དང་།  ན་གོར་མོ་གྲོང་ཁྱེར་ཁྲིམས་ཁང་གིས་ཉེན་འགོག་འགན་ལེན་རོགས་སྐྱོབ་ལམ་སྲོལ་ཏུ་ཐོག་མར་ནང་འཇུག་བྱས་ཤིང་།  ན་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས་ལོ་རེར་མ་དངུལ་སྒོར་ཁྲི100བཏང་སྟེ་ཉེན་འགོག་འགན་ལེན་འགྲོ་གྲོན་དུ་རྩིས་ནས་ལག་བསྟར་གྱོད་གཞི་ལ་ཉེན་འགོག་འགན་ལེན་དང་།  ཉེན་འགོག་འགན་ལེན་རོགས་སྐྱོབ་བཅས་བརྒྱུད་དེ་ལག་བསྟར་མཇུག་སྒྲིལ་པའི་གྱོད་གཞི51དང་།  ལག་བསྟར་དམིགས་ཚད་ཀྱི་སྒོར་ཁྲི448.14མཇུག་སྒྲིལ་བ་དང་ལག་བསྟར་ཕན་འབྲས་ལེགས་པོ་བླངས།

གཟབ་ནན་གྱིས་ལག་བསྟར་བྱ་བ་ཚད་ལྡན་ཅན་དུ་བཏང་བ། ལག་བསྟར་སྤྱོད་ཚུལ་ཚད་ལྡན་དུ་བཏང་ནས་གཟབ་ནན་གྱིས་ཁྲིམས་ལྟར་ལག་བསྟར་བྱེད་ཕོད་པར་བྱས།  ལག་བསྟར་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་དང་ལག་བསྟར་ལ་གློག་རྡུལ་དང་ཡིག་ཚགས་གཉིས་ཕན་ཚུན་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ་ཏེ།  ལག་བསྟར་ཡིག་ཚགས་ཀྱི་བཟོ་ཉར་ཚད་ལྡན་ཅན་དུ་བཏང་།   ལག་བསྟར་དྲ་རྒྱའི་ཆ་འཕྲིན་འདྲི་རྩད་བྱེད་ཚད་ཇེ་དྲག་དང་དྲ་རྒྱའི་ཁྲིམས་འཛིན་ཕམ་ཚོང་རྒྱབ་སྟེ། དྲ་རྒྱའི་ལག་བསྟར་བྱ་བ་ཇེ་དྲག་ཏུ་བཏང་།  ཡིད་ཆེས་ཤོར་བའི་ལག་བསྟར་བྱ་ཡུལ་དེ་ཕྱིར་བསྒྲགས་པའི་ཤུགས་ཚད་ཇེ་ཆེ་དང་། ཁུལ་ཡོངས་ཁྲིམས་ཁང་གིས་དྲ་ཐོག་ནས་ཡིད་ཆེས་ཤོར་བའི་ལག་བསྟར་བྱ་ཡུལ་པའི་མིང་ཐོ457བསྒྲགས་ཏེ།  ཁ་བཤད་དོན་ལ་གནས་པའི་སྤྱི་ཚོགས་བསྐྲུན་པར་ཁྲིམས་སྐྱོང་གི་སྟོབས་ཤུགས་དེ་ནང་དུ་དྲངས།

གསུམ།   དམངས་ཆེད་ཞབས་ཞུ་སྒྲུབ་པའི་དམིགས་ཡུལ་དེ་ལག་བསྟར་དང་ཁྲིམས་འཛིན་ཞབས་ཞུའི་འགན་ནུས་འདོན་སྤེལ་བྱས།

དམངས་ལ་ཕན་ཞིང་སྟབས་བདེ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་།   ཁྲིམས་འཛིན་དམངས་ཆེད་རྒྱུན་འཁྱོངས་དང་གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ།  གྱོད་ཐོ་འགོད་པའི་ཡིག་གཏུག་སྒེའུ་ཁུང་གི་ནུས་པ་འདོན་སྤེལ་དང་།   གཏུག་བཤེར་ཞབས་ཞུའི་ནུས་པ་ཇེ་དྲག་དང་གཏུག་བཤེར་ཞབས་ཞུའི་ལམ་སྲོལ་ཁ་ཚང་ཞིང་།  ཁྲིམས་ལྟར་མང་ཚོགས་ཀྱི་ཁྲིམས་མཐུན་གཏུག་བཤེར་ཁེ་དབང་ལ་སྲུང་སྐྱོང་བྱས།  ཟླ12པའི་ཚེས22ཉིན་ལ།  ཆེས་མཐོ་བའི་མིདམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་དྲུག་པའི་སྐོར་སྐྱོད་ས་གནས་མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་དུ་སྒོ་བྱང་བཀལ་ཏེ།  སྒོ་འགྲམ་གྱི་ཆེས་མཐོ་བའི་ཁྲིམས་ཁངཞེས་པ་མངོན་འགྱུར་བྱུང་།  སྟོབས་ཤུགས་ཡོད་རྒུས་གཅིག་བསྡུས་ཀྱིས་གཏུག་བཤེར་དང་ཡུག་གཏུག་གི་གྱོད་རྙིང་སེལ་བའི་བྱ་འགུལ་སྤེལ་ཏེ།  ཁྲིམས་ལྟར་ཡུག་གཏུག་དང་གཏུག་བཤེར་རེ་ཞུ།   ཡང་བསྐྱར་འདྲི་ཞིབ་རེ་ཞུའི་གྱོད་དོན59བསྒྲུབས།

ཁྲིམས་འཛིན་རོགས་སྐྱོབ་སྤེལ་བར་རྒྱུན་བསྐྱངས།  ཁུལ་ཡོངས་ཁྲིམས་ཁང་གིས་དངོས་ནས་དཀའ་ཁག་ལྡན་པའི་གྱོད་གཞིའི་དོ་བདག་ལ་གཏུག་བཤེར་འགྲོ་གྲོན་སྒོར་ཁྲི189.39ཇེ་ཉུང་དང་ཡང་ནས་སྤྲོད་ཡུན་ཇེ་རིང་དུ་བཏང་ཞིང་།  དེའི་ནང་དུ་མཚོ་ནུབ་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་འགྲོ་གྲོན་སྒོར་ཁྲི75.55ཇེ་ཉུང་དང་ཡང་ནས་སྤྲོད་ཡུན་ཇེ་རིང་དུ་བཏང་བ་ཡིན།  ཁྲིམས་འཛིན་རོགས་སྐྱོབ་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ།  ཁུལ་ཡོངས་ཁྲིམས་ཁང་གི་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི253.03ལ་སླེབས་པ་དང་། དེས་ཁྲིམས་འཛིན་གྱི་མི་ཆོས་བྱམས་སེམས་གང་ལེགས་ཀྱིས་མངོན་ཡོད།  

