མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2019-03-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

མཚོ་ནུབ་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་

སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་ཡིག་ཆ།(བཅོ་ལྔ)

མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

    2019ལོའི་ཟླ2པའི་ཚེས27ཉིན་གྱི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་།

མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན།ཝང་ཝེ་ཅན།

འཐུས་མི་རྣམ་པ།

      ད་ལྟ་ངས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས།ཚང་མས་གྲོས་ཞིབ་གནང་རོགས་ཞུ་བ་དང་། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་བྱེད་མཁན་གྱི་བློ་མཐུན་རྣམ་པས་དགོང་འཆར་གནང་བར་ཞུ།

2018ལོའི་བྱ་བར་ཕྱིར་དྲན།

   2018ལོར་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་དང་ཁུལ་ཨུའི་མགོ་ཁྲིད་འོག་དང་། ཁུལ་དམངས་འཐུས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འོག ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས།དེ་བཞིན་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོགཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱས་ནས།ཁྲིམས་ལྟར་ཁུལ་སྐྱོང་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བསྟུན་པ་དང་ཞབས་ཞུ་བྱེད་པའི་ཐད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ངོ་བོའི་བླང་བྱ་དམ་པོར་བཟུང་སྟེ།ཆབ་སྲིད་ཀྱི་ལངས་ཕྱོགས་མུ་མཐུད་མཐོ་རུ་བཏང་བ་དང། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཤིང་།འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བསྟུན་པ་དང་ཞབས་ཞུ་བྱས་ནས།སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་བྱས།དགོངས་སྐོར་སྙན་ཞུ་ལམ་ལུགས་རྒྱུན་འཁྱོངས་དང་། ཞིབ་དཔྱོད་ལས་དོན་གྱི་ཁ་ཕྱོགས་ཡང་དག་ལ་འགན་སྲུང་བྱས།ཁྲིམས་བཀོད་ཀྱི་འགན་འཁྲི་གཟབ་ནན་ངང་ལག་བསྟར་བྱས་ནས།  ཁྲིམས་ལུགས་ཀྱི་ལྟ་སྐུལ་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ལ།ཧུར་ཐག་གིས་བྱ་བའི་རིག་ལམ་གསར་གཏོད་དང་།ཞིབ་དཔྱོད་བྱ་བའི་གསོནཤུགས་མུ་མཐུད་ཆེ་རུ་བཏང་སྟེ།ཐོག་མཐའ་བར་གསུམ་དུ་དཔུང་ཁག་འཛུགས་སྐྲུན་གྱི་ཤུགས་ཆེ་རུ་བཏང་ཞིང་། ལས་བྱེད་ཉེན་རྟོག་གཞུང་དྲང་དང་སྤྱོད་གཙང་ཁག་འཁུར་ཕོད་པ་ཞིག་ཡིན་པ་དང་།ཞིབ་དཔྱོད་ལས་དོན་ཁག་བརྟན་ཞིང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས།

གཅིགརང་འགུལ་ངང་ལས་དོན་སྒྲུབ་པ་དང་།མཚོ་ནུབ་ཀྱི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པའི་ཁྲོད་དུ་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཁྲི་བསྒྲུབས་པ།

ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མུ་མཐུད་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་ཁྱོན་ཡོངས་ཀྱི་ཞབས་ཞུ་དང་ལེན་བྱེད་པའི་ཁྲོད་དུ་ཞིབ་དཔྱོད་ལས་དོན་གྱི་རིན་ཐང་མངོན་པར་རྒྱུན་འཁྱོངས་དང་།འགན་ནུས་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་ཁྱོན་ཡོངས་ལ་བཅའ་ཁྲིམས་ཐད་ཀྱི་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱས།

གཅིགདགྲར་འཛིན་སྟོབས་ཤུགས་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱས་པ།ཐོག་མཐའ་བར་གསུམ་དུ་རང་ཁུལ་གྱི་སྤྱི་ཚོགས་དང་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོ་བྱེད་པ་དེ་ཐམས་ཅད་ཟིལ་གྱིས་གནོན་པའི་ཆབ་སྲིད་ལས་འགན་དུ་བཟུང་སྟེ།ཁུལ་ཨུའི་ས་གནས་ཀྱི་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་དང་།ཞིབ་དཔྱོད་ལས་བྱེད་མི་སྣ་ཡོངས་ཀྱི་བསམ་བློ་མཚོ་ནུབ་ས་ཁུལ་གྱི་ཆབ་སྲིད་གཏན་འཇགས་སྲུང་སྐྱོང་བྱེད་པའི་སྟེང་དུ་གཅིག་གྱུར་བྱས་ལ། ལས་བྱེད་ཉེན་རྟོག་ཡོངས་ཀྱིའདུ་ཤེས་བཞིརྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཞིང། ཁ་བྲལ་སྟོབས་ཤུགས་དང་འཇིགས་སྐུལ་སྟོབས་ཤུགས།ལོག་ཆོས་རྩ་འཛུགས་བཅས་ཀྱི་གཏོར་བརླག་བྱ་འགུལ་ལ་ཁྲིམས་ལྟར་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་བཅས་བྱས་ཏེ།ནུས་ཤུགས་ཡོད་རྒུ་མཚོ་ནུབ་ཀྱི་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོང་བྱས། 2018ལོར།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱེད་པའི་གྱོད་དོན2ཞུ་སྦྱོར་བྱས་པ་དང་།ལོག་ཆོས་རྩ་འཛུགས་བེད་སྤྱོད་བྱས་ནས་ཁྲིམས་ལུགས་ལག་བསྟར་ལ་གཏོར་བརླག་བྱེད་པའི་ཉེས་གསོག་གྱོད་དོན2ཞུ་སྦྱོར་བྱས།
 གཉིས།ཁྲིམས་ལྟར་ནག་སེལ་གཤེད་བཅོམ་བྱས་པ། ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་མཐར་ཕྱིན་བྱས་ལ།ཞིང་ཆེན་ཞིབ་དཔྱོད་ཁང་དང་ཁུལ་ཨུའི་བྱ་བའི་བླང་བྱ་གཟབ་ནན་གྱིས་གཞིར་བཟུང་ནས།ཆེད་དོན་འཐབ་རྩོད་ཀྱི་ལས་དོན་དེ་ཞིབ་དཔྱོད་བྱ་བའི་མངོན་གསལ་དོད་སར་བཞག་པ་དང་ ཞིབ་དཔྱོད་འགོ་འཛིན་ནི་ཙུའུ་ཀྲང་ཡིན་པའི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་མགོ་ཁྲིད་ཚན་ཆུང་བཙུགས་ལ།ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་སྤེལ་བའི་རྩ་འཛུགས་དང་།མཐུན་སྦྱོར། གྱོད་དོན་ལས་ཀ་སྒྲུབ་པ་སོགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་པ་ཡིན།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དང་ལེན་བྱས་པའི་ནག་ཉེས་གྱོད་དོན12དང་མི58ལ་སྒྲུབ་རྒྱུར་ལྟ་སྐུལ་བྱས་ཤིང་། ན་གོར་མོ་དང་གཏེར་ལེན་ཁ། ཚྭ་འདམ་ཆེ་བ། ནུབ་རྒྱུད་གཏེར་ཁུལ་བཅས་ཀྱི་ཞིབ་དཔྱོད་ཁང་གིས་སྔོན་ལ་ཇུས་གཏོགས་དང་དཔང་ལེན་ཁྲིད་སྟོན་ལ་མཛུབ་སྟོན་བྱས་ཏེ།གྱོད་དོན་སྒྲུབ་པའི་སྤུས་ཚད་ལ་འགན་སྲུང་དང་། གྱོད་དོན་སྒྲུབ་ཚད་ཇེ་མགྱོགས་སུ་བཏང་ནས།ནག་ཕྱོགས་སྟོབས་ཤུགས་ལ་འཇིགས་སྣང་བྱིན་པ་དང་། མིག་སྔར་དང་ལེན་བྱས་པའི་གྱོད་དོན་ཚང་མ་གཞུང་ཕྱོགས་ལ་ཞུ་སྦྱོར་བྱས།

