མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་གཞི་རིམ་སྨན་པས་འགོག་སྨན་རྒྱག་པར་མཁོ་བའི་ལག་དེབ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2015-04-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིན།

མཚོ་སྔོན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

2012ལོའི་ཟླ8པར།

2012ལོ། ཆུ་ཕོ་འབྲུག

2013ལོ། ཆུ་མོ་སྦྲུལ

2014ལོ། ཤིང་ཕོ་རྟ།

2015ལོ། ཤིང་མོ་ལུག

2016ལོ། མེ་ཕོ་སྦྲེལ།

འགོག་སྨན་རྒྱག་པའི་འདྲི་རྟོག་ཁ་པར་ཨང་གྲངས།

ལས་ཁུངས་ཀྱི་མིང་། ཁ་པར་ཨང་གྲངས།

རྨ་ལྷོ་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

ཐུན་རིན་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

གཅན་ཚ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

རྩེ་ཁོག་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

ཧི་ནན་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

མགོ་ལོག་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

རྨ་ཆེན་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

པདྨ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

དགའ་བདེ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

དར་ལག་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

གཅིག་སྒྲིལ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

རྨ་སྟོད་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

ཡུས་ཧྲུའུ་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

ཡུས་ཧྲུའུ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

རྫ་སྟོད་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

ཁྲི་འདུ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

འབྲི་སྟོད་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

ནང་ཆེན་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

ཆུ་དམར་ལེབ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས།

ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་ཅིག

སྙིང་ཉེ་བའི་ཁྱིམ་བདག་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།

འགོག་སྨན་རྒྱག་པ་ནི་འགོས་ནད་སྔོན་འགོག་གི་ཐབས་ལམ་ཆེས་བཟང་པོ་ཡིན། རྒྱལ་ཁབ་ཀྱི་རིམས་ཐར་འཆར་འགོད་ཁྲོད་དུ་ཚུད་པའི་འགོག་སྨན་ལ། གློ་ནད་ འགོག་པའི་ཁཱ་ཅེ་འགོག་སྨན། མཆིན་ཚད་ཁ་བ་འགོག་པའི་མཆིན་ཚད་ཁ་བའི་ འགོག་སྨན། རྒྱུངས་སྐྱའི་ཚ་ནད་འགོག་པའི་རྒྱུངས་སྐྱའི་ཚ་ནད་འགོག་སྨན། བརྒྱ་ལུ་དང་གག་པ།འཛུམ་བུ་ལྟག་དགྱེ་བཅས་མཉམ་དུ་འགོག་པའི་ཉིན་མགྲིན་རྨ་གསུམ་འགོག་སྨན། སིབ་བུ་འགོག་པའི་སིབ་བུ་འགོག་སྨན་བཅས་ཡོད།2008ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་རིམས་ཐར་རྒྱ་བསྐྱེད་པའི་འཆར་འགོད་ལག་ཏུ་བསྟར་རྗེས། རྒྱལ་ཁབ་ཀྱིས་ཡང་བསྐྱར་སིབ་བུ་དང་རྣ་རྩ་ཕུས་འདེབས། ཟྭ་འབྲུམ་བཅས་མཉམ་དུ་འགོག་པའི་སིབ་རྣ་ཟྭ་གསུམ་གྱི་འགོག་སྨན། མཆིན་ཚད་ཀ་བ་འགོག་པའི་མཆིན་ཚད་ཀ་བའི་འགོག་སྨན། ཀླད་ཚད་ཁ་བ་འགོག་པའི་ཀླད་ཚད་ཁ་བའི་འགོག་སྨན། ཀླད་རྒྱུངས་སྐྱི་མོའི་གཉན་ཚད་འགོག་པའི་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན་བཅས་རིན་པ་མི་ལེན་པའི་འཆར་གཞི་ཁྲོད་དུ་བཀོད།

འགོག་སྨན་རྒྱག་ན་སྟབས་ཤིན་ཏུ་བདེ་བ་སྟེ། བྱིས་པ་ཁྲིད་ནས་འགོག་སྨན་ རྒྱག་ཡུལ་དུ་སོང་ན་ཆོག ཁྱེད་ཀྱི་བྱིས་པ་ཡུལ་གང་དུ་ཡོད་ནའང་ཡུལ་དེའི་བྱིས་པ་དང་འདྲ་མཚུངས་ཡིན། སྲིད་གཞུང་གིས་ཁྱེད་རང་གང་དུ་བསྡད་ཡོད་རུང་འགོག་སྨན་རྒྱག་པའི་སྒོ་བསྟེན་ཁང་ལ་ཁྱེད་ཀྱི་བྱིས་པར་འགོག་སྨན་རྒྱག་པའི་འགན་འཁུར་ཡོད་པ་གཏན་འཁེལ་བྱས་ཡོད།

འགོག་སྨན་གྱི་ཁབ་ནི་བྱིས་པར་རྒྱག་པའི་ཁབ་ཨང་དང་པོ་ཡིན་ལ། འགོག་ སྨན་རྒྱག་པའི་འཛིན་ཡིག་ཀྱང་བྱིས་པའི་འཛིན་ཡིག་ཨང་དང་པོ་ཡིན། ཁྱེད་ཀྱི་བྱིས་པ་སྐྱེས་པའི་ཉིན་དང་པོར་སྨན་ཁང་གིས་བྱིས་པར་མཆིན་ཚད་ཁ་བ་འགོག་པའི་ཁབ་དང་པོ་རྒྱག་ངེས་པ་དང་། བྱིས་པའི་མི་ཚེ་ཁྲོད་ཀྱི་འཛིན་ཡིག་ཨང་དང་པོ་སྟེ་འགོག་སྨན་རྒྱག་པའི་འཛིན་ཡིག་ཀྱང་སྟེར་བ་ཡིན། ཁྱིམ་བདག་གིས་བྱིས་པའི་འགོག་སྨན་རྒྱག་པའི་འཛིན་ཡིག་ལ་བདག་ཉར་བྱ་དགོས། སྡོད་ཡུལ་གཞན་དུ་སྤར་ན་འགོག་སྨན་རྒྱག་པའི་འཛིན་ཡིག་བཟུང་ནས་ཡུལ་དེའི་འགོག་སྨན་རྒྱག་པའི་སྒོ་བསྟེན་ཁང་ནས་འགོག་སྨན་བརྒྱབ་ཆོག་ལ། ཁྱེད་ཀྱི་བྱིས་པས་མུ་མཐུད་དུ་ཡུལ་དེའི་བྱིས་པ་དང་འདྲ་བའི་ཞབས་ཞུ་ལོངས་སུ་སྤྱད་ཆོག ཁྱེད་ཀྱི་བྱིས་པ་བུ་བཅོལ་ཁང་དང་སློབ་གྲྭ་ཞུགས་སྐབས། ཡང་ན་རྒྱལ་ཁབ་གཞན་ལ་འགྲིམ་སྐབས་འགོག་སྨན་རྒྱག་པའི་འཛིན་ཡིག་སྟོན་དགོས།

མཇུག་མཐར་ཁྱེད་ཀྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སྨོན།

འགོག་སྨན་རྒྱག་པའི་ལས་ཁུངས་ལ་ཚང་དགོས་པའི་ཆ་རྐྱེན།

གཅིག སྨན་བཅོས་སྡེ་ཁག་གི་ལས་ཀ་གཉེར་ཆོག་པའི་དཔང་ཡིག་ཡོད་དགོས།

གཉིས། རྫོང་རིམ་པའི་འཕྲོད་བསྟེན་སྲིད་འཛིན་ལས་ཁུངས་ཀྱིས་རྩ་འཛུགས་བྱས་པའི་འགོག་སྨན་རྒྱག་པའི་ཆེད་ལས་གསོ་སྦྱོང་བརྒྱུད་དགོས་པར་མ་ཟད། དཔྱད་ ཞིབ་ཀྱི་ཚད་ལོན་པའི་ལས་གཉེར་སྨན་པ་བཀའ་བཅུ་པ་དང་ལས་གཉེར་སྨན་པ་ བཀའ་བཅུའི་ལས་རོགས་པ། ནད་གཡོག་པ། ཞིང་སྡེའི་སྨན་པ་བཅས་ཡོད་དགོས།

གསུམ། ཚད་མཐུན་གྱི་འགོག་སྨན་ཉར་ཚགས་བྱ་ཡུལ་དང་སྐྱེལ་འདྲེན་དོ་དམ་ ཚད་ལྡན་གྱི་འཁྱགས་སྒམ། སྒྲིག་བཀོད། འཁྱགས་འཇོག་དོ་དམ་ལམ་ལུགས་བཅས་ཡོད་དགོས།

བཞི། བདེ་འཇགས་ཀྱི་འགོག་སྨན་རྒྱག་པའི་ཆ་རྐྱེན་ལྡན་དགོས།

འགོག་སྨན་རྒྱག་པའི་ལས་ཁུངས་ཀྱི་བྱ་བའི་འགན་འཁྲི།

གཅིག འགན་ཁུར་ཁྱབ་ཁོངས་ཀྱི་འགོག་སྨན་རྒྱག་པའི་བྱ་བའི་དགོས་མཁོ་ལྟར། ཚད་ལྡན་གྱི་ལག་རྩལ་སྣ་ཚོགས་ལྟར། བྱེ་བྲག་ཏུ་འགོག་སྨན་རྒྱག་པའི་ བྱ་བ་ལག་ཏུ་བསྟར་དགོས།

གཉིས། འགོག་སྨན་དགོས་མཁོའི་འཆར་གཞི་བཟོས་ནས་འགོག་སྨན་དོ་དམ་ དང་བཀོལ་སྤྱོད་བཟང་པོར་བྱས་ཏེ། འགོག་སྨན་གྱི་འཁྱགས་ཉར་ལ་ཁག་ཐེག་བྱ་དགོས།

གསུམ། ཕྲུ་གུ་སྐྱེས་མ་ཐག་གི་ཆ་འཕྲིན་ཡར་ཞུ་བྱ་དགོས་པར་མ་ཟད་འགོག་སྨན་རྒྱག་པའི་བྱང་བུ་དང་འགོག་སྨན་འཛིན་ཡིག་བཟོས་ཏེ་འགོག་སྨན་རྒྱག་རན་པའི་བྱིས་པར་འགོག་སྨན་རྒྱག་དགོས།

བཞི། གཏན་ཁེལ་གྱི་དུས་ཚོད་ནང་འགོག་སྨན་རྒྱག་དགོས་པའི་བྱིས་པ་འཚོལ་ དགོས་པ་དང་། འཁོར་བསྐྱོད་བྱིས་པཡོད་ན། དེར་གཏན་འབེབས་ལྟར་འགོག་སྨན་གྱི་དཔང་ཡིག་བཟོས་ནས་འགོག་སྨན་རྒྱག་པའམ་ཁ་གསབ་བྱ་དགོས།

