མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཏང་སྲིད་ཡིག་ཆ།
 

མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2019-03-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

2019ལོའི་ཟླ2པའི་ཚེས27ཉིན་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་

གྲོས་ཚོགས་ཐེངས་ལྔ་པའི་སྟེང་།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། རྡོ་རྗེ།  

འཐུས་མི་རྣམ་པ།

ངས་ད་ལྟ་མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར།   ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།  

2018ལོའི་བྱ་བ་གཙོ་བོ།

2018ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་འགོ་ཚུགས་པའི་ལོ་ཞིག་ཡིན་ལབཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ལོ་ཞིག་ཀྱང་ཡིན། ལོ་ངོ་གཅིག་གི་རིང་དུ། ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནིཁུལ་ཨུསཡང་དག་གི་འགོ་ཁྲིད་འོག   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་སྟེ། ཏན་ཏིག་བཞིའིབླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་།ལྔ་བཞིའིའཐབ་ཇུས་ལག་བསྟར་ཟབ་མོ་བྱས་པ་དངལེགས་གཅིག་མཐོ་གཉིསབཀོད་སྒྲིག་ལ་སྐུལ་འདེད་ནན་མོ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུ་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ།བློ་དཀར་བའི་སྒོ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བསྩལ་བའི་འགན་འཁྲི་སོ་སོ་ལག་བསྟར་མཛདཁྱོན་ཡོངས་ནས་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་འི་སྟེང་གཏན་འཁེལ་བྱས་པའི་ལས་འགན་ཁག་འགྲུབ། འབྱོཪ་ཕྱུག་དང་ཤེས་དཔལ། འཆམ་མཐུནབདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་ཏུ་མྱུར་བར་བསྐྲུན་པར་སྐུལ་འདེད་བྱེད་པར་ཧུར་ཐག་སྒོས་བྱས་རྗེས་བཞག

གཅིགཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱས་ཏེ།ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་བ་མེད་པ་བྱས།

ཕྱོགས་སོ་སོ་དང་ཏང་སྲིད་དམག་དམངས་སློབ་པ་བཅས་སུ་ཏང་གིས་མཐའ་དག་ལ་འགོ་ཁྲིད་བྱེད་བཞིན་ཡོད། ལོ་ངོ་གཅིག་གི་རིང་དུ། ང་ཚོས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་།བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་པོས་གཅིག་གྱུར་ཡོང་བ་བྱས། ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་དུ་གཅིག་གྱུར་ཡོང་བ་བྱས།

ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་པ་གནད་དུ་བཟུང་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་དང་།འདུ་ཤེས་བཞིབརྟན་པོ་ཆགས་སུ་བཅུགཡིད་རྟོན་བཞིདངསྲུང་སྐྱོང་གཉིསལག་ལེན་མཐའ་འཁྱོལ་བ་བྱས།གནད་ལ་འཁེལ་བའི་སྒོ་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་དང་། སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་གསར་པ།བླང་བྱ་གསར་པ། བྱེད་ཐབས་གསར་པ་བཅས་ལ་གདེང་ཚོད་ཡང་དག་བླངས་ཏེ དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་བ་མེད་པ་བྱས།

ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱས རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པའི་རྩ་དོན་གལ་ཆེན་འདི་ལ་གདེང་ཚོད་ནན་མོ་བླངས་ཏེ། འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཞིང།ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལེགས་པར་སྒྲུདམངས་ཆེན་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དང་དོན་དག་གལ་ཆེན།བྱེད་སྒོ་གལ་ཆེན་བཅས་དུས་ཐོག་ཏུཁུལ་ཨུ་ལ་སྙན་སེང་ཞུཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་གལ་ཆེན་ལ་དམ་པོར་དམིགས་ནས་བླང་བྱ་ལྟར་དམངས་ཆེན་གྱི་ལས་དོན་ལ་སྐུལ་འདེད་བྱས།འབྲེལ་ས་དང་ཤུགས་རྒྱག་ས་མ་ནོར་བར་འཚོལ་ཞིབ་བྱས་ཏེཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་སྟེང་ཧུར་ཐག་འབད་འཐབ་བྱས་ཏེ་བྱས་རྗེས་མངོན་པར་དོད།

ཐོག་མཐའ་བར་གསུམ་དུ་བསམ་བློའི་ཁྲིད་སྟོན་གདེང་ཚོད་ནན་མོ་བླངས རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་ཧུར་ཐག་གིསསློབ་གཉིས་བྱེད་གཅིགགི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་བར་སྐུལ་འདེད་བྱས ཏན་ཏིག་གིསགུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་ལ་ཉནཏང་གི་རྗེས་སུ་འབྲངཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ།ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་བཅས་ལ་སློབ་སྦྱོང་ནན་མོ་བྱས་ཤིང་ ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས།དངོས་སུ་སློབ་ནས་ཤེས་པ་དང་དོན་དངོས་སྒྲུབ་པའི་སྟེང་ཧུར་བརྩོན་བྱེད་པར་དམིགས་ཏེ།དུས་དང་རྣམ་པ་ཀུན་ཏུ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱིས་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས

གཉིསཁྲིམས་འཛུགས་སྤུས་ཚད་མཐོ་རུ་བཏང་སྟེ།ཞིབ་ཚགས་ཀྱི་ཁྲིམས་འཛུ་ལ་སྐུལ་འདེད་བྱས།

བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་རྒྱུའི་བྱེད་ཐབས་གལ་ཆེན་དང་བཅའ་ཁྲིམས་བཟང་པོ་ནི་རྒྱལ་ཁབ་ཡག་པོ་སྐྱོང་ཐུབ་པའི་སྔོན་འགྲོ་ཡིནརྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ཀྱི་རྩ་དོན་བརྟན་སྲུང་དང་སྤུས་ཚད་སྔོན་འཇོག་མཐའ་འཁྱོངས་བར་བྱས་ཤིང།ཁྲིམས་འཛུགས་ཀྱི་རྩ་འཛུགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ། ཁྲིམས་འཛུགས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་ཁྲིམས་བཟང་པོས་གོང་འཕེལ་ལ་སྐུལ་འདེད་དང་ལེགས་སྐྱོང་མཁས་པོ་ཡོང་བཁག་ཐེག་བྱས།

ཁྲིམས་འཛུགས་ལས་དོན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བཟོའི་ཐད་ཀྱི་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན་མཐོར་འདེགས་གཏོང་བར་དམིགས་ནས།ཁྲིམས་འཛུགས་ཀྱི་ལས་དོན་གྱི་གནས་བབ་གསར་པ་ཞིབ་འཇུག་ཟབ་མོ་བྱསཁུལ་ཡོངས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་རྩ་འཛུགས་སྒོས་ཚོགས།ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་དང་ལོ་རེའི་ཁྲིམས་འཛུགས་འཆར་གཞི་ལག་བསྟར་ནན་མོ་བྱས།དགོས་མཁོའི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ།ཁྲིམས་འཛུགས་ཀྱི་གཙོ་གནད་ས་ཁུལ་མངོན་གསལ་དོད་པོ་ཡོང་བར་དམིགས་པ་དང་ས་གནས་མི་རིགས་ཀྱི་ཁྱད་ཆོས་མཚོན་པ།ས་ཁོངས་ཁྲིམས་སྐྱོང་གི་ཕན་འབྲས་ལ་དང་དོད་བྱས་ཏེ ཁྲིམས་འཛུགས་ལས་དོན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་གང་ཐུབ་བྱས་ཤིང་། ཁྲིམས་འཛུགས་ལས་དོན་ཞིབ་ཕྲ་ཅན་དུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། མཚོ་ནུབ་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ་སྐོར་གྱི་གཏན་འབེབསམ་ཟིནལ་གྲོས་ཞིབ་དང་མཆན་འགོད་ཞུ་སྤྲོད། ཁྱབ་སྒྲོག་ལག་བསྟར་བྱེད་པ་སོགས་ཀྱི་ལས་དོན་ལེགས་པོར་འགྲུབ་པར་མ་ཟད། དམངསཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱེད་སྒོ་ནུས་ལྡན་གྱིས་ཚད་ལྡན་དུ་བཏང་སྟེ།ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་སྤེལ་བྱས།

གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིསཁུལ་ཡོངས་ཀྱི་འཕང་འབྲས་ཐོན་ལས་འདེབས་འཛུགས་དང་ལས་སྣོནབརྒྱུད་འཚོང་སོགས་ཀྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ཁུལ་ཡོངས་ཀྱི་འཕང་འབྲས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་རིམ་པ་འཕར་བར་སྐུལ་སྤེལ་བྱས མཚོ་ནུབ་ཁུལ་གྱིའཕང་འབྲས་ཐོན་ལས་གོང་འཕེལ་གཏོང་བར་སྐུལ་འདེད་བྱེད་པའི་སྲོལ་ཡིག་གི་འཆར་ཟིན་བྱ་བ་འགོ་བརྩམས།ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྣོད་བཅུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཁྲིམས་སྲོལ་གྱི་བླང་བྱ་ལག་བསྟར་མཛདཁུལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ནན་མོ་བྱས། མཚོ་ནུབ་ཁུལ་གྱི་གཏེར་རྫས་ཐོན་ཁུངས་དོ་དམ་སྲོལ་ཡིག་དང་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག།བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་བཅས་ལ་བཟོ་བཅོས་བརྒྱབ་སྟེ། ཏན་ཏིག་གིས་ནུས་ཆོད་ཀྱི་བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལཁྲིམས་འཛུགས་ཀྱི་ཆེད་མཁས་པར་བློ་འདྲི་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད་དེགོང་གསལ་གྱི་སྲོལ་ཡིག་བཞི་ལ་གྲོས་ཞིབ་ཐེངས་གཉིས་བྱས།ད་ཐེངས་ཀྱི་ཚོ་ཆེན་ཐོག་གྲོས་ཞིབ་གནང་ཞིང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བར་སྤྲོད་རྒྱུ་ཡིན

ཚགས་འགོད་ཞིབ་བཤེར་ཇེ་དྲག་ཏུབཏང་ནན་ཏན་གྱིས་ཡིག་ཆ་ཡོད་ཚེ་ངེས་པར་དུ་ཚགས་འགོད་དང་ཡིག་ཚགས་ཡོད་ཚེ་ངེས་པར་དུ་ཞིབ་བཤེར།ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བྱ་དགོས་པ་བཅས་ཀྱི་བླང་བྱ་ལྟར། ཁྲིམས་ལྟར་མཚོ་ནུབ་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་དང་ལས་གཏོད་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག9དང་ཚན་རྩལ་གསར་གཏོད་བྱ་དགའ་སྤྲོད་ཐབས་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ7གྱི་ཚགས་འགོད་ཞིབ་བཤེར་ལས་དོན་སྤེལ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་།རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་འགན་ལེན་བྱས།རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་བྱེད་པར་ཁག་ཐེག་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས།

གསུམཁྲིམས་ལྟར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྟ་སྐུལ་ཕན་ནུས་ལྡན་པརབཏང་།

ལྟ་སྐུལ་བྱེད་དབང་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བསྩལ་བའི་འགན་དབང་འགངས་ཆེན་ཞིག་ཡིན།རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེཁྲིམས་ལྟར་ལྟ་སྐུལ་དང་ལྟ་སྐུལ་ཡང་དགལྟ་སྐུལ་ནུས་ལྡན་བཅས་ལ་རྒྱུན་འཁྱོངས་བྱས་ཏེ།རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ཡང་དག་པབྱེད་པ་དང་ལས་དོན་ཁག་ཁྲིམས་སྐྱོང་གི་སྲོལ་ལམ་དུ་འཁོར་སྐྱོད་ཡོང་བར་ཁག་ཐེག་བྱས།2018 ལོར།རིགས་སྣ་ཚོགས་ཀྱི་ཆེད་དོན་ལས་རིགས་སྙན་ཞུ14ལ་ཉན་པ་དང་གྲོས་ཞིབ་བྱས།ཆེད་དོན་འདྲི་རྩད་ཐེངས1ལ་བྱས། ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཐེངས9སྤེལ།བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ5ལ་ཁྲིམས་བསྟར་ཞིབ་བཤེར་མཛདབྱ་གཞག་གལ་ཆེན3ཐག་བཅད།ནུས་ལྡན་སྒོས་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག  ཁང་གཉིསཀྱིས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་བྱས།

ལྟ་སྐུལ་གཙོ་གནད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་བཞགཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་དོ་ཁུར་དམ་ཟབ་བྱས་ཏེཁུལ་ཨུའི་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་སྐོར་གྱི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དེ་ལས་དོན་ལྟ་སྐུལ་གྱི་གཙོ་གནད་དུ་བཟུང་ཞིང།རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ།ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ།རྩིས་བཤེར་ལས་དོན་དང་རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་དག་ཐེར་ལེགས་བཅོས་བྱས་ཚུལ་སོགས་ཀྱི་སྙན་ཞུ་ལ་གསན་པ་དང་གྲོས་ཞིབ་བྱས་པ་བརྒྱུད་དེ།སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་།སྒྲིག་གཞི་ལེགས་སྒྲིག་ཟབ་སྤེལ།གསར་གཏོད་ཀྱི་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་དམིགས་ཏེ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པར་ལྟ་སྐུལ་མཛདལོ་ལྔའིའཆར་འགོད་བཅུ་གསུམ་པའིདུས་འབྲིང་དཔྱད་དཔོག་ལས་དོན་དང་ཟུང་འབྲེལ་བྱས་ཏེ ཁུལ་ཡོངས་ཀྱིལོ་ལྔའི་འཆར་འགོད་བཅུ་གསུམ་པའིའཆར་འགོད་ལག་བསྟར་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས།སྲིད་གཞུང་གིས་ཆེད་དམིགས་ལས་དོན་གྱི་སྙན་ཞུགསན་པ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་གཞི་བཏོན། སྲིད་གཞུང་གི་རྒྱུན་འཁྱོངས་བྱེད་པའི་གནད་དོན་གྱི་ཁྲིད་ཕྱོགས་ལ་ལྟ་སྐུལ་བྱས་ནས་དག་ཐེར་ཡོ་བསྲང་བྱེད་ཤུགས་ཇེ་ཆེར་བཏང་། ལོ་ལྔའི་འཆར་འགོད་བཅུ་གསུམཁྲོད་དུ་འཆར་འགོད་བྱས་པའི་དམིགས་འབེན་ལས་འགན་སོ་སོའི་ལག་བསྟར་ལ་སྐུལ་འདེད་བྱེད་པར་ཧུར་བརྩོན་བྱས།ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་དུ་དོ་སྣང་བྱས། 2017 ལོར་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ཆེད་དོན་འདྲི་རྩད་ཁྲོད་བཏོན་པའི་གྲོས་ཞིབ་བསམ་འཆར་དང་དེ་བཞིན་སྲིད་གཞུང་གིས་འདྲི་རྩད་ཁས་ལེན་དོན་ཚན་བསྒྲུབས་པའི་གནས་ཚུ་ལ་བརྟག་དཔྱད་ཞིབ་འཇུག་བྱས།ཆེད་དམིགས་ལས་དོན་གྱི་སྙན་ཞུ་གསན་ཞིང་། རང་ཁུལ་གྱི་ནུས་རྒྱུ་གསར་པའི་ཐོན་ལས་ལྗང་མདོག་འཕེལ་རྒྱས་དང་ནུས་ཁུངས་གསར་པ།གྲུབ་ཚུལ་ལེགས་སྒྱུར་བཅས་ལ་སྐུལ་འདེད་བྱས་པ་དང་།སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་ནན་མོབྱས། མ་ལག་ཇུས་འགོད་དང་མ་དངུལ་འཇོག་པའི་སྔོན་རྩིས་དང་ས་གནས་གདམ་གསེས་སོགས་ཀྱི་དུས་འགོའི་གྲ་སྒྲིག་ལས་ཀ་ཐོག་མ་འགྲུབ ཀྲུང་གུང་མཚོ་ནུབ་ཁུལ་ཨུསཁུལ་མི་དམངས་སྲིད་གཞུང་གས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆརབསྒྲིགས་པར་མ་ཟད།ཁུལ་ཨུའི་མཆོག་མཆན་ཐོབ་ནས་ལག་བསྟར་བྱས། ཆེད་དུ2017 ལོའི་ཁུལ་ཡོངས་ཀྱི་ཁེ་ལས་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་སེང་ལ་གསན་པ་དང་གྲོས་ཞིབ་མཛད།ཆེད་དོན་འདྲི་རྩད་ཀྱི་དབང་ཆ་བཀོལ་སྤྱོད་གང་ལེགས་བྱས་ཤིང། ཆེད་དོན་འདྲི་རྩད་ནི་དམངས་ཆེན་ལྟ་སྐུལ་ཕན་ལྡན་གྱི་བཀན་ཤིང་ལྟ་བུར་བཟུང་ཞིང་། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུའི་རྣམ་པའི་ཐོག་ནས་ཚན་རྩལ་གསར་གཏོད་བྱ་བའི་གནས་ཚུལ་ལ་བརྟེན་ནས་ཆེད་དོན་འདྲི་རྩད་བྱས།ནོར་སྲིད་ཀྱི་ཚན་རྩལ་ཐད་གཏོང་སྒོ་ལ་དམིགས་པ་དང་སྤྱི་ཚོགས་ཀྱི་མ་རྩ་ཅན་ཚན་རྩལ་གསར་གཏོད་ནང་ཞུགས་པ།སྔར་བས་སྒོ་འབྱེད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་སོགས་ཀྱི་ཕྱོགས་ལ་བསམ་གྲོས་བཏོན།ཁུལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་སྤྱི་ཁོགནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།

