མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2019-03-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ།

2019ལོའི་ཟླ2པའི་ཚེས25ཉིན་གྱི་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་།

ལེ་ཧའེ་ལན་ནས།

ཨུ་ཡོན་རྣམ་པ།ངས་སྲིད་གྲོས་མཚོ་ནུབ་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་མངག་བཅོལ་ལྟར།ཚོགས་ཆེན་ལ་གྲོས་གཞི་བྱ་བའི་གནས་ཚུལ་སྙན་སེང་ཞུ་རྒྱུ་ཡིན་ལ།  ཨུ་ཡོན་རྣམ་པས་གྲོས་ཞིབ་བྱེད་པར་འཚལ།

གཅིག གྲོས་གཞི་ལས་སྒྲུབ་ཀྱི་གནས་ཚུལ།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ།ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ།ཁུལ་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་ངང་ལག་ལེན་མཐའ་འཁྱོལ་བྱས་ཏེ། ལྔ་བཞིའི་འཐབ་ཇུསལག་བསྟར་བྱེད་པར་དམིགས་ནས།ཧུར་ཐག་གིསལེགས་གཅིག་མཐོ་གཉིསལ་སྐུལ་འདེད་བཏང་ཞིང་གྲོས་གཞིའི་འགན་ནུས་ལག་བསྟར་བྱེད་པ་བརྒྱུད་ནས།ཨུ་ཡོན་གྱི་གྲོས་གཞི་བསྡོམས་པས97འབྱོར་བ་དང།ཞིབ་བཤེར་བརྒྱུད་དེ་གྲོས་གཞི47ཐོ་འགོད་བྱས་ལ། ལོ་མཇུག་བར་དུ་ཚང་མ་བསྒྲུབས་ཚར་ཟིན་པ་དང།ལན་བཏབ་ཚད100%ཡིན།དེའི་ནང་དུ་བཏོན་ཟིན་པའི་གྲོས་གཞི་ལས་ཐག་ཅད་པའམ་དང་ལེན་བྱས་པའིAརིགས་ཀྱིས40.5%ཟིན།ཐག་གཅོད་བྱེད་པའི་འཆར་གཞི་ནང་དུ་ཚུད་པའམ་དང་ལེན་བྱས་པའིBརིགས་ཀྱིས51%ཟིན། དཔྱད་གཞིར་འཇོག་པའམ་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་ནས་ལས་སྒྲུབ་བྱེད་མི་ཐུབ་པའིCདང Dརིགས་ཀྱིས8.5%ཟིན། སྤྱི་ཡོངས་ནས་བལྟས་ན།གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་དང་། དམིགས་སའི་རང་བཞིན་ཆེ་བ།  བསམ་འཆར་དང་གྲོས་གཞི་གང་མང་དང་ལེན་བྱས་ཏེ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཐད་ལ་དགེ་མཚན་ལྡན་པའི་ནུས་བ་འདོན་སྤེལ་བྱས་ཤིང་།སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ལག་ལེན་བྱས་པའི་གཟི་མདངས་མངོན་ཡོད།

གཅིགདཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།ཧུར་ཐག་སྒོས་ཐབས་འདོན་ཇུས་འབུལ་བྱས་ཤིང། མཚོ་ནུབ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་དམིགས་པའི་གྲོས་གཞི་བསྡོམས་པས13འབྱོར་བ་དང་།ཐོ་འགོད་བྱས་པའི་གྲོས་གཞིའི28%ཟིན། དེའི་ནང་དུ། གཏེར་ལེན་ཁ་བཟོ་ལས་ཁེ་ལས་ཀྱི་ལས་བཟོ་བ་མི་འདང་པའི་གནད་དོན་ལ་ཐག་གཅོད་བྱེད་པའི་སྐོར་གྱི་གྲོས་གཞིདེར།ཁུལ་ཨུ་དང་ཁུལ་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱིས་མཐོང་ཆེན་གནང། གཅིག་ནི་ལོ་འགོརམཚོ་ནུབ་ཁུལ་གྱི་སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་བྱེད་ཐབས་དོན་ཚན་དགུབཏོན་པ་དང་།ཁུལ་རིམ་པའི་ནོར་སྲིད་གྱིས2018ནས2022བར་ལ་ལོ་རེར་མ་དངུལ་སྒོར་བྱེ་བ་གཅིག་རེ་བཏང་ནས་ལས་ཞུགས་ལས་གཏོད་ཀྱི་བྱ་བར་རམ་འདེགས་བརྒྱག་པའི་འཆར་གཞི་བཏོན།གཉིས་ནི2018ལོའི་ལོ་སྨད་དུ་ཁུལ་དང་གྲོང་ཁྱེརརྫོང་དང་སྲིད་ཨུརིམ་པ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིསཁེ་ལས་སུ་ཕྱིན་ནས་ཞབས་ཞུ་སྒྲུབ་པའི་ཆེད་དོན་འགུལ་སྐྱོདཅེས་པའི་བྱ་འགུལ་སྤེལ།ཐོག་མརམཚོ་ནུབ་ཁུལ་གྱི་ཁ་པར་ལམ་ནས་ལས་ཞུགས་ཞབས་ཞུ་ཚོམས་ཆེནཞེས་པའི་གཅིག་བསྡུས་སྤོ་འགུལ་དྲ་རྒྱ་སྟེགས་བུ་བཙུགས་པར་མ་ཟད།ཁུལ་ཡོངས་ཀྱི་གྲོང་རྡལ་དང་གཞིས་ཁུལ།སྡེ་བ་བཅས་སུ་བྱ་བའི་ལས་ཞུགས་ས་ཚིགས136བཙུགས་པ་དང་། ལས་ཞུགས་འབྲེལ་བ་བྱེད་མཁན307བཀོད་སྒྲིག་དང་ལས་ཞུགས་ལྟ་སྐུལ་བ39གཏན་ཁེལ་བྱས།གསུམ་ནིདཔྱིལ་རླུང་འགུལ་སྐྱོདཅེས་པ་དང་ཁེ་ལས་སམ་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགསཟུང་འདེམསཞེས་པའི་ངོ་འཕྲད་གྲོས་མོལ་བསྡུས་པ། དམངས་གཉེར་ཁེ་ལས་ལས་ཞུགས་མི་སྣ་བསྡུ་བའི་གཟའ་འཁོརཞེས་པ་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད་ནས་ཁེ་ལས་ཀྱི་ཆེད་དུ་ལས་བྱེད་མི་སྣ་བསྡུས་བ་དང་ལས་མི་བསྡད་དུ་བཅུག་ཡོད།ལུན་ཧུའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གསར་སྤེལ་འཛུགས་སྐྲུན་ལ་རམ་འདེགས་རྒྱག་པར་ཤུགས་ཚད་ཇེ་ཆེར་གཏོང་བ་སྐོར་གྱི་གྲོས་གཞིདེ་ཡུལ་སྐོར་སྡེ་ཁག་གིས་ཧུར་ཐག་སྒོས་དང་ལེན་བྱས་ཏེ།2018ལོར་ཨུ་པཱོ་ལཱང་དང་ཡཱ་ཏན་གྱི་རྨང་གཞིའི་སྒྲིག་ཆས་ཡུལ་སྐོར་གཞུང་ལམ་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར0.7བཏང་བ་དང། ཨུ་པཱོ་ལཱང་དང་ཡཱ་ཏན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་མིག་དམར་སྒར་སར་སྤྱིའི་མ་དངུལ་སྒོར་དུང་ཕྱུར1.3བཏང་།ཟླ8པའི་བར་དུ།ཡུལ་སྐོར་གཞུང་ལམ་ལ་རིམ་བསགས་ཀྱིས་མ་དངུལ་སྒོར་ཁྲི4000བཏང་ནས་ལེགས་འགྲུབ་བྱུང་།མིག་དམར་སྒར་སར་རིམ་བསགས་ཀྱིས་མ་དངུལ་སྒོར་ཁྲི560བཏང་ནས་ལེགས་འགྲུབ་བྱུང་། ན་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་ཁ་སྣོན་སྐོར་གྱི་གྲོས་གཞིདེ་ལ་དབྱར་གནང་འགྲུལ་སྐྱེལ་སྐབས་སུ།མཚོ་བོད་ལྕགས་ལམ་ཚོགས་ཁག་གིས་གཏོང་ཐེངསK6813/4དང་གཏོང་ཐེངསZ9813/4ཟི་ལིང་ནས་ན་གོར་མོ་བར་ལ་གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་ཤར་གཏོང་བྱས།ད་ལོ་ཟླ3པ་ནས་ཟླ5པའི་བར། མཚོ་བོད་ལྕགས་ལམ་ཚོགས་ཁག་གིས་སྔ་གཞུག་ཏུ་ཟི་ལིང་ནས་ལྷ་སའི་བར་གཏོང་ཐེངསZ6811/2དང་གཏོང་ཐེངསY975/6། གཏོང་ཐེངསY977/8སོགས་གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་བྱས།ཟླ7པའི་ཚེས5ཉིན་ནས་ཟླ9པའི་ཚེས6ཉིན་བར་ཡང་གཏོང་ཐེངསZ9811/2ཟི་ལིང་ནས་ལྷ་སའི་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱས་ནས་ཤར་གཏོང་བྱས་ཡོད་པས།ཡུལ་སྐོར་བ་དབུས་ལ་ཡུལ་སྐོར་དུ་བསྐྱོད་པའི་དགོས་མཁོ་ཕལ་ཆེར་བསྐངས།