ལྔ། འགོག་སྨན་རྒྱག་ཚད་ཀྱི་རྒྱུན་སྲོལ་དང་རྒྱལ་ཁབ་ཀྱི་རིམས་ཐར་འཆར་ བཀོད་འགོག་སྨན་གྱིས་འགོས་ནད་འགོག་པའི་སྙན་ཞུ་བྱ་བ་སྤེལ་དགོས།

དྲུག འགོག་སྨན་བརྒྱབ་པའི་རྒྱུན་ལྡན་མིན་པའི་ཚོར་ལོག་བྱུང་པར་དོགས་པ་འདྲ་མིན་ཡོད་ན་སྙན་ཞུ་བྱ་དགོས་པ་དང་། འགོག་སྨན་བརྒྱབ་རྗེས་ཀྱི་སྤྱིར་བཏང་གི་འབྱུང་འགྱུར་ཐག་གཅོད་བྱ་དགོས།

བདུན། བདེ་ཐང་སློབ་གསོ་དང་འབྲེལ་ཡོད་འདྲི་ཞིབ་བྱ་འགུལ་སྤེལ་དགོས།

བརྒྱད། འགོག་སྨན་དང་འབྲེལ་ཡོད་རྨང་གཞིའི་རྒྱུ་ཆ་འཚོལ་བྱ་དགོས།

དགུ གོང་རིམ་གྱིས་སྤྲད་པའི་ལས་འགན་གཞན་པ་ལེགས་འགྲུབ་བྱ་དགོས།

རིམས་ཐར་གོ་རིམ།

རྒྱལ་ཁབ་ཀྱི་འགོག་སྨན་བརྒྱབ་ནས་རིམས་ཐར་བྱེད་པའི་གོ་རིམ།

འགོག་སྨན། རྒྱག་ཡུལ་གྱི་ཟླ་(ལོ)ཚོད། འགོག་སྨན་རིགས། རྒྱག་ ཐེངས། རྒྱག་ཡུལ་གྱི་གནས། རྒྱག་ ཐབས། རྒྱག་ཚད།/རྒྱག་ཐེངས། གསལ་བཤད།

མཆིན་ཚད་ ཁ་བ། ཟླ0、1、6གཞི་རྒྱུ་འགོག་སྨན།3དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་བར་ དཀྱིལ། ཤ་གནད་ཀྱི་ནང་།0.5mlབཙས་རྗེས་ཀྱི་དུས་ཚོད24ནང་དུ་ཐེངས་ དང་པོ་རྒྱག་པ་དང་། ཐེངས1པོ་ནས་གཉིས་པའི་བར་དུ་ཉུང་མཐར་ཉིན28ཡོད་དགོས།

ཁཱ་ཅེ་འགོག་ སྨན། བཙས་མ་ཐག དུག་འཕྲི་གསོན་པོ་འགོག་སྨན།1དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་བར་དཀྱིལ་གྱི་འབྱར་ཡུལ། པགས་པའི་ནང་།0.1ml

རྒྱུངས་སྐྱའི་ འགོག་སྨན། ཟླ2、3、4ལོ4དུག་འཕྲི་གསོན་པོ་འགོག་སྨ4ཟ་བ། རིལ་བུ1རྨང་གཞིའི་རིམས་ཐར་རྒྱག་ཐེངས་ཀྱི་དུས་ཡུན་ཉུང་མཐར་ཉིན28ཡོད་དགོས།

ཉིན་མགྲིན་རྨ་གསུམ་འགོག་སྨན། ཟླ།3、4、5ཟླ18-24དུག་འཇོམས་གསོན་པོའི་འགོག་སྨན།4དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་འབྱར་ཡུལ་ལམ་་ཨོང་གུང་། པགས་པའི་ནང་།0.5mlརྨང་གཞིའི་རིམས་ཐར་རྒྱག་ཐེངས་ཀྱི་དུས་ཡུན་ཉུང་མཐར་ཉིན28ཡོད་དགོས།

མགྲིན་རྨ་ འགོག་སྨན། ལོ6དུག་འཇོམས་གསོན་པོའི་འགོག་སྨན།1དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་འབྱར་ཡུལ པགས་པའི་ནང་།0.5ml

སིབ་བུ་འགོག་སྨན།/མཛེ་ནད་འགོག་སྨན། ཟླ8དུག་འཕྲི་གསོན་པོ་འགོ་སྨན།1དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགམ། པགས་པའི་འོག0.5ml

སིབ་ཟྭ་འབྲུམ་གསུམ/སིབ་ འབྲུམ། ཟླ18-24དུག་འཕྲི་གསོན་པོ་འགོག་སྨ1དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགམ། པགས་པའི་འོག0.5ml

Aཀླད་རྒྱུངས་སྐྱི་མོའི་གཉན་ཚད། ཟླ6-18ཀ་རིལ་འགོག་སྨན།2དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགམ། པགས་པའི་འོག0.5mlརྒྱག་ཐེངས1、2པའི་བར་དུ་ཟླ3ཡོད་དགོས།

A+Cཀླད་རྒྱུངས་སྐྱི་མོའི་ གཉན་ཚད། ལོ3、ལོ6ཀ་རིལ་འགོག་སྨན།2དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགམ། པགས་པའི་འོག0.5ml.རྒྱག་ཐེངས2པའི་བར་དུ་ཉུང་མཐར་ལོ3དགོས།

མཆིན་ཚད་ཀ་བའི་དུག་འཕྲི་འགོག་སྨན་ གསོན་པོ། ཟླ18དུག་འཕྲི་གསོན་པོ་འགོག་སྨ1དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགམ། པགས་པའི་འོག1ml

ས་ནད་འགོག་སྨན། ས་ནད་ཀྱི་ནད་ཡམས་བྱུང་ཚེ། ནད་པ་དང་ཕྱུགས་ལ་འབྲེལ་བའི་མི་དང་ཡུལ་དེའི་མཐའ་འཁོར་གྱི་མི་ཚོགས། དུག་འཕྲི་གསོན་པོ་འགོག་སྨ1དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགམ། སྐྱི་མོའི་རྨ་ཤུལ།0.5ml.ནད་པ་དང་ཕྱུགས་ལ་འབྲེལ་བའི་མི་ལ་འགོག་སྨན་རྒྱག་མི་རུང་།

འགོག་སྨན་རྒྱག་པའི་ཞབས་ཞུ་ལག་བསྟར།

འགོག་སྨན་རྒྱག་པའི་གོ་རིམ།

འགོག་སྨན་མ་བརྒྱབ་གོང་གི་སྟབས་གོན།

འགོག་སྨན་རྒྱག་ཡུལ་གཏན་ཏུ་ཕབ་པ།

བྱིས་པའི་ཁྱིམ་བདག་གམ་ལྟ་སྐྱོང་པར་བརྡ་རྒྱག་པ།

འགོག་སྨན་བགོ་བ་དང་ལེན་པ།

རྒྱག་སྤྱད་ཀྱི་ཡོ་ཆས་གྲ་སྒྲིག་བྱེད་པ།

སྨན་རྫས་དང་ཡོ་ཆས་གྲ་སྒྲིག་བྱེད་པ།

འགོག་སྨན་རྒྱག་ཡུལ་ལ་ཞིབ་བཤེར།

འགོག་སྨན་རྒྱག་པའི་དཔང་ཡིག་དང་བྱང་བུར་ཞིབ་བཤེར།

ཐེངས་འདིའི་རྒྱག་ཡུལ་ཡིན་མིན་གསལ་འབྱེད།

འགོག་སྨན་གྱི་སྣ་ཁ་གཏན་དུ་ཕབ་པ།

མ་བརྒྱབ་གོང་གི་གསལ་བྱེད་དང་བདེ་ཐང་གི་གནས་ཚུལ་ལ་འདྲི་རྟོག

འགོག་སྨན་གྱི་སྣ་ཁ་དང་ནུས་པ། འཛེམ་བྱ་བཅས་གསལ་བྱེད།

འབྱུང་སྲིད་པའི་ཚོར་བ་དང་གཟབ་བྱ།

བདེ་ཐང་གི་གནས་ཚུལ་ལ་འདྲི་རྟོག་བྱས་ཏེ་རྒྱག་རུང་མིན་གསལ་འབྱེད།

ཡུལ་དངོས་ནས་འགོག་སྨན་རྒྱག་པ།

ཡང་བསྐྱར་ཐེངས་གཅིག་ལ་འགོག་སྨན་རྒྱག་ཡུལ་གྱི་མིང་དང་དཔང་ཡིག ཐེངས་དེའི་འགོག་སྨན་བཅས་ལ་ཞིབ་བཤེར།

པགས་པར་གཙང་སེལ།

བདེ་འཇགས་ཀྱི་འགོག་སྨན་ནན་ཏན་གྱིས་ལག་ཏུ་བསྟར་བ།

བྱིས་པའི་ཁྱིམ་བདག་གམ་ལྟ་སྐྱོང་པར་འགོག་སྨན་བརྒྱབ་རྗེས་འབྱུང་སྲིད་པའི་ཚོར་ལོག་དང་དེ་སྟབས་བདེ་སྒོས་ཐག་གཅོད་བྱེད་ཐབས་གསལ་ བྱེད།

འགོག་སྨན་བརྒྱབ་པའི་ཟིན་ཐོ་འགོད་པ་དང་ལྟ་ཞིབ་བྱེད་པ། དུས་བཅད་བགོ་བ།

འགོག་སྨན་བརྒྱབ་རྗེས་དུས་ཐོག་ཏུ་བྱང་བུ་བཟོ་བ་དང་དཔང་ཡིག་སྟེང་དུ་འགོག་སྨན་བརྒྱབ་པའི་ཟླ་ཚེས་དང་ཐོན་རིམ་གྱི་ཨང་གྲངས་འགོད་དགོས།

བྱིས་པའི་ཁྱིམ་བདག་ལ་འགོག་སྨན་བརྒྱབ་རྗེས་ཡུལ་དེ་ནས་ སྐར15ནས30ལ་བསྡད་ནས་ལྟ་ཞིབ་དགོས་པ་གསལ་བྱེད།

བྱིས་པའི་ཁྱིམ་བདག་གམ་ལྟ་སྐྱོང་པར་ཐེངས་རྗེས་མའི་འགོག་སྨན་རྒྱག་ པའི་དུས་ཚོད། ས་གནས། འགོག་སྨན་གྱི་རིགས་བཅས་བགོ་བ།

འགོག་སྨན་རྒྱག་པའི་ཡུལ་དངོས་གཙང་བཤེར་བྱེད་པ།

ཡོ་ཆས་གཙང་བཤེར།

འགོག་སྨན་ལྷག་མ་ཐག་གཅོད་བྱེད་པ།

འགོག་སྨན་གྱི་བྱང་བུ་གཙང་བཤེར་ཞིབ་བསྡུར་བྱེད་པ་དང་དུས་ཐོག་ཏུ་བྱང་བུ་སྟེང་དུ་བཀོད་པ།