ལྟ་སྐུལ་བྱེད་པ་དམངས་འཚོའི་འགན་ལེན་ཐད་གཙོ་གནད་དུ་བཞག། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་པར་བྱས་ཏེ།མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་དེ་ལྟ་སྐུལ་ལས་ཀའི་གཙོ་གནད་དུ་བཟུང་ཞིང རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཇེ་ལེགས་སུ་འགྲོ་བའི་འཚོ་བའི་དགོས་མཁོ་དེ་ལྟ་སྐུལ་ལས་དོན་གྱི་དམིགས་འབེན་དུ་བཞག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས།འོས་འགན་སློབ་གསོ་ཆ་སྙོམས་ངང་འཕེལ་རྒྱས་གཏོང་བརིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་ཁ་གཏད་རང་བཞིན་གྱི་གྲོས་གཞི་བཏོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་བྱེད་པར་ལྟ་སྐུལ་བྱས།འོས་འགན་སློབ་གསོ་དོ་མཉམ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཞིང་། ནུས་ལྡན་སྒོས་ཁུལ་ཡོངས་ཀྱི་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་བྱས། སྒྲིག་འཛུགས་སྒོས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་རླུང་ཁམས་ཆེན་མོའི་ཁོར་ཡུག་བསླད་སྐྱོན་བཅོས་སྐྱོང་བྱེད་པའི་བཅའ་ཁྲིམསགནམ་དཔྱད་བཅའ་ཁྲིམསམཚོ་སྔོན་ཞིང་ཆེན་གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་བྱེད་པའི་སྲོལ་ཡིག གཤིན་ས་སྲུང་སྐྱོང་སྲོལ་ཡིག་ལག་བསྟར་བྱེད་ཚུལ་བཅས་ལ་ཞིབ་བཤེར་གྱི་བསམ་འཆར་བཏོན། འབྲེལ་ཡོད་ཕྱོགས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་སྐུལ་འདེད་ཏན་ཏིག་བཏང་།བློ་ཐག་རྦད་ཆོད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ།གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་གཤིན་སའི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ།

ལྟ་སྐུལ་གྱི་གཙོ་གནད་དེ་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་སྟེང་བཞག། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་གཞུང་དྲང་དང་དྲང་བདེན་རག་པ་ཚོར་ཐུབ་པའི་དམིགས་འབེན་དམ་དུ་བཟུང་ཞིང། འདྲི་གཅོད་ལས་དོན་དང་ཞིབ་དཔྱོད་ལས་ཀར་ལྟ་སྐུལ་བྱེད་ཤུགས་དོན་དམ་གྱིས་ཆེ་རུ་བཏང་།གྱོད་གཞི་ལག་བསྟར་བྱེད་དཀའ་བའི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་དོན་གནད་ཅིག་ཡིན།ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ཁྲིམས་ཁང་གི་ལག་བསྟར་ལས་དོན་གནས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་བརྒྱུད་དེ།ཁྲིམས་ཁང་གིས་ལག་བསྟར་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་སྐུལ་འདེད་དང་རྒྱབ་སྐྱོར་གནང།བྱེད་སྟངས་དང་བྱེད་ཐབས་གསར་གཏོད་དང་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན། ལས་དོན་ལག་བསྟར་བྱེད་ནུས་ཡར་འདེགས་བྱས་ཏེམང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ངེས་པ་དོན་གྱིས་སྲུང་སྐྱོང་ཐོབ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྤྱིའི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་ཆེད།ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྤེལ་བ་མ་ཟད་སྤྱི་ཕན་གཏུག་བཤེར་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་གཞི་བཏོན། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལས་དོན་གྱི་ཡུན་ཕན་ལམ་སྲོལ་འཛུགས་པར་ལྟ་སྐུལ་བྱས།སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་ཐོབ་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལས་དོན་སྤེལ་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་འབད་བརྩོན་བྱས།

ལྟ་སྐུལ་གྱི་གཙོ་གནད་དེ་བཅའ་ཁྲིམས་ལྟར་དོན་དག་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱེད་པའི་སྟེང་དུ་བཞགརྒྱུན་ཨུ་ཁང་གིས་ཏང་གི་འགོ་ཁྲིད་ལ་བརྟེན་ནས་ལག་ལེན་གྱི་གཞི་རྟེན་ནོར་མེད་བཙལ་ཞིང། ལས་དོན་གལ་ཆེ་རིགས་ཐག་གཅོད་དབང་ཆ་སྤྱོད་རྒྱུར་སྐུལ་འདེད་གཏོང་བརདམིགསཁུལམི་དམངས་སྲིད་གཞུང་གིས་གྲོས་གཞི་བཏོན་པ་ལྟར2018ལོའི་རང་ཁུལ་རིམ་པ་དང་དེ་མིན་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་ནོར་སྲིད་སྔོན་རྩིས་དང་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་དང་སྔོན་རྩིས་ཀྱི་སྒྲིག་བཀོད་འཆར་གཞི་དང་། དེ་མིན་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོརལོ་འཁོར་གྱི་དམིགས་འབེན་ལས་འགན་སྙན་ཞུ་བཅས་ལ་གསན་པ་དང་གྲོས་ཞིབ་གནང་ཞིང་།སྙན་ཞུ་དང་རྒྱུན་ལས་ལྷན་ཁང་གི་ཁོངས་མིས་གྲོས་ཞིབ་བྱས་པའི་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ།ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་དང་ཁུལ་རིམ་པ་དང་དེ་མིན་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་སྔོན་རྩིས2018 ལོའི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་བའི་ལོའི་དམིགས་འབེན་ལས་འགན་སྒྲིག་བཀོད་འཆར་གཞི་བཅས་ལ་གྲོས་ཆོད་བཏོན་ནས སྲིད་གཞུང་གིས་ནོར་སྲིད་ཐོན་ཁུངས་ལེགས་སྒྲིག་ལ་རྒྱབ་སྐྱོར་མཛད།ནོར་སྲིད་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་སྟེ། གཏན་འཇགས་རྒྱུ་ནོར་དངུལ་གཏོང་ལནུས་ལྡན་སྒོས་སྐུལ་འདེད་བྱས།

ལྟ་སྐུལ་གྱི་གཙོ་གནད་ཁྲིམས་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱེད་པའི་སྟེང་དུ་བཞག རྟག་ཏུ་ཏང་གི་ལས་བྱེད་པར་དོ་དམ་བྱེད་པ་དང་དམངས་ཆེན་གྱིས་ཁྲིམས་ལྟར་ལས་བྱེད་པ་བསྐོ་འཐེན་བྱེད་པ་དང་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ།ཁྲིམས་ལྟར་ལས་དོན་སྒྲུབ་པ་གཅིག་གྱུར་ཡོང་བ་བཅས་ལ་རྒྱུན་འཁྱོངས་བྱས་ཤིང་།ཁྲིམས་ལྟར་བྱ་བ་གལ་ཆེན་ཐག་གཅོད་བྱེད་པའི་དབང་ཆ་དང་མི་དོན་བསྐོ་འཐེན་བྱེད་པའི་དབང་ཆ་ལག་བསྟར་ནན་ཏན་བྱས་ཤིང་།ཏང་ཨུའི་ཇུས་ཐག་གཅོད་པའི་གོ་རིམ་བརྒྱུད་དེ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་བྱ་སྤྱོད་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱས་པ་དང་།2018ལོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིཁྲིམས་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་མི་ཐེངས136བསྐོ་འཐེན་བྱས།རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་གསར་པ་བསྐོ་བཞག་བྱས་པའི་མི33གྱིས་རྩ་ཁྲིམས་ལ་ཐེངས5ལ་དམ་བཅའ་བཞག་སྟེ། རྩ་ཁྲིམས་ཀྱི་དབང་གྲགས་རང་བཞིན་མཚོན་པར་བྱས་ཤིང་།བསྐོ་བཞག་བྱས་པའི་མི་སྣས་མི་དམངས་ལ་འགན་ཁུར་བ་དང་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་མངོན་གསལ་དུ་ཇེ་ལེགས་སུ་ཕྱིན་ཡོད།