གཉིསརྨང་གཞིའི་སྒྲིག་ཆས་ལ་དོ་སྣང་བྱས་ཏེ།རང་རྟོགས་ཀྱིས་ཐབས་ཇུས་འབུལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམིགས་ཤིང་།བསམ་བློར་གཙིགས་འཛིན་བྱེད་པའི་ཕྱོགས་ཀྱི་གྲོས་གཞི16ཡོད་པ་དང་།གྲོས་གཞི་ཐོ་འགོད་བྱས་པ་སྤྱིའི་གྲངས་ཚད་ཀྱི34%ཟིན། དཔེར་ན། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྡེ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་འཐུས་ཚང་དུ་གཏོང་བ་སྐོར་གྱི་གྲོས་གཞིཡོད། ཁུལ་འཕྲོད་བསྟེན་འཆར་འགོད་ཨུ་ཡོན་ལྷན་ཁང་གིས2011ལོ་ནས་བཟུང་།བསྡོམས་པས་མ་དངུལ་སྒོར་བྱེ་བ6655.3བཏང་།རང་ཁུལ་གྱི་གྲོང་གསེབ་འཕྲོད་བསྟེན་ཁང་དང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས།སྡེ་བའི་འཕྲོད་བསྟེན་ཁང་བཅས་ཚད་ལྡན་ཅན་དུ་བཏང་བ་ཆ་སྙོམས་ཀྱི་ཚད100%བསླེབས། ཀྲུང་ལུགས་སྨན་ཁང31འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་།གྲོང་གསེབ་འཕྲོད་བསྟེན་ཁང་དང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སོགས་སུ་ཀྲུང་ལུགས་སྨན་ཁང་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱུང་། 2015ལོ་ནས2020ལོའི་བར་ལ།ཞིང་ཆེན་དང་ཁུལ། རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག17གྱིས་གྲོང་གསེབ་འཕྲོད་བསྟེན་ཁང་ལ་བསྐོར་ཐེངས་གཉིས་ཀྱི་ཡོངས་སུ་ཁྱབ་པའི་ཁ་གཏད་རོགས་སྐྱོར་བྱས།དུག་རྫས་སྔོན་འགོག་སློབ་གསོ་དེ་སློབ་གྲྭའི་སློབ་ཁང་དུ་བསྐྱོད་པའི་སྐོར་གྱི་གྲོས་གཞིརསློབ་གསོ་སྡེ་ཁག་གིས་གཙིགས་སུ་བཟུང་སྟེ།ན་གཞོན་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོ་ལས་དོན་ལ་སྔར་ལས་ཤུགས་སྣོན་པ་སྐོར་གྱི་བརྡ་སྦྱོརདང ན་གཞོང་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོགཅིག་ཅན་ལྔབྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོརསོགས་བསྒྲིགས་ནས་འགྲེམ་སྤེལ་བྱས། ན་གཞོན་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི2བཙུགས་ཡོད།བདེ་འཇགས་སློབ་གསོའི་ཟླ་བདང་དུག་འགོག་དྲིལ་སྒྲོག་ཟླ་བདུག་འགོག་ཉིན་མོསོགས་ཀྱི་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས་རྒྱ་ཆེན་པོའི་དྲིལ་བསྒྲགས་བྱས། རྣམ་པ་མང་པོ་སྒོ་ནས་དུག་འགོག་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ།ཁུལ་ཡོངས་ཀྱི་མཐོ་འབྲིང་སློབ་མ་དང་སློབ་ཆུང་སློབ་མས་དུག་རྫས་ཀྱི་ཉེན་ཁའི་ཤེས་ཚད100%བསླེབས།ལས་བཟོ་བའི་སྙིང་སྟོབས་དར་སྤེལ་བྱས་ཏེ།དམངས་གཉེར་ཁེ་ལས་སྤུས་ཚད་གོང་འཕེལ་དུ་གཏོང་བའི་སྐོར་གྱི་གྲོས་གཞིདེ་ལ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུསམཚོ་ནུབ་ཁུལ་གྱིགསེར་མདོག་ལས་རྐངཞེས་པའི་ཁེ་ལས་ལག་རྩལ་པའི་མི་འཇོན་ཐང་ཅན་གྱི་ལས་དོན་ཁང་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཐབས་ཤེསཚོད་ལྟ)》བཏོན་པ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཤུགས་ཆེན་པོས་ངང་ལག་རྩལ་མཐོ་བའི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བཟོ་སྐྲུན་ལག་བསྟར་བྱས་ཏེ། དམངས་གཉེར་ཁེ་ལས་ལག་རྩལ་མི་སྣ་འཇོན་ཐང་ཅན་གྱི་སྡེ་ཁག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།ཁུལ་ཡོངས་ཀྱི་མངའ་ཁོངས་སུ་འབུ་ཕྲ་འགོག་པའི་སྨན་རྫས་གང་བྱུང་དུ་སྤྱོད་པར་བཀག་སྡོམ་དང་ལྟ་སྐུལ་དོ་དམ་སྐོར་གྱི་གྲོས་གཞིདེ་ལ་ཁུལ་འཕྲོད་བསྟེན་དང་འཆར་འགོད་ཨུ་ཡོན་ལྷན་ཁང་གིས་ཡུན་རིང་ལ་གཙིགས་སུ་བཟུང་ཞིང།ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་རབ་དང་རིམ་པ་བསྒྲིགས་ཏེ། ཆེད་བསྐོས་མི་སྣ་ཡིས་དུག་སྲིན་འགོག་སྨན་ནད་ཐོག་ཏུ་སྤྱོད་པར་ལྟ་སྐུལ་དོ་དམ་བྱ་བར་འགན་ལེན་བྱས།གཟབ་ནན་ངང་འབུ་ཕྲ་འགོག་པའི་སྨན་རྫས་རིམ་པ་བཀར་བའི་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་པ་དང་འབུ་ཕྲ་འགོག་པའི་སྨན་རྫས་ནད་ཐོག་དུ་སྤྱོད་པའི་གཞི་རྩའི་གནས་ཚུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཕྱོགས་ཡོངས་ནས་འབུ་ཕྲ་འགོག་པའི་སྨན་རྫས་ནད་ཐོག་དུ་སྤྱོད་པར་ལྟ་སྐུལ་དོ་དམ་བྱས་ཏེ།འབུ་ཕྲ་འགོག་པའི་སྨན་རྫས་གང་འདོད་དུ་སྤྱོད་པའི་གནས་ཚུལ་ལ་བཀག་སྡོམ་བྱས།

