མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-04-16  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

(2003ལོའི་ཟླ10བའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་བ་ཡིན།2007ལོའི་ཟླ12པའི་ཚེས29ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་སོ་གཅིག་གི་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་ཆོད》ལྟར་དག་བཅོས་ཐོག་མ་བྱས་པ་ཡིན་པ་དང༌།2011ལོའི་ཟླ4བའི་ཚེས་22ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུའི་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་ཆོད།》ལྟར་དག་བཅོས་ཐེངས་གཉིས་པ་བྱས་པ་ཡིན)

《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》བཟོ་བཅོས་བྱས་པའི་སྐོར་གྱི་གཏན་ཁེལ》ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་སྟེ་2011ལོའི་ཟླ4བའི་ཚེས22ཉིན་གྲོས་འཆམ་བྱུང་བས་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། 2011ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐོད་ནས།

ལེའུ་དང་པོ། རྩ་དོན།

དོན་ཚན་དང་པོ། གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་འཛིན་བྱས་ནས། འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། མི་ལུས་བདེ་ཐང་ལ་སྲུང་སྐྱོབ་དང༌། སྤྱི་དམངས་དང་ཁྲིམས་མི། གཞན་པའི་རྩ་འཛུགས་ཀྱི་རྒྱུ་ནོར་བདེ་འཇགས་དང་དེ་མིན་ཕྱོགས་གཞན་པའི་ཁྲིམས་མཐུན་ཁེ་དབང་བཅས་ལ་སྲུང་སྐྱོབ་བྱས་ཏེ། ཤར་བགྲོད་ལས་ཆོད་ཇེ་མཐོར་གཏོང་ཆེད༌། བཅའ་ཁྲིམས་འདི་གཏན་ཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་རླངས་འཁོར་ཁ་ལོ་བ་དང༌། ལམ་འགྲོ་བ། རླངས་འཁོར་ལ་སྡོད་པའི་མི་དང་དེ་མིན་གཞུང་ལམ་འགྲིམ་འགྲུལ་བྱ་འགུལ་ལ་འབྲེལ་བ་ཡོད་པའི་ལས་ཁུངས་དང་མི་སྒེར་ཡོངས་ཀྱིས་བཅའ་ཁྲིམས་འདི་བརྩི་སྲུང་བྱེད་དགོས།

དོན་ཚན་གསུམ་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བྱ་བའི་ཕྱོགས་ནས། ཁྲིམས་ལྟར་དོ་དམ་དང་མང་ཚོགས་ལ་སྟབས་བདེ་བཟོ་བའི་རྩ་དོན་ངེས་པར་དུ་གཞི་འཛིན་ས་བྱས་ནས། གཞུང་ལམ་འགྲིམ་འགྲུལ་ལ་གོ་རིམ་ལྡན་པ་དང་བདེ་འཇགས། བདེ་བགྲོད་ཐུབ་པ་ཁག་ཐེག་བྱེད་དགོས།

དོན་ཚན་བཞི་བ། ས་གནས་སོ་སོའི་མི་དམངས་སྲིད་གཞུང་གིས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་དམ་བྱེད་པའི་བྱ་བ་དེ་དང་དཔལ་འབྱོར་སྤྱི་ཚོགས་དང་སྤྱི་ཚོགས་འཕེལ་རྒྱས་ལ་འོས་ཞིང་འཚམ་པར་འགན་སྲུང་བྱེད་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་སོ་སོའི་མི་དམངས་སྲིད་གཞུང་གིས་གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་ནས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལྟར། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་འཆར་འགོད་གཏན་ཁེལ་བྱེད་དགོས་པ་མ་ཟད། ད་དུང་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་དགོས།

དོན་ཚན་ལྔ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་རྒྱལ་ཡོངས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་བྱ་བར་འགན་ཁུར་དགོས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ལ་འགན་ཁུར་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སོ་སོའི་་འགྲིམ་འགྲུལ་དང་འཛུགས་སྐྲུན་དོ་དམ་སྡེ་ཁག་གིས་རང་རང་སོ་སོའི་འགན་ནུས་ལྟར། གཞུང་ལམ་འགྲིམ་འགྲུལ་ལ་འབྲེལ་བའི་བྱ་བར་འགན་ཁུར་དགོས།

དོན་ཚན་དྲུག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་རྒྱུན་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་སློབ་གསོ་བྱས་ནས། སྤྱི་དམངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པའི་ལས་འགན་ལག་བསྟར་བྱེད་དུས། གཞུང་ལམ་འགྲིམ་འགྲུལ་བདེ་འཇཊ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་བྱེད་དགོས་པ་མ་ཟད། གཞུང་ལམ་འགྲིམ་འགྲུལ་བདེ་འཇཊ་ཀྱི་ཁྲིམས་ལུཊ་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པའི་མིག་དཔེར་བྱེད་དགོས།

ལས་ཁུངས་དང་དམག་དཔུང༌། ཁེ་ལས་དོན་ལས་ལས་ཁུངས། སྤྱི་ཚོགས་ཚོགས་པ་དང་དེ་མིན་གཞན་པའི་རྩ་འཛུགས་ཀྱིས་རང་གི་ལས་ཁུངས་ཀྱི་མི་སྣ་ལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་བྱེད་དགོས།

སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་གཞུང་ལམ་འགྲིམ་འགྲུལ་སློབ་གསོ་དེ་ཁྲིམས་ལུགས་སློབ་གསོའི་ནང་དོན་དུ་འཇོག་དགོས།

གསར་འགྱུར་དང་དཔེ་སྐྲུན། རྒྱང་སྒྲོག བན་འཕྲིན་སོགས་འབྲེལ་ཡོད་ལས་ཁུངས་ལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་ཀྱི་སློབ་གསོ་སྤེལ་བའི་འོས་འགན་ཡོད།

དོན་ཚན་བདུན་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇཊ་དོ་དམ་བྱ་བ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱེད་དགོས་པ་དང༌། སྔོན་ཐོན་ཅན་གྱི་དོ་དམ་བྱེད་ཐབས་དང་ལག་རྩལ། སྒྲིག་ཆས་བཅས་བཀོལ་བ་དང་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་བྱེད་དགོས།

ལེའུ་གཉིས་པ། རླངས་འཁོར་དང་ཁ་ལོ་བ།

ཚན་པ་དང་པོ། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་རིཊ།

དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཡོད། འཕྲུལ་སྒུལ་རླངས་འཁོར་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐོ་འགོད་བྱས་རྗེས། ད་གཟོད་གཞུང་ལམ་སྟེང་བསྐྱོད་ཆོག་པ་ཡིན། ཐོ་འགོད་མ་བྱས་པའི་འཕྲུལ་སྒུལ་རླངས་འཁོར་དེ་དག་གནས་སྐབས་ཀྱི་གཞུང་ལམ་སྟེང་བསྐྱོད་དགོས་པ་བྱུང་ཚེ། གནས་སྐབས་ཀྱི་ལམ་ཡིག་བྱང་བུ་ངེས་པར་དུ་ལེན་དགོས།

དོན་ཚན་དགུ་བ། འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་པར་ཡར་ཞུ་བྱེད་ན། གཤམ་གྱི་དཔང་ཡིག་དང་འཛིན་ཡིག་ཡར་སྤྲོད་དགོས།

1.འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོའི་ཐོབ་ཐང་དཔང་ཡིག

2.འཕྲུལ་སྒུལ་རླངས་འཁོར་གྱི་ཡོང་ཁུངས་ཀྱི་དཔང་ཡིག

3.འཕྲུལ་སྒུལ་རླངས་འཁོར་བཟོ་གྲྭ་ནས་ཐོན་པའི་ཚད་མཐུན་དཔང་ཡིག་དང་ནང་འདྲེན་བྱས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ནང་འདྲེན་འཛིན་ཡིག

4.རླངས་འཁོར་ཉོ་སྒྲིག་བྱས་པའི་དཔྱ་ཁྲལ་འཇལ་བ་དང་ཡང་ན་དཔྱ་ཁྲལ་མེད་པར་བཟོས་པའི་འཛིན་ཡིག

5.ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་བྱས་པའི་འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་དུས་ཡར་སྤྲོད་དགོས་པའི་དཔང་ཡིག་དང་འཛིན་ཡིག་གཞན་དག་ཚང་མ་ཡར་སྤྲོད་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཡར་ཞུ་འབྱོར་བའི་ཉིན་ནས་བཟུང་ལས་ཀའི་ཉིན་ལྔའི་ནང་འཕྲུལ་སྒུལ་རླངས་འཁོར་ལ་ཐོ་འགོད་བྱེད་པར་ཞིབ་བཤེར་བྱེད་པའི་བྱ་བ་ལེཊ་འགྲུབ་བྱེད་དགོས་ལ། གོང་གི་གཏན་ཁེལ་གྱི་ཆ་རྐྱེན་དང་མཐུན་པའི་འཕྲུལ་སྒུལ་རླངས་འཁོར་དག་ལ་འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་དཔང་ཡིག་དང་ཨང་རྟཊ། བགྲོད་སྐྱོད་དཔང་ཡིག་བཅས་ངེས་པར་དུ་སྟེར་དགོས། གོང་གི་གཏན་ཁེལ་གྱི་ཆ་རྐྱེན་དང་མི་མཐུན་པ་ཡོད་ན་ཡར་ཞུ་བྱེད་པའི་བདག་པོ་ལ་ཐོ་འགོད་བྱེད་མི་ཆོག་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལས་གཞན་པའི་སྡེ་ཁག་དང་ཡང་ན་མི་སྒེར་གང་རུང་གིས་འཕྲུལ་སྒུལ་རླངས་འཁོར་ལ་ཨང་རྟགས་དང་ཡང་ན་འཕྲུལ་སྒུལ་རླངས་འཁོར་ལ་གཞན་པའི་ཨང་རྟགས་འགེལ་བའི་རེ་བ་བཏོན་མི་ཆོག ཁྲིམས་ལུགས་དེ་གའི་གཏན་ཁེལ་གཞན་པ་ཡོད་ན་ནང་དུ་མི་འདུས།

འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་དཔང་ཡིག་དང་ཨང་རྟགས། བགྲོད་སྐྱོད་དཔང་ཡིག་གི་བཟོ་དབྱིབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་བྱས་པ་མ་ཟད་ལྟ་ཞིབ་འོག་བཟོས་པ་ཡིན།

དོན་ཚན་བཅུ་བ། ཐོ་འགོད་བྱས་ཆོག་པའི་འཕྲུལ་སྒུལ་རླངས་འཁོར་ལ་རྒྱལ་ཁབ་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་ངེས་པར་དུ་མཐུན་དགོས། འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱེད་པར་ཡར་ཞུ་བྱེད་སྐབས། འཕྲུལ་སྒུལ་འཁོར་དེ་གའི་བདེ་འཇགས་ལག་རྩལ་ལ་ཞིབ་བཤེར་བྱེད་པ་ངེས་པར་དུ་དང་ལེན་བྱེད་དགོས་ལ། འོན་ཀྱང༌། རྒྱལ་ཁབ་འཕྲུལ་སྒུལ་རླངས་འཁོར་ཐོན་རྫས་ཀྱི་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཁབ་བདེ་འཇགས་ལག་རྩལ་ཚད་གཞིའི་ངོས་འཛིན་ལྟར་ཁེ་ལས་ཀྱི་ཐོན་སྐྱེད་བྱས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་བཟོ་དབྱིབས་དང༌། བཟོ་དབྱིབས་དེ་གའི་འཕྲུལ་སྒུལ་རླངས་འཁོར་གསར་བ་དག་བཟོ་གྲྭ་ནས་ཐོན་པའི་སྐབས་སུ་ཞིབ་བཤེར་བརྒྱུད་འཕྲུལ་སྒུལ་རླངས་འཁོར་དེ་དག་རྒྱལ་ཁབ་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་མཐུན་པ་དང༌། ཞིབ་བཤེར་ཚད་མཐུན་གྱི་དཔང་ཡིག་ཡོད་ན། བདེ་འཇགས་ལག་རྩལ་ཞིབ་བཤེར་མ་བྱས་ཀྱང་ཆོག