(གསུམ།)མཚོ་ནུབཀྱི་ལྗང་མདོག་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁོར་ཡུག་སྲུང་སྐྱོང་དང་།མཚོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱ་བའི་ཁྲོད་ཀྱི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཤིང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་བཀོད་སྒྲིག་ལྟར།ཞིབ་དཔྱོད་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན།ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བཅས་བྱེད་སྐབས་སུ་ཁོར་ཡུག་ལ་གཏོར་བརླག་དང་།ཐོན་ཁུངས་འཕྲོ་བརླགསྐྱེ་ཁམས་ལ་གནོད་པ་བཅས་བྱེད་པའི་ཉེས་བསགས་སྣ་ཚོགས་ལ་མུ་མཐུད་དུ་རྡུང་རྡེག་དྲག་པོབཏང་བ་ཡིན ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྔོན་པ་དང་ཉོ་འཚོང་བྱེད་པའི་ནག་ཉེས་དང་།ཤིང་སྡོང་རྐུ་གཅོད་བྱེད་པ་སོགས་ཀྱི་ནག་ཉེས་བཟོས་པའི་བྱ་འགུལ་ལ་ཁྲིམས་ལྟར་རྡུང་རྡེག་བཏང་།2018ལོར་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་བཏང་བའི་གྱོད་དོན18དང་མི39དང་ལེན་བྱས་པ་དང་། གྱོད་དོན8དང་མི26གཞུང་ཕྱོགས་སུ་ཞུ་སྦྱོར་བྱས་ཏེ།དོན་དངོས་ཀྱི་འགུལ་སྐྱོད་སྟེང་མཚོ་ནུབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
   (བཞི།) ཧུར་ཐག་གིས་གནད་ཁེལ་དབུལ་སྐྱོར་ལ་ཞུགས་པ།དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཁུལ་ཨུའི་གནད་ཁེལ་དབུལ་སྐྱོར་སྐོར་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དབུལ་སྐྱོར་ནང་ཞུགས་མཁན་ལ་གསོ་སྦྱོང་བྱ སྡེ་སྡོད་ཀྱི་ཧྲུའུ་ཅི་དང་པོའི་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཤིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁུར་བའི་གནད་ཁེལ་དབུལ་སྐྱོར་བྱ་བའི་ལས་འགན་གཞི་རྩའི་ཐོག་ལེགས་འགྲུབ་བྱས་པ་ཡིན མུ་མཐུད་དུ་བཅའ་ཁྲིམསལྔ་སྐྱོདཀྱིབྱ་འགུལསྤེལ་བ་བརྒྱུད་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་བྱས་ཤིང། འབྲེལ་གནསསྡེ་བར་ཕྱིན་ནས་དབུལ་སྐྱོར་གྱི་འཚམས་འདྲིའི་ལས་དོན་སྤེལ་བ་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་པ་མ་ཟད།  དབུལ་ཕོངས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ལོངས་སུ་སྤྱོད་དུ་བཅུག་ནས།  ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་སྐུལ་འདེད་བཏང་།

ལྔཡིག་སྐུར་ངོ་གཏུག་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཐབས་ཤེས་སྣ་ཚོགས་སྤྱད་དེ་ཁྲིམས་ལུགས་དང་ཞུ་གཏུག་་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུག་བཅོས་བསྒྱུར་ལ་སྐུལ་འདེད་བཏང་། ཐོག་མར་སྒྲུབ་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་དང་།གཏུག་བཤེར་དང་ངོ་བཅར་ས་སོར་དགར་བརརྒྱུན་འཁྱོངས་བྱས་ནས།  ཁྲིམས་ལུགས་དང་ཞུ་གཏུག་་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་དེ་ཁྲིམས་ལུགས་ཀྱི་འགྲོ་ལམ་དུ་བཅུག་པ་ཡིན།འགོ་ཁྲིད་ལས་རེས་འཁོར་ནས་ངོ་བཅར་བྱེད་པ་དང་།སྡེ་ཁག་མང་པོས་མཐུན་སྦྱོར་མཉམ་སྒྲུབ་ལ་རྒྱུན་འཁྱོངས་བྱས་ནས།བཅའ་ཁྲིམས་དང་།སྲིད་ཇུསསྲིད་འཛིན་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་སུ་སྤྱད་དེ་ཡིག་སྐུར་ངོ་གཏུག་གི་དཀའ་གནད་ཐག་གཅོད་བྱས་པ་ཡིན 2018ལོར།  ཁྱོན་བསྡོམས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱོད་དོན90སྣེ་ལེན་བྱས་ལ། ཁྲིམས་ལྟར་གྱོད་དོན90ཐག་གཅོད་བྱས་ཡོད། ཁྲིམས་འཛིན་ལ་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཀྱི་ཐུགས་ཁུར་བྱེད་པར་མཐོང་ཆེན་དང་། གཅིག་གྱུར་འཆར་འགོད་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་ཐག་གཅོད་ཡག་པོ་བྱས་ཏེ།མི11ལ་རོགས་སྐྱོབ་བྱས་ཤིང་། རོགས་སྐྱོབ་ཀྱི་སྒོར་ཁྲི23.5བྱིན་པ་ཡིན།

གཉིས།  ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་། ནག་ཉེས་བཟོས་པར་རྡུང་རྡེག་བཏང་ནས་བདེ་འཇགས་མཚོ་ནུབ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཁྲིམས་བསྟར་གྱོད་དོན་ཐག་གཅོད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང
   ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་འདྲི་གཅོད་ལྟེ་བ་ཡིན་པའི་གཏུག་བཤེར་ལམ་ལུགས་བཅོས་སྒྱུར་རྒྱུན་འཁྱོངས་བྱས་པ་དང་།བཅའ་ཁྲིམས་ལྟ་སྐུལ་གྱི་ལས་རིགས་གཙོ་བོར་དམིགས་ནསཁྲིམས་ལྟར་ཉེས་དོན་ཉེས་བསགས་ལ་རྡུང་རྡེག་དང་།གཏུག་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་འཛིན་གྱོད་དོན་ཐག་གཅོད་བྱེད་ནུས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་དང་།མཚོ་ནུབ་ཀྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་ཧུར་ཐག་གིས་སྲུང་སྐྱོང་བྱས།
 གཅིགའདྲི་གཅོད་ལྟེ་བ་ཡིན་པར་རྒྱུན་འཁྱོངས་བྱས་ཏེ།  ཞིབ་བཤེར་དང་འཛིན་བཟུང་ཆོག་མཆན་འགོད་པ། གཏུར་བཤེར་བཅས་ཀྱི་ལས་ཀའི་ནུས་པ་ཆེ་རུ་བཏང་ཧུར་ཐག་གིས་དུས་སྐབས་གསར་པའི་ཉེས་དོན་ཉེས་གསོག་གི་འགྱུར་ལྡོག་གསར་པ་དང་རང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གིས་ཞིབ་དཔྱོད་ལས་ཁུངས་་བཏོན་པའི་བླང་བྱ་གསར་པ་དང་མཐུན་གང་ཐུབ་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་མྱུལ་ཞིབ་ལྟ་སྐུལ་དང་གཞུང་ཕྱོགས་ཞུ་གཏུག་སྡེ་ཁག་གི་ལས་བྱེད་ཉེན་རྟོག་པའི་ནུས་ཤུགས་སྐྲུན་པར་ཤུགས་བསྣན་ཞིང་།གྱོད་དོན་སྒྲུབ་པའི་སྤུས་ཚད་དང་ལས་ཆོད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ 2018ལོར།བསྡོམས་པས་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་ཞུས་པའི་ཉེས་དོན་གྱོད་གཞི་ཁག416དང་མི682ཀྱི་གྱོད་དོན་དང་ལེན་བྱས་ལ།ཞིབ་བཤེར་ཆོག་མཆན་ཐོབ་པའི་གྱོད་དོན338དང་མི548འཛིན་བཟུང་བྱས་པ་དང་།འཛིན་བཟུང་ཆོག་མཆན་མ་ཐོབ་པའི་གྱོད་དོན73དང་མི132ཡོད།འདྲི་ཞིབ་ཁྲིམས་སྦྱོར་གྱི་གྱོད་དོ674དང་མི999དང་ལེན་བྱས་ཁྲིམས་ལྟར་གཞུང་གཏུག་བྱས་པའི་གྱོད་དོན572དང་མི797ཞུ་སྦྱོར་བྱས་པ་དངཁག69དང་མི90ཞུ་གཏུག་མ་བྱས།དེའི་ནང་དུ་ལས་ཐོག་ཉེས་བསགས་ཀྱི་གྱོད་དོན8དང་མི11གཞུང་གཏུག་བྱས་ཡོད།ལོ་ཧྲིལ་པོར་འཛིན་བཟུང་ནོར་བ་དང་ཞུ་གཏུག་ནོར་བ། འཛིན་བཟུང་བྱེད་རྒྱུར་ལུས་པ་དང་གཏུག་བཤེར་བྱེད་རྒྱུར་ལུས་པ་སོགས་བྱུང་མེད་པ་དང་།ཉེས་དོན་ཉེས་གསོག་དྲག་ཏུ་གནོན་པའི་གནས་ཚུལ་སྲུང་འཛིན་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་སྤྱི་ཚོགས་བདེ་སྲུང་གཏན་འཇགས་ལསྲུང་སྐྱོང་བྱས།    