གསུམམང་ཚོགས་ཀྱི་འཚོ་བ་གནད་དུ་བཟུང་སྟེ།  བཅའ་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས།མང་ཚོགས་ཀྱི་འཚོ་བ་དང་སྤྱི་ཚོགས་བཅའ་ཁྲིམས་སོགས་ཀྱི་ཐད་ལ་དམིགས་ཏེ་བཏོན་པའི་གྲོས་གཞི་བསྡོམས་པས9ཡོད་པ་དང་། ཐོ་འགོད་གྲོས་གཞི་དེ་གྲོས་གཞིའི་སྤྱི་གྲངས་ཀྱིས19%ཟིན་ཡོད། དེའི་ནང་དུ། ངེས་པར་དུ་སྡོད་ཁང་གཞིས་ཁུལ་སོ་སོའི་གཞིས་ལས་ཀུང་སིར་ལྟ་སྐུལ་ཤུགས་ཚད་ཇེ་ཆེར་བཏང་སྟེ།ངེས་དོན་གྱིས་རང་ཁུལ་གྱི་གཞིས་ལས་ཀུང་སི་ཡི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བའི་སྐོར་ཀྱི་གྲོས་གཞིདེ་ལ་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུའི་འཕྲལ་དུ་ས་གནས་གཞིས་ལས་གཙོ་བོ་འགན་ཁུར་བ་རྩ་འཛུགས་བྱས་ནས་ཞབས་ཞུའི་ཁེ་ལས་གྲོས་མོལ་གྲོས་ཚོགས་བསྡུས་ཤིང་། ཁུལ་ཡོངས་ཀྱི་གཞིས་ལས་དོ་དམ་ཆེད་དོན་བཅོས་སྐྱོང་བྱ་འགུལ་ལག་བསྟར་ཇུས་གཞིབསྒྲིགས་ནས་བཀྲམ་པར་མ་ཟད།གཞིས་ལས་ཞབས་ཞུའི་ཁེ་ལས་ཡིད་རྟོན་གདེང་འཇོག་གི་མ་ལག་བཙུགས། མཚོ་ནུབ་ཁུལ་གཞིས་ལས་འགལ་རྩོད་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཚོགས་བཙུགས།མིག་སྔར།  གཏེར་ལེན་ཁ་གྲོང་ཁྱེར་གྱིསགཏེར་ལེན་ཁ་གྲོང་ཁྱེར་སྡོད་ཁང་གཞིས་ལས་ཞབས་ཞུ་སྐར་མ་རིམ་པའི་ཚད་ལྡནབཏོན་ཡོད།      ཡུལ་སྐོར་བའི་དབང་སྲུང་ལ་སྔར་ལས་ཤུགས་བསྣན་ནས་ཤེས་དཔལ་དང་ཁྲིམས་སྲུང་གི་ཡུལ་སྐོར་ཚོང་ར་འཛུགས་པའི་སྐོར་གྱི་ཇུས་གཞིམིག་སྔར།མཚོ་ནུབ་ཁུལ་གྱིས་མི་དམངས་འདུམ་འགྲིག་གི་རྩ་འཛུགས613བཙུགས་པ་དང་།དེའི་ནང་དུ་གྲོང་གསེབ་སྲང་ལམ་གྱི་འདུམ་འགྲིག་ཨུ་ཡོན་ལྷན་ཚོགས44འདུས་པ་དང་།སྡེ་བའི་འདུམ་འགྲིག་གི་ཨུ་ཡོན་ལྷན་ཚོགས369འདུས་ཡོད་པས།  ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཟིན། ཚྭ་ཁ་ཚྭ་མཚོ་དང་གཏེར་ལེན་ཁ་གྲོང་ཁྱེར་གྱིམཚོ་གཉིས་ཤུལ་གཅིགཅེས་པའི་ལྗོངས་ཁུལ་ལ།ལོ་རེར་ཟླ6ནས་ཟླ9བར་གནས་སྐབས་ཀྱི་མི་དམངས་འདུམ་འགྲིག་ཁང་བཙུགས་ཡོད། གྲངས་མཛོད་ཆེན་མོ+བཅའ་ཁྲིམས་དྲིལ་སྒྲོགགི་རྣམ་པ་བེད་སྤྱད་དེ།སྐད་འཕྲིན་དང་པཱོ་འཕྲིན་སོགས་ཀྱི་སྨྱན་བྱད་གསར་བའི་གནས་བབ་ལེགས་པོའི་ཁྱད་ཆོས་གང་ལེགས་ཀྱིས་འདོན་སྤེལ་བྱས་ཤིང། ཡུལ་སྐོར་བར་བཅའ་ཁྲིམས་ཞབས་ཞུ་དང་བློ་ཁ་ལམ་སྟོན། ཁེ་དབང་ལ་མཛུབ་སྟོན་བཅས་ཀྱི་ཆེད་དུ་འདོན་སྤྲོད་བྱས་པ་ཡིན།