སྡོམ་རྩིས་སྙན་ཞུ།

རྒྱལ་ཁབ་ཀྱིས་རིམས་ཐར་འཆར་འགོད་རྒྱ་བསྐྱེད་རྗེས་རིན་མི་ བསྡུ་བའི་འགོག་སྨན་ལ། མཆིན་ནད་ཁ་བའི་འགོག་སྨན་དང་ཁཱ་ཅེ་འགོག་སྨན། རྒྱུངས་སྐྱའི་ཚ་ནད་ཀྱི་ཀ་རིལ་འགོག་སྨན། བརྒྱ་ལུའི་འགོག་སྨན། གག་པའི་འགོག་སྨན། སིབ་བུའི་འགོག་སྨན(སིབ་བུའི་འགོག་སྨན་གྱི་གྲུབ་ཆའི་ནང་དུ་མཛེ་ནད་ཀྱི་འགོག་སྨན་དང་སིབ་རྣ་ཟྭ་གསུམ་གྱི་འགོག་སྨན། སིབ་རྣའི་འགོག་སྨན་བཅས་འདུས། ) ཆམ་རིམས་རང་བཞིན་གྱི་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན། (Aཚོགས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན)A+Cཚོགས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན། ) མཆིན་ནད་ཀ་བའི་དུག་འཕྲི་འགོག་སྨན་གསོན་པོ་བཅས་ཡོད།

གཅིག འགོག་སྨན་རྒྱག་པའི་སྔོན་གྱི་སྟབས་གོན།

1、རིམས་ཐར་གོ་རིམ་ལྟར་འགོག་སྨན་རྒྱག་ཡུལ་གཏན་འཁེལ་བྱ་དགོས་པ་སྟེ། འགོག་སྨན་རྒྱག་ཡུལ་ནི་ཐེངས་འདིའི་འགོག་སྨན་རྒྱག་ཡུལ་དང་། ཐེངས་སྔོན་མར་ལུས་ཡོད་པའི་འགོག་སྨན་རྒྱག་ཡུལ། འཁོར་རྒྱུག་མི་འབོར་སོགས་ཁྱད་ལྡན་མི་ཚོགས་ཁྲོད་ཀྱི་འགོག་སྨན་མ་བརྒྱབ་དག་ཡིན།

2、སྔོན་གྱི་ཁ་ཆད་དང་། བརྡ་སྦྱོར་ཡི་གེ ཁ་པར། ངག་ཐོག རྒྱང་སྒྲོག་བརྡ་སྦྱོར་སོགས་འོས་འཚམ་གྱི་བྱེད་ཐབས་སྤྱད་ནས་བྱིས་པའི་ཁྱིམ་བདག་དང་ལྟ་ སྐྱོང་པར་འགོག་སྨན་གྱི་རིགས་དང་དུས་ཚོད། ས་གནས། འབྲེལ་ཡོད་བླང་བྱ་བཅས་བརྡ་སྦྱོར་གཏོང་དགོས།

3、འགོག་སྨན་སྣ་ཚོགས་རྒྱག་པའི་མི་གྲངས་ལྟར་འགོག་སྨན་དང་ཡོ་ཆས་ལེན་པ་དང་ཐོ་འགོད་བྱ་དགོས།

4、75%ཅན་གྱི་ཆང་བཅུད་དང་སྐམ་པ། སྲིན་མེད་སྲིང་བལ། ཚ་གྲང་འཇལ་ཆས། བརྟག་ཆས། ཁྲག་ཚད་འཇལ་ཆས།1:1000བདེ་འཇགས་སྣོན་ཆས་དང་སྙིགས་སྒམ་སོགས་གྲ་སྒྲིག་བྱ་དགོས།

5、སྔོན་ལ་མཆིན་ནད་ཁ་བའི་འགོག་སྨན་དང་ཡོ་ཆས་སྔོན་དུ་གྲ་སྒྲིག་བྱས་ཏེ། ཁྱིམ་ནས་བཙས་པའི་བྱིས་པར་དུས་ཚོད24ནང་འགོག་སྨན་རྒྱག་པར་ཁག་ཐེག་བྱ་དགོས།

གཉིས། འགོག་སྨན་རྒྱག་པའི་སྐབས་ཀྱི་བྱ་བ།

1、འགོག་སྨན་རྒྱག་པའི་ཁང་བའི་ཕྱི་རོལ་དུ་མངོན་གསལ་ཡིན་པའི་རིམས་ཐར་བའི་གོ་རིམ་དང་བྱེད་ཐབས། ནུས་པ། འཛེམ་བྱ། མི་ལེགས་པའི་སྣང་ཚུལ། ཡིད་འཇོག་དོན་ཚན་དང་རིན་མེད་འགོག་སྨན་ཀྱི་རིགས་བཅས་འགོད་དགོས།

2、འགོག་སྨན་མ་བརྒྱབ་པའི་གོང་དུ་བྱིས་པའི་ཁྱིམ་བདག་གམ་ལྟ་སྐྱོང་པར་འགོག་སྨན་གྱི་སྣ་ཁ་དང་བྱེད་ནུས། འཛེམ་བྱ། ཚོར་ལོག མཉམ་འཇོག་བྱ་ཡུལ་བཅས་གསལ་བྱེད་བྱ་དགོས།

3、གཟབ་ནན་གྱིས་ཞིབ་བཤེར་གསུམ་དང་ཞིབ་བསྡུར་བདུན་ལག་ཏུ་བསྟར་དགོས། ཞིབ་བཤེར་གསུམ་སྟེ། འགོག་སྨན་རྒྱག་ཡུལ་གྱི་བདེ་ཐང་གནས་ཚུལ་དང་ འགོག་སྨན་རྒྱག་པའི་འཛེམ་བྱ། འགོག་སྨན་རྒྱག་པའི་བྱང་བུ་དང་བྱིས་པའི་འགོག་སྨན་འཛིན་ཡིག་བཅས། འགོག་སྨན་དང་ཡོ་ཆས་ཀྱི་ཕྱི་རོལ་དང་ཆོག་ཨང་། སྤྱོད་ཡུན་བཅས་ལ་ཞིབ་བསྡུར་བྱེད་པ། ཞིབ་བསྡུར་བདུན་ནི་འགོག་སྨན་རྒྱག་ཡུལ་གྱི་མིང་དང་ལོ། འགོག་སྨན་གྱི་མིང་། ཚད་གཞི། རྒྱག་ཚད། འགོག་སྨན་རྒྱག་པའི་གནས། ཐབས་ལམ་བཅས་ཡིན།

4、འགོག་སྨན་བརྒྱབ་རྗེས་དུས་ཐོག་ཏུ་འགོག་སྨན་འཛིན་ཡིག་དང་བྱང་བུ་ཁ་སྐོང་བྱེད་པ་དེ་ཁྱིམ་བདག་དང་ལྟ་སྐྱོང་པར་བཤད་དགོས། འགོག་སྨན་རྒྱག་ཡུལ་གྱིས་འགོག་སྨན་བརྒྱབ་རྗེས་གནས་དེ་ནས་སྐར15ནས30བར་ལྟ་ཞིབ་བྱ་དགོས། བྱིས་པའི་ཁྱིམ་བདག་གམ་ལྟ་སྐྱོང་པར་ཐེངས་རྗེས་མའི་འགོག་སྨན་ཀྱི་རིགས་དང་དུས་ཚོད་དང་ས་གནས་བཅས་བཤད་དགོས།

གསུམ། འགོག་སྨན་བརྒྱབ་རྗེས་ཀྱི་བྱ་བ།

1、འཁྱག་སྒམ་གཙང་མ་བྱེད་པ་དང་བཀོལ་སྤྱོད་བྱས་རྗེས་ཀྱི་སྨན་ཁབ་སོགས་ཀྱི་སྙིགས་རོ་རྣམས་གཟབ་ནན་སྒོས《སྨན་བཅོས་སྙིགས་རོ་ཐག་གཅོད་སྲོལ་ཡིག》གི་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས། ཁྱིམ་ཚང་རེ་རེར་སོང་ནས་འགོག་སྨན་རྒྱག་པར་ངེས་པར་དུ་སྙིགས་རོ་རྣམས་གཅིག་བསྡུས་སྒོས་ཐག་གཅོད་བྱ་དགོས།

2、སྙིགས་རོ་དང་འཁྱག་སྒམ་ནང་གི་ཁ་ཕྱེ་མེད་པའི་འགོག་སྨན་ལ་རྟགས་བཀོད་པ་དང་འཁྱག་སྒམ་ནང་དུ་ཉར་དགོས། ནུས་ཡོད་དུས་ཡུན་ནང་ཐེངས་རྗེས་མར་ འགོག་སྨན་རྒྱག་དུས་ཐོག་མར་བཀོད་སྤྱོད་བྱ་དགོས།

3、འགོག་སྨན་རྒྱག་པའི་བརྡ་སྦྱོར་དང་འགོག་སྨན་རྒྱག་པའི་བྱང་བུ་དུས་ཐོག་ཏུ་འགོད་པ་དང་། འགོག་སྨན་ཁ་གསབ་བྱ་དགོས་པའི་མི་གྲངས་དང་མིང་ཐོ་གཏན་འཁེལ་བྱས་ཏེ། ཐེངས་རྗེས་མའི་འགོག་སྨན་སྔོན་གྱི་ཁ་གསབ་བརྡ་སྦྱོར་གཏོང་དགོས།

4、ཐེངས་འདིར་འགོག་སྨན་བརྒྱབ་པའི་གནས་ཚུལ་དང་ཐེངས་རྗེས་མར་རྒྱག་དགོས་པའི་འགོག་སྨན་བཀོལ་སྤྱོད་ཀྱི་འཆར་གཞི་སྤྱི་སྡོམ་བྱ་དགོས་པར་མ་ཟད། གཏན་འབེབས་ལྟར་ཡར་ཞུ་བྱ་དགོས།

འགོག་སྨན་རྒྱག་པ།

གཅིག རྒྱལ་ཁབ་ཀྱི་རིམས་ཐར་འཆར་འགོད་འགོག་སྨན་གྱི་བཀོལ་སྤྱོད་གཏན་འབེབས།

(1)མཆིན་ནད་ཁ་བའི་འགོག་སྨན་དང་ཁཱ་ཅེ་འགོག་སྨན། རྒྱུངས་སྐྱི་འགོག་སྨན།

ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན། འཛེ་ནད་འགོག་སྨན། (སིབ་བུའི་འགོག་སྨན) )བཅས<ཟླ12ཀྱི་ནང་དུ་བརྒྱབ་ཚར་དགོས།Aརིགས་ཆམ་རིམས་རང་བཞིན་གྱི་ཀླད་རྒྱུངས་འགོག་སྨནδཟླ18ཀྱི་ནང་དུ་བརྒྱབ་ཚར་དགོས། མཆིན་ནད་ཀ་བའི་འགོག་སྨནδཟླ24ཡི་ནང་དུ་བརྒྱབ་ཚར་དགོས།

