མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2019-03-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

----2019ལོའི་ཟླ2པའི་ཚེས25ཉིན་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་།

ཀླུ་ཁོ་རྒྱལ།

ཨུ་ཡོན་དང་བློ་མཐུན་རྣམ་པ།  

ངས་སྲིད་གྲོས་མཚོ་ནུབ་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱིས་མངག་བཅོལ་དང་དུ་བླངས་ཏེ།ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་ཨུ་ཡོན་དག་གིས་གྲོས་ཞིབ་གནང་བར་མ་ཟད།ཟུར་ཞུགས་བློ་མཐུན་རྣམ་པས་ཀྱང་བསམ་འཆར་ལྷུག་པོར་བརྗོད་རོགས།

2018ལོའི་བྱ་བར་ཕྱིར་དྲན།

2018ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པར་འགོ་བརྩམས་པ་དང་བཅོས་བསྒྱུར་སྒོ་འབྱེད་ལོ་འཁོར40ལོན་པའི་ལོ་ཡིན་ལ།དབུལ་སྐྱོར་འགག་སྒྲོལ་དང་ཁྱོན་ཡོངས་འབྱོར་འབྲིང་དུ་བསྐྱོད་པར་རྒྱལ་ཁ་ལོན་པ། ལོ་ལྔའི་འཆར་འགོད་བཅུ་གསུམ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན།ལོ་ངོ་གཅིག་གི་རིང་དུ། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོགཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཉིས་དམ་འཛིན་བྱས་ཏེ།དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་གནས་སྟངས་གསར་བའི་འགན་འཁྲི་ལ་གདེང་ཚོད་བླངས་ཏེ། བཅོས་བསྒྱུར་གྱི་རིག་ལམ་དང་གསར་གཏོད་ཀྱི་འདུན་མ།བྱེད་ཐབས་དངོས་འབེབས་དང་ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་རྟོགསྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱས་ཤིང་།མི་དམངས་སྲིད་གྲོས་ཀྱི་ལས་དོན་སོ་སོར་གྲུབ་འབྲས་གསར་བ་ཐོབ་པ་དང་རྣམ་པ་གསར་བ་ཆགས།ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་ལྷིང་ཡོང་བའི་རྣམ་པ་ཆེན་མོར་སྲིད་གྲོས་ཀྱི་ཤེས་རབ་དང་སྟོབས་ཤུགས་བསྩལ།

གཅིག ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འཁྲིད་སྟོན་ལ་རྒྱུན་འཁྱོངས་བྱས་ཏེ།ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་།  

རྒྱུན་འཁྱོངས་མཐའ་འཁྱོལ་སྒོས་གཞུང་ལུགས་ལ་དམ་འཛིན་བྱས་ཏེ།ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་ཕུན་སུམ་ཚོགས་པར་བཏང་། ལོ་ངོ་གཅིག་གི་རིང་དུ། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བཞགསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་བསྒྱུར་བཅོས་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་།རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་སྲིད་གྲོས་མ་ལག་གི་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་། དེ་མིན་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་རེ་རེའི་དགོངས་དོན་བཅས་ལ་སློབ་སྦྱོང་ནན་མོ་བྱས་ཤིང་། གཅིག་བསྡུས་ཀྱི་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྤེལ་བ། ཆེད་དོན་འཁྲིད་སྟོན་འཆད་འཁྲིད།  གཞི་རིམ་དུ་སྒྲོག་འགྲེལ་ནན་མོ་བྱེད་པ་བཅས་ཀྱི་རྣམ་པ་བརྒྱུད་དེ་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན།  ལོ་ཧྲིལ་བོར་བསྡོམས་པའི་རིགས་སོ་སོའི་སློབ་སྦྱོང་དང་གསོ་སྦྱོང་བྱ་འགུལ་ཐེངས40སྤེལ།  ཧུར་ཐག་གིས་ལས་ཁུངས་ཀྱི་ལས་བྱེད་པ་དང་ཏང་ཤོག་ཚོགས་ཁག་སོ་སོ། རིགས་སོ་སོའི་ལས་སྒོ་སོ་སོའི་མི་སྣ་ཡོངས་ཀྱི་བསམ་བློ་དང་ལག་ལེན་ཀྲུང་དབྱང་དང་ཞིང་ཆེན།ཁུལ་བཅས་ཀྱི་ཇུས་གཞི་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་སྐུལ་འཁྲིད་མཛད།  ཁྱབ་རྒྱ་ཆེ་བའི་ངང་འདུ་ཤེས་བཞི་དང་འབྲལ་ཐབས་མེད་པ་གསུམ།ཁས་ལེན་ལྔ་བཅས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ། མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཅིག་གི་ཐུན་མོང་གི་ཕུང་བོ་ཡིན་པའི་དུས་རབས་ཀྱི་ཁྱད་ཆོས་ལ་ངོས་ཟིན་ཟབ་མོ་ལོན་པར་བྱས།

དུས་རབས་གསར་པའི་སྲིད་གྲོས་ཀྱི་ཟུར་ཚད་ཁོང་དུ་ཆུད་པ་དང་། གནད་ཕིགས་དང་དངོས་འབེབས་འགན་ལེན་འཁྲིད་སྟོན་རྒྱུན་འཁྱོངས་བྱས། 2018ལོར། ཞིང་ཆེན་སྲིད་གྲོས་དང་ཁུལ་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཁུལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱིས་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་གི་འཛུགས་སྐྱོང་ལས་དོན་ལ་སྣེ་འཁྲིད་བྱས། གཏིང་ཟབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་བགྲོ་གླེང་བྱ་འགུལ་སྤེལ།སློབ་སྦྱོང་དང་ཞིབ་འཇུག་བརྒྱུད་དེ་གོ་རྟོགས་ཇེ་མཐོར་བཏང་སྟེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་དང་རྒྱ་ཆེའི་སྲིད་གྲོས་ལས་བྱེད་པས་ཏང་གིས་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་ནི་གཞི་རྩའི་ཆབ་སྲིད་རྩ་དོན་ཡིན་པའི་གོ་བ་ལེན་ཕྱོགས་དང་ངོས་ཟིན་ཇེ་ཟབ་ཏུ་བཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་སྲིད་གྲོས་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་གཏོང་བའི་སྲོག་ཤིང་དུ་བཟུང་ཞིང།རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམ་པས་བསྟུད་མར་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ངོས་ཟིན་དང་བསམ་བློའི་ངོས་ཟིན།གཞུང་ལུགས་ཀྱི་ངོས་ཟིན། བརྩེ་མདངས་ཀྱི་ངོས་ཟིན་བཅས་ཇེ་མཐོར་འགྲོ་བར་སྐུལ་འཁྲིད་བྱས་ཏེ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་བཏང་། ཁུལ་སྲིད་གྲོས་ཨུ་ཡོན་གྱི་གྲུབ་ཚུལ་དང་ཏང་ཕྱིའི་ཨུ་ཡོན་ཁྱབ་ཚུལ་ལ་དམིགས་པའི་རྨང་གཞིའི་ཐོག ཏང་ཡོན90གཏན་ཁེལ་བྱས་ནས་སོ་སོས་ཏང་ཕྱིའི་ཨུ་ཡོན141ལ་འབྲེལ་གཏུག་དམ་ཟབ་བྱས་ཏེ།  འབྲེལ་གཏུག་དམ་པོ་དང་བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་འགན་འཁྲི་དང་ལས་འགན་སྔར་བས་ངེས་གཏན་དང་དེ་བས་ཀྱང་ཤུགས་སྣོན་བྱུང་།

གཉིས། ཐོག་མཐའ་བར་གསུམ་དུ་ལྟེ་བའི་ལས་ཀར་དམིགས་ཏེ།  ཁྱོན་ཡོངས་ལ་ཞབས་ཞུ་དང་རང་འགུལ་གྱིས་འགན་འཁྲི་སྒྲུབ་པ་སྔར་བས་ཕན་ནུས་ལྡན་པར་བཏང་།