གཉིས།ཁྲིམས་འཛིན་གཞུང་དྲང་གི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། ཉེས་དོན་མྱུལ་ཞིབ་འདྲི་གཅོད་ཀྱི་ལྟ་སྐུལ་ནུས་པ་མཐོ་རུ་བཏང ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་གཏིང་ཟབ་ངང་དོན་འཁྱོལ་མཐར་ཕྱིན་བྱས་པ་དང། དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ་ནི་རིན་ཐང་ལྟ་བ་ཡིན་པ་རྒྱུན་འཁྱོངས་བྱས་ཏེཉེས་དོན་ཐོ་འགོད་ལྟ་སྐུལ་དང་ཉེས་དོན་འདྲི་གཅོད་ལྟ་སྐུལ་བྱེད་རྒྱུར་ཤུགས་བསྣན་ཞིང་།  གྱོད་དོན་ཡོད་ཀྱང་ཐོ་འགོད་མི་བྱེད་པ་དང་།ཉེས་པ་ཡོད་ཀྱང་མི་བཅའ་བ། ཁྲིམས་གཅོད་ཚབ་སྒྲུབ་སོགས་ཁྲིམས་འགལ་གྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་པ་དང་།ནག་མེད་ཉེས་འགེལ་གྱི་གྱོད་གཞི་ལ་ནན་འགོག་བྱས་ནས།  དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་ནུས་ཤུགས་མུ་མཐུད་མཐོ་རུ་བཏང་།2018ལོར།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་མྱུལ་ཞིབ་ལས་ཁུངས་ཀྱི་གྱོད་དོན5དང་མི5ཐོ་འགོད་ལ་ལྟ་སྐུལ་བྱས་ཤིང་། མྱུལ་ཞིབ་ལས་ཁུངས་ཀྱི་གྱོད་གཞི1དང་མི1ཕྱིར་འཐེན་བྱས་པར་ལྟ་སྐུལ་བྱས་ལ། མི13འཛིན་བཟུང་བྱས་པ་དང་ མི16ཁྲིམས་སྦྱོར་བདའ་འདེད་བྱས།མྱུལ་ཞིབ་བྱ་འགུལ་གྱི་ཁྲིམས་འགལ་གནས་ཚུལ་ཐེངས17ལ་ལྟ་སྐུལ་བྱས་པ་དང་འདྲི་གཅོད་བྱ་འགུལ་གྱི་ཁྲིམས་འགལ་ཐེངས9ལ་ལྟ་སྐུལ་བྱས།བསྐྱར་གཅོད་ཡོང་རེ་ཞུས་པ5བཏོན་ཞིངཁྲིམས་ཁང་གིས་ཁྲིམས་ཆད་སྒྱུར་བའམ་ཡང་བསྐྱར་འདྲི་གཅོད་སྤྲད་པའི་གྱོད་གཞི11བཏོན། རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་རིམ་པ་གཅིག་མཚུངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཚོགས་ལ་ཐེངས35ཟུར་ཞུགས་བྱས་ཤིང་།ཁྲིམས་ཁང་གིས་དོགས་གཞི་ཆེན་པོའི་གྱོད་དོན་ལ་བཅའ་ཁྲིམས་སྤྱད་འཐུས་ཕྱོགས་ནས་མཐུན་སྦྱོར་ཡག་པོ་བྱེད་པ་དང་འདྲི་གཅོད་བྱ་འགུལ་གྱི་ལྟ་སྐུལ་ལ་ཤུགས་བསྣན་ཏེ།འདྲི་གཅོད་དབང་ཆ་གང་བྱུང་དུ་སྤྱོད་པར་བཀག་འགོག་བྱས་པ་ཡིན།

གསུམ།སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དང་འཚམ་པར་བྱས་ཏེདམངས་དོན་སྲིད་འཛིན་ལག་བསྟར་ལྟ་སྐུལ་བྱེད་ནུས་མཐོ་རུ་བཏང རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བགྲོད་ལམ་མགྱོགས་པོར་བསྐྱོད་པ་དང་དམངས་དོན་དང་ཚོང་དོན་གྱི་གྱོད་དོན།སྲིད་འཛིན་གྱི་གྱོད་དོནདེ་བཞིན་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བྱས་པའི་ནག་ཉེསཀྱི་གྱོད་དོན་བྱུང་ཚད་འཕར་སྣོན་བྱུང་བའི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ནས།ཁྲིམས་ལྟར་ལྟ་སྐུལ་དང་ཚད་ལྡན་ལྟ་སྐུལ་ལ་རྒྱུན་འཁྱོངས་བྱས་ཏེ། བསྐྱར་གཅོད་ཡོང་རེ་ཞུ་བ་དང་ཞིབ་དཔྱོད་བསམ་འཆར་ལྟེ་གནས་ཡིན་པའི་སྣ་མང་ཅན་གྱི་ལྟ་སྐུལ་བྱེད་སྟངས་བཙུགས་པ་ཡིན ལོ་ཧྲིལ་པོར་བསྡོམས་པས་དམངས་དོན་སྲིད་འཛིན་ལྟ་སྐུལ་གྱོད་དོན32ཞིབ་བཤེར་ཐག་གཅོད་བྱས་ལབསྐྱར་གཅོད་ཡོང་རེ་ཞུ་བ1བཏོནཁྲིམས་ཁང་གིས་འགན་དབང་ལྟར་ལྟ་སྐུལ་བྱས་པའི་གྱོད་དོན1ལ་ཁྲིམས་གཅོད་བཅོས་སྒྱུར་བྱས།མི་དམངས་ཁྲིམས་ཁང་གི་དམངས་དོན་སྲིད་འཛིན་ལག་བསྟར་གྱོད་དོན་གྱི་ཆེད་དོན་ལྟ་སྐུལ་ཞིབ་དཔྱོད་གཏིང་ཟབ་ཏུ་བཏང་ནས། དམངས་དོན་ཞིབ་དཔྱོད་ཀྱི་གྲོས་གཞི191བཏོན་སྲིད་འཛིན་ཞིབ་དཔྱོད་གྲོས་གཞི24བཏོན་ཞིང་།ཁྲིམས་ཁང་གིས་ཚང་མར་ལན་བཏབ་པ་དང་དང་ལེན་བྱས། སྲིད་འཛིན་ལས་ཁུངས་ཀྱིས་འགན་འཁྲི་སྒྲུབ་པར་སྐུལ་འདེད་བཏང་བ50དང་སྲིད་འཛིན་ལས་ཁུངས་ཀྱིས་ལན་བཏབ་པ་དང་དང་ལེན་བྱས་པ47ཡོད།
 བཞི།ཕྱོགས་བསྡུས་བཅོས་སྐྱོང་གི་ཇུས་གཞི་དོན་འཁྱོལ་བྱས་ཏེ།  ཉེས་དོན་ལག་བསྟར་གྱི་བཅའ་ཁྲིམས་ལྟ་སྐུལ་ནུས་ཤུགས་ཆེ་རུ་བཏངཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལྟ་སྐུལ་དོ་དམ་བྱེད་ཡུལ་གྱི་ཞིབ་དཔྱོད་ལྟ་སྐུལ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན།ཚད་ལྡན་ཅན་སྐོར་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་དོ་དམ་བྱེད་ཡུལ་ལ་ཁྲིམས་ལྟར་ལྟ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་་དེ་ཞིབ་དཔྱོད་ལས་ཁུངས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་ཞུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བཟུང་བ་ཡིན 2018ལོར། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་བྱེད་ཡུལ་དུ་ལྟ་སྐུལ་ཞིབ་དཔྱོད་ཐེངས287བྱས་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་དཔྱོད་གྲོས་གཞི57བཏོན་ལྟ་སྐུལ་ཡོ་བསྲང་བྱས་པ་ཁག57ཡོད། ཉེས་ཆད་ཇེ་ཡང་དུ་བཏང་བ་དང་ཚོད་བགམ་གློད་འགྲོལ་གྱི་གྱོད་དོན68ལ་ལྟ་སྐུལ་བྱས་ཤིང་། ཉེས་ཆད་ཇེ་ཡང་དུ་བཏང་བ་དང་ཚོད་བགམ་གློད་འགྲོལ་བཏང་བ་ཚུལ་མིན་ཡོ་བསྲང་བྱ་རྒྱུའི་གྲོས་གཞི་ཁག16བཏོན་ལ། ཁག16ཡོ་བསྲང་བྱས་ཟིན།བཙན་ཉར་དགོས་ངེས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ།ཁྱོན་བསྡོམས་ཞིབ་དཔྱོད་ཀྱི་གྲོས་གཞི59བཏོན་པ་དང་། ཁག55དང་ལེན་བྱས་པ་རེད། སྡེ་ཁུལ་གྱི་ཡོ་བསྲང་མི་སྣ་དོ་དམ་ལས་ཐར་བ་དང་དོ་དམ་བྱ་རྒྱུར་ལུས་པར་ལྟ་སྐུལ་ཞིབ་བཤེར་བྱ་འགུལ་ཧུར་ཐག་གིས་སྤེལ་བ་དང་། བསྡོམས་པས་ཞིབ་དཔྱོད་ཀྱི་གྲོས་གཞི་ཁག104བཏོན་ལ། ཚང་མ་ལྟ་སྐུལ་དོ་དམ་ལག་བསྟར་ལས་ཁུངས་ཀྱིས་དང་ལེན་བྱས་ཤིང་། དོ་དམ་ཆད་ལུས་བྱུང་བའི་མི6དང་།དོ་དམ་ལས་ཐར་བའི་མི2ཡོ་བསྲང་བྱས་པ་དང་།  མི2ལ་བཙོན་འཇུག་ལག་བསྟར་གྱི་རེ་ཞུ་ཕུལ།