བཞི། འཐུས་མིར་ཞབས་ཞུ་བྱེད་པར་དམིགས་ཏེ། གཙོ་གཟུགས་ནུས་པ་འདོན་སྤེལ་བྱས།

དམངས་ཆེན་འཐུས་མི་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲུབ་ཆ་གཙོ་བོ་ཡིན།རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་འཐུས་ཚབ་ལས་ཁུངས་ཡིན་པའི་ཆ་ནས། འཐུས་མིའི་ལས་ཁུངས་ཀྱིས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་དང་རྒྱུན་ལས་ལྷན་ཁང་གི་ལས་ཀའི་ཕན་འབྲས་དངོས་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས།   འགན་ལེན་ནང་རྐྱེན་འཐུས་སྒོ་ཚང་བར་གཏོང་བ་དང་ཞབས་ཞུའི་འདྲེན་རྟེན་གསར་གཏོད་བྱས་ཏེའཐུས་མིའི་ལས་སྒྲུབ་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་བཏང་།

འཐུས་མིས་འགན་འཁྲི་སྒྲུབ་པར་འགན་སྲུང་བྱས།རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་བརྟག་ཞིབ་འཐུས་མིའི་འབྲེལ་གཏུག་ལས་ཀ་གྲོང་ཚོ་དང་སྡེ་ཁུལ་དུ་ལས་ཀ་བྱེད་པར་སྐྱོད་རྒྱུའི་གནས་ཚུལ་གྱི་རྨང་གཞིའི་ཐོག   ཁུལ་ཡོངས་ཀྱི་འཐུས་མི་འབྲེལ་གཏུག་ལས་ཀ་སྤེལ་ནས་སྡེ་ཁུལ་དུ་བསྐྱོད་དེ་ཡུལ་དངོས་སུ་ལྟ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ།  འཐུས་མིའི་འབྲེལ་གཏུག་ལས་ཀ་དེ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་ཤུགས་ལྡན་བཏང་ཞིངམིག་སྔརཁུལ་ཡོངས་སུ་འཐུས་མིའི་འབྲེལ་གཏུག་ལས་ཀ་ཕྱོགས་ཡོངས་སུ་ཁྱབ་ཐུབ་ཡོད་པ་མངོན་འགྱུར་བྱསརྩ་འཛུགས་སྒོས་ཕུན་སུམ་ཚོགས་པའི་ངངའབྲེལ་གཏུག་གསུམདངའཐུས་མིའི་བྱེད་སྒོའི་ཟླ་བའིབྱེད་སྒོ་སྤེལཀྲུའུ་རན་གྲོས་ཚོགས་ཀྱི་ཁོངས་མི་དང་ཨུ་ཡོན།འཐུས་མི།  མི་དམངས་མང་ཚོགས་བཅས་བར་གྱི་འབྲེལ་བ་དམ་ཟབ་ཏུ་འགྲོ་བར་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བརྒྱབཁང་གཉིས་དང་སྟེགས་བུ་གཅིགགི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱས།  དྲ་སྦྲེལ་དང་འཕྲིན་ཕྲན་སོགས་ཀྱི་དྲ་བའི་ལས་སྟེགས་སྤྱད་དེདྲ་ཐོག་དང་དྲ་འོག་ཟུང་འབྲེལ་བྱས་ནས་འཐུས་མི་དང་མང་ཚོགས་དབར་གྱི་འབྲེལ་བ་རྒྱ་ཆེ་རུ་བཏང་།  མང་ཚོགས་ཀྱི་བསམ་འཆར་དང་རེ་ཞུ་དུས་ཐོག་ཏུ་གོང་ཞུ་བྱས།འཐུས་མི་གདན་ཞུས་བྱས་ཏེ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་དང་བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་ལ་ཞུགས་སུ་བཅུག་ནས། འཐུས་མིའི་འགན་འཁྲི་སྒྲུབ་པའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ། རྒྱུན་ལས་ཨུ་ལྷན་གྱི་འགན་སྒྲུབ་བྱེད་པའི་དམངས་འདུན་རྨང་གཞི་དེ་བས་བརྟན་པོར་བཏང་

འགན་སྒྲུབ་ཀྱི་ནུས་པ་ཇེ་མཐོར་བཏང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་དམངས་འཐུས་མིའི་འགན་འཁྲི་སྒྲུབ་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་།མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་ནུས་སྒྲུབ་པའི་དོ་དམ་བྱེད་ཐབསཚོད་ལྟའི་ལག་བསྟརདང་དམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་པའི་དོ་དམ་བྱེད་ཐབསཚོད་ལྟའི་ལག་བསྟརགཏན་འབེབས་བཟོས་པ་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འགན་འཁྲི་སྒྲུབ་པའི་གོ་རིམ་སྔར་བས་ཚད་ལྡན་དུ་བཏང་ས་འགན་འཁྲི་སྒྲུབ་པའི་དངོས་ཕན་ཇེ་ལེགས་སུ་ཕྱིན་ཡོད། མཚོ་སྔོན་ཞིང་ཆེན་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་མོལ་བྱ་འགུལ་སྤེལ་བ་དང་།དམངས་ཆེན་འཐུས་མིས་དམངས་ལ་འགན་འཁྲི་སྒྲུབ་པ་དམངས་ཀྱི་ཆེད་དུ་ཡིན་པའི་འགན་འཁྲིའི་ཁུར་སེམས་དང་གཟི་བརྗིད་ཀྱི་བསམ་པ།ལས་འགན་སྒྲུབ་སེམས་བཅས་ཇེ་དྲག་ཏུ་བཏངདམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་ནུས་ཇེ་ཆེར་གཏོང་བའི་ལོའིབྱེད་སྒོ་ཏན་ཏིག་ངང་སྤེལ་ཞིང་།   ཁྲིན་ཏུའུ་དང་ནན་ཉིང་སོགས་སུ་ཁུལ་དམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་པའི་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས2ལ་སྤེལ།  འཐུས་མིའི་མཐོང་རྒྱ་དང་འགན་འཁྲི་སྒྲུབ་ནུས་ཇེ་མཐོར་བཏང་མཚོ་ནུབ་ཁུལ་དམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་པའི་ཤེས་བྱའི་ཀློག་དེབརྩོམ་སྒྲིག་པར་འདེབས་བྱས་ཤིང་། འབྲེལ་ཡོད་ཀྱི་དུས་དེབ་དང་ཚགས་པར་རིན་མེད་དུ་སྟེར་བ་དང་། དུས་བཅད་ལྟར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་གནས་ཚུལ་མདོར་བསྡུས་དང་ཆབ་སྲིད་ཐད་ཀྱི་གནས་ཚུལ་བརྡ་འཕྲིན་བསྐྱལ་ཏེ།འཐུས་མིའི་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་།

གྲོས་འཆར་སྒྲུབ་པར་སྐུལ་འདེད་བྱ དམངས་ཆེན་འཐུས་མིའི་གྲོས་འཆར་འདོན་རྒྱུ་སྒྲིག་འཛུགས་དང་ལས་ཀའི་ཉམས་མྱོང་སྤེལ་རེས་ཀྱི་གཟེངས་བསྟོད་ཚོགས་འདུ་འཚོགས་པ་དང་འཐུས་མིའི་ལས་དོན་བསྒྲུབ་རྒྱུའི་གྲོས་འཆར་བཀོད་སྒྲིག་བྱས།  འཐུས་མིས་གྲོས་འཆར་ལས་དོན་སྒྲུབ་པའི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར།ཕུལ་བྱུང་འཐུས་མི་བཅས་ལ་གཟེངས་བསྟོད་བྱས།   གྲོས་འཆརའདོན་པ་དང་གྲོས་འཆར་སྒྲུབ་པའི་སྤྲོ་སེམས་སྔར་བས་འཕེལ་བ་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་འགུལ་ངང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནསའབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་དང་རྗེས་འདེད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་འཐུས་མིའི་གྲོས་འཆར་སྒྲུབ་པའི་ཕན་འབྲས་བསྟུད་མར་ཇེ་ལེགས་སུ་སོང་ཞིངཁུལ་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་སྐབས་སུ།  འཐུས་མིས་གྲོས་འཆར་ཁྱོན་བསྡོམས43བཏོན་པ་དང་རིམ་པ་ཁག་གི་སྲིད་གཞུང་གི་མཐོང་ཆེན་འོག  འཐུས་མིས་བཏོན་པའི་བསམ་འཆར་སྐོར་ཞིག་ལ་དོན་འཁྱོལ་ནུས་ལྡན་ཐོབདམངས་འཚོའི་བྱ་བ་དངོས་ཁག་གཅིག་དུས་ཐོག་ཏུ་ཐག་གཅོད་བྱས་ཤིང ལས་སྒྲུབ་ལན་བཏབ་ཚད100%ལ་སླེབས། ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་། མཚོ་ནུབ་ཀྱི་འཐུས་མི་ཚོགས་པའི་འཐུས་མི་རྣམ་པས་གྲོས་འཆར69བཏོན་ཏེ།མཚོ་ནུབ་ཁུལ་གྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཧུར་ཐག་གིས་བསྐྲུན་པ་དང་།དམངས་འཚོའི་ལས་དོན་གལ་ཆེན་ཐག་གཅོད་པའི་ཐད་བྱས་རྗེས་བཟང་བོ་བཞག