(2)རིམས་ཐར་གོ་རིམ་བསྒྲིགས་པའི་ཁྲོད་ཀྱི་འགོག་སྨན་སྣ་ཚོགས་ཀྱི་ཐེངས་དང་པོའི་འགོ་སྨན་བརྒྱབ་པའི་དུས་ཚོད་ཆེས་ཐུང་བའི་དུས་མཚམས་ནི་ཟླ་ཚད་ཡིན་ལ་སྔོན་དུ་འདའ་མི་ཆོག

(3)རྒྱུངས་སྐྱའི་གཉན་ཚད་ཀྱི་འགོག་སྨན་དང་ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན་གྱི་རྨང་གཞིའི་རིམས་ཐར་གྱི་འགོག་སྨན་ཁབ་རྒྱག་པའི་བར་ཐག་དུས་ཚོད་ནི་ངེས་པར་དུεཉིན28ཡིན།

(4)མཆིན་ནད་ཁ་བའི་འགོག་སྨན་ཐེངས3ལ་རྒྱག་དགོས་པ་དང་། བྱིས་པ་བཙསམ་ཐག་དང་། ཟླ་གཅིག་གི་སྐབས། ཟླ་དྲུག་གི་སྐབས་བཅས་སོ་སོར་ཐེངས་རེ་རྒྱག་དགོས། འགོག་སྨན་ཐེངས་དང་པོ་བྱིས་པ་བཙས་མ་ཐག་གི་དུས་ཚོད་24ནང་རྒྱག་དགོས།

(5)ད་ལྟའི་དུས་རིམ་གྱི་སིབ་བུའི་འགོག་སྨན་ནི། ཟླ8པའི་སྟེང་མཛེ་ནད་འགོག་སྨན་རྒྱག་པ་དང་། མཛེ་ནད་འགོག་སྨན་མ་འདང་བ་ལ་སིབ་བུའི་འགོག་སྨན་བཀོལ་དགོས། ཟླ18-24ལ་སིབ་རྣ་ཟྭ་གསུམ་གྱི་འགོག་སྨན་རྒྱག་དགོས།

(6)ཆམ་རིམས་རང་བཞིན་གྱི་ཀླད་རྒྱུངས་སྐྱི་མོའི་འགོག་སྨན་ཐེངས་བཞི་ལ་རྒྱག་དགོས། ཟླ6-18ཀྱི་སྐབས་སུ་ཐེངས་གཉིས་ལAཚོགས་རིགས་ཀྱི་ཀླད་རྒྱུངས་སྐྱི་མོ་འགོག་སྨན་རྒྱག་པ་དང་། ཐེངས་དང་པོ་དང་གཉིས་པའི་བར་ལ་ཟླ3ལས་མི་ཉུང་བ་ཡིན་དགོས། ལོ3དང་ལོ6ཅན་ལ་རེ་རེA+Cརིགས་ཀྱི་ཀླད་རྒྱུངས་སྐྱི་མོའི་འགོག་སྨན་རྒྱག་དགོས།

(7)གལ་ཏེ་སྣ་གཉིས་ཡན་གྱི་འགོག་སྨན་རྒྱག་དགོས་ཚེ། གནས་མི་འདྲ་སར་སྨན་ཁབ་རྒྱག་དགོས། རིགས་མང་པོའི་འགོག་སྨན་མཉམ་བསྲེས་བྱས་ནས་རྒྱག་མི་རུང་།

འགོག་སྨན་རིགས་གཉིས་མཉམ་དུ་བཀོལ་མི་ཆོག་ལ། གལ་ཏེ་བཀོལ་ན་ཉིན28རྗེས་ནས་ད་གཟོད་བཀོལ་ན་ཆོག

གཉིས། འགོག་སྨན་ཉར་ཚགས་བྱེད་ཐབས་དང་སྐྱེལ་འདྲེན་བྱེད་ཐབས།

འཁྱག་སྒམ་དུ་ཉར་བའི་འགོག་སྨན་འཁྱག་ཞུ་བྱེད་པ་དུས་ཐོག་ཏུ་བརྗེ་སྤོ་དང་། ཉིན་གཉིས་ནང་བརྒྱབ་མ་ཚར་བའི་འགོག་སྨན་ཕྱིར་འཕྲོད་བསྟེན་ཁང་དུ་སྤྲད་ནས་འཁྱག་སྒམ་དུ་ཉར་དུ་འཇུག་དགོས་པར་མ་ཟད་རྟགས་འགོད་དགོས།

¬¬-20℃~8℃

རྒྱུངས་སྐྱའི་ཚ་ནད་ཀྱི་ཀ་རིལ་འགོག་སྨན། སིབ་བུའི་འགོག་སྨན། འགོག་སྨན་སྙིགས་མོ་རིགས་འཁྱག་ཏུ་འཇུག་མི་རུང་།

2~8℃

མཆིན་ནད་ཁ་བའི་འགོག་སྨན་དང་ཁཱ་ཅེ་འགོག་སྨན། ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན། མགྲིན་རྨའི་འགོག་སྨན། ཀླད་རྒྱུངས་ཀྱི་འགོག་སྨན། མཆིན་ནད་ཀ་བའི་འགོག་སྨན། མཛེ་ནད་འགོག་སྨན། སིབ་རྣའི་འགོག་སྨན། སིབ་རྣ་ཟྭ་གསུམ་གྱི་འགོག་སྨན།

འཁྱགས་སུ་ཉར་ཚུལ་གྱི་གསལ་བྱེད་རི་མོ།

མཆིན་ནད་ཁ་བའི་འགོག་སྨན། ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན། མགྲིན་རྨའི་འགོག་སྨན་སོགས་གཤེར་གཟུགས་འགོག་སྨན།

(འཁྱགས་སྒམ་གྱི་འཁྱགས་ཤིང་དང་བཅར་མི་རུང་))

ཁཱ་ཅེ་འགོག་སྨན།

སིབ་རྣ་ཟྭ་གསུམ་དང་རྒྱུངས་སྐྱའི་ཚ་ནད་སོགས་ཀྱི་འགོག་སྨན།

འཁྱགས་རོམ་ཁང་།

རྒྱུངས་སྐྱའི་འགོག་སྨན་རིལ་བུ། སིབ་བུ། སིབ་རྣ་ཟྭ་གསུམ་སོགས།

མཆིན་ནད་ཁ་བ་དང་ཁཱ་ཅེ། ཉིན་མགྲིན་རྨ་གསུམ། མགྲིན་རྨ་སོགས་ཀྱི་འགོག་སྨན།

ངེས་ཅན་གྱི་བར་ཐག་བསྐྱུར་ནས་ཁ་དབུགས་རྒྱུ་རུ་འཇུག་དགོས།

འཁྱགས་སྒམ་གྱི་སྒོ་རྒྱག་པར་གཟབ་དགོས།

གསུམ། འགོག་སྨན་རྒྱག་ཐབས།

ཤ་གནད་དུ་རྒྱག་པ།

90°

པགས་པ།

པགས་པའི་འོག

ཤ་གནད།

དཔེ་རིས།1འགོག་སྨན་སྣ་ཚོགས་ཀྱི་ཁབ་མགོ་བསྐོར་ཕྱོགས་གསལ་བྱེད།

བྱིས་པ་སྐྱེས་མ་ཐག་གི་དུས་ཚོད24ནང་དུ།

བྱིས་པ་ཤིན་ཏུ་བདེ་བོ་ཡིན་པས། དུས་ཚོད24ནང་དུ་མཆིན་ནད་ཁ་བའི་འགོག་སྨན་དང་པོ་རྒྱག་དགོས། དེ་ནས་ཁཱ་ཅེ་འགོག་སྨན་རྒྱག་དགོས།

ཐེངས་འདིའི་འགོག་སྨན་བརྒྱབ་ཚར་རྗེས་ངས་ཁྱེད་ཀྱི་བྱིས་པར་འགོག་སྨན་རྒྱག་པའི་འཛིན་ཡིག་ཅིག་སྟེར། ཁྱེད་ཀྱིས་འཛིན་ཡིག་འདིར་བདག་བྱ་དགོས་ལ། རྗེས་སུ་འགོག་སྨན་རྒྱག་སྐབས་མཁོ། ཁྱེད་ཚོའི་འཕྲོད་བསྟེན་ཁང་ལ་བརྡ་བརྒྱབ་ནས་འགོག་སྨན་རྒྱག་པའི་བྱང་བུའང་བཟོ་དགོས། བྱིས་པ་ཟླ་གཅིག་ལོན་རྗེས་མཆིན་ནད་ཁ་བའི་འགོག་སྨན་ཐེངས་གཉིས་པ་རྒྱག་དགོས།

འགོག་སྨན་གྱི་མིང་། མཆིན་ནད་ཁ་བའི་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་བར་དཀྱིལ།

རྒྱག་ཐབས། ཤ་གནད་དུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

འགོག་སྨན་གྱི་མིང་། ཁཱ་ཅེ་འགོག་སྨན།

རྒྱག་ཡུལ། དཔུང་བའི་གཡས་ཀྱི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འབྱར་ཡུལ་གྱི་བར་དཀྱིལ།

རྒྱག་ཐབས། པགས་ནང་དུ་རྒྱག་པ།

རྒྱག་ཚད།0.1ml/རྒྱག་ཐེངས།

བྱིས་པ་ཟླ་གཅིག་ལོངས་རྗེས།

ཁྱེད་ཚང་གི་བྱིས་པ་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་ཡིན། ཟླ་གཅིག་ལོངས་སོང་། འགོག་སྨན་ཅི་ཞིག་རྒྱག་རྒྱུ་ཡིན།

དེ་རིང་བྱིས་པར་མཆིན་ནད་ཁ་བའི་འགོག་སྨན་ཐེངས་གཉིས་པ་རྒྱག་པ་ཡིན། ཉིན30ཡི་རྗེས་སུ་ཡང་བསྐྱར་བྱིས་པར་འགོག་སྨན་རྒྱག་ངེས་ཡིན།

བྱིས་པ་ན་ཡོད་ཚེ། བྱིས་པ་བདེ་བོར་བྱུང་རྗེས་འགོག་སྨན་རྒྱག་དགོས།

འགོག་སྨན་གྱི་མིང་། མཆིན་ནད་ཁ་བའི་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་བར་དཀྱིལ།