འདྲི་ཞིབ་དོ་དམ་ལྟ་སྐུལ་ཇེ་དྲག་ཏུ་བཏང་།   གཟབ་ནན་གྱིས་དཔྱད་བསྡུར་ཚད་གཞི་དང་དཔྱད་ཞིབ་དམིགས་ཚད་ལྟར།  དྲ་ཐོག་ནས་ཤན་འབྱེད་ཡིག་ཁྲར་དཔྱད་བསྡུར་དང་ཁྲིམས་རའི་འདྲི་ཞིབ་དཔྱད་བསྡུར་སྤེལ་བར་རྩ་འཛུགས་དང་།   ཟླ་རེ་བཞིན་གྱོད་སྒྲུབ་གནས་ཚུལ་བརྡ་ཁྱབ་བཏང་ཞིང་།   གྱོད་སྒྲུབ་སྤུས་ཚད་དང་དངོས་ཕན་མངོན་གསལ་གྱིས་ཇེ་མཐོ་རུ་སོང་།  ཁུལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་བྱས་ཚད་དུས་མཚུངས་ལས2.32འཕར་བའི་གནས་ཚུལ་འོག་ཞིབ་གཅོད་མཇུག་སྒྲིལ་ཚད6.06འཕར་ཡོད།  རང་འགུལ་གྱིས་དམངས་ཆེན་སྲིད་གྲོས་ཀྱི་ལྟ་སྐུལ་དང་།  ཞིབ་དཔྱོད་སྡེ་ཁག་གི་གཏུག་བཤེར་ལྟ་སྐུལ་དང་སྤྱི་ཚོགས་ལས་རིགས་ཁག་སོ་སོའི་ལྟ་སྐུལ་བཅས་དང་དུ་བླངས་ཏེ།  ཁུལ་དམངས་ཆེན་རྒྱུན་ཨུ་ཁང་ལ་ཉེས་དོན་ཞིབ་གཅོད་བྱ་བ་དང་ལག་བསྟར་བྱ་བ་སོ་སོར་ཆེད་དོན་སྙན་ཞུ་ཐེངས་གཅིག་རེ་ཕུལ།  ཞིབ་དཔྱོད་སྡེ་ཁག་གི་གཏུག་བཤེར་ངོ་རྒོལ་གྱོད་གཞི5བསྒྲུབས།   མི་དམངས་ཀྱི་འདྲི་རོགས་པ་འདྲི་གཅོད་གྱོད་གཞི1778སྟེང་དངོས་སུ་ཞུགས་ཤིང་།  ཞུགས་ཚད75.05སླེབས་ཏེ།  ནུས་ལྡན་གྱིས་ཁྲིམས་ཁང་གི་འདྲི་གཅོད་བྱ་བ་བདེ་ཐང་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱས།

བཞི།  ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཇེ་ཟབ་དང་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་།

མུ་མཐུད་དུ་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཇེ་ཟབ་ཏུ་བཏང་། གནད་དོན་གྱིས་ཁ་ཕྱོགས་སྟོན་པར་རྒྱུན་འཁྱོངས་དང་ནང་སྒྲིག་སྡེ་ཁག་བཅོས་བསྒྱུར་དང་འདྲི་གཅོད་ཚོགས་པའི་འཛུགས་སྐྲུན་བཅས་ཇེ་དྲག་ཏུ་བཏང་ནས།  བཅོས་བསྒྱུར་སྤྱིའི་ཕན་ནུས་མཐོར་འདེགས་དང་།  ཧུར་ཐག་སྒོས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ལ་འོས་འཚམ་དང་དངོས་སྒྲུབ།  རིམ་ལྡན་བཅས་ཀྱིས་གཏིང་ཟབ་པའི་ངང་ནས་སྐུལ་འདེད་བྱས།  ཚོད་འཛིན་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན། ཁྲིམས་འཛིན་ལས་རོགས་མི་སྣའི་འདེམས་སྒྲིག་བྱ་བ་བཅས་ཇེ་དྲག་ཏུ་བཏང་ནས།   ཞིབ་གཅོད་འཐབ་ཕྱོགས་དང་པོ་ལ་གྱོད་སྒྲུབ་ཏུ་བཀོད་སྒྲིག་བྱས་པའི་མི་སྣ་ནི86.35ལ་སླེབས་ཡོད།  ཁྲིམས་འཛིན་ཐོན་ཁུངས་ཚན་རིག་དང་མཐུན་པས་བཀོད་སྒྲིག་དང།  མང་ནེ་དང་ལུན་ཧུའུ་ཡི་ཁྲིམས་ཁང་གཉིས་འཐེན་སྡེབ་ཀྱི་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་བས། ནུབ་རྒྱུད་གཏེར་ཁུལ་ཁྲིམས་ཁང་གི་ཡོན་ཀྲང་དང་ཡོན་ཀྲང་གཞོན་པ། ཆེད་བསྐོས་འདྲི་གཅོད་ཨུ་ཡོན་ཁང་གི་ཨུ་ཡོན་བཅས་བཀོད་སྒྲིག་བྱས་ཏེ་ལས་རྐང་སྟེང་ཐོན་ཡོད།  ཏང་ཙུའུ་བཙུགས་པ་དང་འདྲི་གཅོད་ཨུ་ཡོན་ཁང་སྒྲིག་འཛུགས་བྱས་པས།  ནང་ཁུལ་སྡེ་ཁག་གི་སྒྲིག་འཛུགས་དང་མི་སྣའི་བཀོད་སྒྲིག་སོགས་ཀྱི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་ཡིན།