ལྔ།རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་པ་བསྟུད་མརཇེ་མཐོར་བཏང་།

རང་ངོས་འཛུགས་སྐྱོང་བྱ་རྒྱུ་་རྫོགས་མཐའ་ཞིག་མེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་རང་དཔེ་གཞན་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིབ་བརྟན་པ་དང་སྤྱོད་ཚུལ་བཟང་བ།འཇོན་ཐང་ཆེ་བ་བཅས་རང་ངོས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ཏེཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་བྱ་རྒྱུ་དེ་རྩ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ཁག་ཁྱོན་ཡོངས་ནས་ཐེག་པའི་ལས་ཁུངས་སུ་འགྱུར་བར་འབད་བརྩོན་བྱས།

རྩ་ཁྲིམས་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་ཤུགས་བསྣནགཏིང་ཟབ་ངང་ནས་རྩ་ཁྲིམས་ལ་སློབ་སྦྱོང་དང་བརྩི་སྲུང་།སྲུང་སྐྱོབ།བེད་སྤྱོད་བཅས་བྱེད་པའིདྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་།རྩ་ཁྲིམས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་ནས།རང་ངོས་ནུས་འཕེལ་ལ་དམིགས་ཏེ། གཟབ་ནན་དང་དོན་ཐོག་ཏུ་འཁྱོལ་བར་བྱས།  ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱིས་རྩ་ཁྲིམས་ཀྱི་ཇུས་གཞི་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་དང་ལག་བསྟར་འཆར་གཞི་བསྒྲིགས  ཁུལ་དམངསཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་རྩ་ཁྲིམས་ཆེད་དོན་ཟུར་ཁྲིད་ཀྱི་བྱ་འགུལ་སྤེལ་ཏེ།རྩ་ཁྲིམས་དྲིལ་སྒྲོག་ཉིན་མོཡི་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་དང་རྩ་ཁྲིམས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཁོར་ཡུག་བཟང་བོ་ཤུགས་ཆེན་པོས་བསྐྲུན།

ལས་ཁུངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏངརྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་ཧུར་ཐག་གིས་ལག་བསྟར་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གིལས་གནས་གཅིག་ལ་འགན་འཁྲི་གཉིསདོན་འཁྱོལ་བྱས་ཤིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས། ཀྲུང་དབྱང་གིགཏན་འབེབས་དོན་ཚན་བརྒྱདདང་ཞིབ་ཕྲའི་ལག་བསྟར་སྲོལ་ཡིག་ལག་བསྟར་ནན་མོ་བྱསཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ། འགན་མི་འཁུར་བའི་གནད་དོན་ཆེད་དོན་བཅོས་སྐྱོང་དང་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་།ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཏང་ཨུའི་རེ་བ་དང་བྱེད་ཐབས་གསར་པབཀོད་སྒྲིག་གསར་པ་དེ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་ཁག་ཐེག་བྱས།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚུར་ལན་བསམ་འཆར་ལ་དག་ཐེར་དང་དོན་འཁྱོལ་བྱ་བ་གཟབ་ནན་གྱིས་ལེགས་སྒྲུབ་བྱེད་པ་དང་།སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གིས་བསྐྲུན།ལས་དོན་ཚད་གཞི་སྔར་བས་མཐོ་རུ་གཏོང་ཆེད། ཚད་ལྡན་ཅན་གྱི་འཛུགས་སྐྲུན་དམིགས་ཚད་དང་ལས་འགན་ལ་བརྟེན་ནས་ལས་ཁུངས་ཀྱི་ལས་དོན་ཆུ་ཚད་མཐོ་རུ་གཏོང་བ་དང་འགན་ནུས་སྒྲུབ་པའི་ནུས་པ་ཆེ་རུ་བཏང་སྟེཁུལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་

མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་ནས་ཞབས་འདེགས་ཞུ་བར་འབད་པ་བྱསརྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བ་མཛུབ་སྟོན་གལ་ཆེན་གནང་བ་ལག་བསྟར་དངོས་འབེབས་བྱས་ཚུལ་དང་དབུལ་ཐར་སྲ་བརྟན་ཡར་འདེགས།དམིགས་སར་བསྐྱོད་དགོས་པ་བཞིདོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་པ།གཞི་རིམ་ལ་ཟབ་འཇུག་དང་གནད་དོན་ཐག་གཅོད་བྱེད་པ།བྱ་བར་སྐུལ་འདེད་གཏོང་བསོགས་བྱ་བའི་གཙོ་གནད་ལས་འགན་བཅས་ལ་དམིགས་ཏེ།ནན་ཏན་གྱིས་བརྟག་དཔྱད་ཞིབ་འཇུག་དང་སྒྲོག་འགྲེལ་དང་ཆེད་དོན་སློབ་ཁྲིད་སོགས་ཀྱི་བྱ་བ་སྤེལ་ནསའབྲེལ་ཡོད་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས།ཡིག་བསྐུར་ངོ་བཅར་དང་བརྒྱུད་སྤྲོད་སོགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་ཚད་ལྡན་བཟོས་ནས་ཡིག་སྐུར་ངོ་གཏུག་གི་ཡིག་རིགས་དུས་ཐོག་ཏུ་བརྒྱུད་སྤྲོད་དང་སྒྲུབ་སྐུལ་རྗེས་འདེད་དང་།ཡིག་སྐུར་ངོ་གཏུག་མི་སྣའི་ལུགས་མཐུན་གྱི་ཞུ་གཏུག་བླང་བྱ་ཕན་ལྡན་སྒོས་ཐག་གཅོད་བྱུང་ཞིང 2018ལོར་ཡིག་བསྐུར་ངོ་བཅར་གྲོས་གཞི་ཁག9བརྒྱུད་སྤྲོད་བྱས་པ་དང་།གྲོས་གཞི9བསྒྲུབས་ཟིན་པ་དང་སྒྲུབ་ཚད100%ལ་སླེབས

གཞི་རིམ་གྱི་མི་དམངས་འཐུས་ཚོགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་རྫོང་ཤང་དམངས་ཆེན་བྱ་བར་ཤུགས་སྣོན་བྱེད་པའི་སྐོར་གྱི་བླང་བྱ་མུ་མཐུད་དུ་ལག་བསྟར་དངོས་འབེབས་བྱས་ཏེ།  ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་།རྫོང་།སྲིད་འཛིན་ས་ཁུལ་དང་གྲོང་རྡལ་བཅས་ཀྱིས་ཧུར་བརྩོན་བྱས་ཏེ་བྱ་བ་སྒྲུབ་པ་དང་ཁྲིམས་ལྟར་ལས་དོན་སྒྲུབ་པ་དེ་ཕུན་སུམ་ཚོགས་པར་བྱས་ཏེ  ཉམས་མྱོང་རྩ་ཆེན་མང་པོ་བསགས་ཡོད་ལ།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བྱ་བའི་ཁྲོད་དུ་དཔྱད་གཞིར་འཛིན་ས་ཡོད་པ་དང་།ལྷག་པར་དུ་ཁྲིམས་བསྟར་ཞིབ་བཤེར་དང་གཅིག་བསྡུས་ལྟ་ཞིབ་སོགས་ཀྱི་ཐད་ནས་ཕན་ཚུན་གཞོགས་འདེགས་དང།  མཉམ་འབྲེལ་སྒོས་ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་བྱ་བ་སྐས་རིམ་གསར་པར་འཛེགས་པར་ཡར་སྐུལ་བྱས།མང་ནེ་གྲོང་ཁྱེར་གྱི་སྐབས་དང་པོའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་ལས་ཀ་ཁག་ལ་མཛུབ་ཁྲིད་དང་རོགས་རམ་གང་ལེགས་བྱས་ཤིང་  ཁུལ་འདེམས་དབྱེ་འབྱེད་དང་འཐུས་མི་འདེམས་བསྐོ་སོགས་ཀྱི་ལས་དོན་ལ་གཅིག་བསྡུས་ཀྱི་གསོ་སྦྱོང་བྱས་ཏེ། ཚད་གཞོ་མཐོ་བའི་སྒོ་ནས་གསར་བཙུགས་གྲོང་ཁྱེར་གྱི་དམངས་ཆེན་ལས་འགོརྩོམ་པར་སྐུལ་འདེད་བྱས།གྲོང་ཁྱེར་དང་རྫོང་། སྲིད་འཛིན་ཁུལ་བཅས་དམངས་ཆེན་བར་གྱི་འབྲེལ་བ་དམ་ཟབ་ཏུ་བཏང་སྟེ།ཁུལ་ཡོངས་ཀྱི་དམངས་ཆེན་ལས་དོན་ཁྱོན་ཡོངས་ཀྱི་ཆུ་ཚད་བསྟུད་མར་མཐོ་རུ་བཏང་ཡོད།