དོན་ཚན་བཅུ་གཅིག་པ། འཕྲུལ་སྒུལ་རླངས་འཁོར་སྐོར་ནས་གཞུང་ལམ་སྟེང་བསྐྱོད་དུས། འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟཊ་ངེས་པར་དུ་འགེལ་དགོས་ཤིང༌། ཞིབ་བཤེར་ཚད་ལྡན་ཡིན་པའི་མཚོན་རྟཊ་དང༌། ཉེན་སྲུང་གི་མཚོན་རྟཊ་འཇོག་དགོས་པ་མ་ཟད། འཕྲུལ་སྒུལ་རླངས་འཁོར་གྱི་བགྲོད་སྐྱོད་དཔང་ཡིག་དུས་ནམ་ཡིན་ཡང་རླངས་འཁོར་དང་ཁ་བྲལ་མི་ཆོག

འཕྲུལ་སྒུལ་རླངས་ཨང་རྟཊ་གཏན་ཁེལ་ལྟར་འགེལ་དགོས་པ་མ་ཟད། ད་དུང་གསལ་བོ་དང་ཆ་ཚང་བ་ཡིན་པ་རྒྱུན་འཁྱོངས་དང༌། བསམ་བཞིན་དུ་འགོག་སྒྲིབ་དང་ཉམས་ཆག་ཏུ་གཏོང་མི་རུང༌།

ལས་ཁུངས་དང་མི་སྒེར་གང་ཡིན་རུང་ཞིག་གིས་ཀྱང་འཕྲུལ་སྒུལ་འཁོར་ལོའི་ཨང་རྟགས་རྩིས་ལེན་དང་བཀག་ཉར་བྱེད་མི་ཆོག

དོན་ཚན་བཅུ་གཉིས་པ། གཤམ་གྱི་གནས་ཚུལ་གང་རུང་གཅིག་བྱུང་ན། དེ་དང་འབྲེལ་བའི་ཐོ་འགོད་བསྒྲུབ་དགོས།

གཅིག འཕྲུལ་སྒུལ་རླངས་འཁོར་བདག་དབང་ལ་འགྱུར་ལྡོག་བྱུང་ཡོད་པ་དག

གཉིས། འཕྲུལ་སྒུལ་རླངས་འཁོར་ཐོ་འགོད་བྱས་པའི་ནང་དོན་དག་བཅོས་བྱས་ཡོད་པ་དག

གསུམ། འཕྲུལ་སྒུལ་རླངས་འཁོར་གཏའ་མ་བཞག་ཡོད་པ་དག

བཞི། འཕྲུལ་སྒུལ་རླངས་འཁོར་བེད་མེད་དུ་སོང་ཡོད་པ་དག

དོན་ཚན་བཅུ་གསུམ་པ། ཐོ་འགོད་བྱས་རྗེས་བགྲོད་ལམ་དུ་འཁོར་རྒྱུག་བྱེད་བཞིན་པའི་འཕྲུལ་སྒུལ་འཁོར་རིགས་ལ་མཚོན་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་ཐག་གཅོད་དང་བསྟུན་ནས། འཕྲུལ་འཁོར་གྱི་སྤྱོད་སྒོ་དང་འགྲུལ་བ་དང་དངོས་ཟོག་གི་ཤོང་ཚད། བཀོལ་སྤྱོད་དུས་ཡུན་སོགས་ཀྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་དུས་གཏན་ཁེལ་བྱས་ཏེ་ཉེན་འགོག་ལག་རྩལ་ཞིབ་བཤེར་བྱེད་དགོས་པ་དང༌།འཁོར་རྒྱུག་དཔང་ཡིག་དང་འཕྲུལ་སྒུལ་འཁོར་རིགས་ཕུང་གསུམ་པའི་ལས་འགན་བཙན་ཤེད་ཉེན་འགན་ལེན་འཛིན་ཡོད་པའི་འཕྲུལ་སྒུལ་འཁོར་རིགས་ལ་ཉེན་འགོག་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་དགོས་པ་དང༌། སྡེ་ཁག་གང་རུང་གིས་གཞན་པའི་ཆ་རྐྱེན་ཁ་སྣོན་བྱས་མི་ཆོག རྒྱལ་ཁབ་ཀྱི་ཉེན་འགོག་ལག་རྩལ་གྱི་ཚད་གཞི་ལ་སླེབས་པའི་འཕྲུལ་སྒུལ་འཁོར་རིགས་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་ཚད་ལྡན་དཔང་རྟགས་སྟེར་དགོས། འཕྲུལ་སྒུལ་འཁོར་རིགས་ཀྱི་ཉེན་འགོག་ལག་རྩལ་ཞིབ་བཤེར་སྤྱི་ཚོཊ་ཡོངས་ཁྱབ་རང་བཞིན་དུ་ལག་བསྟར་བྱེད་དགོས་པ་དང་བྱེ་བྲག་གི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་གཅོད་བྱེད་དགོས།འཕྲུལ་སྒུལ་འཁོར་རིཊ་ཀྱི་ཉེན་འགོག་ལག་རྩལ་ཞིབ་བཤེར་སྤྱི་ཚོཊ་ཡོངས་ཁྱབ་རང་བཞིན་དུ་ལག་བསྟར་བྱས་པའི་ས་གནས་སུ་སྡེ་ཁག་གང་ཡིན་ཡང་འཕྲུལ་སྒུལ་འཁོར་རིཊ་ཀྱི་ཉེན་འགོག་ལག་རྩལ་ཞིབ་བཤེར་བྱེད་ཡུལ་གྱི་གནས་ངེས་གཏན་བྱེད་དགོས་པའི་རེ་བ་འདོན་མི་ཆོག

སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་འཕྲུལ་སྒུལ་འཁོར་རིགས་ཉེན་འགོག་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཞིག་གསོ་དང་ཉམས་གསོ་བྱེད་ཡུལ་གྱི་གནས་ངེས་གཏན་བྱེད་དགོས་པའི་རེ་བ་འདོན་མི་ཆོག

འཕྲུལ་སྒུལ་འཁོར་རིགས་ཀྱི་ཉེན་འགོག་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ལ་ཞིབ་བཤེར་བྱས་པའི་གླ་ཡོན་བསྡུ་ལེན་གྱི་ཚད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་གཏན་འབེབས་བྱས་པའི་རིན་གོང་བསྡུ་ཚད་དང་བསྟུན་ནས་ལག་བསྟར་བྱེད་དགོས།དོན་ཚན་བཅུ་བཞི་བ། རྒྱལ་ཁབ་ཀྱི་ལག་བསྟར་བྱས་པའི་བཙན་ཤེད་ཀྱིས་འཕྲུལ་སྒུལ་འཁོར་རིགས་བེད་མེད་ཟུར་འཇོག་བྱེད་པའི་ལམ་ལུགས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཉེན་འགོག་ལག་རྩལ་གྱི་གནས་བབ་དང་སྤྱོད་སྒོ་མི་འདྲ་བ། བེད་མེད་ཟུར་འཇོག་བྱེད་པའི་ཚད་གཞི་གཏན་འབེབས་ཀྱི་ཚད་གཞི་མི་འདྲ་བ་དང་བསྟུན་དགོས་པ་དང༌། བེད་མེད་ཟུར་འཇོག་བྱེད་དགོས་པའི་འཕྲུལ་སྒུལ་འཁོར་རིགས་དུས་ལྟར་དུ་ཐོ་སུབ་ཐོ་འགོད་བྱེད་དགོས། བེད་མེད་ཟུར་འཇོག་གི་ཚད་གཞི་ལ་སླེབས་པའི་འཕྲུལ་སྒུལ་འཁོར་རིགས་བགྲོད་ལམ་དུ་ཞུགས་ཏེ་འཁོར་རྒྱུག་བྱས་མི་ཆོག་ལ། བེད་མེད་ཟུར་འཇོག་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཆེ་བའི་རིགས་དང་གཞན་རླངས་འཁོར་ཆེ་བའི་རིགས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ལྟ་སྐུལ་འོག་ཐོར་ཞིག་ཏུ་བཏང་སྟེ་བེད་མེད་ཟུར་འཇོག་བྱེད་དགོས།

དོན་ཚན་བཅོ་ལྔ་བ། ཉེན་ཟོན་རླངས་འཁོར་དང་མེ་གསོད་རླངས་འཁོར། སྐྱོབ་འཁོར་ལས་གཞི་ཉེན་སྐྱོབ་རླངས་འཁོར་ལ་ཐག་གཅོད་ལྟར་རང་རང་སོ་སོའི་མཚོན་རྟགས་ཀྱི་རྒྱན་རིས་ཚོན་རྩི་གཏོང་དགོས་པ་དང༌། ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་ཅན་གྱི་གློག་ཆས་ཀྱང་སྒྲིག་སྦྱོར་བྱེད་དགོས། འཕྲུལ་སྒུལ་འཁོར་རིགས་གཞན་དག་ལ་གོང་གི་རླངས་འཁོར་དག་གི་ཆེད་སྤྱོད་དམ་ཡང་ན་རིས་འདྲ་བའི་མཚོན་རྟགས་རྒྱན་རིས་ཚོན་རྩི་གཏོང་བ་དང༌། ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་ཅན་གྱི་གློག་ཆས་སོགས་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱས་མི་ཆོག ཉེན་ཟོན་རླངས་འཁོར་དང་མེ་གསོད་རླངས་འཁོར། སྐྱོབ་འཁོར་ལས་གཞི་ཉེན་སྐྱོབ་རླངས་འཁོར་བཅས་རང་རང་སོ་སོའི་གཏན་འབེབས་བྱས་པའི་སྤྱོད་སྒོ་དང་ཆ་རྐྱེན་ནན་ཏན་གྱིས་གཞིར་བཟུང་སྟེ་བཀོལ་སྤྱོད་བྱེད་དགོས། གཞུང་ལམ་ལ་ལྟ་ཞིབ་བྱེད་པའི་ཆེད་སྤྱོད་རླངས་འཁོར་ལ་གཞུང་ལམ་བཅའ་ཁྲིམས་ཀྱི་ཐག་གཅོད་ལྟར་གཅིག་གྱུར་གྱི་མཚོན་རྟགས་དང་ཉེན་གཏོང་གློག་བརྡ་སྒྲིག་སྦྱོར་བྱེད་དགོས།

དོན་ཚན་བཅུ་དྲུག་པ། སྡེ་ཁག་དང་མི་སྒེར་གང་རུང་ལ་གཤམ་གྱི་བྱ་སྤྱོད་གཏན་ནས་ཡོད་མི་ཆོག:

(གཅིག)ཐོ་འགོད་བྱས་ཟིན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་མ་ལག་ཆགས་སྟངས་དང་གྲུབ་ཚུལ། ཁྱད་རྟགས་བཅས་རང་དགར་ལྷུ་སྒྲིག་དང་བསྒྱུར་བཅོས་བྱེད་པ།

(གཉིས)འཕྲུལ་སྒུལ་འཁོར་རིགས་ཀྱི་བཟོ་དབྱིབས་ཀྱི་ཨང་རྟགས་དང་སྒུལ་བྱེད་འཕྲུལ་འཁོར་གྱི་ཨང་རྟགས། འཕྲུལ་འཁོར་གཞི་སྒྲོམ་གྱི་ཨང་རྟགས་དང་དབྱེ་འབྱེད་ཚབ་གྲངས་བཅས་བསྒྱུར་བཅོས་བྱེད་པ།(གསུམ)ཐོ་འགོད་དཔང་ཡིག་དང་འཁོར་རྟགས། འཁོར་རྒྱུག་དཔང་ཡིག་དང་ཞིབ་བཤེར་ཚན་ལྡན་དཔང་རྟགས། ཉེན་འགན་མཚོན་རྟགས་བཅས་རྫུན་བཟོ་དང་བསྒྱུར་བཅོས་བྱེད་པ་དང་བྱས་ཟིན་པའི་འཕྲུལ་སྒུལ་འཁོར་རིགས་བཀོལ་སྤྱོད་བྱེད་པ།