བཞིསྐྱེ་ཁམས་ཁོར་ཡུག་ལ་དོ་སྣང་བྱས་ཏེ།སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་སུ་བཏང་། སྐྱེ་ཁམས་དོ་མཉམ་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གྲོས་གཞི་བསྡོམས་པས9ཡོད་ལ། ཐོ་འགོད་གྲོས་གཞིའི་སྤྱི་གྲངས་ཀྱི19%ཟིན་ཡོད། ཨུ་ཡོན་རྣམ་པས་སྐྱེ་ཁམས་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་གནང་སྟེ།གྲོས་གཞི་ཡིས་གྱོད་དོན་སེལ་བ་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་ཕྱོགས་ལ་ཁྱད་ཆོས་ལྡན་པའི་ནུས་བ་གང་ལེགས་འདོན་སྤེལ་བྱས་ཡོད།དཔེར་ན། མགྱོགས་མྱུར་གྱིས་ཐེམ་ཆེན་རྫོང་རང་བྱུང་རྩྭ་ཐང་འགྲིབ་པ་དང་རྩྭ་ཐང་སྐྱེ་ཁམས་དོ་སྙོམས་ཉམས་པའི་བཅོས་སྐྱོང་སྐོར་གྱི་ཇུས་གཞིརཐེམ་ཆེན་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ལས་བགོས་འགོ་ཁྲིད་ཀྱིས་འཕྲལ་དུ་ལས་སྒྲུབ་བསམ་འཆར་བཏོན་ནས།རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ལ་ལས་གཞིའི་མ་དངུལ་ཧུར་ཐག་སྒོས་བརྩོན་ལེན་བྱས།གཅིག་ནི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའ་རྐྱེན་སྲོལ་གྱི་སྲིད་ཇུས་དོན་འཁྱོལ་བྱས།2011ལོ་ནས2015ལོར་ཕྱུགས་ཟོག་འཚོ་བར་བཀག་སྡོམ་བྱེད་པའི་ཁ་གསབ་རོགས་དངུལ་སྒོར་བྱེ་4194.76བྱིན་པ་དང་།རྩྭ་ས་དང་ཕྱུགས་ཟོག་དོ་སྙོམས་ཡིན་པའི་བྱ་དགའ་སྒོར་བྱེ་བ2127.44བྱིན།2016ལོ་ནས2017ལོར་ཕྱུགས་ཟོག་འཚོ་བར་བཀག་སྡོམ་བྱེད་པའི་ཁ་གསབ་རོགས་དངུལ་སྒོར་བྱེ་བ

5028.48བྱིན། རྩྭ་ས་དང་ཕྱུགས་ཟོག་དོ་སྙོམས་པའི་བྱ་དགའ་སྒོར་བྱེ་བ4095.68བྱིན།  2018ལོར་བྱང་བུ་གཅིག་སྣ་མང་སྤྱོད་པཞེས་པའི་རྣམ་པ་བརྒྱུད་ནས70%ཡི་ཁ་གསབ་རོགས་སྐྱོར་བྱ་དགའ་མ་དངུལ་སྒོར་བྱེ་བ6386.91བྱིན། འཕྲོ་ལྷག་གི30%གྲུབ་འབྲས་དཔྱད་ཞིབ་ཀྱི་མ་དངུལ་སྒོར་བྱེ་2737.25དེ།ལོ་མཇུག་དཔྱད་ཞིབ་བྱས་ཚར་ནས་ད་བཟོད་བྱིན་ཆོག   གཉིས་ནི་ཤུགས་ཆེན་པོས་སྐྱེ་ཁམས་སླར་གསོ་བཟོ་སྐྲུན་ལག་བསྟར་བྱས། 2014ལོ་ནས་བཟུང་།སྐྱེ་ཁམས་སླར་གསོར་སྤྱིའི་མ་དངུལ་སྒོར་བྱེ་བ26259.2བཏང་ཡོད།སླར་གསོ་ཚོད་ལྟའི་བཟོ་སྐྲུན་བསྡོམས་པའི21ཡོད། འབྲོག་ཁུལ་གྱི་རི་སྐྱེས་སྲོག་ཆགས་གང་ས་གང་དུ་མཆེད་པའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་ཇུས་གཞིདེེེ་གཙོ་བོའི་གྲས་སུ་ཚུད་ནས། ནགས་ལས་སྡེ་ཁག་གིས་ནན་ཏན་སྒོས་དང་ལེན་བྱས་ཏེ། ཧུར་ཐག་སྒོས་བྱེད་ཐབས་བེད་སྤྱོད་བྱས་ཤིང་། ཞིང་ཆེན་ནགས་ལས་ཐིང་གིས2005ལོར་བརྟག་དཔྱད་ཞིབ་མཇུག་གང་མང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རི་སྐྱེ་སྲོག་ཆགས་ལ་གནད་དུ་སྲུང་སྐྱོང་བྱས་ཏེ་མི་སྲོག་དང་རྒྱུ་ནོར་ལ་གནོད་པ་ཐེབས་པར་ཁ་གསབ་བྱེད་ཐབསབསྒྲིགས་པ་དང་།2013ལོརམཚོ་སྔོན་ཞིང་ཆེན་གྱིས་རི་སྐྱེ་སྲོག་ཆགས་ལ་གནད་དུ་སྲུང་སྐྱོང་བྱས་ཏེ་མི་སྲོག་དང་རྒྱུ་ནོར་ལ་གནོད་པ་ཐེབས་པར་ཁ་གསབ་ཞིབ་སྲོལགཏན་འབེབས་བྱས།མིག་སྔར། བསྡོམས་པའི་སྐྱིན་ཚབ་སྤྲད་པའི་མ་དངུལ་སྒོར་ཁྲི129.6བྱིན་ཡོད།སྐྱིན་ཚབ་མ་དངུལ་དེ་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་ཐག་གཅོད་བྱས།ཞིང་ཆེན་རིམ་པའི50%། ཁུལ་རིམ་པའི25%། རྫོང་རིམ་པའི25%དུས་མཚུངས་སུ། ད་ལོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིསམཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རི་སྐྱེ་སྲོག་ཆགས་སྲུང་སྐྱོང་སྲོལ་ཡིགདེ་ཁྲིམས་འཛུགས་བཟོ་བཅོས་འཆར་གཞི་ནང་དུ་བཞག།

