མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

བྱིས་པ་ལས་བཟོ་པར་ནད་ཕོག་ཚེ་མི་བཀོལ་ལས་ཁུངས་ཀྱིས་འགན་འཁུར་དགོས་སམ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2015-04-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

[གྱོད་དོན]

ང་ཚོའི་གྲོང་རྡལ་གྱི་གྱོན་ཆས་བཟོ་གྲྭ་ཞིག་གི་མགོ་གཙོས་རང་གི་ཁེ་ཕན་བསམས་ནས་ལོ་བཅུ་བཞི་བཅོ་ལྔ་ཅན་གྱི་བྱིས་པ་ལྔ་བསྡུས་ཏེ་ཚོད་ལྟའི་ལས་བཟོ་པ་ཞེས་པའི་མིང་ཞིག་བཏགས་ནས་སྒྲོག་ཁུང་བརྟོལ་བ་དང་སྒྲོག་གུ་འདོགས་པ་སོགས་ཀྱི་ལས་ཀ་ལས་སུ་བཅུག དེ་ཚོའི་ཟ་འདུག་བཟོ་གྲྭས་འགན་འཁུར་ཞིང་ཉིན་རེ་ལ་མི་རེར་སྒོར་གསུམ་གྱི་གླ་དངུལ་བྱིན། གན་རྒྱའི་སྟེང་དུ་སློབ་མའི་ཚོད་ལྟའི་དུས་ཡུན་ལོ་གསུམ་ཡིན་ཞེས་བྲིས་ཡོད། བཟོ་གྲྭ་མགོ་གཙོས་རང་ཉིད་བློ་རིག་བཀྲ་བས་རིན་ཐང་དམའ་མོས་ངལ་རྩོལ་ནུས་ཤུགས་ཉོ་ཐུབ་སོང་མ་ཟད། ཉེན་ཁའང་ཅི་ཡང་མེད་པར་བསམ། མ་བསམ་ས་ནས་དེ་ཚོའི་ཁྲོད་ཀྱི་ལོ15ལ་སོན་པའི་བུ་མོ་ལས་བཟོ་པ་མེ་ཏོག་སྐྱིད་ལ་གློ་གཅོང་གི་ནད་ཕོག་ལ། མགོ་གཙོ་ཡིས་མི་ལ་སྒོར100བྱིན་རྗེས་ཕ་ཡུལ་དུ་འགྲོ་རུ་བཅུག མེ་ཏོག་སྐྱིད་ཀྱི་ཕ་མས་བུ་མོ་དང་ཐོག་ཧ་ཅང་བདེ་ཐང་ཡིན་ལ་ནད་དེ་ལས་ཀ་ལས་དུས་འགོས་པ་རེད་ཟེར། མགོ་གཙོས་བཤད་རྒྱུར། མེ་ཏོག་སྐྱིད་ཀྱིས་ལས་ཀ་ལྕི་མོ་ཡང་ལས་མེད་པས་གློ་གཅོང་ནད་ཕོག་པ་ནི་ལས་རིགས་ནད་གཏན་ནས་མིན་པས་སྨན་ཡོན་དང་ཁ་གསབ་དངུལ་སྟེར་མི་ཐུབ་ཟེར། དེ་བས། དོན་དངོས་སུ་བཟོ་གྲྭའི་མགོ་གཙོ་ཡིས་འགན་འཁུར་དགོས་མིན་ཐད་དྲང་བདེན་གྱི་ལན་ཞིག་འདེབས་པར་འཚལ།

[གྱོད་དོན་དབྱེ་ཞིབ]