(བཞི)འཕྲུལ་སྒུལ་འཁོར་རིགས་གཞན་པའི་ཐོ་འགོད་དཔང་ཡིག་དང་འཁོར་རྟགས། བགྲོད་སྐྱོད་དཔང་ཡིག་དང་ཞིབ་བཤེར་ཚན་ལྡན་དཔང་རྟགས་བཀོལ་སྤྱོད་བྱེད་པ།

དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཕུང་གསུམ་པའི་ལས་འགན་བཙན་ཤེད་ཀྱིས་ཉེན་འགན་ལེན་པའི་ལམ་ལུགས་ལག་བསྟར་བྱེད་པ་དང༌། བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩ་གསར་འཛུགས་བྱེད་དགོས་པ་དང༌། བྱེ་བྲག་གི་བྱེད་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་གཅོད་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། ཁྲིམས་དང་བསྟུན་ནས་ཐོ་འགོད་བྱེད་དགོས་པའི་འཕྲུལ་སྒུལ་འཁོར་རིགས་ཕུད་པའི་འཕྲུལ་འཁོར་གཞན་རིགས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ཏུ་ཐོ་འགོད་བྱས་རྗེས་ད་གཟོད་བགྲོད་ལམ་དུ་ཞུགས་ཏེ་འཁོར་རྒྱུག་བྱས་ཆོག

ཁྲིམས་དང་བསྟུན་ནས་ཐོ་འགོད་བྱེད་དགོས་པའི་འཕྲུལ་སྒུལ་འཁོར་རིགས་ཕུད་པའི་འཕྲུལ་འཁོར་གཞན་པའི་རིགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གནས་དེའི་གནས་ཚུལ་དངོས་ལ་གཞིགས་ཏེ་ཐག་གཅོད་བྱེད་དགོས། འཕྲུལ་སྒུལ་འཁོར་རིགས་མ་ཡིན་པའི་འཕྲུལ་འཁོར་གཞན་རིགས་ཀྱི་ཆེ་ཆུང་དང་རྒྱུ་སྤུས། འཁོར་སྒག་ཡོ་བྱད་དང་འཁོར་བརྡ། མཚན་མོའི་འོད་ལྡོག་སྒྲིག་ཆས་བཅས་འཕྲུལ་སྒུལ་འཁོར་རིགས་མ་ཡིན་པའི་འཕྲུལ་འཁོར་གཞན་རིགས་ཀྱི་ཉེན་འགོག་ལག་རྩལ་གྱི་ཚད་གཞི་དང་མཐུན་དགོས།

དོན་ཚན་བཅུ་དགུ་བ། འཕྲུལ་སྒུལ་འཁོར་རིགས་ཁ་ལོ་བྱེད་ན། ཁྲིམས་དང་མཐུན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་འཛིན་ཡིག་ལེན་དགོས།

འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་འཛིན་ཡིག་ཡར་ཞུ་བྱེད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གིས་གཏན་ཁེལ་ལྟར་ཁ་ལོ་བྱས་ཆོག་པའི་ཆ་རྐྱེན་དང་མཐུན་དགོས་ལ། རྒྱུགས་བླངས་རྗེས། ད་གཟོད་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་འཁོར་རིགས་དང་བསྟུན་ནས་ཁ་ལོ་བའི་དཔང་ཡིག་སྟེར་དགོས། མངའ་ཁོངས་ཕྱི་ནས་ཡོང་བའི་འཕྲུལ་སྒུལ་འཁོར་རིགས་ཁ་ལོ་བྱས་ཆོག་པའི་དམིགས་བསལ་ཅན་གྱི་མི་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་སྡེ་ཁག་གི་གཏན་ཁེལ་བྱས་པའི་ཁ་ལོ་བྱས་ཆོག་པའི་ཆ་རྐྱེན་དང་མཐུན་དགོས་ཤིང༌། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དཔྱད་ཞིབ་འོས་མཐུན་བྱས་རྗེས། ད་གཟོད་ཀྲུང་གོའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་རྟགས་བྱིན་ཆོག

ཁ་ལོ་བའི་འཕྲུལ་སྒུལ་འཁོར་རིགས་ཁ་ལོ་བྱེད་པའི་དཔང་ཡིག་སྟེང་གསལ་འགོད་བྱས་པའི་ཁ་ལོ་བྱས་ཆོག་པའི་འཕྲུལ་སྒུལ་འཁོར་ལོའི་རིགས་ཁ་ལོ་བྱེད་དགོས། འཕྲུལ་སྒུལ་འཁོར་རིགས་ཁ་ལོ་བྱེད་སྐབས། ཁ་ལོ་བའི་དཔང་ཡིག་ནམ་ཡིན་ཡང་ལག་ཏུ་འཛིན་དགོས།

སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་སྡེ་ཁག་ལས་གཞན་པའི་ལས་ཁུངས་དང་ཡང་ན་སྒེར་མི་གང་རུང་གིས་འཕྲུལ་སྒུལ་འཁོར་རིགས་ཁ་ལོ་བྱེད་པའི་དཔང་ཡིག་རྩིས་ལེན་དང༌། བཀག་ཉེར་བྱས་མི་ཆོག

དོན་ཚན་ཉི་ཤུ་པ། འཕྲུལ་སྒུལ་འཁོར་རིགས་ཁ་ལོ་བྱེད་པར་གསོ་སྦྱོང་བྱེད་པ་སྤྱི་ཚོགས་ཅན་དུ་ལག་བསྟར་བྱེད་དགོས། འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག་གིས་ཁ་ལོ་བ་གསོ་སྦྱོང་བྱེད་པའི་སློབ་གྲྭ་དང་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭའི་ཐོབ་ཐང་གི་དོ་དམ་ལག་བསྟར་བྱེད་དགོས་ཤིང༌། དེའི་ནང་འདྲུད་འཐེན་འཁོར་ལོའི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་དང༌། ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ་ལ་ཞིང་ལས་གཙོ་གཉེར་སྡེ་ཁག་གིས་ཆེད་དུ་ཐོབ་ཐང་ལ་དོ་དམ་ལག་བསྟར་བྱེད་པ་ཡིན། ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་དང་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭས་རྒྱལ་ཁབ་གྱི་འབྲེལ་ཡོད་གཏན་ཁེལ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང༌། སློབ་མར་གཞུང་ལམ་འགྲིམ་འགྲུལ་ཕྱོགས་ཀྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ། ཁ་ལོ་བའི་ནུས་རྩལ་བཅས་གསོ་སྦྱོང་བྱས་ནས། གསོ་སྦྱོང་གི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས།

རྒྱལ་ཁབ་ཀྱི་ལས་ཁུངས་གང་རུང་ཞིག་དང་དེའི་ཁ་ལོ་བ་གསོ་སྦྱོང་དང་རྒྱུགས་ལེན་པའི་གཙོ་གཉེར་སྡེ་ཁག་གིས་ཁ་ལོ་བ་གསོ་སྦྱོང་བྱེད་པའི་སློབ་གྲྭ་དང་གསོ་སྦྱོང་འཛིན་གྲྭ་བསྒྲུབ་མི་ཆོག་པ་མ་ཟད། ནང་དུ་ཡང་ཞུགས་མི་ཆོག

དོན་ཚན་ཉེར་གཅིག་པ། ཁ་ལོ་བས་འཕྲུལ་སྒུལ་རླངས་འཁོར་བསྐོར་ནས་གཞུང་ལམ་དུ་བསྐྱོད་པའི་སྔོན་ལ། ངེས་པར་དུ་འཕྲུལ་སྒུལ་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ནུས་པར་ཞིབ་བཤེར་ནན་མོ་བྱེད་དགོས། བདེ་འཇགས་སྒྲིག་ཆས་མི་ཚང་བའམ་ཡང་ན་རླངས་འཁོར་ཀྱི་ལྷུ་ལག་དེ་ལག་རྩལ་ཚད་གཞི་མི་འཚམ་པ་སོགས་བདེ་འཇགས་ལ་མི་མངོན་པའི་རྐྱེན་ངན་ཡོད་པའི་འཕྲུལ་སྒུལ་རླངས་འཁོར་བསྐོར་མི་ཆོག

དོན་ཚན་ཉེར་གཉིས་པ། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་ངེས་པར་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇཊ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འཁེལ་ལ་བརྩི་སྲུང་བྱེད་དགོས་ལ། བཀོལ་སྤྱོད་ཚད་གཞི་ལྟར་བདེ་འཇཊ་དང་དཔལ་ཡོན་གྱིས་ཁ་ལོ་བསྐོར་དགོས།

ཆང་འཐུང་བ་དང་རྒྱལ་ཁབ་ཀྱིས་བདག་དོམ་བྱེད་པའི་དབང་རྩའི་སྨན་རྫས་སམ་ཡང་ན་སྦྲིད་སྨན་འཐུང་བ། ཡང་ན་བདེ་འཇགས་ཀྱིས་འཕྲུལ་སྒུལ་རླངས་འཁོར་བསྐོར་བར་གནོད་པ་ཡོད་པའི་ནད་རིམས་བྱུང་ཡོད་པ། ཡང་ན་ཐང་ཆད་དྲགས་ནས་བདེ་འཇགས་ཀྱིས་རླངས་འཁོར་བསྐོར་བར་ཤུགས་རྐྱེན་ཡོད་ན། འཕྲུལ་སྒུལ་རླངས་འཁོར་བསྐོར་མི་ཆོག།

མི་སུས་ཀྱང་ཁ་ལོ་བར་བཙན་ཚུགས་དང་ངན་སྐུལ། རྒྱ་ཡན་གྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བ་དང༌། འཕྲུལ་སྒུལ་རླངས་འཁོར་བདེ་འཇགས་ཀྱི་བསྐོར་བར་གང་འདོད་ཀྱི་རེ་བ་འདོན་མི་ཆོག།

དོན་ཚན་ཉེར་གསུམ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་གཞིར་བཟུང་ནས། དུས་བཅད་ནང་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་འཛིན་ཡིག་ལ་ཞིབ་དཔྱད་རྩིས་ལེན་ལག་བསྟར་བྱ་དགོས།

དོན་ཚན་ཉེར་བཞི་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་ཀྱི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བའི་བྱ་སྤྱོད་ལ། ཁྲིམས་ལྟརསྲིད་འཛིན་ཆད་པ་གཅོད་པ་ལས་གཞན། སྐར་གྲངས་གསོག་པའི་ལམ་ལུགས་ལག་བསྟར་བྱེད་དགོས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྐར་གྲངས་བསགས་ནས་གཏན་འཁེལ་གྱི་སྐར་མའི་ཚད་ཐིགས་ལ་སླེབས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བར། ཁ་ལོ་བའི་འཛིན་ཡིག་བཀག་ཉར་བྱེད་པ་དང༌། དེར་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སློབ་གསོ་གཏོང་དགོས་པ་མ་ཟད། ཡང་བསྐྱར་རྒྱུགས་ལེན་དགོས་པ་དང༌། རྒྱུགས་བླངས་ནས་འཕྲོད་ན། དེའི་ཁ་ལོ་བའི་འཛིན་ཡིག་ཕྱིར་སྟེར་དགོས།

གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཏེ། ལོ་གཅིག་གི་ནང་སྐར་གྲངས་བསགས་མེད་པའི་འཕྲུལ་སྒུལ་རླངས་འཁོར་ཁ་ལོ་བར། ཁ་ལོ་བའི་འཛིན་ཡིག་གི་ཞིབ་དཔྱད་རྩིས་ལེན་ཡུན་ཚད་ཇེ་རིང་དུ་བཏང་ཆོག བྱེ་བྲག་གི་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྤྱི་བདེ་པུའུ་ཡིས་གཏན་ལ་འབེབ་དགོས།

ལེའུ་གསུམ་པ། གཞུང་ལམ་ཤར་བགྲོད་ཀྱི་ཆ་རྐྱེན།

དོན་ཚན་ཉེར་ལྔ་པ། རྒྱལ་ཡོངས་སུ་གཅིག་གྱུར་གྱི་གཞུང་ལམ་འགྲིམ་འགྲུལ་བརྡ་རྟགས་ལག་བསྟར་བྱེད་དགོས། འགྲིམ་འགྲུལ་བརྡ་རྟགས་ལ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་དང་འགྲིམ་འགྲུལ་ཉེན་རྟོགས་གི་བཀོད་འདོམས་བཅས་འདུ་བ་ཡིན།

འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་སྒྲིག་འཛུགས་དེ་ངེས་པར་དུ་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་ཤར་གཏོང་གི་བླང་བྱ། རྒྱལ་ཁབ་ཀྱི་ཚད་གཞིར་འཚམ་དགོས་ལ། དེ་དང་ཆབས་ཅིག་གསལ་བོ་དང་མངོན་གསལ། ཡང་དག སྐྱོན་བྲལ་བཅས་ རྒྱུན་སྲུང་བྱེད་དགོས།

ཤར་བགྲོད་ཀྱི་དགོས་མཁོ་ལྟར། ངེས་པར་དུ་གཞུང་ལམ་འགྲིམ་འགྲུལ་གྱི་བརྡ་རྟགས་དུས་ཐོག་ཏུ་འཕར་སྣོན་དང་སྡེབ་སྒྲིག གསར་བ་བརྗེ་དགོས། ཚོད་འཛིན་རང་བཞིན་གྱི་གཞུང་ལམ་འགྲིམ་འགྲུལ་བརྡ་རྟགས་འཕར་སྣོན་དང་སྡེབ་སྒྲིག གསར་བ་བརྗེ་བར་ངེས་པར་དུ་སྔོན་ལ་སྤྱི་ཚོགས་སུ་སྤྱི་སྒྲོག་བྱེད་པ་དང༌། དྲིལ་སྒྲོག་རྒྱ་ཆེར་སྤེལ་དགོས།

དོན་ཚན་ཉེར་དྲུག་པ། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ལ་གློག་དམར་དང་གློག་ལྗང། གློག་སེར་བཅས་ཀྱིས་གྲུབ་ཡོད། གློག་དམར་ནི་ཤར་བགྲོད་མཚམས་འཇོག་པར་མཚོན་པ་དང༌། གློག་ལྗང་ནི་ཤར་བགྲོད་ཆོག་པར་མཚོན་པ། གློག་སེར་ནི་ཉེན་བརྡ་མཚོན་པ་ཡིན།

དོན་ཚན་ཉེར་བདུན་པ། ལྕགས་ལམ་དང་གཞུང་ལམ་ཀྱི་ངོས་བསྣོལ་བའི་ལམ་མདོར། ངེས་པར་དུ་ཉེན་བརྡ་གློག་སྒྲོན་དང་ཉེན་བརྡ་རྟགས་མཚན་ནམ་ཡང་ན་བདེ་འཇགས་འགོག་སྲུང་སྒྲིག་ཆས་འཛུགས་དགོས། ལྟ་སྲུང་བྱེད་མཁན་མེད་པའི་ལྕགས་ལམ་མདོར། ངེས་པར་དུ་ལམ་མདོ་དང་བར་ཐག་ངེས་ཅན་ཡོད་པར་ཉེན་བརྡ་རྟགས་མཚན་འཛུགས་དགོས།

དོན་ཚན་ཉེར་བརྒྱད་པ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་རང་འདོད་ཀྱིས་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་བཅས་སྒྲིག་འཛུགས་དང་སྤོ་སྒུལ། འཛིན་སྤྱོད། གཏོར་བརླག་གཏོང་མི་ཆོག

གཞུང་ལམ་གྱི་འགྲམ་གཉིས་དང་ཟུར་བཀར་རྒྱུད་དུ་བཙུགས་པའི་སྡོང་བོའམ་སྐྱེ་དངོས་གཞན་པ། སྒྲིག་འཛུགས་བྱས་པའི་ཚོགས་འཕྲིན་རྟགས་བྱང་དང་གློག་སྐུད། ལྕགས་མདོང་སོགས་ངེས་པར་དུ་འགྲིམ་འགྲུལ་སྒྲིག་ཆས་དང་ངེས་མཁོའི་བར་ཐག་སྲུང་འཛིན་བྱེད་དགོས་ལ། ལམ་འགྲམ་གྱི་གློག་སྒྲོན་དང་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན། འགྲིམ་འགྲུལ་རྟགས་མཚན་བཅས་ལ་སྒྲིབ་གཡོག་བྱེད་མི་ཆོག་པ་དང༌། བདེ་འཇགས་མིག་རྒྱང་ལ་འགལ་རྐྱེན་དང་ཤར་བགྲོད་ལ་ཤུགས་རྐྱེན་བཟོ་མི་ཆོག

དོན་ཚན་ཉེར་དགུ་པ། གཞུང་ལམ་དང་རླངས་འཁོར་འཇོག་ས། གཞུང་ལམ་ཆ་སྡེབ་སྒྲིག་ཆས་ཀྱི་འཆར་འགོད་དང་ཇུས་འགོད། འཛུགས་སྐྲུན་དེ། ངེས་པར་དུ་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་ཤར་གཏོང་གི་བླང་བྱ་དང་འཚམ་དགོས་ལ། དེ་དང་མཉམ་དུ་འགྲིམ་འགྲུལ་གྱི་དགོས་མཁོ་གཞིར་བཟུང་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀོལ་སྤྱོད་བྱེད་བཞིན་པའི་གཞུང་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་པར་འབྱུང་བའི་གནས་ཚུལ་ཡོད་པ་དང༌། ཡང་ན་རླངས་འཁོར་འཇོག་ས་དང་གཞུང་ལམ་ཀྱིས་ཆ་སྡེབ་སྒྲིག་ཆས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་རྐྱེན་ངན་གནས་ཡོད་ཚེ། ངེས་པར་དུས་ཐོག་ཏུ་ས་གནས་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱེད་པ་དང༌། དེ་དང་ཆབས་ཅིག་འགྲིམ་འགྲུལ་དོན་རྐྱེན་ལ་དོགས་ཟོན་དང་མི་མངོན་རྐྱེན་ངན་སེལ་བའི་གྲོས་གཞི་འདོན་དགོས་ལ། ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུས་ཐོག་ཏུ་ཐག་གཅོད་གཏན་འཁེལ་བྱེད་དགོས།

དོན་ཚན་སུམ་ཅུ་པ། གཞུང་ལམ་ཉིལ་བ་དང་ཆུ་དོང༌། ཆུས་གཏོར་བ། འབུར་སྒང་སོཊ་གཏོར་བརླག་ཐེབས་པའམ་ཡང་ན་འགྲིམ་འགྲུལ་བརྡ་རྟཊ་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་སོཊ་འགྲིམ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་དང་རྩ་བ་ནས་ཉམས་ཡོད་ན། གཞུང་ལམ་དང་འགྲིམ་འགྲུལ་སྒྲིག་ཆས་ཀྱི་ཉམས་གསོ་སྡེ་ཁག་གམ་ཡང་ན་དོ་དམ་སྡེ་ཁག་གིས་ངེས་པར་དུ་ཉེན་བརྡ་རྟགས་མཚན་འཛུགས་པ་དང་ཆབས་ཅིག་དུས་ཐོག་ཏུ་བསྐྱར་གསོ་བྱེད་དགོས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གོང་གི་གནས་ཚུལ་གནས་ཤིང་འགྲིམ་འགྲུལ་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཤེས་ཀྱང་ད་དུང་ཉེན་བརྡ་རྟགས་མཚན་བཙུགས་མེད་ན། ངེས་པར་དུས་ཐོག་ཏུ་བདེ་འཇཊ་ཀྱི་བྱེད་ཐབས་སྤྱད་དེ་འགྲིམ་འགྲུལ་ལ་སྣེ་འཁྲིད་བྱེད་དགོས་ཤིང༌། དེ་དང་ལྷན་དུ་གཞུང་ལམ་དང་འགྲིམ་འགྲུལ་སྒྲིག་ཆས་ཀྱི་ཉམས་གསོ་སྡེ་ཁག་གམ་ཡང་ན་དོ་དམ་སྡེ་ཁག་ལ་བརྡ་གཏོང་དགོས།

དོན་ཚན་སོ་གཅིག་པ། ཆོག་མཆན་མ་བརྒྱུད་པར། ལས་ཁུངས་དང་མི་སུས་ཀྱང་གཞུང་ལམ་སྤྱད་ནསའགྲིམ་འགྲུལ་བྱ་འགུལ་མིན་པ་གཉེར་མི་ཆོག

དོན་ཚན་སོ་གཉིས་པ། བཟོ་སྐྲུན་འཛུགས་སྐྲུན་གྱི་དགོས་མཁོར་བརྟེན་ནས་གཞུང་ལམ་བེད་སྤྱོད་དང་སྔོག་འདོན་བྱེད་པ་དང༌། ཡང་ན་གཞུང་ལམ་ལ་མཆོང་འགོམ་དང་བར་བརྒལ་བྱས་ཏེ་གློག་སྐུད་དང་ལྕགས་མདོང་གསར་འཛུགས་དང་འཕར་སྣོན་བྱ་དགོས་ཚེ། ངེས་པར་དུ་བྱ་བའི་སྔོན་ལ་གཞུང་ལམ་གཙོ་གཉེར་སྡེ་ཁག་གི་འཐད་མོས་བརྒྱུད་དགོས། འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཡོད་ན། ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་འཐད་མོར་བརྒྱུད་དགོས།

ལས་སྐྲུན་ལས་སྒྲུབ་ལས་ཁུངས་ཀྱི་ངེས་པར་དུ་ཆོག་མཆན་ཐོབ་པའི་ལམ་རྒྱུད་དང་དུས་ཚོད་ནང་ལས་སྐྲུན་ལས་སྒྲུབབ་བྱེད་པ་དང༌། དེ་དང་ལྷན་དུ་ལས་སྐྲུན་ལས་སྒྲུབབ་ས་གནས་ཀྱི་རླངས་འཁོར་ཡོང་སའི་བར་ཐག་ངེས་ཅན་ཡོད་པར་མངོན་གསལ་གྱི་བདེ་འཇགས་ཉེན་བརྡ་རྟགས་མཚན་འཛུགས་པ་དང༌། འགོག་སྲུང་བྱེད་ཐབས་བརྩོན་ལེན་བྱེད་དགོས། ལས་སྐྲུན་ལས་སྒྲུབབ་འགྲུབ་རྗེས། ངེས་པར་དུ་ཅི་མྱུར་ཀྱི་གཞུང་ལམ་སྟེང་གི་འགལ་རྐྱེན་བཟོ་བའི་དངོས་བོ་གཙང་སེལ་དང༌། བདེ་འཇཊ་ཀྱི་མི་མངོན་པའི་རྐྱེན་ངན་གཙང་བཤེར་བྱེད་དགོས་ཤིང༌། གཞུང་ལམ་གཙོ་གཉེར་སྡེ་ཁག་དང་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་བརྒྱུད་ཚད་ལྡན་ཡིན་པ་དང༌། ཤར་བགྲོད་གྱི་བླང་བྱ་དང་འཚམ་རྗེས། ཤར་བགྲོད་བསྐྱར་གསོ་བྱ་ཆོག