མུ་མཐུད་དུ་ཕྱོགས་བསྡུས་སྒྲིག་འགོད་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱས།  ཉུང་བསྡུ་དང་དངོས་འཚོལ།  ཕན་ནུས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  ཕྱོགས་བསྡུས་སྒྲིག་འགོད་བཅོས་བསྒྱུར་ཇེ་དྲག་ཏུ་བཏང་།  གྱོད་དོན་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་དེ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་དང་གྱོད་གཞི་ཡོད་ཚེ་ངེས་པར་དུ་དང་ལེན་དང་གཏུག་བཤེར་ཡོད་ཚེ་ངེས་པར་དུ་ཐོ་འགོད་བཅས་བྱེད་ཕོད་ལ།  དོ་བདག་པའི་གཏུག་བཤེར་ཁེ་དབང་ལ་འགན་སྲུང་གང་ལེགས་བྱས།   སྐབས་དང་བསྟུན་ནས་གྱོད་རིགས་དབྱེ་བར་རྒྱུན་འཁྱོངས་དང་ཆ་སྙོམས་ཀྱིས་གྱོད་དོན་སྒྲུབ་ཐུབ་དགོས་ལ།   གྲངས་ཀ་ཚོད་འཛིན་བྱས་པའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་ཧུར་ཐག་རང་བཞིན་ལ་སྐུལ་སློང་བྱས། ཧུར་ཐག་གིས་ཞིབ་གཅོད་ནི་གཙོ་བོ་ཡིན་པའི་གཏུག་བཤེར་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་དང་།  ཁྲིམས་རའི་འདྲི་གཅོད་ཀྱི་ནུས་པ་ཇེ་དྲག་དང་གྱོད་སྒྲུབ་སྤུས་ཚད་ཁག་ཐེག་བྱས།  དཔེ་སྟོན་གཏུག་བཤེར་ཚོད་ལྟའི་བྱ་བ་སྤེལ་བར་རྒྱུན་འཁྱོངས་དང་།  གྱོད་གཞི་རྙོག་འཛིང་ཆེ་བ་དང་རྙོག་འཛིང་མེད་པའི་རིགས་བཀར་བར་ཤུགས་སྣོན་དང་གྱོད་གཞིའི་སྒྲུབ་རིམ་ཇེ་སླ་དང་ཚད་ལྡན་ཅན་དུ་བཏང་སྟེ།    གྱོད་གཞི་རྙོག་འཛིང་མེད་པར་མགྱོགས་མྱུར་ངང་འདྲི་གཅོད་དང་རྙོག་འཛིང་ཆེ་བའི་གྱོད་གཞི་ལ་སྤུས་དག་གིས་འདྲི་གཅོད་བྱེད་པར་ཁག་ཐེག་བྱས།  གྱོད་སྒྲུབ་ནུས་ཆོད་མཐོར་འདེགས་དང་འདྲི་གཅོད་ཐོན་ཁུངས་གྲོན་ཆུང་བྱས་ཏེ།  ཁུལ་ཡོངས་ཁྲིམས་ཁང་གིས་བརྒྱུད་རིམ་ཇེ་བདེ་བཏང་སྟེ་འདྲི་གཅོད་མཇུག་སྒྲིལ་བའི་གྱོད་གཞིའི་གྲངས་ཀ་ནི་འདྲི་ཞིབ་དང་པོའི་འདྲི་གཅོད་མཇུག་སྒྲིལ་སྤྱིའི65.19ཟིན་ཡོད།

ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས།  གཅིག་པུས་ཁྲིམས་དཔོན་གྱི་འགན་ལེན་པ་དང་མཉམ་གྲོས་ཁྲིམས་ར། འདྲི་གཅོད་ཨུ་ཡོན་ཁང་བཅས་ཀྱི་གྱོད་སྒྲུབ་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ།  ཡོན་ཀྲང་དང་ཐིན་ཀྲང་གིས་འདྲི་གཅོད་ལྟ་སྐུལ་དོ་དམ་གྱི་དབང་ཆ་ཚད་ལྡན་ཏུ་བཏང་སྟེ།   ཁྲིམས་འཛིན་དོ་དམ་བྱ་བ་ཁ་ཚང་ཞིང་དབང་ཆ་དང་འགན་འཁྲི་གཅིག་གྱུར་དང་གསལ་བོ་ཡིན་ལ། དབང་ཆ་ཚོད་འཛིན་བྱེད་པའི་ཁྲིམས་འཛིན་གྱི་དབང་ཆ་བཀོལ་སྤྱོད་བྱེད་པའི་ལམ་སྲོལ་བཙུགས་ཏེ།  དངོས་ནསའདྲི་ཞིབ་པས་ཤན་འབྱེད་པ་དང་།  ཤན་འབྱེད་པས་འགན་ལེན་པམངོན་འགྱུར་བྱུང་བ་ཡིན།   ཏན་ཏིག་གིས་ཡོན་ཀྲང་དང་ཐིན་ཀྲང་གིས་གྱོད་སྒྲུབ་ལམ་ལུགས་དོན་འཁྱོལ་དང་།  ཡོན་ཀྲང་དང་ཐིན་ཀྲང་གཉིས་ཀྱིས་འགེངས་ཆེན་དང་དོགས་གནད་ཆེ་ཞིང་རྙོག་འཛིང་ཆེ་བའི་གྱོད་གཞི་ལ་འགོ་ཁྲིད་དེ་བསྒྲུབས།ཁུལ་ཡོངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཐིན་ཀྲང་གཉིས་ཀྱིས་གྱོད་གཞི་བསྒྲུབས་ཚད་གྱོད་གཞི་སྤྱིའི31.1ཟིན་ཡོད།  ཁྲིམས་འཛིན་གྱི་འགན་ཁྲིད་ལམ་ལུགས་དངོས་ནས་དོན་འཁྱོལ་བྱས།  གཟབ་ནན་གྱིས་ཀྲུང་དབྱང་དང་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་བྱེད་པར་སྔོན་འགོག་སྐོར་གྱི་འབྲེལ་ཡོད་གཏན་འཁེལ་ལག་བསྟར་བྱས་ནས་ཁྲིམས་འཛིན་གྱི་དྲང་བདེན་ལ་ཁག་ཐེག་བྱས།

ལྔ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་ཁྲིམས་འཛིན་བྱ་བའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་བྱས།

ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ནུས་ཤུགས་ཇེ་ཆེར་བཏང་།ཤེས་རིག་ཁྲིམས་ཁངའཛུགས་སྐྲུན་ཇེ་མགྱོགས་དང་།དེང་རབས་ཆ་འཕྲིན་བཀོལ་སྤྱོད་ལག་རྩལ་དེ་བེད་སྤྱོད་གང་ལེགས་བྱས་ཏེ།  ཁྲིམས་འཛིན་བྱ་བའི་སྤུས་ཚད་དང་ཕན་ནུས་ཇེ་མཐོར་བཏང་སྟེ།  འདྲི་གཅོད་དོ་དམ་ཆ་འཕྲིན་ཅན་དང་ཚད་ལྡན་ཅན།  ཚན་རིག་ཅན་དུ་གཏོང་བར་མངོན་འགྱུར་བྱུང་།  གྲངས་ཀའི་ཁྲིམས་ཁང་དང་རྒྱང་རིང་བརྙན་ཐུང་བཅས་ལས་ཁྲིམས་རའི་འདྲ་གཅོད་བྱ་བར་ཤུགས་བསྣོན་དང་།  ཁུལ་ཡོངས་ཁྲིམས་ཁང་གིས་གྲངས་ཀ་ཅན་གྱི་ཁྲིམས་ར་བཀོལ་སྤྱོད་བྱེད་ཚད96.06ལ་སླེབས་ཡོད།  གྱོད་གཞིའི་ཆ་འཕྲིན་ནང་འཇུག་གི་བྱ་བར་ཤུགས་བསྣན་ཏེ། ཁུལ་ཡོངས་ཁྲིམས་ཁང་གི་ཤན་འབྱེད་ཡིག་ཁྲ་དྲ་ཐོག་འཇུག་ཚད་དང་གློག་རྡུལ་ཡིག་ཚགས་འགོད་ཚད་བཅས་སོ་སོ98.19དང100ལ་སླེབས་ཡོད།   རིག་ནུས་ཅན་གྱིས་གྱོད་གཞི་སྒྲུབ་པར་རམ་འདེགས་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་དང་།  དྲ་ངོས་ལས་གྱོད་ཐོ་འགོད་པ་དང་སྐབས་དང་བསྟུན་ནས་གྱོད་རིགས་བགར་བ་དང། ཁྲིམས་རའི་འདྲི་གཅོད་ཐད་གཏོང་དང་ཡིག་ཁྲའི་གློག་རྡུལ་སྐྱེལ་སྤྲོད་བཅས་ཀྱི་བྱ་བར་སྐུལ་འདེད་དང་། ཆ་འཕྲིན་ཅན་གྱིས་ཁྲིམས་འཛིན་འདྲི་གཅོད་བྱ་བ་དེ་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་པར་རོགས་འདེགས་བྱས།