ལྔ།ཞིབ་བཤེར་མ་བྱས་པའི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ནས།གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ནུས་ཆེ་རུ་བཏངསློབ་གསོ་དང་། བློ་འགུག་པ།སྐྱོབ་ཐབབཅས་ཀྱི་ལས་ཀའི་བྱེད་ཕྱོགས་ལ་རྒྱུན་འཁྱོངས་བྱས་ཏེལོ་ན་མ་སོན་པའི་སྐྱེ་བོར་སྲུང་སྐྱོང་དང་།གཞོན་ནུ་ལོ་ཆུང་གིས་ནག་ཉེས་བཟོ་བའི་རིགས་སྔོན་འགོག  ཉེས་འཛོལ་བྱུང་བའི་གཞོན་ནུ་ལོ་ཆུང་སྐྱོབ་ཐབས་བྱེད་པ་སོགས་ལས་དོན་གྱི་སྒྲུབ་ལམ་གསར་པ་དང་ཐབས་ཤེས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་ཡིན 2018ལོར།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་ན་མ་སོན་པའི་སྐྱེ་བོ་འཛིན་བཟུང་བྱས་པའི་བྱས་ཉེས་གྱོད་དོན21དང་མི34འཛིན་བཟུང་བྱས་པར་ཞིབ་བཤེར་དང་ལེན་བྱས་པ་དང་། ཁྲིམས་ལྟར་གྱོད་གཞི11དང་མི11གཞུང་གཏུག་ཞུས་པ་ཡིན། ཐོག་མཐའ་བར་གསུམ་དུ་སློབ་གསོ་གཙོ་བོ་འཛིན་པ་དང་ཆད་པ་གཅོད་རྒྱུ་ཕལ་བ་བྱེད་པའི་རྩ་དོན་ལ་རྒྱུན་འཁྱོངས་བྱས་ཤིང་། འཛིན་བཟུང་ཞུ་གཏུག་ལ་ཆོག་མཆན་འགོད་རྒྱུའི་ཚད་གཞི་གཟབ་ནན་ངང་དམ་འཛིན་བྱས་ནས། ཧུར་ཐག་གིས་ལོ་ན་མ་སོན་པའི་སྐྱེ་བོ་བྱས་ཉེས་བསགས་པའི་རིགས་ཡང་ཞིང་དལ་བའི་སྒོ་ནས་ཐག་གཅོད་བྱ་རྒྱུར་གྲོས་གཞི་བཏོན་པ་ཡིན་ལ།ལོ་ན་མ་སོན་པའི་ཉེས་ཅན་བཀར་ནས་བཙོན་འཇུག་དང་བཀར་ནས་དོ་དམ། བཀར་ནས་སློབ་གསོ་གཏོང་བའི་ལམ་ལུགས་དང་ཁྲིམས་འཛིན་རོགས་སྐྱོབ་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེཉེས་གསོག་དང་འབྲེལ་བ་ཡོད་པའི་ལོ་ན་མ་སོན་པའི་སྐྱེ་བོ་དམིགས་བསལ་གྱི་སྲུང་སྐྱོང་བྱས་པ་ཡིནཧུར་ཐག་གིས་ལོ་ན་མ་སོན་པའི་སྐྱེ་བོ་ཁྲིམས་སྐྱོང་དྲིལ་སྒྲོག་གིབྱ་འགུལ་སྤེལ་བ་དང་། ཞིབ་དཔྱོད་དཔོན8སློབ་གྲྭ་ཆུང་འབྲིང་གི་ཁྲིམས་ལུགས་ཟུར་ཁྲིད་པར་སྒྲིག་འཛུགས་བྱས་ཏེགཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཀྱི་སློབ་གསོ་ཤུགས་བསྣན་ནསགཞོན་ནུ་ལོ་ཆུང་གིས་ཁྲིམས་སྦྱོང་དང་།ཁྲིམས་རྟོགས།ཁྲིམས་སྲུང་བཅས་ལ་སློབ་སྟོན་བྱས་པ་ཡིན།

དྲུགགོང་རིམ་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།ཆེད་དོན་བཅའ་ཁྲིམས་ཀྱིས་ལྟ་སྐུལ་བྱ་བའི་ནུས་པ་མཐོ་རུ་བཏང་། རྩ་འཛུགས་བྱས་ནསཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་བསགས་ལ་ཆེད་དོན་གྱི་གྱོད་ཐོ་འགོད་པའི་ལྟ་སྐུལ་བྱ་འགུལདངཟས་རིགས་སྨན་རིགས་གནོད་མེད་ལ་གནོད་སྐྱོན་བཏང་བའི་ཉེས་བསགས་ལ་ཆེད་དོན་གྱི་གྱོད་ཐོ་འགོད་པའི་ལྟ་སྐུལ་བྱ་འགུལསྤེལ་བ་དང་།  སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་སྐྱེལ་བར་བསམ་འཆར་བཏོན་པ་དང་།མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་ཐོ་འགོད་པར་ལྟ་སྐུལ་བྱས་པའི་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་དང་ཟས་རིགས་སྨན་རྫས་གནོད་མེད་ལ་གནོད་སྐྱོན་བཏང་བའི་ཉེས་བསགས་ཁག་ཅིག་དང་།ལྷག་པར་དུ་གྱོད་དོན་ཐོ་འགོད་ལ་ལྟ་སྐུལ་བྱས་པར་མང་ཚོགས་ལ་བསམ་འཆར་ཆེ་བ་དང་།སྤྱི་ཚོགས་ཀྱིས་ཤུགས་ཆེན་ངན་པ་ཐེབས་པའི་གྱོད་དོན་ཞིག་ལ་ཆེད་དོན་བྱ་འགུལ་སྤེལ་བའི་བླང་བྱ་བཏོན་པར་དམིགས་ནས།སྟོབས་ཤུགས་རྩ་འཛུགས་བྱས་ཤིང་ཆེད་དོན་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་བ་དང་།ཕན་འབྲས་ལྡན་པའི་སྒོ་ནས་གྱོད་གཞི་ཡོད་ཀྱང་མི་སྐྱེལ་བ་དང་ཐོ་འགོད་མི་བྱེད་པ།དངུལ་ཆད་ཀྱིས་ཉེས་ཆད་ཚབ་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་ཡིན།ལོ་གཉིས་རིང་གི་ཆེད་དོན་ལྟ་སྐུལ་བྱ་འགུལ་སྤེལ་བའི་ཁྲོད་བསྡོམས་པས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་ལ་སྤྲད་པའི་ཉེས་བསགས་གྱོད་གཞི20ལ་ལྟ་སྐུལ་བྱས།

(བདུན)རང་ངོས་ཀྱི་ལྟ་སྐུལ་ལ་མུ་མཐུད་ཤུགས་བསྣན་ཏེ།གཞུང་དྲང་དང་མངོན་གསལ་དཔལ་ཡོན་སྒོ་ནས་ཁྲིམས་བསྟར་བྱེད་པའི་ནུས་པ་མཐོ་རུ་བཏང་།རང་ངོས་ཀྱི་ལྟ་སྐུལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་པ་དེ་ཁྲིམས་འཛིན་གཞུང་དྲང་དང་ཁྲིམས་ལྟར་གྱོད་དོན་སྒྲུབ་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་པ་ཡིན་ལ། གཅིག་ནི་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་ནས་ཁྲིམས་བསྟར་གྱོད་གཞི་སྒྲུབ་པའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་སྒོ་གཅིག་གྱུར་བེད་སྤྱོད་མ་ལག་ལ་བརྟེན་ནསགྱོད་དོན་སྒྲུབ་པའི་གོ་རིམ་ཧྲིལ་བོར་ལྟ་སྐུལ་ཚོད་འཛིན་བྱེད་པ་དང་།ཁྲིམས་འཛིན་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བྱས་ཤིང་།གྱོད་དོན་སྒྲུབ་པའི་དུས་ཡུན་དང་གྱོད་དོན་སྒྲུབ་པའི་སྤུས་ཚད།ཁྲིམས་བསྟར་དྲང་གཞག་ཡོང་བ་འགན་སྲུང་བྱ 2018ལོར།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་སྒོ་གཅིག་གྱུར་བེད་སྤྱོད་མ་ལག་བརྒྱུད་ནས་རིགས་སོ་སོའི་གྱོད་དོན་དང་ཆ་འཕྲིན4552སྐོར་སྤྱོད་དང་ལེན་བྱས།དུས་མཚུངས་སུ་སྤྱི་ཚོགས་ལ་གྱོད་དོན་གལ་ཆེན་གྱི་ཆ་འཕྲིན755ཁྱབ་བསྒྲགས་བྱས་ཤིང་། ལག་བསྟར་བྱེད་མཇུག་འགྲིལ་བའི་བཅའ་ཁྲིམས་ཡིག་ཆ553ཡོངས་བསྒྲགས་བྱས་པ་དང་། གྱོད་དོན་གོ་རིམ་གྱི་ཆ་འཕྲིན1162ཁྱབ་བསྒྲགས་བྱས་ལ།སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ལྟ་སྐུལ་དང་ལེན་བྱས་ཏེ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་མཐོ་རུ་བཏང་།གཉིས་ནི་གྱོད་དོན་གྱི་སྤུས་ཚད་དཔྱད་ཞིབ་བྱ་འགུལ་མུ་མཐུད་དུ་སྤེལ་ 2018ལོར།ཁུལ་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་དཔོན་སྒྲིག་འཛུགས་བྱས་ནས་གྱོད་དོནལ་དཔྱད་ཞིབ་ལྟ་བཤེར་བྱེད་པའི་ཚོགས་ཆུང5བཙུགས་ཏེ།  2017ལོའི་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐག་གཅོད་བྱས་པའི་གྱོད་དོན་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པ་དང་། ཁྲིམས་འཛིན་གྱོད་དོན་སྒྲུབ་པའི་བྱ་འགུལ་ཁྲོད་ཚད་ལྡན་མིན་པ་དང་། ཚུལ་མིནདྲང་གཞག་མིན་པའི་གནད་དོན་བཙལ་བཤེར་བྱས་ཤིང་།བསྡོམས་པས་གྱོད་དོན1187ལ་དཔྱད་ཞིབ་བྱས་ཏེ། ཕན་འབྲས་ཡོད་པའི་སྒོ་ནས་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