འགྲིམ་འགྲུལ་གྱི་བར་མ་ཆད་པའི་གཞུང་ལམ་ལས་སྐྲུན་ལས་སྒྲུབ་ལ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ངེས་པར་དུ་འགྲིམ་འགྲུལ་བདེ་འཇཊ་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང༌། གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་བརྩི་སྲུང་བྱེད་དགོས།

དོན་ཚན་སོ་གསུམ་པ། སྤྱི་བའི་བཟོ་བཀོད་དང་ཚོང་ལས་ཁྲོམ་སྲང༌། འདུས་ཁུལ། བཟོ་བཀོད་ཆེ﹙འབྲིང﹚གྲས་སོགས་རྒྱ་བསྐྱེད་དང་བསྒྱུར་བཀོད། གསར་འཛུགས་བྱེད་པར། ངེས་པར་དུ་རླངས་འཁོར་འཇོག་ས་གསར་འཛུགས་བྱེད་དགོས། རླངས་འཁོར་འཇོག་ས་མི་འདེང་ན། ངེས་པར་དུས་ཐོག་ཏུ་བསྒྱུར་བཀོད་དང་རྒྱ་བསྐྱེད་དགོས། བཀོལ་སྤྱོད་བྱེད་བཞིན་པའི་རླངས་འཁོར་འཇོག་ས་དེ་རང་འདོད་ཀྱིས་བཀོལ་སྤྱོད་བྱེད་མཚམས་འཇོག་པའམ་ཡང་ན་གཞན་དུ་སྤྱོད་པར་བསྒྱུར་མི་ཆོག

གྲོང་ཁྱེར་གྱི་གཞུང་ལམ་ཁྱབ་ཁོངས་ནང༌། ལམ་འགྲོ་བ་དང་རླངས་འཁོར་ཤར་བགྲོད་ལ་ཤུགས་རྐྱེན་མི་བཟོ་བའི་གནས་ཚུལ་འོག སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་རླངས་འཁོར་འཇོག་སར་བཏང་ཆོག

དོན་ཚན་སོ་བཞི་བ། སློབ་གྲྭ་དང་བྱིས་པ་ཁང༌། སྨན་ཁང༌། རྒན་གསོ་ཁང་བཅས་ཀྱི་སྒོ་མདུན་གྱི་གཞུང་ལམ་སྟེང་སྲང་ལམ་ཕར་ཚུར་དུ་འགྲོ་བར་སྒྲིག་ཆས་མེད་ན། ངེས་པར་དུ་མི་འགྲོ་སའི་འཕྲེད་ལམ་ལམ་ཐིག་འཐེན་དགོས་པ་དང༌། བློ་སྟོན་རྟཊ་མཚན་འཛུཊ་དགོས།

གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོའི་མི་འགྲོ་སའི་ལམ་དུ། ངེས་པར་དུ་འཆར་འགོད་ལྟར་ལོང་བའི་འགྲོ་ལམ་འཛུགས་དགོས། ལོང་བའི་འགྲོ་ལམ་གྱི་སྒྲིག་བཀོད་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་འཚམ་དགོས།

ལེའུ་བཞི་བ། གཞུང་ལམ་ཤར་བགྲོད་ཀྱི་གཏན་འཁེལ།

ལེ་ཚན་དང་པོ། སྤྱིར་བཏང་གི་གཏན་འཁེལ།

དོན་ཚན་སོ་ལྔ་པ། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས་ཀྱིས་གཡས་ངོས་ནས་ཤར་བགྲོད་བྱེད་པར་ལག་བསྟར་བྱ་དགོས།

དོན་ཚན་སོ་དྲུག་པ། གཞུང་ལམ་གྱི་ཆ་རྐྱེན་དང་ཤར་བགྲོད་ཀྱི་དགོས་མཁོ་གཞིར་བཟུང་སྟེ། གཞུང་ལམ་ལ་འཕྲུལ་སྒུལ་རླངས་འཁོར་འགྲོ་ས་དང་འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས་འགྲོ་ས། མི་འགྲོ་སའི་ལམ་བཅས་སོ་སོར་དབྱེ་དགོས། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་མིན་པའི་རིགས། མི་བཅས་རང་རང་གི་ལམ་དུ་བསྐྱོད་པ་ལག་བསྟར་བྱེད་དགོས། འཕྲུལ་སྒུལ་རླངས་འཁོར་འགྲོ་ས་དང་འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས། མི་འགྲོ་ས་བཅས་སོ་སོར་དབྱེ་མེད་ན། འཕྲུལ་སྒུལ་རླངས་འཁོར་གཞུང་ལམ་གྱི་དཀྱིལ་ནས་བསྐྱོད་པ་དང༌། འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས་དང་ལམ་འགྲོ་བ་གཞུང་ལམ་གྱི་འགྲམ་གཉིས་ནས་བསྐྱོད་དགོས།

དོན་ཚན་སོ་བདུན་པ། གཞུང་ལམ་ལ་རླངས་འཁོར་གཏོང་ས་ཆེད་བཀར་ཡོད་ན། རླངས་འཁོར་གྱི་ཆེད་སྤྱོད་གཞུང་ལམ་ནང༌། གཏན་ལ་ཕབ་པའི་རླངས་འཁོར་ཁོ་ན་བསྐྱོད་པ་ལས། རླངས་འཁོར་གཞན་པའི་རིགས་ཆེད་སྤྱོད་གཞུང་ལམ་ནང་གཏོང་མི་ཆོག

དོན་ཚན་སོ་བརྒྱད་པ། རླངས་འཁོར་དང་ལམ་འགྲོ་བས་ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་ལྟར་བསྐྱོད་དགོས། འགྲིམ་འགྲུལ་ཉེན་རྟོགས་ཡུལ་དངོས་ནས་བཀོད་འདོམས་བྱེད་པ་དང་འཕྲད་སྐབས། ངེས་པར་དུ་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟར་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་མེད་པའི་གཞུང་ལམ་སྟེང༌། ངེས་པར་དུ་བདེ་འཇགས་དང་ཤར་གཏོང་གི་རྩ་དོན་ཁག་ཐེག་བྱེད་པའི་འོག་བསྐྱོད་དགོས།

དོན་ཚན་སོ་དགུ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གཞུང་ལམ་དང་འགྲིམ་འགྲུལ་རྒྱུག་ཚད་ཀྱི་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་སྟེ། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས། ལམ་འགྲོ་བ་བཅས་ལ་ཤར་བགྲོད་སྣེ་འཁྲིད་དང་ཚོད་འཛིན། གཏན་འགོག་སོགས་ཀྱི་བྱེད་ཐབས་སྤྱོད་དགོས། མང་ཚོགས་རང་བཞིར་གྱི་བྱ་འགུལ་ཆེ་གྲས་དང་ཁྱབ་ཁོངས་ཆེན་པོའི་ལས་སྐྲུན་སོགས་ཀྱི་གནས་ཚུལ་དང་འཕྲད་ན། འགྲིམ་འགྲུལ་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་པ་དང༌། ཡང་ན་སྤྱི་བྱིངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བྱ་འགུལ་དང་ཐད་ཀར་འབྲེལ་བ་ཡོད་པའི་གཏན་འཁེལ་འདོན་དགོས་ལ། ངེས་པར་དུ་སྔོན་ལ་སྤྱི་ཚོགས་སུ་སྤྱི་སྒྲོག་བྱེད་དགོས།

དོན་ཚན་བཞི་བཅུ་བ། རང་བྱུང་གནོད་འཚེ་དང་གནམ་ཟླ་བཙོག་པའི་ཆ་རྐྱེན་ནམ་ཡང་ན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་སོགས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཡོད་པའི་གནས་ཚུལ་ལ་འཕྲད་ཅིང༌། བྱེད་ཐབས་གཞན་པ་སྤྱད་ནས་འགྲིམ་འགྲུལ་བདེ་འཇགས་ཁག་ཐེག་བྱེད་དཀའ་བའི་སྐབས་སུ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་དོ་དམ་ཚོད་འཛིན་ལག་བསྟར་བྱེད་དགོས།

དོན་ཚན་ཞེ་གཅིག་པ། གཞུང་ལམ་ཤར་གཏོང་གི་འབྲེལ་ཡོད་བྱེ་བྲག་གི་གཏན་འཁེལ་གཞན་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་འབེབ་དགོས།

ལེ་ཚན་གཉིས་པ། འཕྲུལ་སྒུལ་རླངས་འཁོར་ཤར་བགྲོད་ཀྱི་གཏན་འཁེལ། དོན་ཚན་ཞེ་གཉིས་པ། འཕྲུལ་སྒུལ་རླངས་འཁོར་གཞུང་ལམ་དུ་བསྐྱོད་སྐབས། འགྲོས་ཚད་ཚོད་འཛིན་རྟགས་མཚན་གྱི་ཆེས་མཐོའི་འགྲོས་ཚད་ལས་བརྒལ་མི་ཆོག འགྲོས་ཚད་ཚོད་འཛིན་གྱི་རྟགས་མཚན་མེད་པའི་ལམ་རྒྱུད་དུ། ངེས་པར་དུ་བདེ་འཇགས་ཀྱི་འགྲོས་ཚད་སྲུང་འཛིན་བྱེད་དགོས།

མཚན་མོར་བསྐྱོད་པམའ་ཡང་ན་ཉེན་ཁ་འབྱུང་སླ་བའི་ལམ་རྒྱུད་དུ་བསྐྱོད་པ། གཞན་ད་དུང་རྡུལ་འཚུབ་དང་སེར་བ། ཆར་བ། ཁ་བ། སྨུག་པ། ཆབ་རོམ་སོགས་གནམ་ཟླའི་ཆ་རྐྱེན་དང་འཕྲད་སྐབས། ངེས་པར་དུ་འགྲོས་ཚད་ཇེ་དམའ་ རུ་གཏོང་དགོས།

དོན་ཚན་ཞེ་གསུམ་པ། གཞུང་ལམ་གཅིག་ཏུ་བསྐྱོད་པའི་འཕྲུལ་སྒུལ་རླངས་འཁོར་ཡིན་ན། རླངས་འཁོར་རྗེས་མས་ངེས་པར་དུ་རླངས་འཁོར་དུ་རླངས་འཁོར་འཁོར་སྔོན་མ་དང་བྲེལ་མྱུར་གྱི་ཚོད་འཛིན་འགུལ་སྐྱོད་བྱེད་ཐབས་སྤྱོད་པར་འདེང་ངེས་ཀྱི་བདེ་འཇཊ་བར་ཐག་བསྐྱུར་དགོས་ལ། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡིན་ན། སྔོན་ལ་འབུད་མི་རུང༌།

⑴ རླངས་འཁོར་སྔོན་མ་གཡོན་སར་སྐྱོགས་པ་དང་ཁ་ལོ་འཁོར་བ། སྔོན་ལ་འབུད་པ་བཅས་དང༌།

⑵ ཁ་གཏད་དུ་ཡོང་བཞིན་པའི་རླངས་འཁོར་དང་གདོང་ཐུག་རྒྱག་ངེས་པ།

⑶ རླངས་འཁོར་སྔོན་མ་ནི་ཉེན་རྟོག་རླངས་འཁོར་དང་མེ་གསོད་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། བཟོ་སྐྲུན་ཉེན་སྐྱོབ་རླངས་འཁོར་སོགས་བྲེལ་མྱུར་ལས་འགན་ལག་བསྟར་བྱེད་མཁན་ཡིན་པ།