ཁྲིམས་འཛིན་སྤྱི་སྒྲོག་ལམ་ལུགས་ལ་རྒྱུན་འཁྱོངས་བྱས།  འདྲི་གཅོད་བརྒྱུད་རིམ་ལ་དོ་དམ་བྱེད་པར་ཁྱབ་བསྒྲགས་དང་ཁྲིམས་རའི་འདྲི་གཅོད་ཐད་གཏོང་སྤྱི་བསྒྲགས་དང་། ཤན་འབྱེད་ཡིག་ཁྲ་སྤྱི་བསྒྲགས།   ལག་བསྟར་ཆ་འཕྲིན་སྤྱི་བསྒྲགས་བཅས་སྤྱི་བསྒྲགས་ཆེན་མོ་བཞིའི་སྟེགས་བུ་འཛུགས་སྐྲུན་ལ་ཇེ་དྲག་ཏུ་བཏང་སྟེ།  མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་དྲ་ཐོག་ནས་ནུས་ཐོན་ཁྲིམས་ལུགས་ཡིག་ཁྲ1159ཁྱབ་བསྒྲགས་དང་།  ཁུལ་ཡོངས་ཁྲིམས་ཁང་གིས་ནུས་ཐོན་ཁྲིམས་ལུགས་ཡིག་ཁྲ10921ཁྱབ་བསྒྲགས་བྱས།  ཁྲིམས་ཁང་གི་གཙོ་ཆེའི་དྲ་ཚིགས་དང་གཞུང་ཕྱོགས་པོད་ཕྲན།སྐད་འཕྲིན་འཛུགས་སྐྲུན་བཅས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་དང་། དུས་ཐོག་ཏུ་ཁྲིམས་འཛིན་ཆ་འཕྲིན་ཁྱབ་བསྒྲགས་དང་ཁྲིམས་འཛིན་དྲིལ་སྒྲོག་བྱེད་པའི་རྒྱ་ཆེར་སྐྱེད་ནས།   མཚོ་ནུབ་ཁུལ་འབྲིང་རིམ་ཁྲིམས་ཁང་གི་གཙོ་ཆེའི་དྲ་ཚིགས་ལ་རིམ་རྩིས་ཀྱིས་མི་ཐེངས་ཁྲི19ཡིས་བཀློགས་པ་དང་།  ཧུར་ཐག་སྒོས་དམངས་ཆེན་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་དང་སྡོད་ཁུལ་ཀྱི་མང་ཚོགས་དག་གྱོད་གཞི་འདྲི་གཅོད་ལ་ཟུར་ཉན་དུ་གདན་ཞུ་བྱས།    སྤྱི་དམངས་སྒོ་འབྱེད་ཉིན་ཞེས་པའི་བྱ་འགུལ་སྤེལ་ཏེ། ནུས་ལྡན་གྱིས་མང་ཚོགས་ཀྱིས་ཁྲིམས་འཛིན་གནས་ཚུལ་རྟོགས་པའི་དབང་ཆ་དང་ལྟ་སྐུལ་གྱི་དབང་ཆའི་རེ་འདུན་སྐོང་སྟེ་ཁྲིམས་འཛིན་ལ་སྤྱི་དམངས་ཀྱི་ཡིད་རྟོན་བྱེད་ཚད་མཐོར་འདེགས་བྱུང།

ཁྲིམས་འཛིན་དྲིལ་སྒྲོག་བྱ་བར་མཐོང་ཆེན་བྱས།  ཁྲིམས་སྐྱོང་གི་འཆད་འཁྲིད་སྤེལ་བར་བརྒྱུད་དེ་རྒྱ་སྲང་དུ་དྲིལ་སྒྲོག་དང་བཅའ་ཁྲིམས་བློ་འདྲི་ས་བཙུགས་ཏེ་བཅའ་ཁྲིམས་ཐད་ཀྱི་དོགས་གཞི་ལ་ལེན་འདེབས་པ་དང་།  སློབ་མ་དག་རྩ་འཛུགས་བྱས་ནས་མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གི་འདྲི་གཅོད་བྱེད་སར་ལྟ་སྐོར་དུ་ཕྱིན་ནས།  བཅའ་ཁྲིམས་སློབ་རྭར་སྐྱེལ་བའི་བྱ་འགུལ་སྤེལ་བའི་རྣམ་པ་བརྒྱུད་དེ་ཁྱོན་ཡོངས་ནསབདུན་ལྔའིཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་འཆར་འགོད་དོན་འཁྱོལ་མཐིལ་ཕྱིན་བྱས།   གྱོད་དཔེ་ལས་བཅའ་ཁྲིམས་བསྒྲགས་པ་དང་འགྲེལ་བཤད་རྒྱག་པར་རྒྱུན་འཁྱོངས་དང་།  མང་ཚོགས་དང་ན་གཞོན་དག་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ཞིང་།  མང་ཚོགས་ཀྱིས་ཁྲིམས་ལ་སློབ་སྦྱོང་དང་ཁྲིམས་རྟོགས་པ།   ཁྲིམས་ལ་བརྩི་སྲུང་བྱེད་པའི་འདུ་ཤེས་ཀྱང་ཇེ་མཐོར་སོང་།  ཁྲིམས་དཔོན་དང་ཁེ་ལས་པའི་བར་བཞུགས་མོལ་སྤེལ་རེས་བྱེད་པར་རྩ་འཛུགས་བྱས་ནས། ཁེ་ལས་པའི་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་།   ནུས་ལྡན་གྱིས་དྲ་རྒྱའིི་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ།  མུ་མཐུད་དུ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཁྱབ་རྒྱ་སྐྱེད། ཏན་ཏིག་གིས་བཅོས་བསྒྱུར་སྒོ་འབྱེད་ལོ་འཁོར40ལོན་པའི་དྲན་གསོའི་བྱ་འགུལ་དྲིལ་བསྒྲགས་དང་གསར་འགོད་ནན་མོར་སྤེལ་ནས།  བརྙན་ཐུང2བསྒྲིགས་ཤིང་ཁྱོན་ཡོངས་ནས་ཁྲིམས་ཁང་གི་ཁྲིམས་འཛིན་རྣམ་པ་ཡག་པོ་མངོན།