གསུམ།ལྟ་སྐུལ་བྱེད་ཕོད་པ་དང་།སྤྱི་ཕན་གྱི་ཞུ་གཏུག་གཏིང་ཟབ་སྤེལ་བའི་ཁྲོད་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས།

2017ལོའི་ཟླ6ཚེས27ཉིནརྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་དོན་གཏུག་བཤེར་བཅའ་ཁྲིམས་དང་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་།ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལམ་ལུགས་དངོས་སུ་གཏན་ཁེལ་བྱས།འདི་ནི་ཁྲིམས་འཛིན་བཅོས་སྒྱུར་དང་གཏུག་བཤེར་ལམ་ལུགས་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པསཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བར་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཁུངས་སྣེ117མཐིལ་རྟོགས་ཡོང་བ་དང་། གྱོད་གཞི99ཐོ་འགོད་བྱས།སྲིད་འཛིན་ལས་ཁུངས་ལ་ཞུ་གཏུག་སྔོན་གྱི་ཞིབ་དཔྱོད་གྲོས་གཞི79བཏང་བ་ཡིན་ལ།ལན་འདེབས་དང་ལེན་བྱས་པ70ཡོད། ཁྲིམས་ཁང་ལ་གྱོད་གཞི13གཏུག་བཤེར་ཞུས་པ་དང་།ཁྲིམས་ཁང་གིས་གྱོད་གཞི11ལ་མངོན་གསལ་གྱི་ཞིབ་དཔྱོད་བྱས་ཤིང་།གྱོད་གཞི10ལ་ཁྲིམས་གཅོད་བྱས། ཞིབ་དཔྱོད་ལས་ཁུངས་ཀྱི་གཏུག་བཤེར་རེ་ཞུ་ཚང་མ་ཁྲིམས་ཁང་གིས་དང་ལེན་རྒྱབ་སྐྱོར་བྱས་པ་དང་། ཞིབ་བཤེར་མཇུག་སྒྲིལ་བའི་གྱོད་གཞི4དང་།གྱོད་ཐག་བཅད་པའི་གྱོད་གཞི50ཡོད། རྒྱལ་ཁབ་ལ་དབང་བའི་ས་ཞིང་ནང་བཤུག་གཏོང་དངུལ་བསྡོམས་པས་སྒོར་ཁྲི311.6ཚུར་ལེན་སྐུལ་འདེད་བྱས་ལ།གཏོར་བརླག་བཏང་བའི་ས་ཞིང་མུའུ25.1ཉམས་གསོ་དང་སླར་གསོ་བྱེད་པར་སྐུལ་འདེད་བཏང་ཞིང་། གཏོར་བརླག་བཏང་བའི་ནགས་ཚལ་མུའུ་ཁྲི1.6སླར་གསོ་བྱེད་པའི་སྒང་ཡིན། ཁྲིམས་འགལ་ངང་སྦགས་བཙོག་དངོས་པོ་ཕྱིར་འབུད་པའི་ཁེ་ལས2ལ་སྒོ་རྒྱག་པའི་སྐུལ་སློང་བྱས་པ་དང་།དུག་དང་གནོད་ལྡན་དངོས་པོ་ཏུན་ཁྲི20གཙང་བཤེར་བྱེད་པའི་སྐུལ་མ་བྱས་ལསྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཕོག་པའི་་གསབ་དངུལ་སྒོར་ཁྲི40ལྷག་ཙམ་ཕྱིར་ལེན་བྱས་པ་རེད། ཕྱོགས་ཡོངས་ནས་སྤྱི་ཕན་གཏུག་བཤེར་སྤེལ་བ་བརྒྱུད་ནས།ཕན་འབྲས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོང་བྱས་པ་དང་།ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་བྱ་བ་སྤེལ་བར་རིག་ལམ་རྒྱ་བསྐྱེད་པ་དང་ཉམས་མྱོང་གསོག་འཇོག་བྱས་པ་རེད།

གཅིགའགོ་ཁྲིད་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་ནསགྱོད་དོན་ཞིབ་གཅོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱ ཁུལ་ཨུ་དང་ཁུལ་སྲིད་གཞུང་གིཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་བྱ་བ་སྤེལ་བའི་སྐོར་གྱི་བརྡ་སྦྱོརགྱི་དགོངས་དོན་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས།སྤྱི་ཕན་གཏུག་བཤེར་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་དོན་དངོས་དང་མཐུན་པའི་བྱ་བའི་ཇུས་གཞི་གཏན་འབེབས་བྱས།ཞིང་ཆེན་ཞིབ་དཔྱོད་ཁང་གིས་རྩ་འཛུགས་བྱས་ནས་སྤེལ་བའིཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས།མཛེས་པའི་མཚོ་སྔོནའཛུགས་སྐྲུན་ལ་ཞབས་ཞུ་བྱེད་པའིཆེད་དོན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ།བྱ་བའི་ལམ་ཕྱོགས་གསལ་བོར་བཙུགས་པ་ཡིན་ལ། རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ལ་དམིགས་ནས། འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་དོན་སྒྲུབ་པའི་སྟོབས་ཤུགས་ལ་གཅིག་གྱུར་འཆར་འགོད་བྱས་ནས།སྤྱི་ཕན་གཏུག་བཤེར་གྱོད་དོན་གཅིག་བསྡུས་སུ་གཅིག་གྱུར་ངང་བསྒྲུབས་པ་དང་།སྤྱི་ཕན་གཏུག་བཤེར་ལས་དོན་ལེགས་པོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

གཉིསལས་ཀའི་ལམ་སྲོལ་བཙུགས་ནས། ཕྱོགས་མང་མཉམ་འགུལ་ཡོང་བ་མངོན་འགྱུར་བྱས རང་འགུལ་ངང་ལྟ་ཞིབ་ལས་ཁུངས་དང་ཁྲིམས་ཁང་།སྲིད་འཛིན་ལས་ཁུངས་བཅས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཕན་གཏུག་བཤེར་ལས་དོན་ནང་ཁུལ་རོགས་ལས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབསདངསྤྱི་ཕན་གཏུག་བཤེར་གྱོད་དོན་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆརསོགས་ལས་ཀའི་ལམ་སྲོལ་གཏན་འབེབས་བྱས་པ་དང་། མཉམ་འབྲེལ་གྲོས་ཚོགས་དང་གྱོད་དོན་དབྱེ་ཞིབ་གྲོས་ཚོགས་འཚོགས་པ་བརྒྱུད་ནས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ།  གཉིས་ཕན་མཉམ་རྒྱལ་ཡོངའགྲུབ་མངོན་འགྱུར་བྱསགྱོད་དོན་བདག་སྤྲོད་དང་ཞིབ་གཅོད་ཀྱི་གོ་རིམ།དཔང་རྟགས་དང་ལེནཁྲིམས་ལུགས་བཀོལ་སྤྱོད་སོགས་ཀྱི་གནད་དོན་ཐད་ནས་ཁྲིམས་ཁང་དང་ཞིབ་བསྡུར་གཏིང་ཟབ་བྱས་ཏེ།  སྤྱི་ཕན་གཏུག་བཤེར་གྱི་ཕྱོགས་མང་མཉམ་འགུལ་མངོན་འགྱུར་བྱས། 2018ལོརསྤྱི་ཕན་གཏུག་བཤེར་མཉམ་འབྲེལ་གྲོས་ཚོགས་དང་གྱོད་དོན་དབྱེ་ཞིབ་ཚོགས་འདུ་ཐེངས20སྒྲིག་འཛུགས་བྱས་ནསསྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་གྱོད་དོན་གྱི་ཁུངས་སྣེ10བསྐྱལ་བ་རེད།