བློ་འདྲི་ཇུས་འདོན་བྱས་ཏེ། དུས་ཚིགས་ཀྱི་གྲོས་མོལ་ནི་སྲིད་གླེང་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྲིད་གྲོས་སྐབས་གསར་པས་ཞིང་ཆེན་ཡོངས་ཀྱི་སྔོན་ལདུས་ཚིགས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། ལྟེ་བར་དམིགས་པ་དང་སྲིད་དོན་གྲོས་མོལ།གནད་དོན་ཐག་གཅོད། ལས་ཀ་བྱེད་སྟངས་ལེགས་བཅོས། མཐུན་སྒྲིལ་ཡར་སྐུལ། མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོར་སྐུལ་འདེད་བྱེད་པའི་གཡུལ་ས་གལ་ཆེན་ཞིག་དང་མཚོན་རྟགས་ཅན་ཞིག་ཏུ་གྱུར་ཡོད།  2017ལོའི་ཐེངས་བཞིའི་དུས་ཚིགས་གྲོས་མོལ་གྲུབ་འབྲས་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཆོག་མཆན་མཛུབ་སྟོན་ཐོབ་པ་དང་ཁས་ལེན་གང་ལེགས་གནང་བ་རེད།2018ལོའི་ལོ་འགོར་ང་ཚོས་གྲོས་མོལ་གྱི་འཆར་གཞི་གཏན་འཁེལ་བྱས་པའི་དུས་ཚིགས་དང་པོར་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་སྣེ་འཁྲིད་དུ་འཛིན་པར་དམིགས་ཤིང། མཚོ་སྔོན་གྱི་སྙིང་སྟོབས་ཏེ་ཚྭ་འདམ་གཞོང་སའི་ཁྱད་ཆོས་འབུར་དུ་དོད་པ།  མཚོ་ནུབ་ཁུལ་གྱི་སྲིད་འཛིན་ས་ཁོངས་བསྒྱུར་བཅོས་དང་།མཚོ་ནུབ་ཁུལ་གྱི་མི་འབོར་འཕེལ་རྒྱས་འགྲོ་ཚུལ་དང་ཁྱིམ་ཐོའི་ལམ་ལུགས་བསྒྱུར་བཅོས།  མཚོ་ནུབ་ཀྱི་སྣ་མང་ལོ་རྒྱུས་རིག་གནས་སྔོག་འདོན་དང་།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བར་ཞབས་ཞུ་བྱེད་པ་བཅས་གྲོས་མོལ་བརྗོད་གཞིར་བཟུང་བ་ཡིན། གྲོས་མོལ་ཞིབ་འཇུག་གཏིང་ཟབ་དང་རྒྱ་ཁྱབ་ཏུ་འཚམས་འདྲིར་བསྐྱོད་དེ་རྟོག་ཞིབ་བྱས་པའི་རྨང་གཞིའི་ཐོག་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་སྒོས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ།ཆེད་མཁས་པ་བཅས་བསྡུས་ཏེ་དུས་ཚིགས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས། གྲུབ་པའི་སྤུས་ཚད་མཐོ་བའི་གྲོས་མོལ་ལས་འབྲས་དུས་ཐོག་ཏུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་།དེ་མིན་འབྲེལ་ཡོད་སྡེ་ཁག་བཅས་ལ་ཞུ་འབུལ་བྱས།  དེའི་ཁྲོད་དུ་མཚོ་སྔོན་གྱི་སྙིང་སྟོབས་ཏེ་ཚྭ་འདམ་གཞོང་སའི་མཐོ་ས་ཞེས་པའི་གྲོས་མོལ་སྐོར་གྱི་བརྗོད་བྱ་གཙོ་བོའི་སྙན་ཞུར་ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་མཆན་བཀོད་མཛུབ་སྟོན་ཐོབ།ཁུལ་ཨུའི་དྲིལ་སྒྲོག་པུས་གྲུབ་འབྲས་གཞན་སྒྱུར་ལག་བསྟར་བྱེད་པར་བརྒྱུད་སྐུར་བྱས།  མཚོ་ནུབ་ཁུལ་གྱི་མི་འབོར་འཕེལ་རྒྱས་འགྲོ་ཚུལ་དང་ཁྱིམ་ཐོའི་ལམ་ལུགས་བསྒྱུར་བཅོས་རྟོག་ཞིབ་སྙན་ཞུ་དེ་མཚོ་ནུབ་ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་གིམཚོ་ནུབ་རྟོག་ཞིབསྟེང་བཀོད།  སྤུས་ཚད་མཐོ་བ་དང་གནད་དོན་དངོས་མཐོང་།གཏམ་དྲངས་མོར་བཤད་པ། ཕན་འབྲས་ལ་མཐོང་ཆེན་བྱེད་པ་ནི་སྲིད་གྲོས་ཀྱིས་གྲོས་མོལ་ལམ་ལུགས་འཛུགས་དོན་གྱི་ཐོག་མའི་བསམ་འདུན་དང་དམིགས་འབེན་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་དོན་དག་ཡོད་སྐབས་གྲོས་བསྡུར་བྱེད་པ་དང་དམངས་ཀྱི་དོན་དག་དམངས་ཀྱིས་གྲོས་བསྡུར་བྱེད་པའི་གཞི་རྩའི་རྩ་དོན་མཚོན་པར་བྱས།

རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ།དམངས་གཙོའི་ལྟ་སྐུལ་ལས་དོན་ནུས་ལྡན་ངང་སྤེལ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་།སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་མངོན་འགྱུར་བྱེད་སྟངས་གལ་ཆེན་ཞིག་ཡིན། ལོའི་ནང་དུསྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆརདང་སྦྲེལ་ནས།སྔར་ཡོད་ལས་ཀའི་རྨང་གཞིའི་ཐོག་ཧུར་ཐག་གིས་དོན་དངོས་བརྩོན་ལེན་དང་དམངས་གཙོའི་ལྟ་སྐུལ་འགན་ནུས་ལག་བསྟར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ། ལྟ་སྐུལ་གྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།རྣམ་པ་དང་བྱེད་ཐབས། ལྟ་སྐུལ་བྱེད་ཕོད་ཅིང་མི་བྱོལ་བ། ལྟ་སྐུལ་བྱེད་མཁས་ཤིང་གང་འདོད་དུ་མི་བྱེད་པ།ལྟ་སྐུལ་རྣམ་པ་ཙམ་མི་བྱེད་པ། ཁ་ཕྱོགས་མི་གཡོ་བ་དང་ཤུགས་ཚད་འཕྲི་འཐེན་མེད་པ་བཅས་བྱས།སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་དམངས་གཙོའི་ལྟ་སྐུལ་དོ་དམ་སྐབས་སྤྱོད་བྱེད་ཐབས( ཚོད་ལྟའི་ལག་བསྟར) བསྒྲིགས་ཏེ་བཏོན་པ་ཡིན།ཟླ7པའི་ཟླ་འགོར། ཁུལ་སྲིད་གྲོས་དམངས་གཙོའི་ལྟ་སྐུལ་མངགས་གཏོང་ལས་དོན་ཚོགས་འདུ་བསྡུས།དམངས་གཙོའི་ལྟ་སྐུལ་པ54གཅིག་སྡུད་མངགས་གཏོང་བྱས་ནས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་།ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་སྡེ་ཁག18ལ་མངགས་ཏེ་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ།དམངས་གཙོས་ལྟ་སྐུལ་ལས་དོན་རྐྱེན་སྲོལ་ལ་སྔར་བས་ཤུགས་བསྣན་ཞིང་སྒྲིག་རིམ་འཐུས་ཚང་དང་ནང་དོན་ཕུན་སུམ་ཚོགས་པར་བཏང་།

ལྟེ་བར་དམིགས་ཏེ།འགན་ནུས་ལག་བསྟར་ཁྱབ་ཁོངས་གསར་བ་བསྟུད་མར་རྒྱ་བསྐྱེད། ནམ་ཡང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཕལ་ཆེར་ལོ་ཧྲིལ་བོར་གཞི་རིམ་དུ་ཕྱིན་ནས་མང་ཚོགས་དང་འབྲེལ་གཏུག་དང་།དབུལ་སྐྱོར་འབྲེལ་གནས་སྡེ་བ་དང་།  བཟོ་གྲྭ་གཏེར་ཁུལ་ཁེ་ལས།གཞི་རིམ་ལས་ཁུངས་བཅས་སུ་ཁམས་འདྲིར་སོང་ནས། ནན་ཏན་སྒོས་འཆད་འཁྲིད་གཉིས་དང་སྐུལ་འདེད་བཞིའི་དྲིལ་སྒྲོག་སློབ་གསོ་དང་གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་གསུང་བརྩི། ཏང་གི་རྗེས་སུ་འབྲང་ཞེས་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།ཧུར་ཐག་གིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཤིང་།ཚོང་གཉེར་མཁན་ལ་བརྩེ་བ་ཟབ་མོ་བཅངས་ཏེ་ཁེ་ལས་རྣམས་དཀའ་གནད་ལས་འགྲོལ་བར་འབྲེལ་བ་མཐུན་སྦྱོར་དང་ཆ་རྐྱེན་གསར་སྐྲུན།ཐབས་འདོན་ཇུས་འབུལ་བྱས་ནས་ཚོང་གཉེར་ཁོར་ཡུག་ཡག་པོ་བསྐྲུན་པར་ཇུས་གཞི་དང་ནུས་པ་བཏོན་ནས་རོགས་འདེགས་མཛད།གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་རྒྱལ་ཁའི་ངང་སྤེལ།  ཁྱད་ལྡན་སྐྱེ་དངོས་ཐོན་ལས་སྒོར་དུང་ཕྱུར་སྟོང་གི་ཁྱུ་ཚོགས་་དང་ཚྭ་འདམ་གཞོང་སའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས། དེང་རབས་ཅན་གྱི་ཚྭ་འདམ་གཞོང་སའི་གྲོང་ཁྱེར་ཚོགས་པ་ཆགས་པའི་ཇུས་གཞི་དང་།  དམངས་འཚོའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བའི་ཆེད་དོན་བགྲོ་གླེང་ཚོགས་འདུ་གསུམ་སྤེལ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན། ཁོར་ཡུག་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ། བདེ་འཇགས་ཐོན་སྐྱེད།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བཅས་ཀྱི་གཙོ་གནད་ལྔའི་ལས་དོན་ཏན་ཏིག་ཏུ་སྤེལ་བར་འབྲེལ་འདྲིས་ཟབ་མོ་བྱས།ཏང་ཙུའི་ཁོངས་མི་ཧ་ལམ་ལོ་ཧྲིལ་པོའི་མཚམས་མེད་པར་གཞི་རིམ་དུ་བསྐྱོད་པ་དང་ལས་ཀར་ལྟ་སྐུལ་སློབ་སྟོན།ཞིབ་བཤེར་དང་དཔྱད་ཞིབ། འབྲེལ་བ་མཐུན་སྦྱོར་བཅས་བྱས་ཏེ་ལྟེ་བའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།  ཆབས་ཅིག་ཏུ་རྟག་པར་གཞི་རིམ་དུ་དངོས་སུ་བསྡད་ནས་ཞིབ་འཇུག་སྒོས་བྱ་ཐབས་དང་ཉམས་མྱོང་བཟང་པོ་ཉམས་སུ་བླངས། དཀའ་ངལ་དང་ཞན་ཆར་དབྱེ་ཞིབ་བྱས་ནས་དུས་ཐོག་ཏུ་བསམ་གྲོས་ཕྱོགས་བསྡོམས་བྱས།ཐབས་ཇུས་ཀྱི་ཉིང་བཅུད་བསྡུས་ཏེ་སྤུས་ཚད་མཐོ་བའི་བརྟག་ཞིབ་སྙན་ཞུ10ལྷག་འགྲུབ།དེའི་ནང་གི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་གཉིས་སོ་སོརམཚོ་སྔོན་སྲིད་གྲོསདང་ཞིང་ཆེན་སྲིད་གྲོས་ཀྱིསློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགསསྟེང་བཀོད།   ཏང་སྲིད་འགོ་ཁྲིད་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་དང་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཐག་གཅོད་རྒྱུར་དཔྱད་གཞི་དང་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས།