གཉིས། 2018ལོར་བྱ་བ་གཙོ་བོ་བསྒྲུབས་པའི་གནས་ཚུལ།

ལོ་གཅིག་གི་ཚུན་ལ།ང་ཚོས་གཟབ་ནན་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་སྐོར་གྱི་བསམ་བློ་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་ཏེ།དམངས་གཙོ་གྲོས་མོལ་གྱི་འདུ་ཤེས་གྲོས་གཞིའི་བྱ་བའི་རྒྱུད་རིམ་དུ་ཡོངས་སུ་འཐིམ་ཞིང་།སྤུས་ཚད་ལ་སྐུལ་འདེད་བྱེད་པ་དམ་པོར་བཟུང་ཞིང། གྲོས་མོལ་མཉམ་ལས་གྱ་ནོམ་པ་ཞིག་བགྱིས་ཏེ།གྲོས་མོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་། སྤུས་ཚད་མཐོར་འདེགས་དང་ལས་ཆོད་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས། གྲོས་གཞིའི་བྱ་བ་དེ་འཕེལ་རིམ་གསར་བར་བསླེབས་ཡོད།  

གཅིགཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་བསྣན་ཏེ།མཚོ་ནུབ་འཛུགས་སྐྲུན་ལ་རམ་འདེགས་བརྒྱབ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་སྐབས་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་དུ་བཟུང་ཞིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། འདུ་ཤེས་བཞིདམ་པོར་བཞེངས་ནས། གྲོས་གཞི་བྱ་བའི་སྤྱི་ཡོངས་རང་བཞིན་དེར་གདེང་འཇོག་བྱས་ཤིང་། གྲོས་གཞི་བྱ་བའི་ཆབ་སྲིད་ཀྱི་འགྲེང་གནས་མཐོར་འདེགས་བཏང་པ་དང།རང་འགུལ་ངང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲོས་གཞིའི་བྱ་བར་འགོ་ཁྲིད་དང་རྒྱབ་སྐྱོར་གནང་བར་བརྩོན་ལེན་བྱས།ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་གྲོས་གཞིའི་བྱ་བ་གཙིགས་སུ་བཟུང་བ་དེ་སྲིད་གྲོས་ལག་བསྟར་འགན་ནུས་ཀྱི་རྨང་གཞི་དང་རིམ་པ་གཙོ་བོ་རུ་བཞག་ཡོད་པ་དང།ཐོག་མཐའ་བར་གསུམ་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་གནས་བྱ་བ་དང་ཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་བྱས་ཤིང་།མི་དམངས་ནི་ལྟེ་གནས་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ཏེ། གྲོས་གཞིསྐད་ཆའི་དབང་ཆཞེས་པ་བེད་སྤྱོད་ལེགས་པོ་བགྱིས་ནས།གནད་འཁེལ་དབུལ་སྐྱོར་ལ་དམིགས་པ་དང་སྐྱེ་ཁམས་སྲུང་སྐྱོང་།  ཡུལ་སྐོར་གསར་སྤེལ།དམངས་འཚོ་ལེགས་བཅོས་སོགས་ཐད་དུ་ཚན་རིག་རང་བཞིན་དང་སྔོན་དཔག་རང་བཞིན་གྱི་བསམ་འཆར་བཏོན་ཞིང།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆེད་དུ་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་པར་གཞི་འཛིན་ས་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད།

གཉིས།གྲོས་གཞིའི་སྤུས་ཚད་བརྟན་པོའི་ངང་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་གྲོས་གཞི་བྱ་བར་རྨང་གཞི་བརྟན་པོ་བཏིངས། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོར་འདེགས་གཏོང་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་།དུས་རབས་གསར་བའི་བླང་བྱ་དང་འཚམ་པའི་གྲོས་གཞི་བྱ་བའི་རྐྱེན་སྲོལ་འཛུགས་སྐྲུན་བྱས། གཅིག་ནི་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བྱས། ང་ཚོས་ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་བསྡུས་ཏེ།  ཨུ་ཡོན་གྱིས་གྲོས་གཞིའི་གལ་ཆེན་རང་བཞིན་གང་ལེགས་ཀྱི་རྟོགས་པ་དང་གྲོས་གཞི་འབྲི་བའི་ནུས་པ་ཇེ་མཐོར་གཏོང་བར་སྐུལ་འཁྲིད་བྱས། དུས་མཚུངས་སུ། གྲོས་གཞི་ཨུ་ཡོན་ལྷན་ཚོགས་ཀྱིས་ཐོ་འགོད་བྱེད་པའི་གྲོས་གཞིའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ།ཐོ་འགོད་གྲོས་གཞིར་ཞིབ་བཤེར་ནན་མོ་བྱས་ཤིང་། གྲོས་གཞིར་གནས་ཚུལ་ཡོད་པ་དང་དབྱེ་ཞིབ་ཡོད་པ།  བསམ་འཆར་ཡོད་པར་ཁག་ཐེག་བྱས། གཉིས་ནི་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས་བརྒྱུད་ལམ་རྒྱ་བསྐྱེད།དཔལ་འབྱོར་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་དང་སྤྱི་ཚོགས་ལས་རིགས་སོ་སོས་སྤྱིར་བཏང་དུ་དོ་སྣང་བྱེད་པའི་གནད་འགག་གི་གནད་དོན་བདམས་ནས།ཆེད་དོན་གྱི་སྲིད་དོན་གནས་ཚུལ་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ།  ཆ་འཕྲིན་མི་འགྲིག་པའི་གནད་དོན་གང་ལེགས་སྒོས་ཐག་གཅོད་བྱས།གསུམ་ནི་ཐོ་འགོད་གྲོས་གཞིར་ཞིབ་བཤེར་ནན་མོ་བྱས་ཏེ།  སྤུས་ཚད་ལེགས་པར་དམིགས་བསལ་དང་གྲོས་གཞི་གྲངས་ཀ་མི་འགྲན་པར་རྒྱུན་འཁྱོངས་བྱས་ཤིང་།ཞིབ་བཤེར་གྱི་འགྲོ་ལུགས་དང་ཚད་གཞིར་གཟབ་ནན་བྱས། གྲོས་གཞིའི་འགན་སྒྲུབ་ལས་ཁུངས་དེས་གྲོས་གཞི་བསྐྱར་དུ་ཞིབ་བཤེར་བྱེད་པའི་རྐྱེན་སྲོལ་གསར་བ་འཚོལ་སྙེག་བྱས་ཏེ།གྲོས་གཞིར་ཞིབ་བཤེར་དང་བསྒྲུབ་རྒྱུར་སྤྲོད་པའི་ཡང་དག་རང་བཞིན་ལ་ནུས་ལྡན་གྱིས་མཐོར་འདེགས་བཏང་།