འཐུས་མི་རྣམ་པ།འདས་པའི་ལོ་གཅིག་གི་རིང་དུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཐོབ་པའི་གྲུབ་འབྲས་ནི་ཁུལ་ཨུའི་འགོ་ཁྲིད་བྱས་པའི་འབྲས་བུ་དང་།གཞུང་གཅིག་ཨུ་ཡོན་ལྷན་ཁང་གཅིག་དང་ཁང་གཉིསཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པའི་འབྲས་བུ་ཡིན་ལ།མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་ཧུར་ཐག་སྒོས་འགན་འཁྲི་སྒྲུབ་པ་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱ་པ།མི་དམངས་མང་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་རེད། དེར་བརྟེན་ངས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ང་ཚོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོང་གནང་མཁན་བློ་མཐུན་དང་ལས་རིགས་ཁག་གི་མི་སྣ་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་བཀའ་དྲིན་ཞུ་བ་ཡིན།

འཐུས་མི་རྣམ་པ།  གྲུབ་འབྲས་ཕྱོགས་སྡོམ་བྱེད་ཞོར་དུ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་རྒྱུན་ཨུ་ཁང་གི་ལས་དོན་ཁག་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་སྙེག་བརད་དུང་བར་ཐག་གནས་ཡོད་པ་ངོས་འཛིན་གསལ་བོ་བྱུང་ཡོད། ཁྲིམས་འཛུགས་ཀྱི་རྨང་གཞི་ཞན་པ་དང་ཁྲིམས་འཛུགས་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ་དེ་ཡིན།ལྟ་སྐུལ་བྱེད་སྟངས་དང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པ་དང་ལྟ་སྐུལ་གྱི་དངོས་ཕན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ།འཐུས་མིའི་འགན་འཁྲི་སྒྲུབ་པའི་དོ་དམ་སྔར་བས་འཐུས་སྒོ་ཚང་བར་གཏོང་དགོས་པ་བཅས་རེད། དེར་བརྟེན་ང་ཚོས་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཙོ་གནད་དམ་འཛིན་དང་ཞན་ཆཁ་གསབ།ཞན་ཆ་ལེགས་བཅོས་བཅས་བྱས་ཏེ། ཧུར་ཐག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱ་རྒྱུ་ཡིན།

2019ལོའི་ལས་འགན་གཙོ་བོ།

འཐུས་མི་རྣམ་པ།2019ལོར། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར40ལོན་པར་བསུ་མ་བྱས་ཤིང་ལོ་འདི་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ལོ་བརྒྱ་ཕྲག་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། ལྷག་པར་དུལེགས་གཅིག་མཐོ་གཉིསའཐབ་ཇུས་འགག་སྒྲོལ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྤྱིའི་རེ་བ་ནི།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་བཅས་ཀྱི་དགོངས་དོན་མཐའ་འཁྱོལ་མཐར་ཕྱིན་དང་།  ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ལ་རྒྱུན་འཁྱོངས་དང་གཅིག་གྱུར་ཡོང་བ་བྱས་ཏེ  ཁྲིམས་གཏན་འགན་འཁྲི་ནན་ཏན་གྱིས་ལག་བསྟར་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་བསྟུད་མར་དུས་བསྟུན་མདུན་སྐྱོད་ཐུབ་པར་སྐུལ་འདེད་དགོས་ལལྔ་བཞིའིའཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དངལེགས་གཅིག་མཐོ་གཉིསལ་སྐུལ་འདེད་ནན་མོ་བྱེད་པ།  སྔོན་ཐོབ་གཉིསམྱུར་བར་མངོན་འགྱུར་བྱེད་པ་དངསྐས་རིམ་གསུམདུ་བརྟན་པོའི་ངང་བསྐྱོད་པ་བཅས་ལ་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱ་དགོས།

གཅིག  ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་བཟོ་དགོས།

ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་རྒྱབ་རྟེན་བཅོལ་རྒྱུ་དེ་གནས་བབ་གསར་པའི་འོག དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་དུ་བཟུང་ནས། འདུ་ཤེས་བཞིདངཡིད་ཆེས་བཞིབརྟན་པོཆགས་སུ་འཇུག་པ་དང་།ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོ་སྲུང་བ།ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་རྩ་དོན་བཅས་དམ་པོར་བཟུང་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་དགོས། རང་རྟོགས་སྒོས་ཁུལ་ཏང་ཨུའི་ཁྱོན་ཡོངས་ལ་ལྟ་རྟོག་དང་ཕྱོགས་སོ་སོགོ་ཁྲིད་བྱེད་པའི་གོ་གནས་ལ་སྲུང་སྐྱོབ་བྱས་ནས།  དོན་དག་གལ་ཆེན་ཁག་ཁུལ་ཏང་ཨུ་ལ་སྙན་ཞུ་དགོས་པའི་ལམ་ལུགས་ནན་ཏན་གྱིས་ལག་ལེན་དུ་བསྟར་བ་དང་།  ཁུལ་ཨུའི་མཛུབ་སྟོན་བླང་བྱ་ལྟར་དམངས་ཆེན་བྱ་བ་ལེགས་པར་སྒྲུབ་པ་དང་ཁུལ་དམངས་ཆེན་གྱི་བསྒྱུར་བཅོས་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།ལྟེ་གན་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཞུ་བགྱིས་པར་རྒྱུན་འཁྱོངས་བྱས་ཏེ།  འཕེལ་རྒྱས་ལ་བརྩོན་པ་དང་།འཕེལ་རྒྱས་ལ་སྐུལ་འདེད།དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ནི་ཐོག་མཐའ་བར་གསུམ་དུ་ལས་འགན་གལ་ཆེན་དུ་བཟུང་ཞིང་། རྟག་ཏུ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་།མཐུན་སྦྱོར།ཡུན་རིང་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་འབུར་ཐོན་རྣམས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་འགོ་ཚུགས་ས་དང་ཤུགས་རྒྱག་ས་བྱས་ནས།རྒྱལ་ཁབ་ཀྱི་ས་གནས་དབང་ཆའི་ལས་ཁུངས་ཀྱིས་འདོན་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དེ་དམངས་ཆེན་ལས་དོན་ཁྲོད་དུ་ཆད་ལྷག་འགལ་འཛོལ་མེད་པར་དོན་འཁྱོལ་ཐུབ་པ་བྱ་དགོས།

གཉིས།  དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་དགོས།

 མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གྲུབ་ཆ་གལ་ཆེན་ཞིག་ཡིན།དམངས་ཆེན་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་ཁྲིད་སྟོན།  བྱ་སྤྱོད་བཅས་ལ་ཕྱོགས་སྟོན་བྱས་ཡོདད་ལྟ་ཁུལ་ཡོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མི་ཡོངས་ཀྱིས་ཁྱོན་ཡོངས་དང་ཆ་ཚང་བ།  ཡང་དག་པ་བཅས་ཀྱི་སྒོ་ནས་དགོངས་པ་གལ་ཆེན་འདི་ལག་ལེན་དོན་འཁྱོལ་བྱེད་པ་དེ་ཞིང་ཆེན་དང་ཁུལ་ཨུའི་སྐབས་རེ་རེའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  དམངས་ཆེན་བྱ་བའི་དོན་དངོས་དང་བསྟུན་ནས་སློབ་སྦྱོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་ཞིང་། སློབ་སྦྱོང་གི་རྣམ་པ་གསར་གཏོད་དགོས།   རྒྱུན་ཨུ་ཁང་གི་ཏང་ཙུའི་དང་དེའི་ཁོངས་མི།དམངས་ཆེན་འཐུས་མི་བཅས་ཀྱི་ཆེད་དོན་སློབ་སྦྱོང་སོགས་ཀྱི་རྣམ་པ་སྣ་མང་བརྒྱུད་དེ།ངེས་དོན་གྱིས་གོ་བ་ལོན་པར་འབད་པ་བྱས་ཏེ།  སློབ་སྦྱོང་གི་གྲུབ་འབྲས་དེ་དུས་རབས་གསར་བའི་ས་གནས་དམངས་ཆེན་ལས་དོན་ལེགས་པོར་བསྒྲུབ་པའི་ཆབ་སྲིད་ཀྱི་འདེགས་ཤུགས་དང་འགན་ལེན་སྙིང་སྟོབས།རིག་ལམ་བྱེད་ཐབས་སུ་བསྒྱུར་བར་ཧུར་བརྩོན་བྱ་དགོས།  