རྒྱག་ཐབས། ཤ་གནད་དུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

འགོག་སྨན་རྒྱག་མཁན་སྨན་པས་འགོག་སྨན་བརྒྱབ་པའི་རེའུ་མིག་ཐོ་འགོད།

བྱིས་པའི་མིང་། ཕོ་མོ། སྐྱེས་དུས། འགོག་སྨན་བརྒྱབ་པའི་དུས་ཚོད། འགོག་སྨན་གྱི་མིང་། འགོག་སྨན་གྱི་ཆོག་ ཨང་། སྨན་པ། ཁྱིམ་བདག

བཀྲ་ཤིས། ཕོ།2011.10.15 2011.11.15མཆིན་ནད་ཁ་བ།201160103ཚེ་རིང་། བསོད་ནམས།

བྱིས་པ་ཟླ་གཉིས་ལོངས་རྗེས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གའི་ནང་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))་

བདེ་བོ་ཡིན།

དེ་རིང་བྱིས་པར་རིལ་བུ་ཞིག་ཟ་རུ་འཇུག་པ་ཡིན། ཀ་རིལ་འདི་མ་ཟོས་སྔོན་གྱི་དུས་ཚོད་ཕྱེད་ཀའི་རིང་ལ་ནུ་མ་ནུ་རུ་འཇུག་མི་རུང་། ཀ་རིལ་འདི་ཟོས་རྗེས་ཀྱི་དུས་ཚོད4ཡི་ནང་དུ་ནུ་མ་ལྡུད་མི་རུང་བ་དང་ཆུ་ཁོལ་འཐུང་དུ་འཇུག་མི་རུང་། འོ་མ་འཐུང་ཆོག ཉིན30ཡི་རྗེས་སུ་ཡང་བསྐྱར་འགོག་སྨན་རྒྱག་དགོས།

བྱིས་པ་ན་ཡོད་ཚེ། བྱིས་པ་བདེ་བོ་བྱུང་རྗེས་ཀ་རིལ་ཟ་རུ་འཇུག་དགོས།

འགོག་སྨན་གྱི་མིང་། རྒྱུངས་སྐྱའི་འགོག་སྨན།

རྒྱག་ཐབས། ཟ་བ། (རིལ་བུ་གཅིག་ཁག་བུ་ནང་དུ་བཞག་ནས་ཆུ་ཁོལ་འཁྱགས་པོ་དང་མཉམ་དུ་ལྡུད་དགོས། )

འཐུང་ཚད། རིལ་བུ་གཅིག

འགོག་སྨན་རྒྱག་མཁན་སྨན་པས་འགོག་སྨན་བརྒྱབ་པའི་རེའུ་མིག་ཐོ་འགོད།

བྱིས་པའི་མིང་། ཕོ་མོ། སྐྱེས་དུས།འགོག་སྨན་བརྒྱབ་པའི་དུས་ཚོད།འགོག་སྨན་གྱི་མིང་།འགོག་སྨན་གྱི་ཆོག་ ཨང་། སྨན་པ།ཁྱིམ་བདག

བཀྲ་ཤིས། ཕོ།2011.10.15 2011.11.15ཀ་རིལ།20110839ཚེ་རིང་། བསོད་ནམས།

བྱིས་པ་ཟླ3དང་ཟླ4ལ་ལོན་རྗེས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་ཡིན།

བྱིས་པར་ཀ་རིལ་ཞིག་ལྡུད་རྒྱུ་ཡིན། དེ་ལས་གཞན་ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན་རྒྱག་པ་ཡིན། ཉིན30ཡི་རྗེས་སུ་བྱིས་པར་ཡང་བསྐྱར་ཀ་རིལ་ཞིག་ལྡུད་པ་དང་། ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན་རྒྱག་པ་ཡིན།

བྱིས་པ་ན་ཡོད་ཚེ་བདེ་བོ་བྱུང་རྗེས་འགོག་སྨན་རྒྱག་པའམ་ལྡུད་དགོས།

འགོག་སྨན་གྱི་མིང་། རྒྱུངས་སྐྱའི་འགོག་སྨན།

རྒྱག་ཐབས། ཟ་བ། (རིལ་བུ་གཅིག་སྐྱོགས་ཆུང་བཞག་ནས་ཆུ་ཁོལ་འཁྱགས་པོ་དང་མཉམ་དུ་ལྡུད་དགོས། )

འཐུང་ཚད། རིལ་བུ་གཅིག

འགོག་སྨན་གྱི་མིང་། ཉིན་མགྲིན་རྨ་གསུམ་གྱི་མཉམ་འདུས་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་བར་དཀྱིལ།

རྒྱག་ཐབས། ཤ་གནད་དུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

འགོག་སྨན་རྒྱག་མཁན་སྨན་པས་འགོག་སྨན་བརྒྱབ་པའི་རེའུ་མིག་ཐོ་འགོད།

བྱིས་པའི་མིང་། ཕོ་མོ། སྐྱེས་དུས། འགོག་སྨན་བརྒྱབ་པའི་དུས་ཚོད། འགོག་སྨན་གྱི་མིང་། འགོག་སྨན་གྱི་ཆོག་ ཨང་། སྨན་པ། ཁྱིམ་བདག

བཀྲ་ཤིས། ཕོ།2011.10.15 2012.1.15ཀ་རིལ།20110839ཚེ་རིང་། བསོད་ནམས།

བཀྲ་ཤིས། ཕོ།2011.10.15 2012.1.15ཉིན་མགྲིན་རྨ་གསུམ།20110618ཚེ་རིང་། བསོད་ནམས།

བྱིས་པ་ཟླ5ལ་བུད་རྗེས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་རེད། སྨན་པ་ལགས། དེ་རིང་ཁབ་ཅི་ཞིག་རྒྱག་པ་ཡིན།

བྱིས་པ་ཟླ་ལྔ་ལ་བུད་ཡོད་པས་ཉིན་མགྲིན་རྨ་གསུམ་གྱི་མཉམ་འདུས་འགོག་སྨན་ཐེངས་གསུམ་པ་རྒྱག་པ་ཡིན། ཟླ་བ་རྗེས་མར་བྱིས་པར་ད་རུང་བྱིས་པར་ཁབ་གཉིས་རྒྱག་པ་ཡིན།

བྱིས་པ་ན་ཡོད་ཚེ་བདེ་བོ་བྱུང་རྗེས་འགོག་སྨན་རྒྱག་དགོས།

འགོག་སྨན་གྱི་མིང་། ཉིན་མགྲིན་རྨ་གསུམ་གྱི་མཉམ་འདུས་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་བར་དཀྱིལ།

རྒྱག་ཐབས། ཤ་གནད་དུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

འགོག་སྨན་རྒྱག་མཁན་སྨན་པས་འགོག་སྨན་བརྒྱབ་པའི་རེའུ་མིག་ཐོ་འགོད།

བྱིས་པའི་མིང་། ཕོ་མོ། སྐྱེས་དུས།འགོག་སྨན་བརྒྱབ་པའི་དུས་ཚོད།འགོག་སྨན་གྱི་མིང་།འགོག་སྨན་གྱི་ཆོག་ ཨང་། སྨན་པ།ཁྱིམ་བདག

བཀྲ་ཤིས། ཕོ།2011.10.15 2012.1.15ཀ་རིལ།20110839ཚེ་རིང་། བསོད་ནམས།

བཀྲ་ཤིས། ཕོ།2011.10.15 2012.1.15ཉིན་མགྲིན་རྨ་གསུམ།20110618ཚེ་རིང་། བསོད་ནམས།

བྱིས་པ་ཟླ6ལ་བུད་རྗེས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་རེད། སྨན་པ་ལགས། ད་རུང་འགོག་ཁབ་རྒྱག་པ་ཡིན་ནམ།

ཡིན་ལགས།

མཆིན་ནད་ཁ་བའི་འགོག་སྨན་ཐེངས་གསུམ་པ་དངAཚོགས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན་ཐེངས་དང་པོ་རྒྱག་པ་ཡིན། ཐེངས་གཅིག་ལ་སླེབས་པའང་སླ་མོ་མིན་པས། དེ་རིང་ཁབ་འདི་གཉིས་མཉམ་དུ་རྒྱག་པ་ཡིན། བྱིས་པ་ཟླ8ལ་བུད་རྗེས་ང་ཡིས་ཡང་བསྐྱར་རྒྱག་པ་ཡིན།

འགོག་སྨན་གྱི་མིང་།Aཚོགས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགྲམ།

རྒྱག་ཐབས། པགས་འོག་ཏུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

འགོག་སྨན་གྱི་མིང་། མཆིན་ནད་ཁ་བའི་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་བར་དཀྱིལ།

རྒྱག་ཐབས། ཤ་གནད་དུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

འགོག་སྨན་རྒྱག་མཁན་སྨན་པས་འགོག་སྨན་བརྒྱབ་པའི་རེའུ་མིག་ཐོ་འགོད།

བྱིས་པའི་མིང་། ཕོ་མོ། སྐྱེས་དུས།འགོག་སྨན་བརྒྱབ་པའི་དུས་ཚོད།འགོག་སྨན་གྱི་མིང་།འགོག་སྨན་གྱི་ཆོག་ ཨང་། སྨན་པ།ཁྱིམ་བདག

བཀྲ་ཤིས། ཕོ།2011.10.15 2012.1.15མཆིན་ནད་ཁ་བ།201260103ཚེ་རིང་། བསོད་ནམས།

བཀྲ་ཤིས། ཕོ།2011.10.15 2012.1.15 Aཚོགས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད2012010102ཚེ་རིང་། བསོད་ནམས།

བྱིས་པ་ཟླ8ལ་བུད་རྗེས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་རེད། སྨན་པ་ལགས།

བྱིས་པ་ཟླ8ལོན་སོང་། སྙིང་རྗེ་བོ་འདུག སིབ་བུ་དང་མཛེ་ནད་ཀྱི་འགོག་སྨན་བརྒྱབ་ན་སིབ་བུ་དང་མཛེ་ནད་སྔོན་འགོག་བྱ་ཐུབ། ཐེངས་འདིའི་འགོག་སྨན་བརྒྱབ་ནས་ཚར་རྗེས། བྱིས་པ་ལོ་གཅིག་ལ་བུད་རྗེས་ད་རུང་བྱིས་པར་ད་རུང་འགོག་སྨན་རྒྱག་དགོས།

འགོག་སྨན་གྱི་མིང་། སིབ་བུ་དང་མཛེ་ནད་ཀྱི་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགྲམ།

རྒྱག་ཐབས། པགས་འོག་ཏུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

འགོག་སྨན་རྒྱག་མཁན་སྨན་པས་འགོག་སྨན་བརྒྱབ་པའི་རེའུ་མིག་ཐོ་འགོད།

བྱིས་པའི་མིང་། ཕོ་མོ། སྐྱེས་དུས། འགོག་སྨན་བརྒྱབ་པའི་དུས་ཚོད། འགོག་སྨན་གྱི་མིང་། འགོག་སྨན་གྱི་ཆོག་ ཨང་། སྨན་པ། ཁྱིམ་བདག