གསུམ། ཐོག་མཐའ་བར་གསུམ་དུ་དམངས་འཚོར་དམ་པོར་དམིགས་པ་དམ་དུ་བཟུང་སྟེ། དམངས་ཆེད་དོན་དངོས་བསྒྲུབ་པར་ཐབས་འདོན་ཇུས་འབུལ་བྱས།    

གྲོས་གཞིའི་ལས་དོན་ནི་འགན་ནུས་དམངས་ཆེད་ལག་བསྟར་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས།  གྲོས་གཞིའི་ལས་དོན་ནི་ཨུ་ཡོན་གྱིས་འགན་ནུས་ལག་བསྟར་བྱེད་པའི་བརྒྱུད་ལམ་ཉག་ཅིག་ཡིན། ཁུལ་ཨུའི་གཞུང་སྒྲུབ་ཁང་གཉིས་ཀྱི་བཀོད་སྒྲིག་ལྟར།  ཁུལ་སྲིད་གྲོས་ཀྱིས་ཁུལ་སྡོད་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ནས་གྲོས་གཞི་ལེགས་འདེམས་དང་ཞུ་འབུལ་སོགས་ཀྱི་ལས་དོན་ལ་ཞབས་ཞུ་དང་དཔྱད་གཞི་མཁོ་འདོན་བྱས།ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་སྐབས་སུ་ཁུལ་སྡོད་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཁྱོན་བསྡོམས་གྲོས་གཞི41ཞུ་འབུལ་བྱས་ཤིང་གྲོས་གཞི19ལ་གྲོས་ཐོ་བཀོད།  ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་ཨུ་ཡོན་རྣམས་ཀྱིས་བཏོན་པའི་གྲོས་གཞི་ཁྱོན་བསྡོམས97འབྱོར། ཞིབ་བཤེར་བརྒྱུད་གྲོས་གཞི47སྡེབ་ཅིང་གྲོས་ཐོ་བཀོད།  ལོ་མཇུག་ཏུ་ཚང་མ་བསྒྲུབས་ཚར་ཞིང་ལན་བཏབ་ཚད100%ཡིན། གྲོས་གཞི་ལག་བསྟར་དོན་འཁྱོལ་ཡོང་ཆེད།སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་སྣེ་འཁྲིད་དེ་གྲོས་གཞི་ཨུ་ཡོན་ལྷན་ཚོགས་དང་འབྲེལ་ཡོད་ལས་ཁུངས་དང་ལྷན་དུ་གོ་སྐབས་དམ་འཛིན་སྒོས་སྲིད་ཇུས་ཀྱི་རོགས་སྐྱོར་བརྩོན་ལེན་བྱས་ནས་ཚྭ་འདམ་གཞོང་སའི་ཐང་རྒོད་ཅན་དུ་འགྱུར་བར་བཅོས་སྐྱོང་དང་ཤུགས་སྣོན་རྒྱག་རྒྱུ་གྲོས་གཞི་སོགས3ལ་སྐུལ་སྒྲུབ་མཛད།རང་རེའི་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་བསྒྱུར་བཅོས་ཟབ་སྤེལ། དམངས་འཚོ་ལེགས་བཅོས་བཅས་ཀྱི་སླད་དུ་གྲངས་ཀ་ཅན་གྱི་སྲིད་གྲོས་ཀྱི་གཞུང་སྒྲུབ་ལས་གཞི་འགོ་བརྩམས་ཤིང་།གྲོས་གཞི་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་།མིག་སྔར་ཨུ་ཡོན་དང་འགན་སྒྲུབ་ལས་ཁུངས་ཀྱི་བརྡ་འཕྲིན་ཕབ་འཇུག་ཕལ་ཆེར་འགྲུབ། དྲ་སྟེང་དུ་གྲོས་གཞི་འདོན་པ་ཐེངས་འདིའི་ཚོགས་ཆེན་སྐབས་ཚོད་ལྟའི་བེད་སྤྱོད་གཏོང་རྒྱུ་ཡིན།ཚོགས་ཆེན་གྲོལ་རྗེས།  དྲ་སྟེང་དུ་གྲོས་གཞི་སྒྲུབ་འགོ་བརྩམས་ནས་ཨུ་ཡོན་གྱིས་གྲོས་གཞི་ཞུ་སྤྲོད་དང་ལས་སྒྲུབ། རྗེས་འདེད།ཚུར་སྣང་སོགས་ཀྱི་ལས་དོན་ཡོངས་དྲ་ཐོག་ཏུ་སྤེལ་ཆོག་པའི་དམིགས་འབེན་མངོན་འགྱུར་བྱུང་ཞིང་། ནུས་ལྡན་སྒོས་གྲོས་གཞིར་དོ་དམ་བྱེད་པའི་ཆུ་ཚད་དང་ལས་ཆོད་ཇེ་མཐོར་བཏང་།  

སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ལྟར་ཏང་སྲིད་ལ་ཞབས་འདེགས་ཞུ་བའི་ཐབས་ཇུས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས།སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུནཐད་ཀར་མཚོན་པའིནུས་པ་སྔར་བས་འདོན་སྤེལ་ལེགས་པོ་བྱས་ཏེ།ཨུ་ཡོན་མང་པོ་ཞིག་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་གྱི་ཆ་འཕྲིན་མཚོན་པའི་ལས་ཀ་བྱེད་མཁན་ལེགས་པོ་ཞིག་ཏུ་གྱུར་པ་དང་།ན་ནིང་ནས་བཟུང་། ཨུ་ཡོན་ཚོས་མགོ་འབུར་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་བཟུང་ཞིང་། རིམ་པ་མི་འདྲ་བ་དང་ཁེ་ཕན་གྱི་ཚོགས་སྤྱི་མི་འདྲ་བའི་བསམ་འཆར་དང་གྲོས་འགོ་བསྡོམས་པས23དུས་ཐོག་ཏུ་ཞུས་པ་ཡིན་ལ། དེའི་ནང་དུསྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེདདངསྡེ་བའི་རྣམ་པ་ལེགས་སྒྲིག” “མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆེ་རུ་གཏོང་བསོགས་གྲོས་གཞི་སྐོར་གྱིས་ཏང་སྲིད་ལས་ཁུངས་ལ་ཁྱོན་ཡོངས་ནས་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ལ་རྒྱུས་ལོན་བྱེད་པའི་དཔྱད་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།དངོས་སུ་གྲོས་གཞིཆུང་ཆུངམང་པོ་ཞིག་ལས་དམངས་འཚོའིགནད་དོན་གལ་ཆེནཁག་གཅིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་རེད།
     སྲིད་གྲོས་ཀྱི་འབྲེལ་གཏུག་རྒྱ་ཁྱབ་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ནས་ཧུར་ཐག་གིས་དབུལ་ཐར་རོགས་སྐྱོར་གྱི་བྱ་འགུལ་སྤེལ་བ།ང་ཚོས་ཨུ་ཡོན་ཚོར་སྐུལ་སློང་བྱས་ཏེ་དབུལ་སྐྱོར་དཀའ་སེལ་དང་།སློབ་གསོར་རོགས་སྐྱོར། བཅའ་ཁྲིམས་རོགས་སྐྱོར། ཚན་རྩལ་གསོ་སྦྱོང་སོགས་དགེ་སྒྲུབ་དམངས་ཕན་བྱ་འགུལ་ཐེངས10ལྷག་ཙམ་སྤེལ་བ་དང་། ངལ་རྩོལ་ཕྱུག་འགྱུར་གྱི་མི་གྲངས50ལྷག་ཙམ་གཞན་སྒྱུར་བྱས་ནས།  ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་དོན་བཟང་སྒྲུབ་པ་དང་།དོན་དངོས་སྒྲུབ་པ། དཀའ་ངལ་སེལ་བ་བཅས་བྱས། དུས་མཚུངས་སུ་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་སོ་སོ་བརྟན་ལྷིང་སྲུང་སྐྱོང་དང་དབུལ་སྐྱོར་སོགས་ཀྱི་འབྲེལ་ཡུལ་ས་གནས་དང་།གྲོང་རྡལ། སྡེ་བ། ཁེ་ལས། སློབ་གྲྭ། དགོན་སྡེ། འབྲེལ་གཏུག་དུད་ཁྱིམ་བཅས་སུ་ཕྱིན་ནས་ཞབས་ཞུ་སྤེལ་བ་དང་། འབྲེལ་གཏུག་བྱ་ཡུལ་གྱི་ཕྱོགས་གང་སར་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་པ་བརྒྱུད་དེ། གྲོང་གསེབ་དར་སྤེལ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ལ་དངོས་སུ་ལག་བསྟར་བྱེད་ཐུབ་པའི་ཇུས་འདོན་མཁན་གྱི་བསམ་འཆར་བཏོན་ཡོད། ཁུལ་སྲིད་གྲོས་ཀྱིས་རོགས་སྐྱོར་ས་ཚིགས་ཏེ་འབྲུག་ཁྱུང་ཞང་གངས་དོང་སྡེ་བའི་དབུལ་ཕོངས་དྭ་ཕྲུག་གཉིས་ལ་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པས།སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣས་སྒེར་སེམས་མེད་པར་རོགས་རམ་བྱས་ཤིང་། བྱིས་པ་གཉིས་ལྷོ་ཕྱོགས་ཀྱི་འཕེལ་རྒྱས་ཆེ་བའི་ས་ཆར་ལྟ་སྐོར་དུ་འཁྲིད་པ་ཡིན་ལ།ཀོང་ཀྲོའུ་དང་ཧྲིན་ཀྲིན། ཞང་ཀང་བཅས་ལ་སོང་། པེ་ཅིན་མཚོ་དམག་སྤྱི་ཁྱབ་སྨན་ཁང་དུ་སོང་ནས་སྨན་བཅོས་བརྟག་དཔྱད་བྱས་པ་མ་ཟད།སྟབས་ལེགས་ནས་རྒྱལ་ཁབ་རིམ་པའི་མིང་གྲགས་མི་སྣ་གང་མང་ཞིག་ལའང་མཇལ་ཞུ་བྱས་པ་དང་། བྱིས་པ་གཉིས་ད་ལྟ་ཟི་ལིང་སློབ་གྲྭར་སྒྱུར་ནས་སློབ་སྦྱོང་བྱེད་བཞིན་ཡོད་ལ།འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། སེམས་ཁོངས་ནས་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད།