⑷ ལྕགས་ལམ་མདོ་དང་བསྣོལ་མའི་ལམ་མདོ། ཟམ་པ་དོག་མོ། ལམ་སྐྱོགས། ལ་ཐུར། དོང་ལམ། མི་འགྲོ་སའི་འཕྲེད་ལམ། གྲོང་ཁྱེར་གྱི་འགྲིམ་འགྲུལ་ལམ་ཐིག་གམ་ཡང་ན་འགྲིམ་འགྲུལ་རྒྱུག་ཚད་ཆེ་བའི་ལམ་རྒྱུད་སོགས་སྔོན་ལ་འབུད་པའི་ཆ་རྐྱེན་མེད་སར་འགྲོ་སྐབས་བཅས་སོ།

དོན་ཚན་ཞེ་བཞི་པ། འཕྲུལ་སྒུལ་རླངས་འཁོར་བསྣོལ་མའི་ལམ་མདོར་བརྒྱུད་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་གམ་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟར་བརྒྱུད་དགོས། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་གམ་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་མེད་པའི་བསྣོལ་མའི་ལམ་མདོར་བརྒྱུད་སྐབས། ངེས་པར་དུ་འགྲོས་ཚད་དལ་མོས་བསྐྱོད་དགོས་པ་དང༌། དེ་དང་ཆབས་ཅིག་ལམ་འགྲོ་བ་དང་ཐོག་མར་བསྐྱོད་དགོས་པའི་རླངས་འཁོར་ལ་སྔོན་ལ་བསྐྱོད་དུ་འཇུག་དགོས།

དོན་ཚན་ཞེ་ལྔ་པ། འཕྲུལ་སྒུལ་རླངས་འཁོར་གྱིས་སྔོན་ལ་རླངས་འཁོར་གྲལ་སྒྲིག་ནས་སྒུག་པའམ་ཡང་ན་དལ་མོར་བསྐྱོད་པ་དང་འཕྲད་སྐབས། ལམ་གཞན་པ་བརྒྱུད་ནས་སྔོན་ལ་འབུད་པའམ་ཡང་ན་ཁ་གཏད་གཞུང་ལམ་སྤྱད་ནས་འདུག་མི་རུང་ལ། སྒུག་བཞིན་པའི་རླངས་འཁོར་གྱི་བར་གསེང་དུ་འཚང་མི་རུང༌།

གཞུང་ལམ་ཇེ་ཉུང་དུ་སོང་བའི་ལམ་མདོ་དང་ལམ་རྒྱུད། ཡང་ན་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྟགས་མཚན། འགྲིམ་འགྲུལ་ལམ་ཐིག་གམ་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་མེད་པའི་བསྣོལ་མའི་ལམ་མདོར་རླངས་འཁོར་བསྡད་དེ་གྲལ་སྒྲིག་ནས་སྒུག་པའམ་ཡང་ན་དལ་མོས་བསྐྱོད་པ་དང་འཕྲད་སྐབས། འཕྲུལ་སྒུལ་རླངས་འཁོར་གྱིས་ངེས་པར་དུ་རིམ་པ་ལྟར་རེས་མོས་བྱས་ནས་བསྐྱོད་དགོས།

དོན་ཚན་ཞེ་དྲུག་པ། འཕྲུལ་སྒུལ་རླངས་འཁོར་ལྕགས་ལམ་མདོར་བསྐྱོད་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་སམ་ཡང་ན་དོ་དམ་མི་སྣའི་བཀོད་འདོམས་ལྟར་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་སམ་དོ་དམ་མི་སྣ་མེད་ན། ངེས་པར་དུ་འགྲོས་ཚད་ཇེ་དལ་དུ་གཏོང་བའམ་ཡང་ན་འགྲོ་མཚམས་འཇོག་དགོས་ལ། བདེ་འཇགས་ཡིན་པར་ངོས་བཟུང་རྗེས་བསྐྱོད་མགོ་བརྩམ་དགོས།

དོན་ཚན་ཞེ་བདུན་པ། འཕྲུལ་སྒུལ་རླངས་འཁོར་ལམ་འགྲོ་བའི་འཕྲེད་ལམ་དུ་བསྐྱོད་སྐབས། ངེས་པར་དུ་འགྲོས་ཚད་ཇེ་དལ་དུ་བཏང་ནས་བསྐྱོད་དགོས།

ལམ་འགྲོ་བས་འཕྲེད་ལམ་བརྒྱུད་ནས་འགྲོ་བ་དང་འཕྲད་ན། ངེས་པར་དུ་འགྲོ་མཚམས་བཞག་ནས་ལམ་འགྲོ་བ་འགྲོ་རུ་འཇུག་དགོས། འཕྲུལ་སྒུལ་རླངས་འཁོར་གྱིས་འགྲིམ་འགྲུལ་བརྡ་རྟགས་མེད་པའི་གཞུང་ལམ་དུ་བསྐྱོད་སྐབས། ལམ་འགྲོ་བས་འཕྲེད་ལམ་བརྒྱུད་ནས་འགྲོ་བ་དང་འཕྲད་ན། ངེས་པར་དུ་འགྲོ་ལམ་འབྱེད་དགོས།

དོན་ཚན་ཞེ་བརྒྱད་པ། འཕྲུལ་སྒུལ་རླངས་འཁོར་གྱིས་དངོས་ཟོང་སྐྱེལ་སྐབས་ངེས་པར་དུ་གཏན་ལ་ཕབ་པའི་ཚད་གཞི་ལྟར་སྐྱེལ་དགོས་པ་ལས། ཐེག་ཚད་ལས་བརྒལ་བ་གཏན་འགོག་བྱེད་དགོས། དངོས་ཟོང་བརྩིགས་པའི་རིང་ཚད་དང་ཞེང་ཚད། མཐོ་ཚད་བཅས་འགེལ་ཚད་ཀྱི་བླང་བྱ་ལས་བརྒལ་མི་ཆོག་ལ། ཟོང་སྐྱེལ་དངོས་པོ་ཤུལ་དུ་གཅོལ་བ་དང་ལམ་དུ་གཏོར་བ་སོགས་བྱེད་མི་རུང༌།

འཕྲུལ་སྒུལ་རླངས་འཁོར་གྱིས་ཟོང་སྐྱེལ་ཚད་གཞི་ལས་བརྒལ་ཞིང་གཏོར་ མི་རུང་བའི་དངོས་རྫས་སྐྱེལ་འདྲེན་བྱེད་པར། འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཡོད་ན། ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གཏན་ལ་ཕབ་པའི་དུས་ཚོད་དང་ལམ་ཐིག འགྲོས་ཚད་ལྟར་བསྐྱོད་དགོས་ལ། མངོན་གསལ་གྱི་རྟགས་མཚན་འགེལ་དགོས། གཞུང་ལམ་སྟེང་ཟོང་སྐྱེལ་ཚད་གཞི་ལས་བརྒལ་ཞིང་གཏོར་མི་རུང་བའི་དངོས་རྫས་སྐྱེལ་འདྲེན་བྱེད་པ་དང༌། དེ་དང་ལྷན་དུ་ངེས་པར་དུ་གཞུང་ལམ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ལག་བསྟར་བྱེད་དགོས།

འཕྲུལ་སྒུལ་རླངས་འཁོར་གྱིས་འགས་གཏོར་དངོས་རྫས་དང་འབར་གས་ ཅན་གྱི་རྫས་འགྱུར་དངོས་རྫས། དུག་ཆེན། འཕྲོ་འགྱེད་རང་བཞིན་སོགས་ཀྱི་ཉེན་ཁའི་དངོས་རྫས་སྐྱེལ་འདྲེན་བྱེད་སྐབས། ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་བརྒྱུད་རྗེས། གཏན་ལ་ཕབ་པའི་དུས་ཚོད་དང་ལམ་ཐིག འགྲོས་ཚད་ལྟར་བསྐྱོད་དགོས་ལ། ཉེན་བརྡའི་རྟཊ་མཚན་འགེལ་བ་དང་ཆབས་ཅིག་ངེས་མཁོའི་བདེ་འཇཊ་བྱེད་ཐབས་སྤྱོད་དགོས།

དོན་ཚན་ཞེ་དགུ་པ། འཕྲུལ་སྒུལ་རླངས་འཁོར་གྱིས་མི་སྐྱེལ་བར་གཏན་ལ་ཕབ་པའི་མི་གྲངས་ལས་བརྒལ་མི་ཆོག་ཅིང༌། འགྲུལ་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱིས་གཏན་ལ་ཕབ་པའི་དངོས་ཟོང་སྐྱེལ་ཚད་ལས་བརྒལ་མི་ཆོག

དོན་ཚན་ལྔ་བཅུ་པ། ཟོང་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱིས་འགྲུལ་སྐྱེལ་བྱེད་པ་གཏན་འགོག་བྱ་དགོས།

ཟོང་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱིས་ཞོར་དུ་ལས་སྒྲུབབ་པ་སྐྱེལ་དགོས་སྐབས། ངེས་པར་དུ་ལས་སྒྲུབབ་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྤྱོད་དགོས།

དོན་ཚན་ལྔ་གཅིག་པ། འཕྲུལ་སྒུལ་རླངས་འཁོར་བསྐྱོད་སྐབས། ཁ་ལོ་བ་དང་རླངས་འཁོར་དུ་སྡོད་མཁན་གྱིས་ངེས་པར་དུ་གཏན་འཁེལ་ལྟར་བདེ་འཇགས་འཆིང་ཐག་སྤྱོད་དགོས་ལ། འཕྲུལ་རྟའི་ཁ་ལོ་བ་དང་འཕོང་ཞོན་མི་སྣས་ངེས་པར་དུ་གཏན་འཁེལ་ལྟར་བདེ་འཇཊ་རྨོག་ཞྭ་གྱོན་དགོས།

དོན་ཚན་ལྔ་གཉིས་པ། འཕྲུལ་སྒུལ་རླངས་འཁོར་ལ་གཞུང་ལམ་སྟེང་འགལ་རྐྱེན་བྱུང་སྟེ། རླངས་འཁོར་འགྲོ་མཚམས་བཞག་ནས་འགལ་རྐྱེན་སེལ་དགོས་སྐབས། ཁ་ལོ་བས་ངེས་པར་དུ་ཉེན་ཟོན་ཉེན་བརྡའི་གློག་སྒྲོན་བཀར་དགོས་ལ། འཕྲུལ་སྒུལ་རླངས་འཁོར་འགྲིམ་འགྲུལ་ལ་འགལ་རྐྱེན་མི་བཟོ་བའི་སར་འཇོག་དགོས། སྒུལ་སྤོར་བྱེད་མི་ཐུབ་ན། ངེས་པར་དུ་ཉེན་ཟོན་ཉེན་བརྡའི་གློག་སྒྲོན་བཀར་བ་རྒྱུད་སྲིང་དང༌། རླངས་འཁོར་ཡོང་སའི་ཁ་ཕྱོགས་སུ་ཉེན་བརྡའི་རྟགས་མཚན་འཛུགས་པ་སོགས་ཉེར་བརྡ་གཏོང་བའི་བར་ཐག་རྒྱ་བསྐྱེད་དགོས་ལ། ངེས་མཁོའི་སྐབས་སུ་མྱུར་དུ་ཉེན་རྟོག་པར་ཡར་ཞུ་བྱེད་དགོས།

དོན་ཚན་ལྔ་གསུམ་པ། ཉེན་རྟོག་རླངས་འཁོར་དང་མེ་གསོད་རླངས་འཁོར། བཟོ་སྐྲུན་ཉེན་སྐྱོབ་རླངས་འཁོར་གྱིས་བྲེལ་མྱུར་ལས་འགན་སྒྲུབབ་སྐབས། ཉེན་རྟོག་གཏོང་ཆས་དང་རྟཊ་མཚན་གློག་སྒྲོན་བཀོལ་ཆོག བདེ་འཇཊ་ཁག་ཐེག་བྱེད་པའི་ཆ་རྐྱེནའོག ལམ་ཐིག་དང་ཁ་ཕྱོགས། འགྲོས་ཚད། བརྡ་རྟཊ་གློག་སྒྲོན་གྱི་ཚོད་འཛིན་དང་ལེན་མི་བྱེད་པར་བསྐྱོད་ཆོག་ལ། རླངས་འཁོར་གཞན་པ་དང་ལམ་འགྲོ་བས་ངེས་པར་དུ་འགྲོ་ལམ་འབྱེད་དགོས།