གྱོན་ཆས་བཟོ་གྲྭའི་མགོ་གཙོ་ཡིས་སློབ་མ་ལས་བཟོ་པ་དང་ཚོད་ལྟའི་དུས་ཡུན་སོགས་ཀྱི་བྱེད་ཐབས་སྤྱད་པ་དེས་ལོ16ལ་མ་སོན་པའི་བྱིས་པ་ལས་བཟོ་པ་བེད་སྤྱོད་བྱས་པའི་དོན་དངོས་བཅོས་སྒྱུར་བྱེད་མི་ཐུབ། འབྲེལ་ཡོད་གཏན་ཁེལ་ལྟར་བྱིས་པ་ལས་བཟོ་པ་མེ་ཏོག་སྐྱིད་ཀྱི་སྨན་ཡོན་སྟེར་དགོས། རང་རྒྱལ་ངལ་རྩོལ་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། མི་བཀོལ་ལས་ཁུངས་ཀྱིས་ལོ16ཡན་གྱི་ཕོ་མོ་ངལ་རྩོལ་པ་མ་གཏོགས་བསྡུ་ལེན་བྱེད་མི་ཆོག བཅའ་ཁྲིམས་དེའི་དོན་ཚན58པའི་གཏན་ཁེལ་ལྟར་ན། ནར་མ་སོན་པའི་ལས་བཟོ་པ་ཞེས་པ་ནི་ལོ16ལ་སོན་ཞིང18ལ་སོན་མེད་པའི་ངལ་རྩོལ་པར་གོ རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《བྱིས་པ་ལས་བཟོ་པ་བེད་སྤྱོད་པ་གཏན་འགོག་བྱེད་པའི་གཏན་ཁེལ》གྱི་དོན་ཚན2པར། བྱིས་པ་ལས་བཟོ་པ་ཞེས་པ་ལས་ཁུངས་སམ་མི་སྒེར་བར་ངལ་རྩོལ་འབྲེལ་བ་ཆགས་ཏེ་དཔལ་འབྱོར་ཡོང་སྒོའམ་ཡང་ན་ངལ་རྩོལ་གྱི་ལས་ཀ་གཉེར་བའི་ལོ16ལ་མི་སོན་པའི་བྱིས་པར་གོ དོན་ཚན4པར། རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས་སམ་ལས་དོན་སྡེ་ཁག མི་སྒེར་གྱི་བཟོ་འཚོང་མཁན། གྲོང་རྡལ་སྡོད་དམངས་བཅས་ཀྱིས་བྱིས་པ་ལས་བཟོ་པ་བེད་སྤྱོད་བྱེད་པ་གཏན་འགོག་བྱེད་བཞིན་ཡོད། དོན་ཚན10བར། བཅའ་ཁྲིམས་འདིའི་གཏན་ཁེལ་དང་འགལ་ནས་བྱིས་པ་ལས་བཟོ་པ་བེད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་ལ་ངལ་རྩོལ་སྲིད་འཛིན་ལས་ཁུངས་ཀྱིས་མྱུར་དུ་བྱིས་པ་ལས་བཟོ་པ་སྔར་གྱི་སྡོད་གནས་ལ་བསྐྱལ་བར་བཀའ་ཕབ་འོས་ལ། ཕྱིར་སྡོད་གནས་ལ་བསྐྱལ་བའི་འགྲོ་གྲོན་ཡོང་རྫོགས་བེད་སྤྱོད་ལས་ཁུངས་དང་མི་སྒེར་གྱིས་འགན་འཁུར་དགོས། དོན་ཚན11པར། གཏན་ཁེལ་འདི་དང་འགལ་ནས་བྱིས་པ་ལས་བཟོ་པ་བེད་སྤྱོད་བྱས་པའི་ལས་ཁུངས་དང་མི་སྒེར་གྱིས་སྔར་གྱི་སྡོད་གནས་ལ་བསྐྱལ་བའི་སྔོན་དུ། ནད་ཕོག་ཡོད་པ་དང་རྨས་སྐྱོན་བྱུང་ཡོད་བྱིས་པ་ལས་བཟོ་པར་སྨན་བཅོས་བྱེད་པའི་འགན་འཁུར་དགོས་པར་མ་ཟད། སྨན་བཅོས་སྐབས་ཀྱི་སྨན་ཡོན་དང་འཚོ་བའི་གྲོན་དངུལ་སྟེར་དགོས། དེ་བས་བཟོ་གྲྭའི་མགོ་གཙོས་བྱིས་པ་ལས་བཟོ་པ་མེ་ཏོག་སྐྱིད་ཀྱི་གློ་གཅོང་ནད་སྨན་བཅོས་བྱེད་པའི་འགྲོ་གྲོན་ཡོངས་རྫོགས་སྟེར་དགོས་སོ། །

གོང་མ།:འགན་ལེན་བྱས་པའི་ས་རྒོད་སྟེང་གཏེར་ཁུངས་སྔོག་འདོན་བྱས་ན་ཆོག་གམ།

ཞོལ་མ།:ས་ཞིང་སྟེང་འཛུགས་སྐྲུན་བྱས་ཚེ་ཆད་པ་ཇི་ལྟར་གཅོད་དགོས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235