བཞི། མཐུན་སྒྲིལ་དམ་ཟབ་ཏུ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས།འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་རྨང་གཞི་སྔར་ལས་ཁྱབ་རྒྱ་ཆེ།

སྤྱི་ཚོགས་ལས་རིགས་ཁག་དང་འབྲེལ་བ་དམ་ཟབ་བྱས་ནས།འབྲེལ་ཐག་གི་ཟམ་ཆེན་བསྐྲུན།ཨུ་ཡོན་ཡོངས་ཀྱི་སློབ་སྦྱོང་འཛིན་གྲྭ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སོགས་རྩ་འཛུགས་བྱས་པ་བརྒྱུད་ནས་སྔར་ལས་འབྲེལ་གཏུགས་ལ་ཤུགས་སྣོན་བྱས་ཏེ།མཉམ་དུ་འཕེལ་རྒྱས་ལ་ཇུས་འགོད་དང་མཉམ་དུ་འབྱུང་འགྱུར་ལ་གྲོས་གཞི་བཏོན་ཞིང་།རིག་པའི་ཐོན་ཁུངས་གཅིག་ཏུ་བསྡུས་ནས་སྤྱི་ཡོངས་ཀྱི་སྟོབས་ཤུགས་གྲུབ་ཡོད། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་རྣམས་ཡོངས་ཁྱབ་ཏུ་རང་སོ་སོའི་འབྲེལ་གནས་སུ་ཕྱིན་ནས་དཀའ་ངལ་དྲིས་ཤིང་།དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་ཞུས་ལ། གཞི་རིམ་མང་ཚོགས་ཀྱིས་གདེང་འཇོག་ཡག་པོ་ཐོབ་པ་རེད།རྒྱུན་དུ་མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དང་།ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། ཆོས་དད་མང་ཚོགས་བཅས་ལ་འཚམས་འདྲི་ཞུས་ཤིང། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ལྷན་དུQQཚོགས་པ་དང་སྐད་འཕྲིན་ཚོགས་པ་སོགས་བཙུགས་ནས། འབྲེལ་བ་ཟབ་པའི་གྲོགས་པོ་བསྒྲིགས་ཤིང་། བསམ་བློ་བརྗེ་རེས་དང་སྲིད་ཇུས་དྲིལ་བསྒྲགས།ངོས་འཛིན་གཅིག་མཐུན་བཅས་ཡོང་བར་བྱས། གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅུ་བཟང་། ཏང་གི་བཀའ་བརྩི། ཏང་གི་རྗེས་སུ་འབྲང་།ཞེས་པ་དངམཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་དེབ་དང་འདྲ་པར་འགྲེམ་སྟོནབཅས་ཀྱི་བྱེད་སྒོ་སྤེལ་ནས། དྲིན་ཚོར་བ་དང་དྲིན་ཤེས་སུ་འཇུག་པའི་སློབ་གསོ་སྤེལ་བ་ཡིན། “2019ལོའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུབསྡུས་ཤིང་།  དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཆོས་ལུགས་ལས་རིགས་ཀྱི་མི་སྣ། སྤྱི་ཚོགས་ཀྱི་གྲགས་ཅན་མི་སྣ་བཅས་སྒྲིག་འཛུགས་བྱས་ནས་ཞུགས་པ་དང་།མུ་མཐུད་དུ་ངོས་འཛིན་གཅིག་མཐུན་དང་བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་པ་ཡིན།

ས་གནས་ཁག་གི་སྲིད་གྲོས་དབར་གྱི་མཉམ་འབྲེལ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེའབྲེལ་མཐུད་ཟམ་པཡག་པོ་བསྐྲུན། ང་ཚོས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སོགས་ཚོགས་འདུ་གལ་ཆེན་དང་།བྱ་འགུལ་གལ་ཆེན་ལ་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གདན་འདྲེན་ཞུས་ནས་ཟུར་ཞུགས་བྱེད་པར་རྒྱུན་འཁྱོངས་བྱས་ནས།གོང་རིམ་གྱི་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་།  འབྲེལ་ཡོད་བྱ་བར་གྲོས་མོལ་དང་བརྗེ་རེས་བྱས་ཏེ།རྫོང་དང་གྲོང་ཁྱེར་སོ་སོའི་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་གཞི་དུས་ཐོག་ཏུ་སྤྱི་ལ་བཞག་ནས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་།འགན་ནུས་བསྒྲུབ་པའི་གྲུབ་འབྲས་ཆེས་ཆེ་བ་མངོན་གྱུར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་དང་ཟུང་འབྲེལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་དཔྱད་བསྡུར་གྱི་བྱེད་སྒོ་སྤེལ་ནས།དུས་ལྟར་དུགྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དཔྱད་བསྡུར་གྱི་བྱེད་སྒོ་སྤེལ་བར་ལྟ་སྐུལ་བྱེད་པའི་བྱ་བའི་ཇུས་གཞིབཏོན་ནས་པར་འགྲེམས་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་མ་ལག་གིས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་བསམ་བློར་དྲག་ཆས་སྤྲས་ནས།བྱ་བའི་སྤུས་ཚད་མཐོར་འདེགས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་། མཚོ་ནུབ་སྲིད་གྲོསའདོན་ཐེངས་གཉིས་དང་།མཚོ་ནུབ་སྲིད་གྲོས་ཀྱིཟླ་རེའི་གསར་འགྱུར འདོན་ཐེངས12རྩོམ་སྒྲིག་པར་སྐྲུན་བྱས་ཏེ།གྲོང་ཁྱེར་དང་རྫོང་སོ་སོའི་སྲིད་གྲོས་ལ་འབྲེལ་འདྲིས་དང་སློབ་སྦྱོང་བརྗེ་རེས་བྱས་པ་ཡིན།ཧུར་ཐག་གིས་ཞིང་ཆེན་སྲིད་གྲོས་ལ་རམ་འདེགས་བྱས་ནསསྲིད་གྲོས་ཨུ་ཡོན་གསོ་སྦྱོང་གི་བྱ་བའི་གནས་ཚུལསོགས་ཞིབ་འཇུག་བྱ་གཞི4ཡི་བརྟག་དཔྱད་ལས་འགན་ཡོངས་འགྲུབ་བྱས་ཏེ། གོང་རིམ་གྱིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་མཚོ་ནུབ་ཀྱི་ཉམས་མྱོང་འདོན་སྤྲོད་བྱས།སྤུན་ཟླ་ཁུལ་དང་། གྲོང་ཁྱེར་གྱི་སྲིད་གྲོས་མཚོ་ནུབ་ཏུ་རྟོག་ཞིབ་དང་སྤེལ་རེས་བྱེད་ཐེངས10ལྷག་ཙམ་སྣ་ལེན་བྱས་ཤིང་། མཚོ་ནུབ་ཀྱི་ཚོང་གཉེར་སྲིད་ཇུས་བཟང་པོ་དང་མ་དངུལ་འཇོག་པའི་ཁོར་ཡུག་བཟང་པོ་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་བྱས་ཏེ།ས་ཁོངས་ལས་བརྒལ་བའི་སྲིད་གྲོས་དབར་གྱི་མཐུན་འབྲེལ་ལས་དོན་ལ་སྐུལ་འདེད་བཏང་།