གསུམ།ཁྲིམས་འཛུགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བར་དམིགས་དགོས།

ཁྲིམས་འཛུགས་ལས་དོན་ནང་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲིམས་འཛུགས་ལས་དོན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས།   ཁྲིམས་འཛུགས་ལས་དོན་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་དགོས།  ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོས་ཁྲིམསའཛུགས།ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས།  ཁུལ་ཏང་ཨུའི་བཀོད་སྒྲིག་ལ་དམ་དུ་དམིགས་ནས།མི་དམངས་ཀྱི་དགོས་མཁོ་དང་བསྟུན་ཞིངཚན་རིག་དང་མཐུན་པའི་སྒོ་ནས2019ལོའི་ཁྲིམས་འཛུགས་འཆར་གཞི་འགོད་པ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས།ཁྲིམས་སྲོལ་གྱི་དམིགས་གཏད་རང་བཞིན་དང་ས་གནས་ཀྱི་ཁྱད་ཆོས་དངོས་ནས་མངོན་པར་དོད་དགོས  མཚོ་ནུབ་ཁུལ་གྱི་འཕང་འབྲས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྲོལ་ཡིག་དང་།གཏེར་ཁའི་ཐོན་ཁུངས་དོ་དམ་སྲོལ་ཡིག  ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག   རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་བཅས་ལ་མཆན་འགོད་ཞུ་སྤྲོདཁྱབ་སྒྲག་ལག་བསྟར་བྱ་བར་ཡར་སྐུལ་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས།  གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ་དང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་།  སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་སོགས་ཀྱི་ཐད་ལ་འཕེལ་རྒྱས་གསར་པ་ཡོང་བར་འབད་བརྩོན་བྱ་དགོས།  མཚོ་ནུབ་ཀྱི་དོན་དངོས་དང་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་པོ་བྱས་ནས།   མཚོ་ནུབ་ཁུལ་གྱི་ཁེ་ལས་ཆུང་འབྲིང་གི་སྲོལ་ཡིག་དང་།  ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྲོལ་ཡིག་བཅས་ལ་བརྟག་དཔྱད་ཞིབ་འཇུག་དང་།  འཆར་ཟིན་འགོད་པ།  རིགས་པས་ཁུངས་སྐྱེལ་སོགས་ཀྱི་ལས་དོན་སྤེལ་དགོས།  ཁྲིམས་འཛུགས་ཀྱི་དཔྱད་དཔོག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཁྲིམས་འཛུགས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ནས།  སྤྱོད་གོ་ཆོད་པའི་བཅའ་ཁྲིམས་ཤིག་བཟོས་ཏེ།  ཁྲིམས་འཛུགས་རེ་རེ་ཚང་མ་རྩ་ཁྲིམས་ཀྱི་དགོངས་དོན་དང་འཚམ་པ་དང་མཚོ་ནུབ་ཀྱི་དོན་དངོས་དང་འཚམ་པ།མི་དམངས་ཀྱི་འདོད་བློ་མཚོན་པ།མི་དམངས་ཀྱི་བརྩི་བཀུར་ཐོབ་པ་བཅས་བྱེད་དགོས།

བཞི། ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པར་དམིགས་དགོས།

ཁྲིམས་ལྟར་ལྟ་སྐུལ་དང་ཡང་དག་པའི་ལྟ་སྐུལ།ལྟ་སྐུལ་ནུས་ལྡན་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དང་དཔལ་འབྱོརསྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཀུན་གྱིས་དོ་སྣང་བྱེད་ཡུལ་དང་དཀའ་གནད་ཀྱི་གནད་དོན་ལ་གཙོ་བོར་དམིགས་ནས་ལྟ་སྐུལ་ཡང་དག་བྱེད་དགོས།སྲིད་འཛིན་བཀའ་འཁྲོལ་སྐོར་གྱི་བཅའ་ཁྲིམས་དང་འགོས་ནད་འགོག་བཅོས་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཁྲིམས་བསྟར་ཞིབ་བཤེར་དགོསསྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག་ཁང་གཉིསཀྱི་བཅའ་ཁྲིམས་ལྟ་སྐུལ་དང་ལས་དོན་ལྟ་སྐུལ་ལ་ཤུགས་སྣོན་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས རང་ཁུལ་རིམ་པའི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་བཙུགས་ཏེཆ་འགྲིག་སྒྲིག་བཀོད་འཛུགས་པ་དང་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས།ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།ཚན་རྩལ་གསར་གཏོད་ལས་དོན་སྤེལ་ཚུལ་གྱི་འབྲེལ་ཡོད་གནད་དོན་ལ་ཆེད་དོན་འདྲི་རྩད་བྱས་ནས་དག་ཐེར་དོན་འཁྱོལ་དང་།2018ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚདལེགས་འགྲུབ་གནས་ཚུལ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་།མི་རིགས་སློབ་གསོ།སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་དབང་རྒྱུ་ནོར་དོ་དམ།གཏེར་རི་བཅོས་སྒྲིག་དང་ཉམས་གསོ།ཁྲིམས་ཁང་གི་འདུམ་འགྲིག་དང་ཞིབ་དཔྱོད་ཁང་གི་གཞུང་གཏུག་སོགས་ལས་དོན་སྤེལ་ཚུལ་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དགོསམཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཞུང་དབང་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་སྙན་ཞུ་བྱེད་པའི་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཏེ།ཁུལ་སྲིད་གཞུང་གི་སྲིད་འཛིན་ལས་དོན་རང་བཞིན་གྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་གྲོས་ཞིབ་བྱ་དགོསན་གོར་མོ་དང་གཏེར་ལེན་ཁ།མང་ནེ་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་མཛུབ་སྟོན་བྱས་ནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཞུང་དབང་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་ཞུ་བའི་ལམ་ལུགས་འཛུགས་དགོས།ལྟ་སྐུལ་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཆེད་དོན་འདྲི་རྩད་དང་བློ་ཡིད་ཚིམ་ཚད་དཔྱད་བསྡུར་སོགས་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་དེགཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག་ཁང་གཉིསཀྱི་ལས་དོན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་དགོསདོན་དག་གལ་ཆེན་ཐག་གཅོད་བྱེད་དབང་ཁྲིམས་ལྟར་སྤྱོད་པའི་གོ་རིམ་སྔར་བས་ཚད་ལྡན་བཟོས་ཏེ།  ཀྲུང་དབྱང་དང་ཞིང་ཆེནཁུལ་ཏང་ཨུའི་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོསདམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་ཆོད་དོན་རེ་རེ་ཚང་མ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ཞིང་མི་དམངས་ཀྱི་འདོད་བློ་མཚོན་པར་འགན་ལེན་དགོས