གསུམ།གྲོས་གཞིར་རྗེས་འདེད་འདྲི་རྩད་བྱེད་པར་ཤུགས་བསྣན་ཏེ། མུ་མཐུད་དུ་གྲོས་གཞི་བསྒྲུབ་པའི་ཕན་ནུས་མཐོར་འདེགས་སུ་བཏང་། གཅིག་ནི་གྲོས་གཞི་གཙོ་བོའི་མིག་དཔེའི་ཕན་ནུས་འདོན་སྤེལ་བྱས།ང་ཚོས་གྲོས་གཞིའི་སྒྲུབ་པའི་གོ་རིམ་ཁྲོད་དུ་རང་འགུལ་གྱི་རྒྱུན་རྣམ་གསར་བར་བསྟུན་ཞིང་།ཞིབ་མཇུག་ཞིབ་མོ་བྱས་པ་དང་གོ་རིམ་ཡོད་པའི་ཞིབ་བཤེར་བྱས་ནས།  ཡང་དང་བསྐྱར་དུ་ལེགས་འདེམས་བགྱིས་ཏེ།གྲོས་གཞི་གཙོ་བོ3གཏན་འཁེལ་བྱས།  ཀྲུའུ་ཞི་གཞོན་པ3གྱིས་སྣེ་ཁྲིད་དེ། འབྲེལ་ཡོད་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཀྱིས་འགན་བཞེས་ནས་དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་འགན་སྒྲུབ་ལས་ཁུངས་སུ་ཕྱིན་ནས་ལས་སྒྲུབ་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད།གྲོས་གཞི་སྤྲད་པའི་མི་སྣར་བསམ་ཚུལ་རྗེས་རེས་བྱས་ཏེ།  ལས་སྒྲུབ་ཀྱི་ཕན་ནུས་མཐོར་འདེགས་སུ་བཏང་། གཉིས་ནི་གྲོས་གཞིའི་རྗེས་འདེད་འདྲི་རྩད་ལ་ཤུགས་བསྣན།  ཟླ11པའི་ཟླ་མཇུག་བར། ལས་བགོས་གྲོས་གཞིའི་ཀྲུའུ་ཞི་གཞོན་པ་དང་ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་སྔ་གཞུག་ཏུ་གྲོས་གཞི་ལས་སྒྲུབ་ཚར་མེད་པའི་འབྲེལ་ཡོད་ལས་ཁུངས་ལ་ངོ་འཕྲད་གླེང་མོལ་བྱས། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ནས་གྲོས་གཞིརཕྱིར་མིག་ལྟ་བཞེས་པའི་བྱ་འགུལ་སྤེལ་ཏེ། ནུས་ལྡན་གྱིས་གྲོས་གཞིའི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

བཞི།གྲོས་གཞིའི་གྲོས་མོལ་གྱི་རྐྱེན་སྲོལ་གསར་བ་འཚོལ་ཞིབ་བྱས་ཏེ།མུ་མཐུད་དུ་གྲོས་གཞིའི་ལས་སྒྲུབ་བྱེད་པའི་བྱེད་ཐབས་གསར་བ་གསར་གཏོད་བྱས།ང་ཚོས་གྲོས་གཞིའི་ལས་སྒྲུབ་ཀྱི་བྱ་བའི་བྱེད་ཐབས་ཧུར་ཐག་སྒོས་འཚོལ་ཞིབ་དང་ལེགས་བཅོས་བྱས། གཅིག་ནི་འགོ་ཁྲིད་ཀྱི་སྣེ་ཁྲིད་བྱས་ནས་སྐུལ་སྒྲུབ་རྐྱེན་སྲོལ་རྒྱུན་འཁྱོངས་བྱས།ཀྲུའུ་ཞི་གཞོན་པ3དང་ཆེད་དོན་ཨུ་ཡོན་ལྷན་ཚོགས་སོ་སོསཐེམ་ཆེན་རྫོང་གི་རང་བྱུང་རྩྭ་ར་འགྲིབ་པ་དང་རྩྭ་ཐང་སྐྱེ་ཁམས་དོ་མཉམ་ཤོར་བར་མགྱོགས་མྱུར་གྱི་བཅོས་སྐྱོང་བྱེད་པདངརི་སྐྱེ་སྲོག་ཆགས་དང་འབྲོག་ཁུལ་ཀྱི་སྐྱེ་ཁམས་དོ་མཉམ་ཐག་གཅོད་བྱེད་པ།བུ་ཕྲུག་གཅིག་ཅན་གྱི་ནད་གཡོག་གནང་བ་བཙུགསཔ་བཅས་གྲོས་གཞི3ལ་ཐེངས་མང་པོའི་གྲོས་མོལ་གྱི་བྱ་འགུལ་སྤེལ།ངེས་དོན་གྱིས་གྲོས་གཞི་སྒྲུབ་པའི་ཕན་ནུས་མཐོར་འདེགས་སུ་བཏང་བ་དང་མང་ཚོགས་རང་ཉིད་ཀྱི་ཁེ་ཕན་ཐག་གཅོད་བྱས། གསུམ་ནི་གྲོས་གཞིའི་ཆ་འཕྲིན་ཅན་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགོ་བརྩམས། ད་སྔ་ཨུ་ཡོན་དང་འགན་སྒྲུབ་ལས་ཁུངས་ཀྱི་ཆ་འཕྲིན་ཕབ་འཇུག་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད།གློག་རྡུལ་གྲོས་གཞི་སྤྲོད་པའི་བྱ་བར་དྲ་ཐོག་ཏུ་འཁོར་སྤྱོད་བྱེད་པའི་ཚོད་ལྟ་བྱས། ཚོགས་ཆེན་གཉིས་ཀྱི་རྗེས་སུ།  གྲོས་གཞིའི་རྗེས་འདེད་འདྲི་རྩད་ལས་སྒྲུབ་གནས་ཚུལ་དྲ་ཐོག་ཏུ་ཤར་གཏོང་དང་དྲ་ཐོག་ཏུ་འབྲེལ་འདྲིས་བྱས་ནས་དུས་ཐོག་ཏུ་འགན་སྒྲུབ་ལས་ཁུངས་ལ་ལས་སྒྲུབ་གནས་ཚུལ་གྱི་བསམ་འཆར་བརྗོད་ཆོག་པ་དང་། གྲོས་གཞིའི་དོ་དམ་ཆུ་ཚད་དང་བྱ་བའི་ལས་ཆོད་མཐོར་འདེགས་སུ་བཏང་།