ཉེན་རྟོག་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར། བཟོ་སྐྲུན་ཉེན་སྐྱོབ་རླངས་འཁོར་གྱིས་བྲེལ་མྱུར་ལས་འགན་ལག་བསྟར་མི་བྱེད་པའི་སྐབས་སུ། ཉེན་བརྡ་གཏོང་ཆས་དང་རྟགས་མཚན་གློག་སྒྲོན་བཀོལ་མི་ཆོག་ལ། དོན་ཚན་སྔོན་མའི་གཏན་འཁེལ་ལྟར་གཞུང་ལམ་དུ་སྔོན་ལ་བསྐྱོད་པའི་དབང་ཆ་ལོངས་སུ་སྤྱོད་མི་ཆོག

དོན་ཚན་ལྔ་བཞི་པ། གཞུང་ལམ་ཉམས་གསོ་བྱེད་པའི་རླངས་འཁོར་དང་བཟོ་སྐྲུན་ལས་སྒྲུབབ་རླངས་འཁོར་གྱིས་ལས་ཀ་སྒྲུབབ་སྐབས། རླངས་འཁོར་གྱི་འགྲོ་འོང་ལ་ཤུགས་རྐྱེན་མི་བཟོ་བའི་ཆ་རྐྱེན་འོག ལམ་ཐིག་དང་ཁ་ཕྱོགས་ལ་འགྲིམ་འགྲུལ་རྟགས་མཚན་དང་ལམ་ཐིག་གི་ཚོད་འཛིན་དང་ལེན་མི་བྱེད་པར་བསྐྱོད་ཆོག་ཅིང༌། འགྲོ་འོང་གི་རླངས་འཁོར་དང་ལམ་འགྲོ་བས་ངེས་པར་དུ་ལམ་འབྱེད་པ་ཉམས་འཇོག་དགོས།

ཆུ་གཅོལ་རླངས་འཁོར་དང་གཙང་ཕྱགས་རླངས་འཁོར་སོགས་འཕྲུལ་སྒུལ་གྱིས་ངེས་པར་དུ་བདེ་འཇགས་ལས་སྒྲུབབ་ཀྱི་ཚད་གཞི་ལྟར་ལས་ཀ་སྒྲུབབ་དགོས། རླངས་འཁོར་གཞན་པ་བསྐྱོད་པར་ཤུགས་རྐྱེན་མི་བཟོ་བའི་གནས་ཚུལ་འོག རླངས་འཁོར་གྱི་གཞུང་ལམ་དབྱེ་བ་ལྟར་བསྐྱོད་པའི་ཚོད་འཛིན་ལ་དང་ལེན་མི་བྱེད་ཀྱང་ཆོག་ལ། འོན་ཀྱང་ཁ་ཕྱོགས་ལྡོག་ནས་བསྐྱོད་མི་ཆོག

དོན་ཚན་ང་ལྔ་བ། མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་ཆེ་འབྲེང་གི་ལྟེ་བའི་མཁར་ཁུལ་གྱི་གཞུང་ལམ་དུ་ལག་སྐྱོར་འཕྲུལ་འཁོར་བསྐྱོད་པ་གཏན་འགོག་བྱེད་དགོས། ལག་སྐྱོར་འཕྲུལ་འཁོར་བསྐྱོད་མི་ཆོག་པའི་གཞུང་ལམ་གཞན་པ་ནི། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོཊ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ས་གནས་རང་གི་དངོས་ཡོད་གནས་ཚུལ་ལྟར་གཏན་ལ་འབེབ་དགོས། ལག་སྐྱོར་འཕྲུལ་འཁོར་བསྐྱོད་ཆོག་པའི་གཞུང་ལམ་སྟེང༌། ལག་སྐྱོར་འཕྲུལ་འཁོར་གྱིས་དངོས་ཟོང་སྐྱེལ་ཆོག་ལ། འོན་ཀྱང་མི་སྐྱེལ་འདྲེན་བྱེད་མི་ཆོག

དོན་ཚན་ང་དྲུག་པ། འཕྲུལ་སྒུལ་རླངས་འཁོར་ངེས་པར་དུ་གཏན་ལ་ཕབ་པའི་ས་གནས་སུ་འཇོག་དགོས། ལམ་འགྲོ་བའི་གཞུང་ལམ་དུ་འཕྲུལ་སྒུལ་རླངས་འཁོར་འཇོག་སའི་ས་ཚིགས་ལས་གཞན་དུ་འཇོག་མི་ཆོག

གཞུང་ལམ་སྟེང་གནས་སྐབས་སུ་རླངས་འཁོར་འཇོག་པར། རླངས་འཁོར་གཞན་པ་དང་ལམ་འགྲོ་བར་བར་ཆད་བཟོ་མི་ཆོག

ལེ་ཚན་གསུམ་པ། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་ཤར་བགྲོད་ཀྱི་གཏན་འཁེལ།

དོན་ཚན་ང་བདུན་པ། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་བསྐོར་ནས་གཞུང་ལམ་དུ་བསྐྱོད་སྐབས་ངེས་པར་དུ་འབྲེལ་ཡོད་འགྲིམ་འགྲུལ་བདེ་འཇཊ་ཀྱི་གཏན་འཁེལ་ལ་བརྩི་སྲུང་བྱེད་དགོས། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་ངེས་པར་དུ་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་ལམ་ནང་དུ་བསྐྱོད་དགོས། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་གཞུང་ལམ་མེད་སར། ངེས་པར་དུ་རླངས་འཁོར་བསྐྱོད་སའི་གཞུང་ལམ་གྱི་གཡས་འགྲམ་བཅར་ནས་བསྐྱོད་དགོས།

དོན་ཚན་ང་བརྒྱད་པ། དབང་བོ་སྐྱོན་ཅན་གྱི་འཕྲུལ་སྒུལ་རྐུབ་སྟེགས་འཁོར་ལོ་དང་གློག་སྒུལ་ལྕགས་རྟ་དེ་འཕྲུལ་སྒུལ་རླངས་མ་ཡིན་པའི་གཞུང་ལམ་དུ་བསྐྱོད་སྐབས། ཆེས་མཐོ་བའི་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ་ལྔ་བཅུ་ལས་བརྒལ་མི་ཆོག

དོན་ཚན་ང་དགུ་པ། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་ངེས་པར་དུ་གཏན་འཁེལ་བྱས་པས་ས་གནས་སུ་འཇོག་དགོས། འཁོར་ལོ་འཇོག་ས་བཙུགས་མེད་ན། འཕྲུལ་སྒུལ་རླངས་འཁོར་འཇོག་པར་རླངས་འཁོར་གཞན་པ་དང་ལམ་ འགྲོ་བར་བར་ཆད་གཏོང་མི་ཆོག

དོན་ཚན་དྲུག་ཅུ་པ། ཕྱུགས་འདྲུད་འཁོར་ལོ་ཁྲིད་སྐབས། ངེས་པར་དུ་འདུལ་གསོ་ཕྱུགས་རིགས་བཀོལ་དགོས། ཕྱུགས་འདྲུད་འཁོར་ལོ་གཞུང་ལམ་དུ་འཕྲེད་ཀྱིས་བསྐྱོད་སྐབས། ཕྱུགས་རིགས་ཁྲིད་མཁན་གྱིས་ངེས་པར་དུ་འཁོར་ལོ་ལས་བབས་ནས་ཕྱུགས་རིགས་འཁྲིད་དགོས། ཕྱུགས་རིགས་ཀྱི་བདག་པོ་འཁོར་ལོ་དང་ཁ་འབྲལ་སྐབས། ངེས་པར་དུ་ཕྱུགས་རིགས་འདོགས་ཡག་བྱེད་དགོས།

ལེ་ཚན་བཞི་བ། ལམ་འགྲོ་བ་དང་རླངས་འཁོར་དུ་སྡོད་མཁན་གྱི་ཤར་བགྲོད་གཏན་འཁེལ།

དོན་ཚན་རེ་གཅིག་པ། ལམ་འགྲོ་བས་ངེས་པར་དུ་མི་འགྲོ་སའི་ལམ་ནས་བསྐྱོད་དགོས་ལ། མི་འགྲོ་སའི་ལམ་མེད་ན་ལམ་འགྲམ་ནས་བསྐྱོད་དགོས།

དོན་ཚན་རེ་གཉིས་པ། ལམ་འགྲོ་བས་ལམ་མདོ་བརྒྱུད་པའམ་ཡང་ན་གཞུང་ལམ་འཕྲེད་ཀྱིས་བཅད་ནས་འགྲོ་སྐབས། ངེས་པར་དུ་ལམ་འགྲོ་བའི་འཕྲེད་ལམ་མམ་ཡང་ན་སྲང་བརྒལ་སྒྲིག་ཆས་བརྒྱུད་ནས་འགྲོ་དགོས། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ཡོད་པའི་ལམ་འགྲོ་བའི་འཕྲེད་ལམ་བརྒྱུད་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་གྱི་མཛུབ་སྟོན་ལྟར་བསྐྱོད་དགོས། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་ལམ་འགྲོ་བའི་འཕྲེད་ལམ་མེད་སའི་ལམ་མདོ་བརྒྱུད་པ་དང༌། ཡང་ན་སྲང་བརྒལ་སྒྲིག་ཆས་མེད་པའི་ལམ་རྒྱུད་དུ་གཞུང་ལམ་འཕྲེད་ཀྱིས་བཅད་ནས་བརྒྱུད་སྐབས། ངེས་པར་དུ་བདེ་འཇགས་ཡིན་པ་ངོས་བཟུང་རྗེས་འགྲོ་དགོས།

དོན་ཚན་རེ་གསུམ་པ། ལམ་འགྲོ་བས་གཞུང་ལམ་གྱི་ཟུར་བཀར་སྒྲིག་ཆས་ལ་མཆོང་འགོམ་དང་ཞོན་བསྙེས་བྱེད་མི་ཆོག་ལ། ལག་པས་རླངས་འཁོར་འགོག་ པ་དང་བཙན་ཚུགས་ཀྱིས་རླངས་འཁོར་འགོག་པའམ་ཡང་ན་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་གཞན་པ་ལག་བསྟར་བྱེད་མི་ཆོག

དོན་ཚན་རེ་བཞི་བ། སློབ་ལོ་མ་རན་པའི་བྱིས་པ་དང་ངོས་འཛིན་མི་ཐུབ་པའམ་ཡང་ན་རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པའི་སྨྱོ་ནད་ཅན་དང་དབང་ཤུགས་ཉམས་པའི་མིས་གཞུང་ལམ་བརྒྱུད་དུས། ངེས་པར་དུ་དེའི་ལྟ་སྲུང་པ་དང་ལྟ་སྲུང་བར་མངག་བཅོས་བྱས་མིའམ་ཡང་ན་དེར་དོ་དམ་དང་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་པའི་མིས་སྣེ་འཁྲིད་དགོས།

དོན་ཚན་རེ་ལྔ་པ། ལམ་འགྲོ་བས་ལྕགས་ལམ་གྱི་ལམ་མདོ་བརྒྱུད་སྐབས། ངེས་པར་དུ་འགྲིམ་འགྲུལ་བརྡ་རྟགས་སམ་ཡང་ན་དོ་དམ་མི་སྣའི་བཀོད་འདོམས་ལྟར་འགྲོ་དགོས། འགྲིམ་འགྲུལ་བརྡ་རྟགས་དང་དོ་དམ་མི་སྣ་མེད་ན། ངེས་པར་དུ་མེ་འཁོར་ཉེ་འཁོར་དུ་མེད་པ་ངོས་བཟུང་རྗེས། མྱུར་དུ་འགྲོ་དགོས།