དྲུག རང་ངོས་འཛུགས་སྐྱོང་དང་ཁྲིམས་འཛིན་བྱ་བའི་ནུས་ཤུགས་ཇེ་མཐོར་བཏང་།

འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོར་ནན་མོས་བཟུང་།ཏང་རྩ་འཛུགས་ཚོགས་པའི་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་དང་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་གང་མང་དང་བྱེད་ཐབས་གང་མང་སྤྱད་དེ། ཏང་རྩ་འཛུགས་ཚོགས་པ་ནན་འཛིན་དང་དཔུང་ཁག་གི་སྣེ་ཁྲིད་པར་རྒྱུད་འཁྱོངས་བྱས་ཏེ། ནུས་ལྡན་གྱིས་ཏང་རྩ་འཛུགས་ཚོགས་པའི་སྲོག་ཤིང་གི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱས།ཏང་རྩ་འཛུགས་ཀྱི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་གཅིག་བསྡུས་ཀྱི་སློབ་གསོ་སློབ་སྦྱོང་།  ཀྲུའུ་པུའི་སློབ་སྦྱོང།   ཆེད་དོན་འཆད་ཁྲིད་སོགས་ཀྱི་རྣམ་པ་མང་པོ་སྤྱད་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་སློབ་སྦྱོང་ནན་མོ་དང་།  དར་ཆ་མངོན་གསལ་གྱིས་འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོ་ནན་འཛིན་དང་།   འདུ་ཤེས་བཞིབརྟན་པོར་བཙུགས་ཏེ།   ཡིད་ཆེས་བཞིབརྟན་ཞིང སྲུང་སྐྱོང་གཉིསབྱེད་ཕོད་པ།    ཏང་གིས་མི་དམངས་ཁྲིམས་ཁང་གི་བྱ་བར་འགོ་ཁྲིད་བྱེད་ཆོག་ཆོག་ཡིན་པར་རྒྱུན་འཁྱོངས་དམ་པོ་དང་།  བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྟེང་ཆས།  

སྡེ་ཁག་གི་ཏང་འཛུགས་བྱ་བ་ཇེ་དྲག་ཏུ་བཏང་།  ཏང་ལ་དོ་དམ་དང་ཏང་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་དང་།  སྡེ་ཁག་གི་ཏང་འཛུགས་བྱ་བ་ནི་གཞུང་དོན་གྲོས་རིམ་གཙོ་བོའི་ཉིན་རེ་བྱ་བའི་ནང་བཀོད་སྒྲིག་བྱས་ནས།  འདྲི་གཅོད་ལས་སྒོ་བྱ་བ་དང་མཉམ་དུ་འཆར་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་ཞིབ་བཤེར།   མཉམ་དུ་དཔྱད་ཞིབ་བཅས་བྱས།     ཁུལ་ཡོངས་ཁྲིམས་ཁང་ཏང་ཙུའུ་ཡི་ཏང་འཛུགས་བྱ་བའི་སྲིད་གཙང་ལས་འགན་སྒྲུབ་ཚུལ་སྙན་ཞུའི་གྲོས་ཚོགས་བསྡུས་ཏེ།  ཏང་འཛུགས་བྱ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་དང་ཏང་ཡོན་རྩ་འཛུགས་འཚོ་བའི་ཚོགས་འདུ་སྤེལ་བ་དངཚོགས་འདུ་གསུམ་དང་འཆད་ཁྲིད་གཅིགབཅས་རྒྱུན་འཁྱོངས་བྱས་ཏེ།  ཏང་གཤིས་བློ་སྦྱོང་ཇེ་དྲག་དང་ཏང་ནང་གི་འཚོ་བ་གཟབ་ནན་དུ་བཏང་སྟེ།  ཏང་འཛུགས་བྱ་བ་དེ་ཁྲིམས་ཁང་གི་ཁྲིམས་འཛིན་བྱ་བའི་ལག་ལེན་དངོས་དང་སྦྲེལ་ནས།   ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ནི་ཁྲིམས་ཁང་གི་བྱ་བའི་བརྒྱུད་རིམ་སོ་སོའི་ཁྲོད་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས།

དཔུང་སྡེའི་བྱང་ཚད་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་བཏང་།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆངདངགུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་།   ཏང་གི་བཀའ་གསུང་བརྩི་བ།  ཏང་གི་རྗེས་སུ་འབྲངས་པའིབརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་ཟབ་སྤེལ་དང་། ཁྱོན་ཡོངས་ནས་དཔུང་སྡེའི་བྱང་ཚད་ཇེ་མཐོར་བཏང་།   ལས་སྒོའི་གསོ་སྦྱོང་ཇེ་དྲག་ཏུ་བཏང་སྟེ།   ཧུར་ཐག་སྒོས་ཁ་གཏད་རོགས་སྐྱོབ་བྱ་བ་དོན་འཁྱོལ་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱི་ཁྲིམས་ཁང་གི་སྔོན་ཐོན་བྱ་བའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ།  ཉེན་རྟོག་པའི་ཁྲིམས་འཛིན་ནུས་ཤུགས་མཐོར་འདེགས་བྱས།  མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས་ཉེན་རྟོག་པ་རྩ་འཛུགས་བྱས་ནས་ལས་སྒོ་རིགས་སོ་སོའི་གསོ་སྦྱོང་སྟེང་མི་ཐེངས55ཞུགས་པ་དང་། ཁུལ་ཡོངས་ཁྲིམས་ཁང་གིས་ཉེན་རྟོག་པ་དག་རྩ་འཛུགས་བྱས་ཏེ་ལས་སྒོ་རིགས་སོ་སོའི་གསོ་སྦྱོང་སྟེང་མི་ཐེངས247ཞུགས། ཧུར་ཐག་སྒོས་ཏང་ཐོན་བྱ་འགུལ་དང་རིག་གནས་རོལ་རྩེད་བྱ་འགུལ་སྤེལ་ནས།  ཁུལ་ཡོངས་ཁྲིམས་ཁང་གི་དཔུང་ཁག་ནི་བློ་སེམས་གཅིག་སྒྲིལ་དང་ཡར་ཐོན་ལ་འབད་པ།  ལས་བཀུར་འབད་བརྩོན་གྱི་བསམ་པའི་ཉམས་འགྱུར་དེ་གང་ལེགས་ཀྱིས་མངོན་པ་ཡིན།  