བཀྲ་ཤིས། ཕོ།2011.10.15 2012.6.15སིབ་བུ་དང་མཛེ་ནད།2012040201ཚེ་རིང་། བསོད་ནམས།

བྱིས་པ་ལོ1གི་སྟེང་དུ།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་རེད། སྨན་པ་ལགས།

བྱིས་པ་ལོ1ལ་སོན་སོང་། དེ་རིང་Aཚོགས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན་ཐེངས་གཉིས་པ་རྒྱག་པ་ཡིན། ཐེངས་འདིར་བརྒྱབ་ཚར་རྗེས། བྱིས་པ་ལོ1དང་ཕྱེད་ཀའི་སྟེང་དུ་རྒྱག་པ་ཡིན།

བྱིས་པ་ན་ཡོད་ཚེ་བདེ་བོ་བྱུང་རྗེས་ད་གཟོད་འགོག་སྨན་རྒྱག་པ་ཡིན།

འགོག་སྨན་གྱི་མིང་།Aཚོགས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགྲམ།

རྒྱག་ཐབས། པགས་འོག་ཏུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

Aཚོགས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན་ཐེངས་གཉིས་པ་དང་ཐེངས་དང་པོའི་བར་དུ་ཟླ3ཡན་ཡོད་དགོས།

བྱིས་པ་ལོ་གཅིག་དང་ཕྱེད་ཀར་སོན་སྐབས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་རེད། སྨན་པ་ལགས། ངའི་བྱིས་པ་ལོ་གཅིག་དང་ཕྱེད་ཀར་སོན་ཡོད། ཅི་ཞིག་གི་འགོག་སྨན་རྒྱག་པ་ཡིན།

མཆིན་ནད་ཀ་བའི་འགོག་སྨན་ཐེངས་དང་པོ་དང་སིབ་རྣ་ཟྭ་གསུམ་གྱི་འགོག་སྨན་རྒྱག་པ་ཡིན། ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན་ཐེངས་དང་པོའང་རྒྱག་རྩིས་ཡོད་ལ། དེ་རིང་འགོག་སྨན་གཉིས་བརྒྱབ་པས་བྱིས་པ་ལོ་གཉིས་ལ་སོན་རྗེས། ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན་རྒྱག་པ་ཡིན།

བྱིས་པ་ན་ཡོད་ཚེ་བདེ་བོར་བྱུང་རྗེས་ད་གཟོད་འགོག་སྨན་རྒྱག་པ་ཡིན།

འགོག་སྨན་རིགས་གཉིས་གནས་མི་འདྲ་བར་རྒྱག་དགོས་ལ། འགོག་སྨན་རྒྱག་མཁན་གྱིས་སྨན་པས་འགོག་སྨན་བརྒྱབ་པ་ཐོ་འགོད་བྱ་དགོས།

འགོག་སྨན་གྱི་མིང་། མཆིན་ཚད་ཀ་བའི་དུག་འཕྲི་གསོན་པོའི་འགོག་སྨན།

རྒྱག་ཡུལ། དཔུང་བའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགྲམ།

རྒྱག་ཐབས། པགས་འོག་ཏུ་རྒྱག་པ།

རྒྱག་ཚད།0.1ml/རྒྱག་ཐེངས།

འགོག་སྨན་གྱི་མིང་། སིབ་རྣ་ཟྭ་གསུམ་གྱི་འགོག་སྨན།

རྒྱག་ཡུལ། དཔུང་བ་གཡོན་པའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགྲམ།

རྒྱག་ཐབས། པགས་འོག་ཏུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

བྱིས་པ་ལོ2ལ་སོན་རྗེས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་རེད། སྨན་པ་ལགས།

དེ་རིང་ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན་ཐེངས4པ་རྒྱག་པ་ཡིན། བྱིས་པ3ལ་སོན་རྗེས་A+Cཀླད་

རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན་རྒྱག་པ་ཡིན།

འགོག་སྨན་རྒྱག་མཁན་གྱི་སྨན་པས་ཐོ་འགོད་བྱ་དགོས།

འགོག་སྨན་གྱི་མིང་། ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན།

རྒྱག་ཡུལ། དཔུང་བ་འི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་གྱི་སྟེང་།

རྒྱག་ཐབས། ཤ་གནད་འོག་ཏུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

བྱིས་པ་ལོ3ལ་སོན་སྐབས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་རེད། སྨན་པ་ལགས། ངའི་བྱིས་པ་ལོ3སོན་ཡོད། ད་རུང་འགོག་སྨན་རྒྱག་པ་ཡིན་ནམ།

ཡིན་ལགས། ལོ6ལ་སོན་རྗེས་འགོག་སྨན་ཚང་མ་ཚང་མ་བརྒྱབ་ཚར་བ་ཡིན། ཐེང འདིར་A+Cཀླད་

རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན་གཅིག་རྒྱག་པ་ཡིན། ལོ4ལ་སོན་རྗེས་ཀ་རིལ་ཞིག་ལྡུད་པ་ཡིན། ལོ6ལ་སོན་སྐབསA+Cཀླད་

རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན་ཡང་བསྐྱར་ཐེངས་གཅིག་དང་མགྲིན་རྨའི་འགོག་སྨན་ཐེངས་གཅིག་ལ་བརྒྱབ་ན་ཆོག

བྱིས་པ་ན་ཡོད་ཚེ་བདེ་བོ་བྱུང་རྗེས་ད་གཟོད་འགོག་སྨན་རྒྱག་དགོས།

འགོག་སྨན་གྱི་མིང་།A+Cཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན།

རྒྱག་ཡུལ།དཔུང་བ་གཡོན་པའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགྲམ།

རྒྱག་ཐབས། པགས་འོག་ཏུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

བྱིས་པ4ལ་སོན་སྐབས།

ཁྱེད་ཚང་གི་བྱིས་པ་ཉིན་འདི་གར་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་རེད། སྨན་པ་ལགས།

དེ་རིང་ཨ་ནེ་ཡིས་ཁྱེད་ལ་ཀ་རིལ་ཞིག་སྟེར། ལོ4ལ་སོན་པའི་བྱིས་པ་ཚང་མར་རེ་རེ་ཡོད། ཆུ་དང་མཉམ་དུ་ཀ་རིལ་འདི་མིད་དགོས། ཆུ་འཁྱགས་ཏོ་ཡིན་དགོས།

བྱིས་པ་ན་ཡོད་ཚེ་བདེ་བོ་བྱུང་རྗེས་ཀ་རིལ་འཐུང་དགོས།

འགོག་སྨན་གྱི་མིང་། རྒྱུངས་སྐྱའི་འགོག་སྨན།

རྒྱག་ཐབས། ཟ་བ།

འཐུང་ཚད། རིལ་བུ་གཅིག

བྱིས་པ6ལ་སོན་སྐབས།

ཁྱེད་ཚང་གི་བྱིས་པ་བདེ་བོ་ཡིན་ནམ། (བྱིས་པ་ན་ཡོད་མེད་ངོས་འཛིན་བྱེད་པ))

བདེ་བོ་ཡིན། སྨན་པ་ལགས། ལོ6ལ་སོན་སོང་།

གྲོགས་པོ་ཆུང་ཆུང་ལགས། ཁྱེད་རང་ལོ6ལ་སོན་པསA+Cཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན་ཐེངས་གཉིས་པ་རྒྱག་དགོས་པ་དང་། འགོག་སྨན་འདི་བརྒྱབ་རྗེས་གཞུག་ཕྱོགས་ཁྱེད་ལ་ཀླད་རྒྱུངས་ཀྱི་འགོས་ནད་འགོ་མི་སྲིད། དེ་མ་ཟད་ཁྱེད་ལ་མགྲིན་རྨའི་འགོག་སྨན་ཞིག་རྒྱག་པ་ཡིན། འདི་བརྒྱབ་ནས་ཚར་རྗེས་རྒྱལ་ཁབ་ཀྱིས་གཏན་དུ་ཕབ་པའི་རིན་མེད་འགོག་སྨན་ཚང་མ་བརྒྱབ་ཚར་སོང་། ཁྱེད་ཀྱི་འགོག་སྨན་རྒྱག་པའི་འཛིན་ཡིག་ངེས་པར་བདག་སྐྱོང་བྱ་དགོས། སློབ་གྲྭར་ཞུགས་སྐབས་དགེ་རྒན་གྱིས་འདི་ཡོད་མེད་ལ་ཞིབ་བཤེར་བྱེད་པ་ཡིན། ཤེས་ཐལ།

བྱིས་པ་ན་ཡོད་ཚེ་བདེ་བོར་བྱུང་རྗེས་ད་གཟོད་འགོག་སྨན་རྒྱག་པ་ཡིན།

འགོག་སྨན་གྱི་མིང་།A+Cཀླད་རྒྱུངས་སྐྱི་མོའི་གཉན་ཚད་ཀྱི་འགོག་སྨན།

རྒྱག་ཡུལ།དཔུང་བ་གཡོན་པའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག་གི་འབྱར་ཡུལ་གྱི་ཉེ་འགྲམ།

རྒྱག་ཐབས། པགས་འོག་ཏུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

འགོག་སྨན་གྱི་མིང་། མགྲིན་རྨའི་འགོག་སྨན།

རྒྱག་ཡུལ།དཔུང་བ་གཡས་པའི་ཕྱི་རོལ་གྱི་ཤ་གནད་ཟུར་གསུམ་འོག

རྒྱག་ཐབས། ཤ་གནད་འོག་ཏུ་རྒྱག་པ།

རྒྱག་ཚད།0.5ml/རྒྱག་ཐེངས།

བཞི། དུས་ཐོག་ཏུ་འགོག་སྨན་མ་བརྒྱབ་པར་འགོག་སྨན་རྒྱག་པའི་གསལ་བྱེད།

རིམས་ཐར་གོ་རིམ་ལྟར་རྨང་གཞི་རིམས་ཐར་མ་བྱས་པ་དག ལོ་ཚདδ14ཡི་བྱིས་པ་རྣམས་ལ་གཤམ་གྱི་རྩ་དོན་ལྟར་འགོག་སྨན་ཁ་གསབ་བྱ་དགོས།

⑴རྒྱལ་ཁབ་ཀྱི་རིམས་ཐར་འཆར་འགོད་ལྟར་འགོག་སྨན་མ་བརྒྱབ་པའི་བྱིས་པ་རྣམས་ལ་རིམས་ཐར་གོ་རིམ་ལྟར་འགོག་སྨན་ཁ་གསབ་བྱ་དགོས།

⑵རྒྱལ་ཁབ་ཀྱི་རིམས་ཐར་འཆར་འགོད་ཀྱི་འགོག་སྨན་གྱི་རིམས་ཐར་གོ་རིམ་གཏན་འབེབས་བྱས་པའི་རྒྱག་ཐེངས་ཡོངས་འགྲུབ་མ་བྱས་པའི་བྱིས་པར་འགོག་སྨན་ཡོངས་འགྲུབ་མ་བྱས་པའི་རྒྱག་ཐེངས་ཁ་གསབ་བྱ་དགོས།