ལོ་གཅིག་གི་སྲིད་གྲོས་བྱ་བར་ཕྱིར་དྲན་བྱས་ན། གྲུབ་འབྲས་མཐོང་ཐུབ་པའི་དུས་མཚུངས་སུ། ང་ཚོས་ཀྱང་མི་འདང་ས་མང་པོ་ཡོད་པ་གསལ་བོར་རྟོགས་ཡོད། དཔེར་ན།  གྲོས་གཞི་སྤྱིའི་སྤུས་ཚད་དམའ་བ་དང་།  ཐུན་མོང་གི་གྲོས་གཞི་དང་ལས་རིགས་གཞན་ཀྱི་གྲོས་གཞིའི་བསྡུར་ཚད་ཅུང་ཆུང་། གྲོས་གཞི་ལས་སྒྲུབ་ཀྱི་གདེང་འཇོག་མ་ལག་ད་དུང་སྔར་ལས་ལྷག་པའི་སྒོ་ནས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་དགོས་པ་དང་།གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས་ཀྱི་ཞབས་ཞུའི་བྱ་བ་མི་འདང་ས་ཡོད་པས།  ཞན་ཆ་དེ་དག་ང་ཚོས་འཕྲལ་དུ་ནན་ཏན་གྱིས་ཞིབ་མཇུག་བྱེད་དགོས་པར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ལེགས་བཅོས་དང་མཐོར་འདེགས་སུ་གཏོང་དགོས།

གསུམ། 2019ལོའི་བྱ་བའི་འཆར་གཞི།

2019ལོར།གྲོས་གཞི་བྱ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་སུ་གཏོང་བའི་སྐོར་གྱི་བསམ་བློ་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ།དུས་རབས་གསར་བ་ནང་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བར་འཕྲད་པའི་གནས་ཚུལ་གསར་བ་དང་འགན་ཁུར་གསར་བར་གདེང་ཚོད་ཡང་དག་ལེན་དགོས།གནད་དོན་ཁྲིད་ཕྱོགས་ལ་རྒྱུན་འཁྱོངས་བྱས་ཏེ།  ཧུར་ཐག་གིས་ཐབས་ཇུས་འདོན་པ་དང་། མུ་མཐུད་དུ་གྲོས་གཞི་བྱ་བའི་ཚན་རིག་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཤིང་།གྲོས་གཞི་ནི་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་དང་ལྟེ་བར་ཞབས་ཞུའི་ཁྲོད་དུ་ནུས་པ་གང་ལེགས་འདོན་སྤེལ་བྱ་དགོས།

གཅིགགྲོས་གཞིའི་སྤུས་ཚད་དང་བོ་ཡིན་པའི་འདུ་ཤེས་བརྟན་པོ་བཞེངས་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་དུ་བཏོན་པའིགྲོས་གཞི་མང་པོར་མི་ལྟ་བ་དང་སྤུས་དག་ཡིན་པར་ལྟ་དགོསཞེས་པའི་བླང་བྱ་ནན་ཏན་སྒོས་དོན་ཐོག་ཏུ་འཁྱོལ་ཞིང་། སྤུས་ཚད་ཀྱི་ཁྲིད་ཕྱོགས་ལ་རྒྱུན་འཁྱོངས་བྱས་ནས། གྲངས་ཀ་དང་སྤུས་ཚད་ཀྱི་འབྲེལ་བ་ཡང་དག་གིས་ཐག་གཅོད་བྱེད་པ་དང་།སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་འཚོལ་སྙེག་དགོས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་གནས་བྱ་བར་དམ་པོར་དམིགས་ཏེ། སྤྱི་ཡོངས་ཀྱི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་སྤྱི་བཏང་དུ་དོ་སྣང་བྱེད་པ་དང་འབྲེལ་བའི་དཀའ་གནད་གཙིགས་སུ་བཟུང་ནས།དམངས་འཚོ་ལེགས་བཅོས་དེ་གྲོས་གཞི་བྱ་བའི་འགོ་ཚུགས་ས་དང་རྐང་ཚུགས་ས་ཡིན་དགོས།  ཏང་སྲིད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག རང་ཉིད་ཀྱི་ཁྱད་ཆོསཞེས་པ་དེ་གཞི་ཆགས་ས་ཡིན་དགོས། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཆེད་དོན་ཨུ་ཡོན་ལྷན་ཚོགས། ལས་རིགས་གཞན་པ་སོ་སོའི་གནས་བབ་ལེགས་པོ་འདོན་སྤེལ་བྱ་དགོས།  ཤེས་རིག་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། ཐུན་མོང་གི་གྲོས་གཞིའི་བསྡུར་ཚད་མཐོར་འདེགས་སུ་གཏོང་དགོས།