ཏང་སྤྱོད་སྲིད་གཙང་གི་འཛུགས་སྐྲུན་ལ་ཇེ་དྲག་ཏུ་བཏང་བ། གཟབ་ནན་གྱིས་ཏང་སྤྱོད་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་ཕུང་ལས་འགན་དང་ལྟ་སྐུལ་ལས་འགན་བཅས་དོན་འཁྱོལ་དང་།  ཏང་སྤྱོད་སྲིད་གཙང་འཛུགས་སྐྲུན་བྱ་བ་ཞིབ་འཇུག་དང་བཀོད་སྒྲིག་བྱས།     ཁུལ་ཡོངས་ཁྲིམས་ཁང་གི་ཏང་སྤྱོད་སྲིད་གཙང་འཛུགས་སྐྲུན་གྱི་ཆེད་དོན་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས་ཤིང་།  གཞི་རིམ་གྱི་ཁྲིམས་ཁང་སོ་སོ་དང་རང་ཁྲིམས་ཁང་གི་སྡེ་ཁག་སོ་སོའི་བར་སྲིད་གཙང་འགན་འཁྲི་ཡི་གེ་བཀོད་ནས་བྱ་བའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས།  སྲིད་གཙང་ཉེན་བརྡའི་སློབ་གསོ་གཏོང་ཚད་ཇེ་དྲག་ཏུ་བཏང་ནས།   དྲང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་སྤྱད་དེ་ཉེན་རྟོག་པར་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་བཏང།   ཁྲིམས་འཛིན་སྐོར་ཞིབ་ཇེ་དྲག་ཏུ་བཏང་སྟེ་ཏང་གི་འཛུགས་སྐྲུན་བྱ་བ་དང་འདུ་ཤེས་འཛིན་སྟངས། ཁྲིམས་རའི་འདྲི་གཅོད་བྱ་འགུལ།   བྱ་བའི་སྒྲིག་ཁྲིམས།  ཁྲིམས་འཛིན་གུས་ལུགས་སོགས་ཀྱི་ཕྱོགས་ལ་དུས་ཚིགས་ལྟར་ཁྱོན་ཡོངས་ནས་ཞིབ་བཤེར་མཛད་དེ།  གནད་དོན་རྟོགས་པ་དུས་ཐོག་ཏུ་དག་ཐེར་བྱེད་པར་ལྟ་སྐུལ་བྱས། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་འཛིན་སྐོར་ཞིབ་ཚན་ཆུང་དང་པོའི་སྐོར་ཞིབ་བྱེད་པར་དང་དུ་བླངས་ཏེ་སྐོར་ཞིབ་ཚན་ཆུང་གིས་ཕྱིར་འདྲེན་གནད་དོན་ལ་དམིགས་ཤིང་གཅིག་གཅིག་རིམ་བཞིན་དུ་དག་ཐེར་བྱས།

འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ།  ཁུལ་ཡོངས་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པས་གཟབ་ནན་ངང་འགན་ཁུར་ལག་བསྟར་བྱས་ཤིང་། དཀའ་སྤྱད་འབད་བརྩོན་ངང་བྱ་བ་སོ་སོ་འཕེལ་རིམ་གསར་བ་ཞིག་སླེབས་ཡོད།  འདིེ་ནི་ཁུལ་ཨུའི་སྲ་བརྟན་གྱི་འགོ་ཁྲིད་དང་། ཁུལ་དམངས་ཆེན་གྱིས་ཁྲིམས་ལྟར་ལྟ་སྐུལ།  ཞིང་ཆེན་ཁྲིམས་ཁང་གི་ནུས་ལྡན་གྱི་མཛུབ་སྟོན་དང་ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས།སྤྱི་ཚོགས་ལས་རིགས་སོ་སོ་དང་དེ་མིན་འཐུས་མི་དང་ཨུ་ཡོན་དག་གིས་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་གནངས་པའི་གྲུབ་འབྲས་ཀྱང་ཡིན་པས། ངས་ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་ལས་བྱེད་དང་ཉེན་རྟོག་པའི་ཚབ་བྱས་ནས་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་ཡིན།

ང་ཚོས་ཀྱང་གསལ་བོ་ཤེས་དགོས་པ་ནི།མིག་སྔར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བའི་ཐད་ད་དུང་གནད་དོན་དང་དཀའ་ཁག་འགའ་མཆིས་ཤིང་། གཅིག་ནི་བདག་སྤྲོད་གྱོད་དོན་གྱི་གྲངས་ཀ་ནི་བསྟུན་མར་འཕར་བ་དང་།རྣམ་པ་གསར་བ་དང་དོགས་གཞི་ཆེ་ཞིང་རྙོག་འཛིང་ཆེ་བའི་གྱོད་དོན་རྒྱུན་ཆད་མེད་པར་འབྱུང་ཞིང་།གྱོད་དོན་མང་ཞིང་ལས་སྒྲུབ་པ་ཉུང་བའི་འགལ་བ་འབུར་དུ་ཐོན་ལ། གྱོད་དོན་ལས་སྒྲུབ་ཀྱི་གནོན་ཤུགས་མུ་མཐུད་དུ་ཇེ་ཆེ་རུ་འགྲོ་བ་བཅས་ཡིན། གཉིས་ནི་འཕེལ་རྒྱས་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ནི་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་དང་བསྡུར་ན་ད་དུང་བར་ཐག་ངེས་ཅན་ཞིག་ཡོད་པ། ཆ་འཕྲིན་ཅན་ཀྱི་བེད་སྤྱོད་ནུས་ཤུགས་ཞན་པ་དང་། ཁྲིམས་འཛིན་གྱོད་དོན་སྒྲུབ་པའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་པ་བཅས་ཡིན། གསུམ་ནི་ཁྲིམས་འཛིན་གྱི་བྱ་སྤྱོད་ད་དུང་ཚད་ལྡན་མིན་པ་དང་། ཁྲིམས་འཛིན་གྱི་སྤྱོད་ཚུལ་ཏན་ཏིག་མིན་པ།  ཁྲིམས་འཛིན་སྒྲིག་གཞིའི་བཅོས་བསྒྱུར་ད་དུང་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་པ་བཅས་ཡིན། བཞི་ནི་ལག་བསྟར་གྱོད་གཞི་བསྟུན་མར་ཇེ་མང་དུ་འགྲོ་བ་དང། གྱོད་གཞི་ལག་བསྟར་ལ་རྒྱུ་ནོར་སྟེར་རྒྱུ་མེད་པའི་བསྡུར་ཚད་ཅུང་མཐོ་ཞིང་། ལག་བསྟར་ལེགས་འགྲུབ་བྱུང་ཚད་ཅུང་དམའ་བ་དང་། ལག་བསྟར་བྱེད་དཀའ་བ་ཕལ་ཆེར་ཐག་གཅོད་བྱེད་པའི་དམིགས་འབེན་གྱི་འགན་འཁྲིའི་གནོན་ཤུགས་སྔར་བཞིན་ཅུང་ཆེ་ལ།གོང་གི་དཀའ་ངལ་དང་གནད་དོན་དག་ལ།  ང་ཚོས་ཀྱང་ནན་ཏན་གྱིས་ཞིབ་མཇུག་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་དངོས་ནས་ཐག་གཅོད་བྱེད་རྒྱུ་ཡིན།