རིག་གནས་ལོ་རྒྱུས་ལས་དོན་རྒྱ་ཁྱབ་ངང་སྤེལ་ནསརིག་གནས་ཟམ་པཡག་པོ་བསྐྲུན་པ།རིག་གནས་སྲིད་གྲོསའཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ལས་བགོས་འགན་ཁུར་གྱི་ཀྲུའུ་ཞི་གཞོན་པས་སྣེ་ཁྲིད་ཅིང་ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་ཨུ་ལྷན་གྱི་འགོ་ཁྲིད་དེ་ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ།དེ་བཞིན་སི་ཁྲོན་རྔ་བ་དང་དཀར་མཛེས་ཁུལ་སྲིད་གྲོས་སུ་ཕྱིན་ནས་རིག་གནས་དང་ལོ་རྒྱུས་བྱ་བར་རྟོག་ཞིབ་བྱས་པ་མ་ཟད།བྱ་བའི་སྙན་ཞུ་བྲིས་ནས་སྔོན་ཐོན་གྱི་ཉམས་མྱོང་དང་ལེགས་འགྲུབ་བྱེད་ཐབས་བསྡུ་ལེན་བྱས་ལ།རིག་ལམ་གསར་འབྱེད་དང་གསར་སྐྲུན་བྱས། ཚྭ་འདམ་གཞོང་གསར་སྤེལ་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་དང་།དོན་རྐྱེན་གལ་ཆེན། མི་སྣ་གལ་ཆེན་བཅས་མུ་མཐུད་དུ་བསྡུ་རུབ་བྱས་ནས། མཚོ་ནུབ་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་ཆཉེར་གཅིག་པ་པར་སྐྲུན་འགྲེམས་སྤེལ་གྱི་བྱ་བ་ལེགས་འགྲུབ་བྱས་པ་མ་ཟད།དུས་ཐོག་ཏུ་པར་གཞི་གསར་བའི་རིག་གནས་ལོ་རྒྱུས་དཔེ་དེབ་ཞིང་ཆེན་དཔེ་མཛོད་ཁང་དང་།ཁུལ་ཡིག་ཚགས་ཁང་སོགས་ལ་ཉར་ཚགས་བྱས་པ་ཡིན་ཞིང།  ཚྭ་འདམ་སོག་རིགས་ཀྱི་ལོ་བརྒྱའི་དངོས་གཞི་ཟིན་བྲིསརྩོམ་སྒྲིག་ལས་དོན་ལེགས་འགྲུབ་བྱས་ལ།  པཎ་ཆེན་སྣང་བ་མཐའ་ཡས་ཞབས་པད་བཀོད་པའི་ཚྭ་འདམ་གཞོངདངཚྭ་འདམ་གཞོང་གི་བརླན་ས》《རྩོམ་པ་པོས་སྨྱུག་འོག་གི་ཚྭ་འདམསོགས་ཀྱི་རྩོམ་ཡིག་མ་ཟིན་བསྡུ་སྒྲིག་ལས་དོན་ལེགས་འགྲུབ་བྱས། མཚོ་སྔོན་ཉིན་རེའི་ཚགས་པརདངམཚོ་སྔོན་སྲིད་དོནསོགས་འབྲེལ་ཡོད་དྲ་ཚིགས་སྟེང་དུ་སྲིད་གྲོས་བྱ་བའི་དྲིལ་བསྒྲགས་ཆ་འཕྲིན30ལྷག་སྤེལ་བ་དང་།ཚྭ་འདམ་ཉིན་རེའི་ཚགས་པརགྱི་པར་ངོས་དང་པོ་ཧྲིལ་པོརམཚོ་ནུབ་སྲིད་གྲོས་ཀྱི་བཅོས་སྒྱུར་སྒོ་འབྱེད་ལོ་ངོ40ནང་གི་འོད་སྟོང་འབར་བའི་གྲུབ་འབྲསཀྱི་དངོས་བྲིས་བཀོད་པ་ཡིན་ལ། ཕྱི་ཕྱོགས་སྟེང་ལ་མཚོ་ནུབ་སྲིད་གྲོས་ཀྱི་ངོ་གདོང་གསར་པ་དང་སྲིད་ཞུགས་སྲིད་མོལ་གྱི་གྲུབ་འབྲས་གསར་པ།ཨུ་ཡོན་གྱིས་ལས་འགན་ལག་བསྟར་གྱི་རྣམ་འགྱུར་གསར་པ་བཅས་བསྟན་པ་ཡིན།

ལྔ། ཐོག་མཐའ་བར་གསུམ་དུ་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། སྲིད་གྲོས་དཔུང་ཁག་གི་འགན་ཁུར་འདུ་ཤེས་སྔར་ལས་བརྟན་པོར་བཏང་བ།

ཁྱོན་ཡོངས་ནས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་བསྣན་པ། 2018ལོར། ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  ཆབ་སྲིད་ཀྱི་གནས་བབས་ཆེ་རུ་བཏང་བ་དང་།འགན་འཁྲི་གཉིས་དོན་འཁྱོལ་བྱས་ནས།  གནད་འགག་གི་སྲོག་ཤིངགི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་བཟང་པོ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱས།སྲིད་གྲོས་ཀྱི་བྱ་བའི་འཆར་གཞི་གལ་ཆེན་ཁུལ་ཨུ་ལ་ཡར་ཞུ་བྱས་ཏེ་ཞིབ་བཤེར་གཏན་འབེབས་མཛད་པ་དང་། དོན་དག་གལ་ཆེན་ཁུལ་ཨུ་ལ་ཡར་ཞུ་བྱེད་པ། བྱ་བ་གལ་ཆེན་དག་ཁུལ་ཨུ་ལ་སྙན་ཞུ་འབུལ་བ། གྲོས་མོལ་བྱས་འབྲས་གལ་ཆེན་ཁུལ་ཨུ་ལ་སྙན་ཞུ་འབུལ་བ་བཅས་ལ་རྒྱུན་འཁྱོངས་བྱས།ལོ་ཧྲིལ་པོར་ཏང་ཙུའུ་ཡི་ཚོགས་འདུ་བསྡོམས་པས་ཐེངས10ལྷག་ཙམ་སྐོང་ཚོགས་བྱས་ཏེ། སོ་སོར་ཁུལ་སྲིད་གྲོས་ཀྱི་ཏང་འཛུགས་ལས་དོན་དང་།འདུ་ཤེས་འཛིན་སྟངས་ཀྱི་ལས་དོན། གཙོ་གནད་གྲོས་གཞི། འགན་འཁྲི་སྒྲུབ་པ་དང་གསར་གཏོད། ལམ་ལུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་བཀོད་སྒྲིག་དང་དོན་འཁྱོལ་ལ་སྐུལ་འདེད་བྱས།

འབད་པའི་སྒོ་ནས་བློ་དཀར་དྲང་བདེན་དང་འགན་ཁུར་ཐུབ་པའི་ལས་བྱེད་དཔུང་ཁག་བསྐྲུན་པ།ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་ཀྱིས“4+3”འགན་འཁྲི་དང་སྤྱོད་ཚུལ་ལེགས་སྐྱོང་དེ་ཁུལ་སྲིད་གྲོས་ཀྱི་ལས་ཀ་དང་མཉམ་དུ་ཞིབ་འཇུག་དང་།མཉམ་དུ་བཀོད་སྒྲིག  མཉམ་དུ་དོན་འཁྱོལ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།མགོ་ཁྲིད་ཁོངས་མིས་ནན་ཏན་གྱིསའགན་འཁུར་བ་གཙོ་བོའིའགན་འཁྲི་ལམ་ལུགས་དངགནས་གཅིག་འགན་གཉིསཀྱི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཡོད།ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ།ཁུལ་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཚོགས་ཤིང།ན་གོར་མོ་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཀུའོ་ཆིང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་བརྡ་ཁྱབ་བཏང་ཞིང་།ཁུལ་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པ་དང་ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ནས་ཞིང་ཆེན་གྱི་རུལ་རྒོལ་གཙང་སྤེལ་གྱི་ཉེན་བརྡ་གཏོང་བའི་སློབ་གསོའི་རྟེན་གཞི་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ནས་ཉེན་བརྡའི་སློབ་གསོ་དང་སྔོན་ཐོན་དཔེ་སྟོན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་བ་རེད།དུས་ཐོག་ཏུབློ་མཐུན་འོད་ཟེར་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་བསླབ་བྱ་བསྡུ་ལེན་བྱས་ཏེ།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བཞེས་པ་བརྗོད་བྱ་གཙོ་བོ་བྱེད་པའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཚོགས་ཤིང་།ཏང་ཙུའུ་ཚན་པའི་ཁོངས་མི་ཚོས་ཞིབ་བསྡུར་སྐྱོན་བཤེར་གྱིས་གཏམ་བཤད་བྱས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་བརྒྱུད་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད།

སྲིད་གྲོས་ལས་ཁུངས་རྩེ་གྲསའཛུགས་པའི་ཐད་ལ་ཤུགས་བཏོན་པ།  ཧུར་ཐག་གིསལས་གནས་དང་པོར་ལས་ཀ་བྱེད་ཐབསལག་བསྟར་བྱས་ནས། ཡིག་ཆ་སྒྲུབ་པ་དང་ཚོགས་འདུ་འཚོག་རྒྱུ།ལས་ཀ་སྒྲུབ་རིམ་བཅས་གཟབ་ནན་དང་། སྐད་ཆ་ཐུང་ཙམ་བཤད་པ་དང་། དོན་དངོས་བཤད་རྒྱུ། སྲིད་གྲོས་ཀྱིསྐད་ཆ་བཤད་རྒྱུདར་སྤེལ་བཏང་སྟེ།  ལྟེ་བར་བསྟུན་པ་དང་མགོ་ཁྲིད་དང་བསྟུན་པ། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ལ། ཁྱོན་ཡོངས་ནས་རིག་གནས་ཀྱིས་སྲིད་སྐྱོང་བའི་ཆུ་ཚད་མཐོ་རུ་བཏང་ནས། གྲོས་ཚོགས་ཀྱི་བརྗོད་བྱ་འབུར་དུ་བཏོད་ནས་ཚོགས་ཆུང་མང་པོ་འཚོགས་པ་དང་། བྱ་བར་སྐུལ་འདེད་གཏོང་བ་དང་དོན་དངོས་ཀྱི་ཕན་འབྲས་ཡོད་པའི་ཚོགས་འདུ་ཚོགས། གཟབ་ནན་གྱིས་སྒོ་ནས་དུས་བཀག་ལྟར་ལས་དོན་མཇུག་བསྡུ་བའི་ལམ་སྲོལ་ལག་བསྟར་བྱས་ལ། གྱོད་དོན་ལ་གསོག་འཇོག་མེད་པ་དང་དོན་དག་ཉིན་མཚན་མི་བརྒལ་བབྱས་པ་དང།  དུས་ཐོག་ཏུ་བྱ་བའི་ལས་འགན་གྱི་དོན་ཚན་ཁག་ཞིབ་རྩིས་དང་ཟིན་ཐོ་བྱང་བུ་བཀལ་ནས་དུས་ཚོད་ཀྱི་གོ་རིམ་བསྒྲིགས་ནས།དུས་ཐོག་ཏུ་འགན་འཁུར་འགོ་ཁྲིད་ལ་བྱ་བའི་འཕེལ་རིམ་གསལ་འདེབས་བྱས་ཤིང་།ལེགས་འགྲུབ་བྱུང་བའི་ལས་དོན་ལ་རྟགས་བརྒྱབ་པ་དང་།  དེ་རིང་གི་ལས་དོན་དེ་རིང་ཐག་གཅོད་པརཁག་ཐེག་བྱས་ཏེ།སྤུས་ཚད་མཐོར་འདེགས་དང་ཕན་འབྲས་མངོན་པའི་སྟེང་ལ་འབད་པ་བྱས་པ་དང་།བྱ་བའི་སྤྱོད་ཚུལ་མངོན་གསལ་གྱིས་འགྱུར་བ་མ་ཟད།བྱ་བའི་ལས་ཆོད་ཀྱང་མངོན་གསལ་གྱིས་མཐོ་རུ་ཕྱིན།