⑶ཉིན་མགྲིན་རྨ་གསུམ་འགོག་སྨན་གྱི་རིམས་ཐར་གོ་རིམ་ཡོངས་འགྲུབ་མ་བྱས་པའི་བྱིས་པ་སྟེ། ལོ3ནས་ལོ5བར་གྱི་བྱིས་པར་ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན་བཀོལ་བ་དང་། ལོ6ནས11བར་གྱི་བྱིས་པར་མགྲིན་རྨ་མཉམ་འདྲེས་ཀྱི་འགོག་སྨན་བཀོལ་དགོས། ལོ12ཡན་གྱི་བྱིས་པར་དར་མའམ་ན་གཞོན་དུ་བཀོལ་བའི་མགྲིན་རྨ་མཉམ་བསྲེས་ཀྱི་འགོག་སྨན་རྒྱག་དགོས།

⑷རྒྱུངས་སྐྱའི་འགོག་སྨན་གྱི་རིམས་ཐར་གོ་རིམ་ཡོངས་འགྲུབ་མ་བྱས་པའི་བྱིས་པ་སྟེ། ལོ4མན་གྱི་བྱིས་པར་རྒྱག་ཐེངས3(རིམས་ཐར་བཙན་པོ་སོགས་འདུས)མ་ལོན་ན། ཁ་གསབ་རྒྱག་ཐེངས3ལོན་དགོས། ལོ4ཡན་གྱི་བྱིས་པར་རྒྱག་ཐེངས4(རིམས་ཐར་བཙན་པོ་སོགས་འདུས)མ་ལོན་ན། ཁ་གསབ་རྒྱག་ཐེངས4ཡོངས་འགྲུབ་བྱ་དགོས།

⑸སིབ་བུའི་འགོག་སྨན་གྱི་རིམས་ཐར་གོ་རིམ་ཡོངས་འགྲུབ་མ་བྱས་པའི་བྱིས་པར་རྒྱག་ཐེངས2(རིམས་ཐར་བཙན་པོ་སོགས་འདུས)མ་ལོན་ན། ཁ་གསབ་རྒྱག་ཐེངས2ཡོངས་འགྲུབ་བྱ་དགོས།

⑹ཁཱ་ཅེ་འགོག་སྨན་མ་བརྒྱབ་པའི་ཟླ་གསུམ་མན་གྱི་བྱིས་པར་ཐད་ཀར་ཁ་གསབ་བྱས་ཆོག ཟླ3ནས་ལོ3བར་གྱི་བྱིས་པརPPDཡིས་བརྟག་ནས་ཁ་གསབ་བྱ་དགོས། ལོ4ཡན་གྱི་བྱིས་པར་ཁ་གསབ་བྱ་མི་དགོས།

འགོག་སྨན་རྒྱག་པའི་འཛིན་ཡིག་དང་བྱང་བུའི་དོ་དམ།

འགོག་སྨན་རྒྱག་པའི་འཛིན་ཡིག་དང་བྱང་བུ་ནི་འགོག་སྨན་རྒྱག་མཁན་གྱི་ལས་བྱེད་པས་ཁ་སྐོང་བྱ་དགོས། ཡི་གེ་གྲལ་དག་ཅིང་གསལ་བོ་ཡིན་པའི་ཁར་མ་ལུས་པར་སྐོང་དགོས། དུས་ཚོད(ཟླ་ཚེས)འབྲི་ཡུལ་དུ་བྲིས་པའི་ཟླ་ཚེས་སྤྱི་ཟླ་ཡིན་དགོས།

བྱིས་པར་འགོག་སྨན་རྒྱག་པའི་འཛིན་ཡིག་སྟེར་བ་དང་ཉར་ཚགས་བྱ་དགོས།

འགོག་སྨན་རྒྱག་པའི་འཛིན་ཡིག་ནི་བྱིས་པར་འགོག་སྨན་བརྒྱབ་པའི་ཟིན་ཐོའི་བདེན་དཔང་ཡིན་ལ། བྱིས་པ་སོ་སོར་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་འགོག་སྨན་རྒྱག་པའི་འཛིན་ཡིག་སྟེར་དགོས་པར་མ་ཟད་འགོག་སྨན་རྒྱག་དགོས། འགོག་སྨན་རྒྱག་པའི་འཛིན་ཡིག་གམ་བྱང་བུ་ལ་འགོག་སྨན་རྒྱག་ཡུལ་གྱི་བྱིས་པ་དེའི་སྡོད་ཡུལ་ལྟར་གང་ལ་གཏོགས་པ་དེས་དོ་དམ་བྱ་དགོས། བྱིས་པ་བཙས་ནས་ཟླ1གི་ནང་དུ། དེའི་ལྟ་སྐྱོང་པས་བྱིས་པ་སྡོད་ཡུལ་གྱི་འགོག་སྨན་རྒྱག་པའི་བྱ་བ་འགན་དུ་འཁུར་ཡོད་པའི་འགོག་སྨན་རྒྱག་པའི་ལས་ཁུངས་ནས་འགོག་སྨན་རྒྱག་པའི་འཛིན་ཡིག་ལེན་དགོས། དུས་ལྟར་མ་ལངས་པའམ་འཛིན་ཡིག་བོར་ཚེ་དུས་ཐོག་ཏུ་འགོག་སྨན་རྒྱག་པའི་ལས་ཁུངས་ནས་ཁ་གསབ་བྱ་དགོས། བཙའ་སྐྱེ་ཚན་ཁག་བཙུགས་ཡོད་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙས་མ་ཐག་གི་བྱིས་པའི་ལྟ་སྐྱོང་པར་བཤད་ནས་དུས་ཐོག་ཏུ་སྡོད་ཡུལ་གྱི་འགོག་སྨན་རྒྱག་པའི་ལས་ཁུངས་ནས་འགོག་སྨན་རྒྱག་པའི་འཛིན་ཡིག་གམ་བྱང་བུ་ལེན་དུ་འཇུག་དགོས།

འགོག་སྨན་རྒྱག་པའི་འཛིན་ཡིག་ལ་བྱིས་པའི་ལྟ་སྐྱོང་པས་ཡུན་རིང་དུ་ཉར་ཚགས་བྱ་དགོས་པར་མ་ཟད། བྱིས་པ་ལོ7ལ་སོན་རྗེས་ཉུང་མཐར་ཡང་ལོ་ངོ15ལ་ཉར་ཚགས་བྱ་དགོས།

རྒྱུ་ཆ་འཚོལ་བསྡུ་དང་དོ་དམ།

⒈མི་འབོར་རྒྱུ་ཆ། སྤྱིའི་མི་འབོར་དང་ལོ་ཚོད15མན(ལོ་ཚད15མི་འདུས་ཤིང་དེའི་མན)གྱི་ལོ་ཚོད་སྣ་ཚོགས་ལས་གྲུབ་པའི་མི་འབོར་གྲུབ་ཚུལ་གྱི་རྒྱུ་ཆ། སྐྱེས་པའི་མི་གྲངས། ཤི་བའི་མི་གྲངས། ཟླ་རེར་སྐྱེས་པའི་མི་གྲངས། བྱང་བུ་བྱིན་པའི་མི་གྲངས། འཛིན་ཡིག་བྱིན་པའི་མི་གྲངས། བྱིས་པ་གཞན་ལ་སྤར་བའམ་ནང་དུ་སྤར་བའི་གནས་ཚུལ།

⒉རྒྱལ་ཁབ་ཀྱི་རིམས་ཐར་འཆར་འགོད་ཀྱི་འགོག་སྨན་ལས་འགོས་ནད་ན་བའི་མི་གྲངས་དང་ཤི་བའི་མི་གྲངས།

⒊འགོག་སྨན་དང་ཡོ་ཆས་བསྡུ་ལེན་བྱས་པའི་ཟིན་ཐོ་དང་བཀོལ་སྤྱོད་བྱས་པའི་གནས་ཚུལ་སོགས།

⒋དྲིལ་བསྒྲགས་རྒྱུ་ཆ་སྣ་ཚོགས།

འགོག་སྨན་གྱིས་རྒྱུན་ལྡན་མ་ཡིན་པའི་ཚོར་ལོག་བསྐྱེད་པའི་དོགས་ཡོད་སྙན་ཞུ(AEFI)།

འགོག་སྨན་གྱིས་རྒྱུན་ལྡན་མ་ཡིན་པའི་ཚོར་ལོག་བསྐྱེད་པར་དོགས་པ་ཟེར་བ་ནི་འགོག་སྨན་བརྒྱབ་རྗེས་བྱུང་པའི་དོགས་པའམ་འགོག་སྨན་བརྒྱབ་པའི་འབྲེལ་ཡོད་ཀྱི་ཚོར་ལོག་གམ་དོན་རྐྱེན་ཡིན།

འགོག་སྨན་རྒྱག་མཁན་གྱི་སྨན་པས་འགོག་སྨན་གྱི་རྒྱུན་ལྡན་མ་ཡིན་པའི་ཚོར་ལོག་ལ་དོགས་པ་ཡོད་ན། མྱུར་དུ་སྡོད་ཡུལ་དེའི་རྫོང(ས་ཁུལ)རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ལ་ཡར་ཞུ་བྱ་དགོས། དེ་མ་ཟད་འགོག་སྨན་བརྒྱབ་པའི་རྒྱུན་ལྡན་མ་ཡིན་པའི་ཚོར་ལོག་གི་དོགས་པ་མི་རེ་རེའི་ཡར་ཞུའི་ཐོ་འགོད་རེའུ་མིག་ཏུ་འགོད་དགོས། ཡར་ཞུའི་ནང་དོན་གཙོ་བོ་ནི་མིང་དང་ཕོ་མོ། བཙའ་བའི་ཟླ་ཚེས། བྱིས་པའི་ལྟ་སྐྱོང་པའི་མིང་། སྡོད་ཡུལ། བརྒྱབ་པའི་འགོག་སྨན་གྱི་མིང་། རྒྱག་ཐེངས། བརྒྱབ་པའི་དུས་ཚོད། ཡར་ཞུ་དུས་ཚོད། སྨན་བཅོས་བྱས་པའི་བརྒྱུད་རིམ་གཙོ་བོ། གང་དུ་བསྟེན་པའི་ལས་ཁུངས། ཐོག་མའི་སྨན་བཅོས་བྱས་པའི་ནད་བརྟག ཡར་ཞུ་ལས་ཁུངས། ཡར་ཞུ་པ། ཡར་ཞུ་ཟླ་ཚེས་སོགས་ཡིན།