 2019ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དངལོ་ལྔའི་འཆར་གཞི་བཅུ་གསུམཔ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས།  ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཏིང་ཟབ་ངང་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་མཛུབ་སྟོན་དུ་འཛིན་པར་རྒྱུན་འཁྱོངས་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་བཏོན་པའིསྔོན་ཐོན་གཅིག་དང་སྤུས་ལེགས་གཉིསཀྱི་ཐབས་ཇུས་དམིགས་འབེན་དམ་པོར་དམིགས་ཤིང་།ཁུལ་ཨུའི་བཀོད་སྒྲིག་ལ་དམིགས་པ་དང་།ཞིང་ཆེན་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའིབརྟན་སྲུང་ལ་རང་འགུལ་དང་གྱོད་གཞི་ལ་འདྲི་ཞིབ་ཡང་དག།བཅོས་བསྒྱུར་ནི་དོན་ཐོག་ཏུ་འཁྱོལ་ལ།དཔུང་སྡེ་ལ་ནུས་པ་ལྡན་ཞིང་། འགན་སྲུང་ལ་རིག་ནུས་ལྡན་པའིབྱ་བའི་བསམ་ཕྱོགས་ལྟར། མཚོ་ནུབ་ཁྲིམས་ཁང་གི་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ།  ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་དང་སྤྱི་ཚོགས་ཡོངས་བརྟན་འཇགས་ཡོང་བར་ཁག་ཐེག་དང། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་འདེད།  མི་དམངས་ཀྱི་ལས་བརྩོན་བདེ་སྡོད་ལ་འགན་སྲུང་བཅས་ཀྱི་ལས་འགན་ལག་བསྟར་བྱས་ནས།ཁྲིམས་འཛིན་གྱི་འགན་ནུས་འདོན་སྤེལ་གང་ལེགས་དང་། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་དོན་ཡོངས་ཀྱི་ཁྲོད་ནས་འདྲ་མཉམ་དང་དྲང་བདེན་མྱོང་ཚོར་བྱེད་པར་ཧུར་བརྩོན་བྱས་ནས། ནུས་ཤུགས་ཡོད་རྒུས་མཚོ་ནུབ་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་སྤྱི་ཡོངས་བརྟན་འཇགས་ཡོང་བར་ཞབས་ཞུ་བསྒྲུབ་དགོས།

གཅིག་ནི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། མུ་མཐུད་དུ་ཁྲིམས་ཁང་གི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། ལས་ཁུངས་ཀྱི་ཏང་འཛུགས་བྱ་བར་ཤུགས་སྣོན་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོར་གཟབ་ནན་སྒོས་འཛིན་ཞིང།  བསམ་བློའི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ་དང། ཆབ་སྲིད་ཀྱི་འགྲེང་གནས་མཐོར་འདེགས་སུ་གཏོང་ཞིང།ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་དོན་འཁྱོལ་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་རྒྱུན་འཁྱོངས་བྱེད་ཅིང་།ཏང་གིས་མི་དམངས་ཁྲིམས་ཁང་གི་བྱ་བར་མཐའ་གཅིག་དུ་འགོ་ཁྲིད་བྱེད་པ་ལ་རྒྱུན་འཁྱོངས་དང་། ནམ་ཡང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པའི་སྒོས་གདེང་འཇོག་དང་།  ཧུར་བརྩོན་སྒོས་ཆབ་སྲིད་ཉམས་སད་ཐེག་ཐུབ་པ་དང་ནུས་རྩལ་མཐོ་བ།འགན་ཁུར་ཕོད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས།

གཉིས་ནི་ཁྲིམས་བསྟར་གྱོད་སྒྲུབ་ཀྱི་ལས་འགན་གཙོ་བོ་ནན་མོ་འཛིན་པ།  རྒྱལ་ཁབ་སྤྱི་ཡོངས་བདེ་འཇགས་ཀྱི་ལྟ་བ་ལ་དོན་འཁྱོལ་བྱེད་པར་རྒྱུན་འཁྱོངས་དང་།ནག་སེལ་གཤེད་བཅོམགྱི་ཆེད་དོན་འཐབ་རྩོད་ཟབ་སྤེལ།  སྤྱི་ཚོགས་བདེ་འཇགས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཧུར་བརྩོན་གྱིས་ཞུགས་དགོས།ནག་ཚོགས་དང་འབྲེལ་བའི་ཉེས་བཟོ་བྱ་སྤྱོད་ལ་གཟབ་ནན་གྱིས་རྡུང་རྡེག་བྱེད་པ་དང། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་རིམ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས། ཁྲིམས་ལྟར་དམངས་ཚོང་དོན་གྱི་གྱོད་གཞིར་འདྲི་གཅོད་དང་དམངས་འཚོ་དང་འབྲེལ་བའི་གྱོད་གཞི་ལ་སྤུས་དག་གིས་འདྲི་གཅོད་དང་། སྤྱི་ཚོགས་འཆམ་མཐུན་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།ལག་བསྟར་ཀྱི་ཤུགས་ཚད་ཇེ་ཆེར་གཏང་སྟེ་ལག་བསྟར་གྱི་བྱེད་ཐབས་ཇེ་དྲག་དང།ལག་བསྟར་བྱེད་པའི་དཀའ་ངལ་ཧུར་བརྩོན་གྱིས་ཐག་གཅོད་བྱེད་དགོས།  དུས་བཅད་ལྟརལོ་གཉིས་ནས་གསུམ་གྱི་དུས་ཚོད་བེད་སྤྱད་ནས་ལག་བསྟར་བྱེད་དཀའ་བ་ཕལ་ཆེར་ཐག་གཅོད་བྱེད་པའིདམིགས་འབེན་འགན་འཁྲི་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱ་དགོས།  མུ་མཐུད་དུ་ཁྲིམས་འཛིན་ནི་དམངས་ཆེད་ཀྱི་བྱེད་ཐབས་གསར་གཏོད་དང་། ནུས་ཚད་ཆེས་ཆེ་བའི་ངང་མང་ཚོགས་ཀྱི་སྲིད་འཛིན་དགོས་མཁོ་སྐོང་དགོས།