གསུམ།གྱོད་གཞི་སྒྲུབ་པ་ལེགས་གྲུབ་བྱུང་ནས། ཐོད་རྒལ་གྲུབ་འབྲས་མངོན་འགྱུར་བྱུང་ཧུར་ཐག་གིསགཅིག་ཅན་བཞིཡིབྱ་བའི་ལམ་ཕྱོགས་ཁྱབ་སྤེལ་བཏང་སྟེརང་འགུལ་སྒོསགཅིག་གྱུར་དྲུགགི་གྱོད་དོན་སྒྲུབ་སྟངས་འཚོལ་ཞིབ་བྱས་ལ།  གཞི་གཅིག་ཅན་གྱི་དགེ་མཚན་འདོན་སྤེལ་བྱས་ཤིང་། ཁུལ་ཡོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་དོན་གཅིག་བསྡུས་སུ་བསྒྲུབས།2018ལོའི་ཟླ7པའི་ཚེས་10ཉིན།ཆེས་མཐོ་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཆོག་མཆན་གནང་བ་བརྒྱུད་ཅིང་།ཞིབ་དཔྱོད་གྲོས་གཞི་བཏོན་པའི་དུས་སྐབས་རྫོགས་ནས། སྲིད་འཛིན་ལས་ཁུངས་ཀྱིས་སྔར་བཞིན་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་མི་ཐུབ་པའི་གནས་ཚུལ་འོགབྱེ་བྲག་ཏུ་ན་གོར་མོ་གྲོང་ཁྱེར་རྒྱལ་ཁོངས་ཐོན་ཁུངས་ཁོངས་གཏོགས་ཀྱི་འགན་འཁྲི་ལག་བསྟར་དལ་བའི་གྱོད་དོན་གཉིས་ལ་སྲིད་འཛིན་སྤྱི་ཕན་གཏུག་བཤེར་བྱས་པ་དང་།ཁྲིམས་ཁང་གིས་མངོན་གསལ་དུ་ཞིབ་གཅོད་བྱས་པ་མ་ཟདཁྲིམས་ས་བཅད་ཁྲ་ཁྱབ་བསྒྲགས་བྱས་ལ།ཞིབ་དཔྱོད་ལས་ཁུངས་ཀྱིས་བཏོན་པའི་གཏུག་བཤེར་རེ་ཞུ་ཚང་མརྒྱབ་སྐྱོར་བྱས་ཤིང་། ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཞིང་ནང་བཤུག་བཏང་དངུལ་སྒོར་ཁྲི136.6ཚུར་ལེན་བྱས་པ་དང་།ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་ཐོད་རྒལ་ཆེན་པོ་མངོན་འགྱུར་བྱུང་བ་རེད།

བཞི།ཚབ་བྱེད་གསལ་འབྱེད་འཚོལ་ཞིབ་བྱས་ཏེསྤྱི་ཕན་ཁྲིམས་འཛིན་གྱི་མ་གནས་དམའ་རུ་བཏང་བ རང་འགུལ་སྒོས་སྲིད་འཛིན་ལས་ཁུངས་དང་འབྲེལ་ཡོད་ལམ་སྲོལ་བཙུགས་པ་དང་།མཚོ་ནུབ་ས་ཁུལ་གྱི་ནགས་ལས་དང་ཁོར་ཡུག་སྲུང་སྐྱོང་སོགས་འབྲེལ་ཡོད་ལས་དོན་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས།སྤྱི་ཕན་གཏུག་བཤེར་གྱི་ཆེད་མཁས་པའི་མཛོད་བཙུགས་ཏེ།གྱོད་དོན་ཁྲོད་ཀྱི་ཆེད་དམིགས་རང་བཞིན་དང་ལག་རྩལ་རང་བཞིན་གྱི་གནད་དོན་ལ་ཆེད་ལས་མཛུབ་སྟོན་དང་བསམ་འཆར་བཏོན་ཞིང་ཞིབ་དཔྱོད་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་ས་ཞིང་དང་སྤང་ལྗོངས་ཀྱི་ངོ་བོར་གཏོར་བརླག་ཐེབས་པ་དང་།སྐྱེ་དངོས་ཀྱི་ནུས་པ།གནོད་སྐྱོན་ཐེབས་པའི་ཚད་རིམགཏོར་བརླག་ཐེབས་ཚད། ཉམས་གསོའི་འགྲོ་གྲོན་སོགས་ཀྱི་གྱོད་དོན5ལ་དཔྱད་དཔོག་དང་ཚད་ལེན་ཞིབ་རྩིས་བྱས་པ་མ་ཟད། ཧུར་ཐག་གིས་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་པ་རེད།

ལྔ།རྒྱུན་འཁྱོངས་ལྷོད་མེད་ངང་ཞིབ་དཔྱོད་དཔུང་ཁག་གི་ངོ་བོ་འཛུགས་སྐྲུན་མུ་མཐུད་ཤུགས་ཆེ་རུ་གཏོང་བའི་ཁྲོདདུས་རབས་གསར་པའི་འགན་འཁྲི་གསར་པ་ལེགས་འགྲུབ་བྱེད་པར་འགན་སྲུང་བྱས།

ཐོག་མཐའ་བར་གསུམ་དུ་ཏང་འཛུགས་དམ་འཛིན་བྱས་ཏེ། དཔུང་ཁག་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་དང་།ལས་སྒོར་སྐུལ་འདེད་ཀྱི་བྱ་བའི་ལམ་ཕྱོགས་ལ་རྒྱུན་འཁྱོངས་བྱས་ཤིང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཁྱོན་ཡོངས་ནས་ཞིབ་དཔྱོད་ནན་པོསྐྱོང་བར་རྒྱུན་འཁྱོངས་བྱས་ཏེ།དད་སེམས་བརྟན་པོ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་འགན་འཁྲི་འཁུར་ཕོད་པ།སྤྱོད་གཙང་གཞུང་དྲང་བཅས་ཡིན་པའི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་ལ་འབད་བརྩོན་བྱས།

གཅིགཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཞིབ་དཔྱོད་ཁང་འཛུགས་པར་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱས།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁུལ་ཨུའི་རྩ་འཛུགས་བྱས་ནས་སྤེལ་བའིགུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་བཀའ་བརྩིཏང་གི་རྗེས་སུ་འབྲངཞེས་པ་དང་ཁུལ་ཞིབ་དཔྱོད་ཁང་གིས་རྩ་འཛུགས་བྱས་ནས་སྤེལ་བའིཆབ་སྲིད་འཛིན་པ་དང་ཁྱོན་ཡོངས་ལ་བསྟུན་པ། འཕེལ་རྒྱས་ཇུས་འགོདརང་སྟོབས་ཆེར་སྐྱེདཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ།བསླབ་པ་གཉིས་དང་བྱེད་པ་གཅིགགི་སློབ་སྦྱོང་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ལ་མུ་མཐུད་སྐུལ་འདེད་བཏང་།སློབ་སྦྱོང་སློབ་གསོའི་ཁྲོད་དུ་ཚན་ཁག་གི་ཁོངས་མི་ལས་བགོས་འགན་གཉེར་དང་ཟུང་འབྲེལ་གྱིས་ཏང་གི་སློབ་ཚན་ཁྲིད་པ་དང་།ཞིབ་དཔྱོད་ལས་སྒོ་དང་ཟུང་འབྲེལ་གྱིས་ཆེད་དོན་དཔྱད་བསྡུར་སོགས་རྣམ་པ་མང་བའི་ཐོག་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྒྲིག་སྲོལ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། ལས་བྱེད་ཉེན་རྟོག་པའིའདུ་ཤེས་བཞིམཐོ་རུ་བཏང་ལ། ཡིད་ཆེས་བཞིཇེ་དྲག་ཏུ་བཏང་ནས། ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་བསམ་བློདང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཏན་དུ་གཅིག་གྱུར་ཡོང་བརྒྱུན་འཁྱོངས་བྱ

 གཉིསཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གི་ཞིབ་དཔྱོད་ཁང་འཛུགས་སྐྲུན་ལ་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱས རུལ་རྒོལ་གཙང་སྤེལ་ལས་དོན་དེ་ཞིབ་དཔྱོད་ལས་སྒོའི་ལས་དོན་དང་མཉམ་དུ་ཞིབ་འཇུག་དང་།བཀོད་སྒྲིགཞིབ་བཤེར་བཅས་བྱེད་པར་རྒྱུན་འཁྱོངས་བྱས་ནས།  ཏང་གིས་ཏང་སྐྱོང་བ་དང་ཏང་ནན་སྐྱོང་དོན་འཁྱོལ་བྱེད་པའི་བླང་བྱ་གལ་ཆེན་དག་ཞིབ་དཔྱོད་ལས་ཀའི་ཕྱོགས་གང་སར་ཁྱབ་པར་བྱས། རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་གཙོ་འགན་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་།ཏང་ཙུའུ་ཡི་ཁོངས་མིསལས་གནས་གཅིག་ལ་འགན་འཁྲི་གཉིས འཁུར་ཞིང་། རིམ་པ་བཞིནཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེདང་།ལས་བྱེད་ཉེན་རྟོག་པས་སྤྱོད་གཙང་ངང་ཞིབ་དཔྱོད་བྱེད་པའི་འགན་ལེན་ཡི་གེ་སོགས་བྲིས་པ་དང་། དེ་བཞིན་སྤུན་མཆེད་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་ནས གཏིང་ཟབ་ངང་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་།

གསུམཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་ལྡན་པའི་ཞིབ་དཔྱོད་ཁང་འཛུགས་སྐྲུན་ལ་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱས།རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ལས་བྱེད་ཉེན་རྟོག་པ་ཡོངས་ལ་སྒྲིག་ཁྲིམས་དང་སྤྱོད་ཚུལ་ཐད་ཀྱི་སློབ་གསོ་དང་།ལས་བྱེད་ཉེན་རྟོག་པས་གཟབ་ནན་ངང་ཏང་སྲོལ་དང་ཆབ་སྲིད་སྒྲིག་ལམ་སྐོར་གྱི་སྲོལ་ཡིག་ལག་བསྟར་བྱེད་དགོས་པའི་སློབ་གསོ་བཏང་ཞིང་།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་གྱི་མིག་དཔེ་བསྟན།གྱོད་དོན་སྒྲུབ་པའི་སྒྲིག་ལམ་ལ་གཟབ་ནན་སྒོས་བརྩི་སྲུང་བྱས་ཏེ། ལས་རིགས་ཀྱི་ཀུན་སྤྱོད་ལེགས་པོ་བཙུགས་པ་དང་།ཁྲིམས་འཛིན་གཞུང་དྲང་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ལ་རྒྱུན་འཁྱོངས་བྱས་ཤིང་།འབྲེལ་བ་བརྒྱུད་པའི་གྱོད་དོན་དང་ངོ་སོ་ཅན་གྱི་གྱོད་དོན།གསེར་དངུལ་ལེན་པའི་གྱོད་དོན་མི་སྒྲུབ་པར། སྒྲིག་ལམ་རྟོགས་པ་དང་མཐའ་ཐིག་སྲུང་ཞིང་།བཀག་སྡོམ་ལས་མི་བརྒལ་བ་དང་དམར་ཐིག་ལ་མི་རེག་པར་བྱས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྡེ་ཁག་གིས་འགན་འཁྲི་ལག་བསྟར་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཤིང་།ལས་བྱེད་ཉེན་རྟོག་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་རྩད་ཞིབ་དང་ཐག་གཅོད་ནན་མོ་བྱས 2018ལོརལས་བྱེད་ཉེན་རྟོག་པའི་གནད་དོན་ཞུས་པའི་ཁུངས་སྣེ8ཡོད་པ་དང་། ཁུངས་སྣེ1ཞིབ་བཤེར་རྩད་ཆོད་་མ་ཟད།ཁོངས་གཏོགས་ནང་ཁུལ་དུ་བརྡ་ཁྱབ་བཏང་བ་ཡིན།

  བཞིཐོག་མཐའ་བར་གསུམ་དུ་བྱང་ཚད་ཡོད་པའི་ཞིབ་དཔྱོད་ཁང་འཛུགས་སྐྲུན་ལ་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱས། དཔུང་ཁག་གི་ལས་སྒོའི་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཤིང་།དཔུང་ཁག་གི་ཕྱོགས་བསྡུས་ཁྲིམས་འཛིན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ 2018ལོར།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་དཔོན་བདམས་མངག་བྱས་ནས་ལས་སྒོའི་གསོ་སྦྱོང་ནང་ཞུགས་པའི་མི་གྲངས48ཡོད་པ་དང་།  དེའི་ནང་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ཆེས་མཐོའི་ཞིབ་དཔྱོད་ཁང་དུ་ཆེད་ལས་གསོ་སྦྱོང་ལ་ཞུགས་པ་མིའི་ཐེངས་3ཡོད། ཁུལ་ཞིབ་དཔྱོད་ཁང་གིས་ཁྲིམས་བསྟར་གྱོད་གཞི་སྒྲུབ་པའི་ཁྲོད་གནས་པའི་གནད་དོན་དངོས་ལ་དམིགས་ནས་ཆེད་དོན་གསོ་སྦྱོང་ཐེངས7ལ་རྩ་འཛུགས་བྱས་པ་དང་།ལས་བྱེད་ཉེན་རྟོག་པ་མི173གསོ་སྦྱོང་བྱས། གསར་དུ་བསྡུ་ལེན་བྱས་པའི་ལས་བྱེད་ཉེན་རྟོག་པ16ལ་གྱོད་གཞིའི་ཚབ་བྱེད་ཀྱི་གསོ་སྦྱོང་ བྱས་ཏེ། ལས་བྱེད་ཉེན་རྟོག་པའི་སྤྱི་ཡོངས་ཀྱི་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་མུ་མཐུད་མཐོ་རུ་བཏང་།

ལྔཐོག་མཐའ་བར་གསུམ་དུ་གཅིག་བསྡུས་སུ་བཅོས་སྐྱོང་བྱ་རྒྱུར་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱཁུལ་ཞིབ་དཔྱོད་ཁང་གིས་དུས་ཐོག་ཏུ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ཁང་ལས་ཁུངས་ཀྱིཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་སྤྱོད་གཅིག་བསྡུས་སུ་བཅོས་སྐྱོང་བྱེད་པའིལས་དོན་གྱི་སྐུལ་སློང་ཚོགས་ཆེན་བསྡུས་ཤིངཏན་ཏིག་གིས་གཅིག་བསྡུས་བཅོས་སྐྱོང་བྱ་འགུལ་སྤེལ་བར་བླང་བྱ་ཁ་གསལ་བཏོན་པ་མ་ཟད།གཅིག་བསྡུས་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། ལག་བསྟར་ཇུས་གཞི་གཏན་འབེབས་བྱས་གཅིག་བསྡུས་བཅོས་སྐྱོང་བྱ་བར་རྩ་འཛུགས་ཀྱི་འགན་སྲུང་དང་ཆབ་སྲིད་ཐོག་གི་འགན་སྲུང་སྲ་བརྟན་ཞིག་འདོན་སྤྲོད་བྱས། མིག་སྔར་ཁུལ་ཡོངས་ཀྱི་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གིས་སོ་སོས་ཞིང་ཆེན་ཞིབ་དཔྱོད་ཁང་དང་ཁུལ་ཨུའི་བཀོད་སྒྲིག་གི་བླང་བྱ་ལྟརགནས་པའི་གནད་དོན་ནན་ཏན་གྱིས་བཙལ་བཤེར་བྱེད་བཞིན་ཡོད།

   འཐུས་མི་རྣམ་པ། 2018ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་བྱ་བར་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ་དང་འདི་ནི་རིམ་པ་སོ་སོའི་ཏང་ཨུའི་འགྱུར་མེད་ཀྱི་འགོ་ཁྲིད་དང་།རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་གྱི་ལྟ་སྐུལ།རིམ་པ་སོ་སོའི་སྲིད་གཞུང་དང་།སྲིད་གྲོས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཡིན་ལ།ཁུལ་ཡོངས་ཀྱི་རྒྱ་ཆེའི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་མཐུན་སྒྲིལ་འབད་འབུངས་དང་། བྱ་བར་འབད་བརྩོན། དངོས་གཉེར་གསར་གཏོད་བཅས་བྱས་པའི་གྲུབ་འབྲས་ཀྱང་ཡིན། ངས་འདི་རུ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་ཡོངས་རྫོགས་ཀྱིས་ཚབ་བྱས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་ལྷག་བསམ་རྣམ་དག་གིས་གུས་འདུད་ཞུས་པ་ཡིན།

 གྲུབ་འབྲས་ཁས་ལེན་པ་དང་མཉམ་དུ་ང་ཚོས་ཀྱང་ལས་ཀའི་ཁྲོད་དུ་གནད་དོན་འགའ་ཤས་གནས་པ་གསལ་བོར་ཤེས་པ་སྟེ།གཅིག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་།གཉིས་ནི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་ཁག་ཅིག་ལ་ད་དུང་ཁྱོན་ཡོངས་་ཞབས་ཞུ་བྱེད་པའི་འདུ་ཤེས་བརྟན་པོ་མེད་པ་དང་། གྱོད་གཞི་ལྟར་གྱོད་དོན་སྒྲུབ་པའི་བསམ་གཞིགས་སྔར་བཞིན་ཚད་མི་འདྲ་བའི་སྒོ་ནས་གནས་ཡོད།གསུམ་ནི་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་ལག་བསྟར་བྱས་པ་སྔར་བཞིན་མི་འདང་བ་དང་།བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་པའི་བྱ་བའི་ལམ་སྲོལ་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་དགོས།གནད་དོན་འདི་དག་ང་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ཧུར་ཐག་གིས་ཐག་གཅོད་བྱ་དགོས།

2019ལོའི་བྱ་བའི་བཀོད་སྒྲིག

འཐུས་མི་རྣམ་པ།  2019ལོར།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཞིང་ཆེན་གྱི་སྐབས་བཅུ་གསུམ་པ་དང་ཁུལ་གྱི་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན་དང་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་བྱེད་པ་དང།དུས་རབས་གསར་བའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་གསར་བར་ཁ་གཏད་ནས། རང་འགུལ་ངང་བྱས་རྗེས་འཇོག་པ་དང་སྔོན་ཐོན་གྱི་ཇུས་གཞི་འགོད་དགོས།  ཁྱོན་ཡོངས་སུ་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཏེཁྲིམས་འཛིན་དྲང་གཞག་སྐུལ་སྤེལ་བྱེད་པ་དང་།ནུས་ཤུགས་ཡོད་རྒུསསྔོན་ཐོབ་གཅིག་དང་སྤུས་མཐོ་གཉིསལ་སྐུལ་འདེད་དང་མཚོ་ནུབ་ཀྱིསྔོན་དུ་གཉིསདངསྐས་རིམ་གསུམམངོན་འགྱུར་བྱེད་པའི་ཁྲོད་ཞིབ་དཔྱོད་སྟོབས་ཤུགས་འབུལ་དགོས་ལ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་བསྐྲུན་ཆེད་ཁྲིམས་འཛིན་གྱི་འགན་སྲུང་ལེགས་པོ་ཞིག་འདོན་སྤྲོད་བྱ་དགོས།