གཉིས།མུ་མཐུད་དུ་གྲོས་གཞིའི་ལས་སྒྲུབ་ཏུ་ཨུ་ཡོན་ཞུགས་པའི་ཚོར་བ་དྲག་ཏུ་བསྐྱེད་དགོས།སྲིད་གྲོས་ཨུ་ཡོན་ནི་སྲིད་གྲོས་བྱ་བའི་གཙོ་ཕུང་ཡིན་ལ།གྲོས་གཞི་གྲོས་མོལ་གྱི་གཙོ་ཕུང་ཡང་ཡིན། གྲོས་གཞིའི་འགན་སྒྲུབ་སྡེ་ཁག་དང་ལས་ཁུངས་ཀྱིས་རང་འགུལ་ངང་གྲོས་གཞི་འདོན་པའི་མི་སྣ་དང་སྲིད་གྲོས་ཨུ་ཡོན་གདན་འདྲེན་བྱས་ནས་གྲོས་གཞིའི་ལས་སྒྲུབ་ནང་ཞུགས་སུ་འཇུག་པ་དང་། ཨུ་ཡོན་གྱི་བསམ་འཆར་ལ་གསན་དགོས། གྲོས་གཞི་གཙོ་བོ་དེ་ལ་ཁུལ་སྲིད་གྲོས་ཀྱིས་ཆེད་དུ་ཨུ་ཡོན་ལྟ་ཞིབ་རྩ་འཛུགས་བྱས་ཏེ་གཟིགས་ཞིབ་དང་ཡུལ་དངོས་སུ་བསམ་འཆར་འདོན་པ་དང་།བཞུགས་མོལ་དཔྱད་བརྗོད་བཅས་སྤེལ་བ་ཡིན།  གྲོས་གཞིའི་དཔྱད་མོལ་དང་གྲོས་ཞུགས་ཀྱི་ངོ་བོ་རྒྱ་བསྐྱེད་དེ།འགུལ་ཉམས་ངང་གྲོས་གཞི་ལས་སྒྲུབ་ལ་སྐུལ་འདེད་གཏོང་དགོས། ཨུ་ཡོན་གྱི་བསམ་འཆར་ཚུར་སྣང་ལམ་ལུགས་འཛུགས་པ་དང། ཨུ་ཡོན་གྱིས་འོས་འཚམ་ཡིན་པ་དང་འོས་འཚམ་མིན་པའི་གྲོས་གཞིར་གྲོས་གཞི་གདེང་འཇོག་སྙན་ཞུའི་ཡི་གེའམ་བསམ་འཆར་ཡི་གེར་བཀོད་དེ།གནད་དོན་ཅན་ལ་རྗེས་སྒྲུབ་དང་བསྐྱར་སྒྲུབ་བྱེད་པའི་བསམ་འཆར་བཏོན་ནས།  ཐེངས་གཉིས་ལས་སྒྲུབ་བྱེད་པ་དང་བསྐྱར་དུ་ལས་སྒྲུབ་བྱེད་པར་སྐུལ་འདེད་དགོས།དུས་མཚུངས་སུ། གྲོས་གཞི་རྗེས་འདེད་འདྲི་རྩད་ཕན་འབྲས་ལ་ཤུགས་སྣོན་བྱས་ཏེ། ལོ་སྔོན་མར་རིམ་བཞིན་ཐག་གཅོད་བྱེད་པའི་འཆར་གཞི་ནང་དུ་ཚུད་པའི་གྲོས་གཞིར་མུ་མཐུད་དུ་རྗེས་འདེད་བྱས་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་དང་།གྲོས་གཞི་རེ་རེར་འབྲས་བུ་སྨིན་པར་ཁག་ཐེག་བྱ་དགོས།

གསུམ།མུ་མཐུད་དུ་གྲོས་གཞིའི་གྲངས་མཛོད་ཆ་འཕྲིན་ཅན་དུ་འཐུས་ཚང་བར་གཏོང་དགོས། གྲོས་གཞི་བྱ་བའི་ཆ་འཕྲིན་ཅན་གྱི་སྟེགས་བུ་གཏན་འཇགས་ངང་འཛུགས་པར་སྐུལ་འདེད་བཏང་ནས།མུ་མཐུད་དུ་གྲོས་གཞི་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།སྤྱོད་གོ་ཆོད་ཅིང་ནུས་པ་ལྡན་པའི་བྱ་བའི་རྐྱེན་སྲོལ་དང་བྱ་བའི་བྱེད་ཐབས་ལམ་ལུགས་ཅན་དང་ཚད་གཞི་ཅན་དུ་བསྒྱུར་བའི་རྣམ་པ་ཚད་ལྡན་དུ་གཏོང་དགོས་ཤིང་།གནས་བབ་གསར་བའི་འོག་ནས་གྲོས་གཞིའི་ལས་སྒྲུབ་གྲོས་མོལ་ལ་ཤུགས་སྣོན་ཕྱིར་སྟོབས་ཤུགས་ལྡན་པའི་ལག་རྩལ་དང་སྟེགས་བུའི་འགན་སྲུང་འདོན་སྤྲོད་བྱེད་དགོས།གྲོས་གཞི་བྱ་བའི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་གི་བར་སྟོང་རྒྱ་བསྐྱེད་ནས། ཨུ་ཡོན་གྱིས་ནན་ཏན་ངང་ནས་འགན་ཁུར་ལག་ཏུ་བསྟར་བའི་རང་རྟོག་རང་བཞིན་དང་ཞུགས་ཚད་ལ་ཤུགས་སྣོན་དགོས།གྲོས་གཞི་བྱ་བའི་ཆ་འཕྲིན་ཅན་གྱི་མ་ལག་གི་འཛུགས་སྐྲུན་དང་གྲོས་གཞི་བྱ་བ་ཚད་ལྡན་ཅན་དུ་གཏོང་བའི་གཏན་འབེབས་དང་ལག་བསྟར་བེད་སྤྱོད་བྱས་ནས། སྔོན་ཆད་ཀྱི་སྲོལ་རྒྱུན་གྱི་གྲོས་གཞི་ལས་སྒྲུབ་བྱེད་ཐབས་གོ་རིམ་རྩ་བ་ནས་བསྒྱུར་དགོས།ཚད་གཞི་ཆ་ཚང་ཞིང་གོ་རིམ་ཡོད་པ་དང་བཀོད་སྤྱོད་ལ་རྗེས་ཤུལ་འཇོག་པ། ཤོག་བུ་མེད་པའི་གཞུང་སྒྲུབ་གྱི་གྲོས་གཞི་ལས་སྒྲུབ་གོ་རིམ་བཅས་མངོན་འགྱུར་འབྱུང་དགོས།

ཨུ་ཡོན་རྣམ་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་བའི་སྲིད་གྲོས་གྲོས་གཞི་བྱ་བར་བཏོན་པའི་སྔར་ལས་ལྷག་པའི་བླང་བྱ་ཡིན་ཞིང་། ང་ཚོས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་སུ་གཏོང་བའི་སྐོར་གྱི་བསམ་བློ་གལ་ཆེན་ནན་ཏན་ངང་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་བ་དང་འགན་འཁྲི་གསར་བར་གདེང་ཚོད་ཡང་དག་ལོན་དགོས་པ་དང་།འགན་འཁྲིའི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས།  སྤུས་ཚད་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང། མུ་མཐུད་དུ་སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་རྣམ་པ་གསར་བ་བཏོད་དེ།  འབྱོར་ཕྱུག་དང་ཤེས་དཔལའཆམ་མཐུནམཛེས་སྡུག་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་ཏུ་མྱུར་བར་བསྐྲུན་པར་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་གཞག་དགོས་སོ།

གོང་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།

ཞོལ་མ།:མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235