ཨུ་ཡོན་རྣམ་པ། ལོ་གཅིག་གི་རིང་ལ། ང་ཚོར་ཐོབ་པའི་གྲུབ་འབྲས་ནི་ཁུལ་ཨུས་ཡང་དག་པའི་འགོ་ཁྲིད་གནང་བ་དང་།ཁུལ་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་རྒྱ་ཁྱབ་ཏུ་དོ་ཁུར་དང་རོགས་རམ་གནང་བའི་འབྲས་བུ་ཡིན་ལ།རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་ཁག རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་ཚོས་ཤུགས་ཆེན་པོས་མཉམ་ལས་དང་འབད་བརྩོན་ལྷོད་མེད་གནང་བའི་འབྲས་བུ་ཡང་ཡིན།དེར་བརྟེན་ངས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་སྲིད་གྲོས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་རིམ་པ་ཁག་གི་འགོ་ཁྲིད་དང་ལས་རིགས་ཁག་གི་མི་སྣ།ཨུ་ཡོན་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
    ཨུ་ཡོན་རྣམ་པ། གྲུབ་འབྲས་ལ་ཁས་ལེན་པའི་དུས་མཚུངས་སུ་ང་ཚོས་ཀྱང་གསལ་བའི་སྒོ་ནས་ངོས་འཛིན་དགོས་པ་ཞིག་ལ།གནས་བབས་གསར་པ་དང་བླང་བྱ་གསར་པར་བསྡུར་ན། ང་ཚོའི་ལས་ཀའི་ཁྲོད་དུ་ད་དུང་ཞན་ཆའི་གནས་མི་ཉུང་བ་ཞིག་ཡོད་པ་དང་།གཙོ་བོ་ནི་གནད་ཆེ་སའི་གྲོས་མོལ་གྱི་བྱ་བའི་ལམ་སྲོལ་གོམ་གང་མདུན་སྤོས་ཀྱིས་འཐུས་ཚང་དུ་གཏང་དགོས་ལ།དམངས་གཙོའི་ལྟ་སྐུལ་གྱི་ཐབས་ལམ་སྔར་ལས་རྒྱ་ཆེ་རུ་གཏང་དགོས། སྲིད་ཞུགས་སྲིད་མོལ་གྱི་ཆུ་ཚད་དང་སྤུས་ཚད་སྔར་ལས་མཐོ་རུ་གཏང་དགོས་ལ། ཨུ་ཡོན་ནང་གི་མི་མངོན་པའི་ནུས་ཤུགས་དང་ནུས་པ་གོམ་གང་མདུན་སྤོས་ཀྱིས་འདོན་དགོས།རིམ་པ་ཁག་གི་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་སྔར་ལས་ཤུགས་ཆེ་རུ་གཏང་དགོས།གནད་དོན་དེ་དག་ལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྗེས་ཕྱོགས་ཀྱི་བྱ་བའི་ནང་ནན་ཏན་གྱིས་ཞིབ་འཇུག་དང་ཧུར་ཐག་གིས་ལེགས་བཅོས་བྱ་དགོས།

2019ལོའི་བྱ་བའི་བཀོད་སྒྲིག

2019ལོ་ནི་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པའི་ལོ་ཡིན་ལ།  ལྔ་བཞིའི་འཐབ་ཇུསདངསྔོན་ཐོབ་གཅིག་དང་སྤུས་མཐོ་གཉིསཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། ལོ་གསར་པའི་ནང་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་པ་མཛུབ་ཁྲིད་དུ་བཟུང་སྟེ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཐེངས་ལྔ་པ།ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས།ཆབ་སྲིད་ཀྱི་གནས་ས་གསར་པ་ཞིག་ཏུ་མཐོར་འདེགས་དང་། དམངས་གཙོ་གྲོས་མོལ་ལ་ཤུགས་སྣོན་གསར་པ་རྒྱག་པ།སྲིད་ཞུགས་སྲིད་མོལ་ལ་བྱེད་ཐབས་གསར་པ་ལྡན་པ། ལམ་ལུགས་འཛུགས་སྐྱོང་ལ་མཛད་རྗེས་གསར་བ་ཡོད་པ།འགན་འཁྲི་སྒྲུབ་པའི་ནུས་པ་ལ་མཐོར་འདེགས་གསར་པ་ཡོད་པ་བཅས་བྱ་དགོས་ལ།  མི་དམངས་སྲིད་གྲོས་ཀྱི་ལས་དོན་སྔར་ལས་ལྷག་པར་མདུན་དུ་སྤེལ་དགོས།
  གཅིག  སློབ་སྦྱོང་དང་བསམ་གཞིགས་ཟུང་འབྲེལ་དང།ཤེས་རིག་དང་ལག་ལེན་གཅིག་ཏུ་བསྡུས་ནས། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་པ་དེ་སྲིད་གྲོས་གོང་འཕེལ་ཡར་རྒྱས་ལ་འགྲོ་བའི་རྩ་བའི་འགན་ལེན་དུ་བཟུང་ནས་ཤུགས་སྣོན་དགོས།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལྟར།མ་རྩོམ་ཀློག་པ་དང་། མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པར་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་།བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ཀྱི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་སྲུང་སྐྱོང་བྱ་དགོས།ཁུལ་ཡོངས་ཀྱི་སྲིད་གྲོས་མ་ལག་གིས་རྒྱུན་མཐུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས།དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཡང་དག་པའི་ཁ་ཕྱོགས་གནད་ཁེལ་དུ་བཙལ་བ་དང་། ཆེས་ལེགས་པའི་སྒོ་ནས་ཏང་གིས་མི་དམངས་སྲིད་གྲོས་བྱ་བའི་ཐད་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱ་དགོས། དུས་ཐོག་ཏུ་ཁུལ་ཡོངས་ཀྱི་སྲིད་གྲོས་མ་ལག་གིས«དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགའ» དོན་འཁྱོལ་མཐར་ཕྱིན་བྱས་པར་བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་བྱ་དགོས། ཏང་ཙུའུ་ཡི་ཁོངས་མིས་ཏང་ཡོན་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པ་དང་།ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་མུ་མཐུད་འཐུས་ཚང་དུ་བཏང་སྟེ། རྒྱུན་ཆད་མེད་པར་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་ཆོས་ལུགས་ལས་རིགས་ཀྱི་འབྲེལ་གཏུག་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་།ཏང་གི་ལས་དོན་དེ་སྲིད་གྲོས་ཨུ་ཡོན་རྣམས་ལ་ཁྱབ་པར་སྐུལ་འདེད་གཏང་དགོས། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིསཆར་རླུང་ཁྲོད་ཀྱི་ལོ་ངོ་བདུན་ཅུའི་ལོ་རྒྱུས་སུ།དཀའ་ངལ་མཉམ་སེལ་གྱིས་འོད་སྟོང་ལྡན་པའི་བྱ་བཞག་བསྐྲུནཞེས་པའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་བསྡུར་ཚོགས་འདུ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པརདྲན་གསོ་བྱེད་པའི་ཡིག་རིས་དང་པར་རིས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང།མཚོ་ནུབ་སྲིད་གྲོསམི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པརདྲན་གསོ་བྱེད་པའི་དམིགས་བསལ་དུས་དེབརྩོམ་སྒྲིག་པར་སྐྲུན་བྱ་རྒྱུ།དམངས་གཙོའི་འཚོ་བའི་ཚོགས་འདུ གྲུབ་འབྲས་དངོས་སྒྱུར་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་དང་།ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། རང་ངོས་ཀྱི་གནད་དོན་གནད་ཁེལ་དང་གཏིང་ལོན་པ།གནད་འཕིགས་པ་ཞིག་ཏུ་འཚོལ་དགོས་ལ། དག་ཐེར་ལེགས་བཅོས་བྱ་ཐབས་སྔར་བས་ནུས་ལྡན་དང་།འབད་བརྩོན་གྱི་ཁ་ཕྱོགས་སྔར་བས་གསལ་པོ་ཡིན་དགོས་ཤིང།  བློ་བརྟན་འགྱུར་མེད་ཀྱིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏང་དགོས།

གཉིས།  ལྟེ་བར་དམིགས་ཤིང་སྤྱི་ཡོངས་ལ་ཞབས་ཞུ་བྱས་ཏེ།  སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་བ་ནི་འགན་སྒྲུབ་འགན་ལེན་གྱི་ལས་འགན་དང་པོར་བརྩི་བ།