གཅིགམཐའ་གཅིག་ཏུ་ཁྲིམས་ལྟར་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་དགོས། ཁྱོན་ཡོངས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ།ཁྱོན་ཡོངས་ལ་འགན་སྲུང་བཅས་ལ་རྒྱུན་འཁྱོངས་དང། རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པར་རྒྱུན་འཁྱོངས་བྱ་དགོས། ཆབ་སྲིད་ཀྱི་བདེ་འཇགས་རྩ་བ་རུ་བཟུང་བ་དང་།མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བཞག་ནས། རང་ཁུལ་གྱི་བོད་ལྗོངས་གཏན་འཇགས་དང་ཞིན་ཅིང་བདེ་འགོད་ཁྲོད་ཀྱི་དམིགས་བསལ་གོ་གནས་དང་ཟུང་འབྲེལ་བྱས་ཏེ། ཁ་བྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ། ཆོས་ལོག་ལ་ངོ་རྒོལ་བཅས་ཀྱི་འཐབ་རྩོད་གཏིང་ཟབ་ངང་སྤེལ་བ་དང་།སིམ་འཛུལ་གྱིས་རྩ་སློག་གཏོར་བརླག་གི་བྱ་འགུལ་དང་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་འགུལ།  མི་རིགས་ཁ་བྲལ་གཏོང་བའི་བྱ་འགུལ། ཆོས་ལུགས་ཐལ་དྲགས་ཀྱི་བྱ་འགུལ་སོགས་ལ་ཁྲིམས་ལྟར་རྡུང་རྡེག་བྱ་དགོས་ལ།མུ་མཐུད་དུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིབ་ཟབ་ངང་སྤེལ་བ་དང་།  ཧུར་བརྩོན་སྒོས་མཚོ་ནུབ་ཀྱི་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་མཚོ་ནུབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ཞབས་ཞུ་སྒྲུབ་པའི་སྔོན་འགྲོ་བྱེད་དགོས།

གཉིསཁྲིམས་ལུགས་ལྟ་སྐུལ་གྱི་ཕན་ནུས་མུ་མཐུད་དུ་ཤུགས་ཆེ་རུ་གཏང་དགོས།ཧུར་ཐག་སྒོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་དང་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གྱི་བཀོད་སྒྲིག་གལ་ཆེན་ལ་བསྟུན་ནས། ཉེས་དོན་ཞིབ་དཔྱོད་ལྟ་སྐུལ་གྱི་བྱ་བ་སྔར་ལས་ཇེ་དྲག་ཏུ་གཏང་བ་དང་། ཁྲིམས་ལྟར་ཉེས་དོན་ཉེས་གསོག་ཁག་ལ་རྡུང་རྡེག་བྱ་དགོས་ཤིང།མཚོ་ནུབ་ཀྱི་ཁྲིམས་སྐྱོང་དང་བདེ་འཇགས་མཚོ་ནུབ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཁྲིམས་ལྟར་ལྟ་སྐུལ་དང་ལྟ་སྐུལ་ཕོད་པ།ལྟ་སྐུལ་ལ་མཁས་པ་བཅས་ལ་རྒྱུན་འཁྱོངས་བྱེད་པ་དང།  ཁྲིམས་ལུགས་འགན་ནུས་མུ་མཐུད་ཇེ་དྲག་ཏུ་འགྲོ་བའི་ཁྲོད་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏང་དགོས། མཚོ་ནུབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།དམངས་དོན་གྱི་སྲིད་འཛིན་ཞིབ་དཔྱོད་བྱ་བའི་ཤུགས་ཚད་ཇེ་ཆེར་གཏང་བ་དང་།ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང།ཟས་རིགས་སྨན་རིགས་གནོད་མེད། རྒྱལ་དབང་རྒྱུ་ནོར་སྲུང་སྐྱོང་། རྒྱལ་དབང་གི་ས་ཞིང་བཀོལ་སྤྱོད་དབང་ཆ་སོགས་བཤུག་སྤྲོད་བྱེད་པ་གཙོ་བོ་ཡིན་པའི་སྤྱི་ཕན་གྱི་གཏུག་བཤེར་ལས་དོན་སྤེལ་ཏེ།རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོང་བྱ་དགོས།

གསུམཁྲིམས་ལྟར་མཚོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས།  མཚོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་དུས་ཡུན་རིང་བའི་བྱ་བ་གལ་ཆེན་ཞིག་ཏུ་འཇོག་པ་དང་།རྡུང་རྡེག་དང་སྔོན་འགོག སྲུང་སྐྱོང་བཅས་ཀྱི་བྱེད་ཐབས་གསུམ་མཉམ་སྤྱོད་དང་།  ཉེས་དོན་དང་སྲིད་འཛིན། དམངས་དོན་བཅས་གཙོ་བོ་གསུམ་ལ་སྲུང་སྐྱོང་།  ཁྲིམས་འཛིན་དང་སྲིད་འཛིན། སྤྱི་དམངས་བཅས་ཕྱོགས་གསུམ་མཉམ་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་ལམ་ཕྱོགས་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས་ཤིང་། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་གྱི་མཐུན་སྦྱོར་ལམ་སྲོལ་ཧུར་ཐག་གིས་འཐུས་ཚང་དུ་གཏང་དགོས་ལ། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གཏོང་བར་རྡུང་རྡེག་བཏང་སྟེ།དངོས་སུ་མཚོ་ནུབ་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱ་དགོས་པ་དང་། ཚྭ་འདམ་གཞོང་སའི་རི་བོ་སྔར་ལས་སྔོ་ལྗང་དང་ཆུ་བོ་སྔར་ལས་དྭངས་གཙང་། ནམ་མཁའ་སྔར་ལས་གཡའ་དག་པ་ཞིག་ཏུ་འགྱུར་བར་སྐུལ་སྤེལ་བྱ་དགོས།

བཞིཞིབ་དཔྱོད་དཔུང་ཁག་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་དགོས།  མུ་མཐུད་དུགུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།  ཏང་གི་བཀའ་བརྩི།  ཏང་གི་རྗེས་སུ་འབྲངཞེས་པ་དངཆབ་སྲིད་འཛིན་པ་དང་ཁྱོན་ཡོངས་ལ་བསྟུན་པ། འཕེལ་རྒྱས་ཇུས་འགོདརང་སྟོབས་ཆེར་སྐྱེདཅེས་པའི་བརྗོད་བྱ་གཙོ་བོ་དྲིལ་སྒྲོག་གི་སློབ་གསོ་བྱ་འགུལ་གཏིང་ཟབ་ངང་སྤེལ་བ་དང་།བསླབ་པ་གཉིས་དང་བྱེད་པ་གཅིགགི་སློབ་སྦྱོང་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་སྐུལ་འདེད་གཏང་དགོས་ཤིང།ཏན་ཏིག་གིསཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་བཅོས་སྐྱོངལས་དོན་སྤེལ་ནས།མུ་མཐུད་དུ་ཏང་འཛུགས་སྐྱོང་གི་གཞུང་ལུགས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དགོངས་པ་སྤྱད་ནས་ལས་བྱེད་ཉེན་རྟོག་པར་སློབ་གསོ་བྱེད་པ་དང་དྲག་ཆས་སྤྲས་ནས།  འདུ་ཤེས་བཞིཇེ་དྲག་དང། ཡིད་ཆེས་བཞིསྲ་བརྟན་དུ་བཏང་སྟེ།ཆབ་སྲིད་འཛིན་པ་དང་སྒྲིག་ལམ་སྲུང་དགོས། མུ་མཐུད་དུ་ལས་བྱེད་ཉེན་རྟོག་པའི་ལས་སྒོའི་ནུས་པ་དང་བཅའ་ཁྲིམས་གཞུང་ལུགས་ཀྱི་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། དཔུང་ཁག་ཆེད་ལས་ཅན་དང་ལས་རིགས་ཅན།  ཚད་གཞི་ཅན་བཅས་ལ་སྐུལ་འདེད་གཏང་དགོས།

འཐུས་མི་རྣམ་པ། ལོ་གསར་པའི་ནང་དུ།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཞིབ་དཔྱོད་ཁང་དང་ཁུལ་ཨུའི་འགོ་ཁྲིད་འོག ཐེངས་འདིའི་ཚོགས་འདུའི་དགོངས་དོན་དང་གྲོས་ཆོད། གཏན་ཁེལ་བཅས་ཀྱི་བླང་བྱ་ལྟར། ཞིབ་མོའི་སྒོ་ནས་ཇུས་འགོད་དང་གསར་གཏོད་གསར་འབྱེད་བྱེད་པ་དང་།འབད་བརྩོན་ལྷོད་མེད་ཀྱིས་བྱ་བར་ཧུར་བརྩོན་བྱས་ཏེ།མཚོ་ནུབ་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ལ་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ནོ།།

གོང་མ།:གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ།

ཞོལ་མ།:མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235