ལྔ།ཤུགས་ཆེན་པོས་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་དགོས།  

འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་སྲུང་བྱེད་པའི་གཙོ་རྐང་དེར་དམིགས་ནསགནས་བབ་གསར་པའི་འོག་འཐུས་མིའི་ལས་དོན་ལེགས་པར་སྒྲུབ་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ།  དམངས་ཆེན་འཐུས་མིའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་ལག་བསྟར་བསམ་འཆར་འདོན་པ་དང་། དམངས་ཆེན་འཐུས་མིའི་ཁྲིམས་ལྟར་འཐུས་མིའི་འགན་འཁྲི་སྒྲུབ་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱ་དགོས་ཤིང་ཁང་གཉིས་དང་སྟེགས་བུ་གཅིགགི་འཁོར་སྐྱོད་དང་དོ་དམ་ལས་དོན་གཏིང་ཟབ་སྤེལ་བ་དང་དེར་སྐུལ་འདེད་བཏང་སྟེས་ཁུལ་ཁག་གི་འཐུས་མི་འབྲེལ་གཏུག་ས་ཚིགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ  ཁུལ་དམངས་ཆེན་གྱི་འཐུས་མིའི་འགན་སྒྲུབ་ཉམས་མྱོང་སྤེལ་རེས་ཀྱི་མཛད་སྒོ་དང་གཟེངས་བསྟོད་མཛད་སྒོ་དངོས་སུ་འཚོགས་པ་དང་།  ཕུལ་བྱུང་གི་ཁུལ་དམངས་ཆེན་གྱི་འཐུས་མི་དང་བྱེད་སྒོའི་སྔོན་ཐོན་ཚན་ཆུང་ཁག་ཅིག་ལ་གཟེངས་བསྟོད་བྱས་ཏེ  དམངས་ཆེན་འཐུས་མིའི་གསོ་སྦྱོང་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་དང་།  འཐུས་མིའི་བསམ་བློ་ཆབ་སྲིད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནསའཐུས་མིའི་འགན་ནུས་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་དགོས།  ཞིང་ཆེན་དང་ཁུལ་དམངས་ཆེན་འཐུས་མིའི་ལོ་རེའི་ལས་འགན་བསྒྲུབས་ཚུལ་ལ་དཔྱད་མོལ་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱེད་པར་འབད་དེ    འཐུས་མིའི་འགན་ནུས་སྒྲུབ་པར་སྔར་བས་སྟབས་བདེ་དང་སྔར་བས་མགྱོགས་པའི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱས་ནས། ནུས་ལྡན་སྒོས་འཐུས་མིའི་འགན་ནུས་སྒྲུབ་པར་སྐུལ་འདེད་དགོས  ཞིང་ཆེན་དམངས་ཆེན་འཐུས་མི་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་འགན་ནུས་སྒྲུབ་པའི་ཡིག་ཚགས་བཟོས་ནས།  འགན་ནུས་སྒྲུབ་པའི་ཐོ་འགོད་ཞབས་ཞུ་མཐུན་སྦྱོར་བྱ་བ་ལེགས་པོར་བསྒྲུབ་དགོས།ཁུལ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་བཏོན་པའིསྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་ལ་རྒྱུན་འཁྱོངས་བྱས་ཏེ།ཚྭ་འདམ་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་དགོསཞེས་པའི་སྐོར་གྱི་སྐྱེ་ཁམས་འཕེལ་རྒྱས་དམིགས་འབེན་དང།ཞིང་ཆེན་དང་ཁུལ་དམངས་ཆེན་གྱི་འཐུས་མི་རྩ་འཛུགས་བྱས་ཏེ་མེ་རི་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་གནས་ཚུལ་གཅིག་བསྡུས་སྒོས་གཟིིགས་ཞིབ་དགོས།འབྲེལ་གཏུག་གསུམགྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།འཐུས་མིའི་བྱེད་སྒོའི་ཟླ་རེའི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པརབཏང་སྟེའཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་དགོས་ལགནས་ཚུལ་ཤེས་རྟོགས་དང་སྲིད་དོན་རྟོགས་པའི་ཐབས་ལམ་རྒྱ་སྐྱེདདགོས།འཐུས་མིའི་གྲོས་འཆར་སྒྲུབ་གཉེར་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་།  ཁུལ་དམངས་ཆེན་འཐུས་མིའིགྲོས་འཆར་ལས་སྒྲུབ་ཀྱིངོ་ཐུག་གདོང་འཕྲདབྱེད་སྒོ་རྩ་འཛུགས་བྱས་ཏེ་སྤེལ་ནས།གཙོ་གནད་གྲོས་འཆར་ལ་རྗེས་འདེད་དང་ལྟ་སྐུལ་དམ་འཛིན་ཡག་པོ་བྱས་ཏེགྲོས་འཆར་སྒྲུབ་པའི་སྤུས་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

དྲུག  རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་པར་དམིགས་དགོས

དམངས་ཆེན་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ།བླང་བྱ་གསར་པ་བཅས་ལ་དམིགས་ནས། རྒྱུན་ལས་ཨུ་ལྷན་གྱིས་ལས་ཁུངས་རང་ངོས་འཛུགས་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེསློབ་གཉིས་བྱེད་གཅིགགི་རྒྱུན་རྣམ་ཅན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་བཏང་ནསཐོག་མའི་བསམ་འདུན་མ་བརྗེད་པའགན་འཁྲི་ཡིད་ལ་དམ་པོར་འཆངཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས  གཞི་རིམ་བྱ་བ་སྒྲུབ་ཐབསདངམཚོ་ནུབ་ཀྱི་བྱ་བའི་རྣམ་པཧུར་ཐག་གིས་ལག་བསྟར་བྱ་དགོས་ཤིང་། རྒྱུན་འཁྱོངས་ལྷོད་མེད་ངང་ཀུན་སྤྱོད་འཛུགས་སྐྲུན་དམ་འཛིན་བྱ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དངདམངས་ཆེན་འཐུས་མིམི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་།  ཁུལ་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དངོས་སུ་འཁུར་ཐུབ་པ་བྱ་དགོས།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཚད་ལྡན་ཅན་དང་འཛུགས་སྐྲུན་བྱ་འགུལ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་བརྟེན་ནས།ལས་ཁུངས་ཀྱི་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་།བསམ་པའི་དཔལ་ཡོན་སོགས་ཀྱི་བྱ་འགུལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ།  ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་གཟབ་ནན་ལྡན་པ།     བྱེད་ཐབས་སྔར་ལས་དངོས་འབེབས་ཡིན་པའི་སྒོ་ནས་འགན་དབང་ལག་བསྟར་བྱ་ཏེ།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལས་ཆོད་མཐོ་ལ་གསོན་ཤུགས་སྔར་ལས་ལྡན་པར་སྐུལ་འདེད་དགོས།  དམངས་ཆེན་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དམངས་ཆེནགྱི་ལམ་ལུགས་དང་ལས་དོན་ནི་དུས་བསྟུན་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།  དམངས་ཆེན་གྱི་སྒྲིག་གཞི་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་ནན་མོ་གཏོང་བ་དང་།    དམངས་ཆེན་གྱི་ལས་དོན་གྱི་སྒྲིག་གཞི་འཐུས་སྒོ་ཚང་བར་གཏོང་དགོས  དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་ལས་ཅན་གྱི་འཛུགས་སྐྱོང་་ཤུགས་སྣོན་དགོས  དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དམངས་ཆེན་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། ཞིང་ཆེན་དང་ཁུལ་ཨུའི་རྫོང་དང་ཞང་གི་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བླང་བྱ་རྒྱུན་མི་ཆད་པར་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་།  གཞི་རིམ་དམངས་ཆེན་བྱ་བ་མཛུབ་སྟོན་ལེགས་པོ་བྱས་ཏེདཔེ་མཚོན་ཅན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་དུ་གཏོང་དགོས  གཞི་རིམ་དམངས་ཆེན་གྱི་གནད་དོན་དངོས་ཐག་གཅོད་པར་རོགས་རམ་བྱེད་པ་དང་བྱ་བའི་མཉམ་ཤུགས་ཇེ་ཆེར་གཏོང་དགོས  ཁུལ་ཡོངས་ཀྱི་དམངས་ཆེན་བྱ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ལ་འཛེགས་པར་སྐུལ་འདེད་གཏོང་དགོས།

འཐུས་མི་རྣམ་པ།དུས་རབས་གསར་པས་ལས་འགན་གསར་བ་བསྩལ་ཞིང ལས་འགན་གསར་བས་ བྱས་རྗེས་གསར་གཞག་དགོསང་ཚོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སྣེ་ཁྲིད་དུ་བྱས་ཐོགཁུལ་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  འབད་འབུངས་ཡར་བརྩོན་དང་འགན་འཁྲི་གཙང་སྒྲུབ། ཐོག་མའི་བསམ་འདུན་མི་བརྗེད་པར་ལས་སྒྲུབ་ཏན་ཏིག་བྱས་ཏེཚྭ་འདམ་རྟགས་ཅནགྱི་གྲུ་གཟིངས་ཆེན་མོ་དེ་རྦ་རླབས་ཀྱི་ཟེགས་མ་བརྒལ་ནས་རྒྱལ་ཁའི་ངང་མཚོ་ངོགས་སུ་བསྐྱོད་པར་འབད་བརྩོན་ལྷོད་མེད་བྱ་དགོས་ལཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིང་འགྲོལ་ཐོབ་ཏེ་ལོ་འཁོར70ལོན་པར་ལེགས་སྐྱེས་སུ་འབུལ་དགོས་སོ།

གོང་མ།:སྲིད་གཞུང་གི་ལས་དོན་སྙན་ཞུ།

ཞོལ་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235