འགོག་སྨན་བརྒྱབ་པ་དང་འབྲེལ་ནས་ཤི་བ་དང་དབང་བོ་སྐྱོན་ཅན་ཛ་དྲག་ཏུ་གྱུར་པ། ཚོགས་པའི་རང་བཞིན་དུ་འགོག་སྨན་བརྒྱབ་པའི་རྒྱུན་ལྡན་མ་ཡིན་པའི་ཚོར་ལོག་བྱུང་བར་དོགས་པ་ཡོད་པ། སྤྱི་ཚོགས་སྟེང་དུ་ཤུགས་རྐྱེན་ཆེ་བའི་འགོག་སྨན་བརྒྱབ་པའི་རྒྱུན་ལྡན་མ་ཡིན་པའི་ཚོར་ལོག་ཡོད་པ་བཅས་ཀྱི་སྐབས་སུ། ཡར་ཞུ་འགན་འཁུར་ཡོད་པའི་ལས་ཁུངས་དང་ཡར་ཞུ་པས་ཚོར་ལོག་ཡོད་པ་ཤེས་རྗེས་དུས་ཚོད2ཀྱི་ནང་དུ་ཡུལ་དེའི་རྫོང་རིམ་པའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཡར་ཞུ་བྱ་དགོས།

འགོག་སྨན་རྒྱག་པའི་གཟབ་བྱའི་དོན་ཚན།

1.སྨན་ཁབ་རིགས་ཀྱི་དུག་འཕྲི་གསོན་པོའི་འགོག་སྨན་རིགས་གཉིས་མཉམ་གཅིག་ཏུ་བརྒྱབ་ཆོག་ལ། རིགས་མི་འདྲ་ན་འགོག་སྨན་གཉིས་ཀྱི་བར་ཐག་ལ་ཉུང་མཐར་ཡང་ཉིན28ཡོད་དགོས། དཔེར་ན། ལོ་གཅིག་དང་ཕྱེད་ཀའི་སྟེང་སིབ་ཟྭ་འབྲུམ་གསུམ་གྱི་འགོག་སྨན་དང་མཆིན་ནད་ཀ་བའི་འགོག་སྨན་གཉིས་མཉམ་གཅིག་ཏུ་རྒྱག་མི་རུང་། སིབ་ཟྭ་འབྲུམ་གསུམ་གྱི་འགོག་སྨན་བརྒྱབ་ནས་ཉིན28ཀྱི་རྗེས་སུ་ད་གཟོད་མཆིན་ནད་ཀ་བའི་འགོག་སྨན་རྒྱག་དགོས།

2.འཇིབ་བྱེད་རྫས་འདུས་པའི་འགོག་སྨན་མ་བརྒྱབ་པའི་སྔོན་དུ། སྐྱོགས་ཆུང་གིས་འགོག་སྨན་གང་ལེགས་ཀྱིས་དཀྲུགས་དགོས། དཔེར་ན། ཉིན་མགྲིན་རྨ་གསུམ་གྱི་འགོག་སྨན་དང་མགྲིན་རྨའི་འགོག་སྨན། མཆིན་ནད་ཁ་བའི་འགོག་སྨན་བཅས།

3.ཁ་སྦྱར་ཤེལ་དམ་ཁ་ཕྱེས་རྗེས། བཀོལ་མ་ཚར་བའི་འགོག་སྨན་གྱི་ཁ་སྲིལ་བལ་གཙང་མ་ཞིག་གིས་བཅད་ནས་འཁྱགས་ཉར་བྱ་དགོས། འགོག་སྨན་དུས་ཚོད་ཕྱེད་ཀྱི་རིང་ལ་བཀོལ་མ་ཚར་ན་འགོག་སྨན་ཕྱིར་འཕེན་དགོས།

4.བཀོལ་ཡུན་ལས་བརྒལ་བ་དང་མདོག་འགྱུར་བ། སྦག་བཙོག་ཐེབས་པ། གཡུགས་ཞི་བ་མེད་པ་སྙིགས་རོ། མཚོན་རྟགས་མེད་པའམ་མཚོན་རྟགས་གསལ་བོ་མིན་པ། འགོག་སྨན་གི་ཤེལ་དམ་གས་རིས་ཡོད་པ་བཅས་ཀྱི་འགོག་སྨན་ཚང་མ་བཀོལ་མི་རུང་།

5. 70%ཡི་ཆང་བཅུད་སྲིང་བལ་དང་སྲིང་མགོ་གཙང70%ཆང་བཅུད་ཀྱིས་འགོག་སྨན་རྒྱག་ཡུལ་གྱི་གནས་དེའི་པགས་པར་དུག་སེལ་བྱས་ནས་སྐམ་རྗེས་འགོག་སྨན་རྒྱག་དགོས།2%ཏེན་ཅིའུ་ཡིས་པགས་པར་དུག་སེལ་གཏན་ནས་བྱ་མི་རུང་། འགོག་སྨན་ཁབ་ཀྱིས་འཇིབ་སྐབས་ཁབ་མགོ་མར་ཟེགས་ནས་ཤེལ་དུམ་ནང་དུ་བཙུགས་ནས་འཇིབ་དགོས། འགོག་སྨན་བརྒྱབ་ཚར་སྲིང་བལ་སྐམ་པོ་ཞིག་གིས་ཁབ་མགོ་མནོན་དགོས།

6.འགོག་སྨན་གསོན་པོ་དང་རིམས་ཐར་འཇོང་དབྱིབས་སྤྲི་དཀར་གཉིས་མཉམ་གཅིག་ཏུ་བཀོལ་མི་རུང་། སྤྱིར་བཏང་དུ་རིམས་ཐར་འཇོང་དབྱིབས་སྤྲི་དཀར་བཀོལ་བའི་ཉིན28ཀྱི་རྗེས་སུ་ད་གཟོད་འགོག་སྨན་གསོན་པོ་རྒྱག་དགོས། ཡང་ན་འགོག་སྨན་གསོན་པོ་བཀོལ་ནས14འགོར་རྗེས་ད་གཟོད་རིམས་ཐར་འཇོང་དབྱིབས་སྤྲི་དཀར་བཀོལ་དགོས།

7.བཀོལ་སྤྱོད་བྱས་རྗེས་ཀྱི་བཀོལ་ཐེངས་གཅིག་གི་ཡོ་བྱད་དང་འགོག་སྨན་དམ་བུ་རྣམས་སྨན་བཅོས་སྙིགས་རོ་ཐག་གཅོད་བྱེད་པའི་གཏན་འབེབས་ལྟར་ཐག་གིས་གཅོད་དགོས། ཁྱིམ་ཚང་དུ་སོང་སྟེ་འགོག་སྨན་རྒྱག་པའི་སྐབས་སུ་སྨན་བཅོས་སྙིགས་རོ་རྣམས་ཕྱིར་འཁྱེར་ཡོང་སྟེ་མཉམ་གཅིག་ཏུ་ཐག་གཅོད་བྱ་དགོས།

8.བྱིས་པར་གཤམ་གྱི་གནས་ཚུལ་འདི་དག་ཡོད་པའི་སྐབས་སུ། གནས་སྐབས་སུ་འགོག་སྨན་རྒྱག་མི་རུང་། བདེ་བོ་བྱུང་རྗེས་སུ་ཡང་ན་ཉམས་མྱོང་ཡོད་པའི་སྨན་པའི་མཛུབ་སྟོན་འོག་ནས་འགོག་སྨན་རྒྱག་དགོས།

⑴ཚ་རྒྱས་ནས37.5℃ཡན་ཡིན་མཁན།

⑵གློ་བུར་བའི་འགོས་ནད་བྱུང་བའམ་ནད་ཡམས་ལྗིད་མོ་གཞན་པ་བྱུང་མཁན།

⑶རིམས་ཐར་མེད་པའི་ནད་དམ་རིམས་ཐར་དང་རིམས་ཐར་འགོག་པའི་སྨན་བཅོས་བྱས་པ་དག

⑷ལུས་ཕུང་ཚོར་རྐྱེན་དྲག་པོ་ཡོད་མཁན།

⑸འགོག་སྨན་བཀོལ་སྤྱོད་གསལ་བྱེད་ཡི་གེ་སྟེང་དུ་གསལ་བོར་གཏན་འབེབས་བྱས་པའི་འཛེམ་བྱ་ཡོད་པ་དག

པགས་པའི་འོག30°40°།

པགས་པའི་ནང་།10°15°

རྩོམ་འཇུག་པ། ཨ་གཡང་སྐྱིད།

འགྲིམ་འགྲུལ་བདེ་འཇགས་འགན་ལེན་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ།

ཡོང་ཁུངས། : བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། :2014-02-14 15:42:33རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར་རྒྱ་ཚྭ་རྫོང་རྨང་བརྟན་གཞུང་དོན་ཁང་དང་རྫོང་དེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག77དབར《གཞུང་ལམ་འགྲིམ་འགྲུལ་བདེ་འཇཌ་འགན་འཁྲིའི་ཡི་གེ》བཞག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།གོ་རིམ་ལྡན་པ་དང་།ཤར་བགྲོད་ཐུབ་པ།བདེ་འཇགས་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་བཏོད་ནས་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་མི་ལྷག་པ་དང་ཉུང་དུ་གཏོང་གང་ཐུབ་བྱ་ཆེད།རྫོང་དེའི་རྨང་བརྟན་གཞུང་དོན་ཁང་གིས《2014ལོ་དང་2015ལོའི་རྒྱ་ཚ་རྫོང་རྨང་བརྟན་གཞུང་དོན་ཁང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་འགན་འཁྲིའི་ཡི་གེ》ཆེད་མངཌ་བཟོས་པ་དང་སྦྲགས།ལས་དོན་རུ་ཁག་གི་རུ་མི་77དང་འགན་འཁྲིའི་ཡི་གེ་བཞག་པས་ཁོང་ཚོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཕྱིན་པ་རེད།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ངེས་པར་དུ་དུས་བཀག་ལྟར་ཁ་ལོ་བ་སྒྲིག་འཛུགས་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་བླང་བྱ་བརྒྱུད་བསྒྲགས་དང་།གཞུང་ལམ་སློབ་གསོའི་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་དང་འགྲིམ་འགྲུལ་བདེ་འཇགས་རྒྱུན་ཤེས་སློབ་སྦྱོང་བྱ་རྒྱུར་སྐུལ་མ་གཏོང་བ།མང་ཚོགས་ལ་བདེ་འཇགས་ཀྱི་འགན་ལེན་མེད་པའི་འཁོར་རིགས་སུ་མི་སྡོད་པའི་ཁ་ཏ་བསླབ་བྱ།ཁ་ལོ་བར་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་བཀུར་ཞུ་དགོས་པའི་སློབ་གསོ་རྒྱག་པ།འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆུང་གྲས་ཡོ་བསྲང་དང་ཐོན་རྒྱུ་བཀག་འགོག་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

གོང་མ།:གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།

ཞོལ་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་བརྡ་ཁྱབ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235