གསུམ་ནི་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་དུ་གཏོང་དགོས། དམིགས་འབེན་དང་གནད་དོན་ཀྱིས་ཁ་ཕྱོགས་སྟོན་པ་གཅིག་གྱུར་བྱེད་པར་རྒྱུན་འཁྱོངས་དང་། བཅོས་བསྒྱུར་སྤྱི་ཁོག་གི་ཕན་ནུས་མཐོར་འདེགས་གཏོང་དགོས།ཁྱོན་ཡོངས་ནས་སྲིད་འཛིན་འགན་འཁྲི་ལམ་ལུགས་དོན་འཁྱོལ་དང་། དབང་གློད་དང་ལྟ་སྐུལ་ཟུང་དུ་འབྲེལ་བར་རྒྱུན་འཁྱོངས་བྱ་དགོས། འདྲི་གཅོད་ལྟ་སྐུལ་གྱི་དོ་དམ་ཇེ་དྲག་ཏུ་གཏོང་ཞིང། གྲུབ་འབྲས་དཔྱད་བསྡུར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་རང་རྐྱ་འཕར་བའི་ངང་དྲང་བདེན་སྒོས་འདྲི་གཅོད་དབང་ཆ་སྤྱོད་པར་ཁག་ཐེག་བྱེད་དགོས། ཏན་ཏིག་གིས་གཅིག་བསྡུས་མ་ལག་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་ཞིང་།  འདྲི་གཅོད་ནི་སྲོག་ཤིང་ཡིན་པའི་གཏུག་བཤེར་གྱི་ལམ་ལུགས་བཅོས་བསྒྱུར་ལ་ཤུགས་སྣོན་པ་དང་། ཁྲིམས་རའི་འདྲི་གཅོད་དོན་དངོས་ཅན་དུ་འཁྱོལ་དགོས། ནང་ཁུལ་སྒྲིག་གཞིའི་བཅོས་བསྒྱུར་དང་འདྲི་གཅོད་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཁྲིམས་འཛིན་བཅོས་བསྒྱུར་གྱི་བྱེད་ཐབས་དོན་ཐོག་འཁྱོལ་བར་ཁག་ཐེག་དང་།  འབད་པ་ལྷོད་མེད་ཀྱིས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས།

བཞི་ནི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།དེང་རབས་ཀྱི་ལག་རྩལ་བྱེད་ཐབས་ཀྱིས་ཁྲིམས་འཛིན་བྱ་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱེད་ཅིང་། ཤེས་རིག་གི་ཁྲིམས་ཁངའཛུགས་སྐྲུན་ལ་མགྱོགས་སྐུལ་དང་།  ཁྲིམས་ཁང་གི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་ཧུར་ཐག་སྒོས་སྐུལ་འདེད་གཏོང་ཞིང་། ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་བྱ་བ་ནི་དེང་རབས་ལག་རྩལ་བཀོལ་སྤྱོད་དང་ཕན་ཚུན་སྐུལ་འདེད་དང་གཏིང་ཟབ་སྒོས་མཉམ་བསྲེས་བྱེད་པར་མངོན་འགྱུར་བྱེད་དགོས།ཞིབ་ཕྲའི་སྒོ་ནས་གྱོད་དོན་རིགས་སོ་སོར་ཞིབ་གཅོད་བྱེད་པ་དང་།  ཁྲིམས་འཛིན་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ནུས་ལྡན་གྱིས་ཇེ་མཐོར་གཏོང་དགོས། ཁྲིམས་འཛིན་སྤྱི་བསྒྲགས་བྱེད་པར་རྒྱུན་འཁྱོངས་དང་།མུ་མཐུད་དུ་ཁྲིམས་འཛིན་འཁོར་སྤྱོད་ནི་མངོན་གསལ་ཅན་དུ་འཕེལ་བར་གཏིང་ཟབ་ངང་སྐུལ་འདེད་གཏོང་ལ། ཁྲིམས་འཛིན་གྱི་གསལ་ཚད་ལ་ཤུགས་སྣོན་དང་ཁྲིམས་འཛིན་སྤྱིའི་ཡིད་ཆེས་བྱེད་ཚད་མཐོར་འདེགས་སུ་གཏོང་དགོས།

ལྔ་ནི་ཁྲིམས་ཁང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། མུ་མཐུད་དུ་ཁྲིམས་ཁང་ཏང་ཙུའི་སྲོག་ཤིང་གི་ནུས་བ་འདོན་སྤེལ་བྱེད་ཅིང་། དཔུང་སྡེ་ཡི་ཆབ་སྲིད་དང་བྱེད་སྒོ གཞུང་ལུགས་བཅས་བྱང་ཚད་ཀྱི་གསོ་སྦྱོང་ལེགས་པོར་འཛིན་རྒྱུ་དང་། ཁྲིམས་འཛིན་ནུས་བ་སྔར་ལས་སྐུལ་འདེད་གཏོང་དགོས།ཆེད་དོན་བྱ་འགུལ་སོ་སོའི་གྲུབ་འབྲས་ལ་གཏིང་ཇེ་ཟབ་དང་སྲ་བརྟན་དུ་གཏོང་ཞིང་། ཁྲིམས་འཛིན་གྱི་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་དགོས་ལ། ཁྲིམས་འཛིན་གྱི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཉིས་ཏན་ཏིག་ངང་དོན་འཁྱོལ་བྱས་ཏེ།  ཏང་ནང་གི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་ཞིང་། སྒྲིག་ལམ་དང་ལུགས་སྲོལ་ནི་སྔོན་ལ་འགྱིང་ངེར་ལངས་ཐུབ་པར་རྒྱུན་འཁྱོངས་དང།  སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་གཟབ་ནན་སྒོས་ཉེས་ཆད་གཅོད་དགོས་ལ། སྤྱོད་གཙང་དང་དྲང་བདེན་གྱི་ཁྲིམས་འཛིན་ལ་ཁག་ཐེག་བྱོས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་ནུབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུས་སྒྲུབ་དགོས།

འཐུས་མི་རྣམ་པ།   ལོ་གསར་བའི་ནང་དུ།    ང་ཚོས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་དང་།དམངས་ཆེན་གྱི་ཁྲིམས་ལྟར་ལྟ་སྐུལ་དང་ཞིང་ཆེན་ཁྲིམས་ཁང་གི་ནུས་ལྡན་གྱི་མཛུབ་སྟོན་འོག།དུས་རབས་གསར་བས་མི་དམངས་ཁྲིམས་ཁང་ལ་བསྩལ་བའི་ལས་འགན་གསར་བར་གདེང་ཚོད་ནན་མོ་བླངས་ཏེ།ཡིད་ཆེས་བརྟན་ཞིང་འབད་འབུངས་ངང་མདུན་དུ་བསྐྱོད་པ་དང་།  དཀའ་སེལ་འགག་སྒྲོལ་དང་བྱ་བ་ཏན་ཏིག་ཏུ་སྤེལ་ཞིང་།རྣམ་དག་གིས་ཁྲིམས་འཛིན་གྱི་ལས་འགན་ལག་བསྟར་བྱས་ཏེ།  མུ་མཐུད་དུ་དུས་རབས་གསར་བའི་མཚོ་ནུབ་ཁྲིམས་ཁང་གི་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ལ།འབྱོར་ཕྱུག་དང་ཤེས་དཔལ།  འཆམ་མཐུན།  བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་ཏུ་བསྐྲུན་སླད་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་འཇོག་པར་འབད་དགོས་སོ།།

གོང་མ།:མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

ཞོལ་མ།:༢༠༡༨ལོའི་མཚོ་ནུབ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང༢༠༡༩ལོའི་འཆར་གཞིའི་འཆར་ཟིན་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235