དམངས་གཙོའི་གྲོས་མོལ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། ང་ཚོས་ཀྱང་སྲིད་གྲོས་ནི་དམངས་གཙོ་གྲོས་མོལ་གྱི་ཐབས་ལམ་གཙོ་བོ་དང་ཆེད་སྒྲིག་གྲོས་མོལ་སྡེ་ཁག་བཅས་ཡིན་པའི་ལེགས་ཆ་དང་ནུས་པ་དེ་འདོན་སྤེལ་དང་།གནས་ཚུལ་རྟོགས་པ་དང་དེའི་ཁྲོད་དུ་ཞུགས་པ།གྲོས་མོལ་བཅས་བྱེད་པའི་སྟེགས་བུ་བསྐྲུན་ཏེ་སྲིད་ཞུགས་སྲིད་གླེང་གི་ནུས་པར་ཧུར་ཐག་སྒོས་སྐུལ་འདེད་བྱ་དགོས།2019ལོར།ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ལེགས་བསྒྱུར་དང་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་གོང་དུ་འཕེལ་བར་སྐུལ་འདེད་དང་ཆེད་དུ་རྒྱུན་ཨུ་ལྷན་ཁང་གི་ཆེད་དོན་གྲོས་མོལ་བྱེད་རྒྱུ་དང་།མང་ནེ་དང་ལུན་ཧུའུ་གཉིས་གྲོང་ཁྱེར་གསར་བ་བཙུགས་རྗེས་སུ་རྨང་གཞི་སྒྲིག་ཆས་དང་ཐོན་ལས་བཀོད་སྒྲིག ནུས་པ་གཏན་འཁེལ་བཅས་སྔར་ལས་ཇེ་གསལ་དང་རང་ཁུལ་གྱི་ལི་གྲོ་ཐོན་ལས་ལ་འཕྲད་པའི་གནད་དོན་གསར་བར་འཚོལ་ཞིབ་ཐག་གཅོད་དང་། མང་ཚོགས་དང་ཚོགས་པ།དེ་མིན་སྤྱི་ཚོགས་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྔར་ལས་ཇེ་དྲག་ཏུ་གཏོང་བ། འགག་སྒྲོལ་ཐོན་ལས་དབུལ་སྐྱོར་བཅས་དམིགས་ཏེ་དུས་ཚིགས་གྲོས་མོལ་སྤེལ་རྒྱུ་དང་། རིག་གནས་དང་གནས་སྐོར་མཉམ་དུ་གོང་སྤེལ་གཏོང་བ་དང་ཡང་དག་གིས་ཆོས་ལུགས་དད་མོས་ཁྲིད་སྟོན་བྱ་དགོས།  ཁུལ་ཡོངས་ཀྱི་བཟོ་ལས་སྤུས་ཚད་མཐོ་བའི་ངང་གོང་དུ་འཕེལ་བར་སྐུལ་འདེད་སོགས་ཏང་སྲིད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག རང་སྟེང་གི་བཟང་ཆ་བཅས་ཀྱི་བྱ་བར་དམིགས་ཏེ།   བརྟག་དཔྱད་ཞིབ་འཇུག་ནན་མོ་དང་ཁ་གཏད་གྲོས་མོལ་བྱ་དགོས། ཀྲུའུ་ཞིས་གཅིག་བསྡུས་ཀྱིས་ཐེངས་གཅིག་གཟིགས་ཞིབ་བྱེད་པ་དང་།  གྲོས་གཞི་གལ་ཆེན་གཉེར་སྒྲུབ་གྲོས་མོལ་ཐེངས་བཞི་ནས་ལྔ་སྤེལ་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་དཔྱད་གཞི་འདོན་དགོས།  2019ལོརསྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཚོགས་པ་དང་མཉམ་དུ་དམངས་གཙོའི་གྲོས་མོལ་བྱ་བའི་སྤེལ་ཚུལ་སྔར་ཇེ་དྲག་ཏུ་གཏོང་བ་སྐོར་གྱི་བྱ་ཐབསགཏན་འབེལ་བྱེད་རྒྱུ་ཡིན་ལ།  གྲོས་མོལ་གྱི་སྣ་མང་དང་རིམ་པ་གང་མང་བཅས་ལ་སྐུལ་འདེད་དང་།  མུ་མཐུད་དུ་མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་མོ་དང་མཉམ་སྦྲེལ་ཆེན་མོ་བཅས་ཀྱི་ནུས་པའི་གནས་བབ་འདོན་སྤེལ་དང་།  དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་ལ་སྐུལ་སློང་།  མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་སྒྲིལ་ཏེ། མཚོ་ནུབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་མོ་ཕྱོགས་གཅིག་ཏུ་བསྡུས་ཏེ་སྦྲེལ་ཐག་ཆེན་མོ་ཆགས་སུ་འཇུག་དགོས།

གསུམ། དམངས་ཀྱི་འདོད་བློ་གསན་ཞིང་སྤྱི་ཚོགས་ཀྱི་གནས་ཚུལ་མངོན་ཏེ། དམངས་གཙོའི་ལྟ་རྟོག་གི་ཤུགས་ཚད་ཇེ་ཆེར་གཏོང་བ་དེ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོ་རུ་འཛིན་དགོས།

མི་དམངས་ནི་སྲོག་ཤིང་ཡིན་པའི་འདུ་ཤེས་དེ་རྒྱུན་འཁྱོངས་དང་།   དམངས་གཙོའི་ལྟ་རྟོག་གི་འགན་ནུས་ལག་བསྟར་ནན་མོ་བྱ་དགོས། དམངས་གཙོ་དང་འབྲེལ་བའི་དོན་ཆེན་ལ་དམིགས་ཏེ་དམངས་གཙོའི་དཔྱད་མོལ་གྱི་ཆེད་དོན་ལྟ་སྐུལ་དང་ཨུ་ཡོན་གྱིས་རྟོག་ཞིབ་ལ་ལྟ་སྐུལ། གྲོས་གཞི་གཉེར་སྒྲུབ་ཀྱི་ལྟ་སྐུལ་སོགས་རྣམ་པ་གང་མང་གི་དམངས་གཙོའི་ལྟ་སྐུལ་ལ་འཚོལ་ཞིབ་བྱས་ཏེ་སྤེལ་དགོས།  ལྟ་ཞིབ་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་ཞིང་ཀྲུའུ་ཞི་གྲོས་ཚོགས་ཀྱི་ཁོངས་མི་དང་འབྲེལ་ཡོད་ཀྱི་ཨུ་ཡོན། ལས་རིགས་ཁག་གི་འཐུས་མི་བཅས་རྩ་འཛུགས་བྱས་ནས་དུས་ཚིགས་བགོས་ཏེ་སྔོན་ལ་འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  བོད་ཁུལ་དང་ཞིན་ཅིང་བརྟན་བརླིང་ཡོང་བའི་འཕེལ་ཕྱོགས་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་གནད་འགག་ཅན་ལ་དམིགས་ནས་རྒྱལ་སྐྱོང་ལ་ཐབས་འདོན་དང་བྱ་བ་སྔར་ལས་དོན་འཁྱོལ་གང་ལེགས་བྱེད་པར་སྐུལ་འདེད་དང་། ཨུ་ཡོན་གྱིས་ཕལ་ཆེར་ཡིད་ཚིམ་པ་དང་ཡང་ན་ཡིད་མ་ཚིམ་པར་བཏོན་པའི་གྲོས་གཞི་ལ་ཕྱིར་རྒྱུས་ལོན་དང་ལྟ་སྐུལ་བྱས་ཏེ།  གྲོས་གཞི་གཉེར་སྒྲུབ་དེ་སྔར་ལས་གང་ལེགས་ཀྱིས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་ཞིང་།  ལོ་འདིའི་ནང་དུ་དམངས་གཙོ་ཁྲིམས་འཛུགས་གྲོས་མོལ་སྟེང་ཞུགས་པའི་སྟེགས་བུ་ཚོད་ལྟའི་ངང་འཛུགས་སྐྲུན་དང་།  ཁུལ་རིམ་པའི་ཁྲིམས་འཛུགས་སྡེ་ཁག་དང་འབྲེལ་གཏུག་གྲོས་མོལ་གང་ལེགས་ཀྱི་རྨང་གཞིའི་སྟེང་།  སྲིད་གྲོས་དམངས་གཙོ་ས་གནས་ཀྱི་ཁྲིམས་འཛུགས་གྲོས་མོལ་སྟེང་ཞུགས་པར་སྐུལ་འདེད་སྐོར་གྱི་ལག་བསྟར་བྱ་ཐབསགཏན་འབེབ་དང་། ཁུལ་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་བཅས་ནི་སྟེགས་བུ་ཡིན་ལ།  ཁུལ་དམངས་ཆེན་རྒྱུན་ཨུའི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཁུལ་ཁྲིམས་འཛིན་དང་སྲིད་གྲོས་ཨུ་ཡོན།  སྲིད་གྲོས་ཀྱི་ཁྲིམས་འཛུགས་གྲོས་མོལ་བློ་གྲོས་མཛོད་ཀྱི་ཁོངས་མི་དང་དེ་མིན་འབྲེལ་ཡོད་ལས་རིགས་ཁག་གི་མི་སྣ་བཅས་ཞུགས་པའི་རྣམ་པ་བཟོ་དགོས་ལ།  དམངས་གཙོ་དང་གྲོས་མོལ་ཐབས་འདོན་གྱི་ཁྲིམས་འཛུགས་ལྟ་སྐུལ་གྱི་རྣམ་པ་དར་སྤེལ་གཏོང་དགོས།

བཞི།  རྒྱུན་འཁྱོངས་ལྷོད་མེད་ངང་རང་ངོས་འཛུགས་སྐྱོང་ཇེ་དྲག་ཏུ་གཏོང་བ་དེ་འགན་ནུས་ལག་བསྟར་ཆུ་ཚད་མཐོར་འདེགས་ཀྱི་འགག་རྩའི་རིམ་པར་བརྩིས་དགོས།

རང་ངོས་འཛུགས་སྐྱོང་ཇེ་དྲག་ཏུ་གཏོང་བ་ནི་སྲིད་གྲོས་བྱ་བའི་ཆུ་ཚད་མཐོར་འདེགས་ཀྱི་རྨང་གཞི་དང་འགན་སྲུང་གཙོ་བོ་ཡིན་ལ།  གཅིག་ནི་མུ་མཐུད་དུ་ཨུ་ཡོན་གསོ་སྦྱོང་བྱེད་པའི་བྱ་བ་ནན་འཛིན་དང་།  སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ཤིང་སློབ་སྦྱོང་གི་བྱེད་ཐབས་གསར་གཏོད་བཅས་ཀྱི་ཕྱོགས་སུ་འབད་དེ།  མུ་མཐུད་དུ་ཨུ་ཡོན་གྱི་སྤྱིའི་བྱང་ཚད་དང་འགན་ནུས་ལག་བསྟར་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།  ཨུ་ཡོན་གྱི་གཙོ་ཕུང་གི་ནུས་པ་འདོན་སྤེལ་གང་ལེགས་དང་།   གཅིག་ཅན་གྱི་བཞིཞེས་པའི་ལོ་འཁོར་གྱི་དམིགས་འབེན་ལས་འགན་དང་ཨུ་ཡོན་གྱིས་ལས་སྒྲུབ་སྙན་ཞུའི་ལམ་ལུགས་བཅས་ལ་འཐུས་ཚང་དུ་གཏོང་དགོས།  གཉིས་ནི་གྲོས་གཞི་བྱ་བ་ཇེ་དྲག་དང་ཁྲིད་སྟོན་ལ་སྐུལ་སློང་བྱས་ཏེ།  སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་སྐོར་གྱི་ལག་བསྟར་ཇུས་གཞིགཏན་འབེབ་བྱ་དགོས།  གྲོས་གཞི་གཉེར་སྒྲུབ་ཀྱི་དངོས་ཕན་ལ་དམིགས་ཏེ་ཞིང་ཆེན་གྱི་ཚོད་ལྟའི་གཏན་ཕབ་བྱས་པའིམཚོ་ནུབ་ཁུལ་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་སྲིད་གྲོས་ཀྱི་གྲོས་གཞི་གནད་འགག་ཅན་ལ་ལྟ་སྒྲུབ་བྱེད་པ་སྐོར་གྱི་གནས་སྐབས་གྱི་གཏན་འབེབསབཅས་དཔྱད་གཞིར་འཛིན་དགོས།     གསུམ་ནི་མུ་མཐུད་དུ་ཆེད་ཨུ་ཁང་གི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས། ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ཁང་གི་ཀྲུའུ་རིན་གྲོས་ཚོགས་སྟེང་གིཆེད་དོན་ཨུ་ཡོན་ལྷན་ཁང་ནི་སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་ལ།  ཨུ་ཡོན་དག་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་འགག་རྩ་གཙོ་བོ་ཡིནཞེས་པའི་མཛུབ་སྟོན་གྱི་བླང་བྱ་ལྟར།  ང་ཚོས་ཀྱང་ཆེད་ཨུ་ལྷན་ཁང་དྲུག་གི་འགན་ནུས་ལྟར་ཁ་གཏད་གྲོས་མོལ་དང་བརྟག་དཔྱད་རྟོག་ཞིབ། འབྲེལ་གཏུག་མཛའ་འབྲེལ་སོགས་ཀྱི་བྱ་བ་ནན་མོ་སྤེལ་ཏེ།ཧུར་ཐག་སྒོས་ཨུ་ཡོན་གྱིས་གནས་ཚུལ་རྟོགས་པར་ཤུགས་འདོན་པ་དང་འགན་འཁྲི་ལག་བསྟར་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་།  མུ་མཐུད་དུ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།  བཞི་ནི་གཞི་རིམ་སྲིད་གྲོས་ལ་ཁྲིད་སྟོན་དང་འབྲེལ་གཏུག་བྱ་བ་སྔར་ལས་ཇེ་དྲག་ཏུ་གཏོང་བ།  ཀྲུའུ་ཞི་ཝང་དབྱང་གིསགོང་འོག་རིམ་པའི་སྲིད་གྲོས་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་བ་དང་། ས་གནས་རིམ་པ་སོ་སོའི་སྲིད་གྲོས་ཀྱི་འོས་མཐུན་བསམ་འཆར་ལ་ཉན་པར་གཟབ་ནན་དང་།   ཧུར་ཐག་སྒོས་སྲིད་གྲོས་བྱ་བ་ལེགས་སྒྲུབ་ཀྱི་རྣམ་པ་ལེགས་པོ་ཆགས་སུ་འཇུག་དགོསཞེས་པའི་མཛུབ་སྟོན་གྱི་དགོངས་དོན་ལྟར།  ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་དག་གིས་གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་གྲོས་ལ་འབྲེལ་གཏུག་དང་མཛུབ་སྟོན་བྱེད་ཚུལ་སྔར་ལས་ཇེ་དྲག་ཏུ་གཏོང་ཆེད།  སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་གྱི་སྲིད་གྲོས་ལ་འབྲེལ་གཏུག་བྱེད་པའི་བྱ་བའི་ལམ་སྲོལཞེས་པའི་ཡིག་ཆ་གཏན་འབེབ་བྱ་དགོས།   ལྔ་ནི་ཏང་ཤོག་ཚོགས་པའི་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་ཇེ་དྲག་དང་ཏང་ཤོག་ཚོགས་པའི་ཁོངས་ཀྱི་བྱ་འགུལ་གྱ་ནོམ་ཞིང་། བྱ་བའི་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ་ལས་རང་སོ་སོའི་གནས་བབ་ལེགས་པོ་མངོན་གསལ་བཏོད་དགོས།   དྲུག་ནི་སྲིད་གྲོས་སྡེ་ཁག་གི་བསམ་བློ་དང་རྩ་འཛུགས།  སྤྱོད་ཚུལ་དང་རིག་གནས་དྲིལ་སྒྲོག་བཅས་ཀྱི་འཛུགས་སྐྲུན་ཇེ་དྲག་དང་།  ལོ་འགོ་ལ་ཁུལ་ཡོངས་སྲིད་གྲོས་ཀྱིས་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་བསྡུ་རྒྱུ་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་དགོངས་དོན་དང་བླང་བྱ་དོན་ཐོག་འཁྱོལ་བར་བཀོད་སྒྲིག་དང་། སྡེ་ཁག་དོ་དམ་དང་ཞབས་ཞུའི་ཆུ་ཚད་ཇེ་ལེགས་སུ་གཏོང་དགོས།  བདུན་ནི་ཧུར་ཐག་སྒོསརིག་གནས་སྲིད་གྲོསཞེས་པའི་གཟེངས་རྟགས་བཟོ་སྐྲུན་དང་།  སྔར་ཡོད་ཀྱིཁང་བཞི་ཚོམས་གཅིགགི་རིག་གནས་གཡུལ་སའི་རྨང་གཞིའི་ཐོག་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུ་ཡིན་ལ།  སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་གཞིའི་འཚོལ་སྡུད་དང་ལེགས་སྒྲིག  ཞིབ་འཇུག  བརྗེ་རེས།   བཤམས་སྟོན་བཅས་ཕྱོགས་བསྡུས་ཀྱི་ཕན་འབྲས་མངོན་གསལ་གྱིས་འདོན་སྤེལ་བྱ་དགོས།ལོ་འཁོར་གྱི་ནང་དུམཚོ་ནུབ་སྲིད་གྲོས་ཀྱི་ལོ་རྒྱུསརྩོམ་སྒྲིག་བྱེད་འགོ་རྩོམ་པ་དང་།  རིག་གནས་ལོ་རྒྱུས་དཔྱད་གཞིའིཉར་ཚགས་དང་རྒྱལ་སྐྱོང་།  མཐུན་སྒྲིལ།   སྐྱེད་སྲིངགི་ནུས་པ་བཅས་འདོན་སྤེལ་གང་ལེགས་དང་།  རིག་གནས་སྲིད་གྲོསཞེས་པའི་མཚན་སྙན་བེད་སྤྱད་དེ་མཚོ་ནུབ་ཀྱི་གཏམ་རྒྱུད་ལེགས་པོར་སྒྲོག་ཅིང་།མཚོ་ནུབ་ཀྱི་སྙིང་སྟོབས་དར་སྤེལ་དང་མཚོ་ནུབ་ཀྱི་མཛད་རྗེས་གསར་བ་འགོད་དགོས།   ལྷག་པར་དུ་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་གསལ་དུ་བཏོད་ནསམཚོ་ནུབ་སྲིད་གྲོསདང་མཚོ་ནུབ་སྲིད་གྲོས་ཀྱིཟླ་རེའི་ཆ་འཕྲིནདང་འཕྲིན་ཕྲན་སྤྱི་སྟེགས་བཅས་ལེགས་པོར་སྤེལ་ཏེ་སྲིད་གྲོས་ཀྱི་དྲིལ་སྒྲོག་བྱ་བ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།

ཨུ་ཡོན་དང་བློ་མཐུན་རྣམ་པ། དུས་རབས་གསར་བར་བསྙེགས་ཤིང་འགོ་ཚུགས་ས་གསར་བར་འགྲེང་སྟེ། མི་དམངས་སྲིད་གྲོས་ཀྱི་ལས་འགན་ནི་ལྕི་ཞིང་གཟི་བརྗིད་ལྡན་པས།  ངེད་ཅག་གིས་བློ་མཐུན་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ།  ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་འགོ་ཁྲིད་འོག  ཁ་ཕྱོགས་གསར་བར་གཞི་ཚུགས་ཏེ་རྣམ་པ་གསར་བ་དམ་འཛིན་དང་། ལས་འགན་གསར་བར་དམིགས་ནས།  དུས་རབས་གསར་བར་བྱས་རྗེས་འཇོག་པ་དང།   མཚོ་ནུབ་ནི་སྔར་ལས་འབྱོར་ཕྱུག་དང་ཤེས་དཔལ།   འཆམ་མཐུན།བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་ཏུ་བསྐྲུན་སླད་འབད་བརྩོན་བྱ་དགོས་ལ། གྲུབ་འབྲས་ཕུན་སུམ་ཚོགས་པས་ཀྲུང་གོ་གསར་བ་དང་མི་དམངས་སྲིད་གྲོས་བཙུགས་ཏེ་ལོ་འཁོར་བདུན་ཅུ་ལོངས་པའི་འཁྲུངས་སྐར་ལ་ལེགས་སྐྱེས་སུ་འབུལ་དགོས་སོ།

གོང་མ།:མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཞོལ་མ།:གྲོས་གཞིའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235