དོན་ཚན་རེ་དྲུག་པ། རླངས་འཁོར་དུ་སྡོད་མཁན་གྱིས་འབར་གས་སླ་བའི་ཉེན་ཁའི་དངོས་རྫས་འཁྱེར་མི་རུང་ལ། རླངས་འཁོར་ཕྱི་རོལ་དུ་དངོས་རྫས་གཏོར་མི་རུང་བ་ཟད། ཁ་ལོ་བས་བདེ་འཇགས་ངང་ཁ་ལོ་བསྐོར་བར་གནོད་པ་ཡོད་པའི་བྱ་སྤྱོད་ལག་བསྟར་བྱ་མི་རུང༌།

ལེ་ཚན་ལྔ་པ། མྱུར་བགྲོད་གཞུང་ལམ་གྱི་དམིགས་བསལ་གཏན་འཁེལ།

དོན་ཚན་རེ་བདུན་པ། ལམ་འགྲོ་བ་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ། ལག་སྐྱོར་འཕྲུལ་འཁོར། འཁོར་ལོ་ཅན་གྱི་ཆེད་སྤྱོད་འཕྲུལ་འཁོར། བཏགས་འབྲེལ་ཅན་གྱི་འགྲུལ་འཁོར། འགེལ་འདྲུད་འཕྲུལ་འཁོར། གཞན་ཡང་དུས་ཚོད་རེར་ཆེས་མཐོའི་འགྲོས་ཚད་སྤྱི་ལེ་བདུན་ཅུ་མན་བསྐྱོད་པའི་འཕྲུལ་སྒུལ་འཁོར་ལོ་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་མི་ཆོག མྱུར་བགྲོད་གཞུང་ལམ་གྱི་མྱུར་ཚད་ཚོད་འཛིན་རྟགས་མཚན་གསལ་བོར་བཀོད་པའི་དུས་ཚོད་རེར་ཆེས་མཐོའི་འགྲོས་ཚད་སྤྱི་ལེ་བརྒྱ་དང་ཉི་ཤུ་ལས་འདའ་མི་ཆོག

དོན་ཚན་རེ་བརྒྱད་པ། འཕྲུལ་སྒུལ་རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་ཆག་སྐྱོན་བྱུང་སྐབས། ངེས་པར་དུ་བཅའ་ཁྲིམས་འདིའི་དོན་ཚན་ང་གཉིས་པའི་འབྲེལ་ཡོད་གཏན་འཁེལ་ལྟར་བསྒྲུབབ་དགོས། འོན་ཀྱང༌། ཉེན་བརྡ་རྟགས་མཚན་ངེས་པར་དུ་ཆག་སྐྱོན་བྱུང་བའི་རླངས་འཁོར་གྱི་རྩིབ་ནས་རླངས་འཁོར་ཡོང་སའི་རྨིས་བརྒྱ་དང་ལྔ་བཅུའི་ཕན་ཆད་དུ་འཛུགས་དགོས་ལ། རླངས་འཁོར་སྟེང་གི་མིས་ངེས་པར་དུ་གཡས་ཕྱོགས་ཀྱི་ལམ་འགྲམ་མམ་ཡང་ན་བྲེལ་མྱུར་རླངས་འཁོར་གཞུང་ལམ་ནང་སྤོར་བ་དང༌། དེ་མ་ཟད་མྱུར་དུ་ཉེན་རྟོག་པར་ཡར་ཞུ་བྱ་དགོས།

འཕྲུལ་སྒུལ་རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་ཆག་སྐྱོན་བྱུང་བའམ་ཡང་ན་འགྲེམ་འགྲུལ་དོན་རྐྱེན་བྱུང་སྟེ། རྒྱུན་ལྡན་ལྟར་བསྐྱོད་མི་ཐུབ་ན། ངེས་པར་དུ་འཕྲལ་སྐྱོབ་རླངས་འཁོར་དང་འགལ་སེལ་རླངས་འཁོར་གྱིས་འདྲུད་འཐེན་བྱེད་དགོས།

དོན་ཚན་རེ་དགུ་པ། སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པས་ཁྲིམས་སྟར་བྲེལ་མྱུར་གཞུང་དོན་ལག་བསྟར་བྱེད་པ་ལས་གཞན། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་མྱུར་བགྲོད་གཞུང་ལམ་སྟེང་བཀག་ནས་རླངས་འཁོར་ལ་ཞིབ་བཤེར་བྱ་ཆོག

ལེའུ་ལྔ་བ། འགྲིམ་འགྲུལ་ཆག་སྒོ་ཐག་གཅོད།

དོན་ཚན་བདུན་ཅུ་བ། བགྲོད་ལམ་སྟེང་དུ་འགྲིམ་འགྲུལ་ཆག་སྒོ་བྱུང་དུས་རླངས་འཁོར་ཁ་ལོ་བས་འཕྲལ་དུ་རླངས་འཁོར་བསྐོར་མཚམས་བཞག་སྟེ་ཆག་སྒོ་བྱུང་སར་སྲུང་སྐྱོང་བྱེད་དགོས། མི་ལུས་ལ་རྨས་སྐྱོན་བཟོས་པར་རླངས་འཁོར་ཁ་ལོ་བས་འཕྲུལ་དུ་རྨས་མ་མྱུར་སྐྱོབ་བྱེད་དགོས་པ་མ་ཟད། ད་དུང་མྱུར་དུ་རེས་མོས་བྱེད་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པ་དང་ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཡར་ཞུ་བྱེད་དགོས། རྨས་མ་མྱུར་སྐྱོབ་བྱས་ནས་ཆག་སྒོ་བྱུང་ས་འགྱུར་ལྡོག་བྱུང་བར་ས་གནས་གསལ་འགོད་བྱེད་དགོས། རླངས་འཁོརལ་སྡོད་མཁན་དང་འགྲུལ་བཞུད་ཀྱི་རླངས་འཁོར་ཁ་ལོ་བ། ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བ་བཅས་ཀྱིས་རམ་འདེགས་བྱེད་དགོས།

བགྲོད་ལམ་སྟེང་དུ་འགྲིམ་འགྲུལ་ཆག་སྒོ་བྱུང་དུས་མི་ལུས་ལ་གནོད་རྨས་སྐྱོན་མ་བཟོས་པ་ན། དོ་བདག་པས་དོན་དངོས་དང་ཆག་སྒོ་བྱུང་རྐྱེན་ལ་རྩོད་གླེང་མེད་ན་མྱུར་དུ་ཆག་སྒོ་བྱུང་ས་ནས་ཕྱིར་འཐེན་བྱས་ཏེ་འགྲིམ་འགྲུལ་སླར་གསོ་བྱེད་དགོས། རང་འགུལ་གྱིས་གནོད་སྐྱོད་ཀྱི་སྐྱིན་ཚབ་འཇལ་བའི་དོན་དག་ཐག་གཅོད་པའི་གྲོས་བྱེད་དགོས། འཕྲལ་དུ་ཆག་སྒོ་བྱུང་ས་ནས་ཕྱིར་འཐེན་མི་བྱེད་པར་མྱུར་དུ་རེས་མོས་བྱེད་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པ་དང་ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཡར་ཞུ་དགོས།

བགྲོད་ལམ་སྟེང་དུ་འགྲིམ་འགྲུལ་ཆག་སྒོ་བྱུང་ནས་ནོར་སྲིད་ཀྱི་གྱོང་གུན་ཅུང་ཙམ་བཟོས་ཤིང་དོན་དངོས་ཕལ་ཆེར་གསལ་བོ་ཡིན་པར་དོ་བདག་པས་ཆག་སྒོ་བྱུང་ས་ནས་ཕྱིར་འཐེན་བྱས་ཏེ་བསྐྱར་དུ་ཐག་གཅོད་བྱེད་པར་གྲོས་བྱེད་དགོས།

དོན་ཚན་དོན་གཅིག་པ། རླངས་འཁོར་གྱིས་འགྲིམ་འགྲུལ་ཆག་སྒོ་བཟོས་རྗེས་བྲོས་བྱོལ་བྱུང་བར་ཆག་སྒོ་བྱུང་བ་དངོས་སུ་མཐོང་བའི་མི་སྣ་དང་གནས་ཚུལ་ཤེས་མཚན་གཞན་དག་གིས་གི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པར་ཐེར་འདོན་གོང་ཞུ་བྱེད་དགོས། ཐེར་འདོན་གོང་ཞུ་བྱས་པ་དོན་དངོས་དང་མཐུན་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བྱ་དགའ་སྟེར་དགོས།

དོན་ཚན་དོན་གཉིས་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཆག་སྒོའི་ཉེན་བརྡ་འབྱོར་རྗེས། འཕྲལ་དུ་འགྲིམ་འགྲུལ་ཉེན་རྟོག་པ་མངག་སྟེ་ཆག་སྒོ་བྱུང་སར་འགྲོ་དགོས། ཐོག་མར་རྨས་ཕོག་མི་སྣ་མྱུར་སྐྱོབ་བྱས་ཏེ་བྱེད་ཐབས་གང་མང་བཀོལ་ནས་གང་མྱུར་གྱིས་འགྲིམ་འགྲུལ་སླར་གསོ་བྱེད་དགོས།

འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་ཆག་སྒོ་བྱུང་སར་བསྐོར་ཞིབ་དང་ཞིབ་བཤེར། ཁུངས་ལུང་འཚོལ་སྡུད་བྱེད་ཅིང༌། ཁུངས་ལུང་འཚོལ་སྡུད་ཀྱི་དགོས་མཁོའི་རྐྱེན་གྱིས་ཆག་སྒོ་བྱུང་བའི་རླངས་འཁོར་བཀག་ཉར་བྱེད་ཆོག་རུང་འོས་འཚམ་གྱིས་བདག་གཉེར་བྱེད་པ་དང་ཞིབ་དཔྱད་བྱེད་པར་གྲབས་དགོས།

དོ་བདག་པའི་ལུས་ཁམས་དང་བློ་སེམས་སོགས་ཆེད་ལས་རང་བཞིན་གྱི་ཅུང་དྲག་པོར་ཞིབ་བཤེར་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཆེད་དོན་ལས་ཁུངས་ལ་མངགས་བཅོལ་བྱས་ཏེ་གསལ་འབྱེད་དགོས། གསལ་འབྱེད་བརྡར་ཤ་གཅོད་པ་དེ་གསལ་འབྱེད་པས་མིང་འགོད་དགོས།

དོན་ཚན་དོན་གསུམ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཆག་སྒོ་བྱུང་སར་བསྐོར་ཞིབ་དང་ཞིབ་བཤེར། བརྟག་དཔྱད་གནས་ཚུལ། འབྲེལ་ཡོད་བསྐོར་ཞིབ། གསལ་འབྱེད་བརྡར་ཤ་གཅོད་པ་བཅས་གཞིར་བཟུང་སྟེ། འཕྲལ་དུ་འགྲིམ་འགྲུལ་ཆག་སྒོ་གཏན་ཁེལ་ཡི་གེ་བཟོས་ནས་འགྲིམ་འགྲུལ་ཆག་སྒོ་ཐག་གཅོད་པའི་ཁུངས་ལུང་དུ་འཇོག་དགོས། འགྲིམ་འགྲུལ་ཆག་སྒོ་ངེས་གཏན་ཡི་གེ་རུ་འགྲིམ་འགྲུལ་ཆག་སྒོའི་གཞི་རྩའི་དོན་དངོས་དང་བྱུང་རྐྱེན། དོ་བདག་པའི་འགན་འཁྲི་གསལ་བོར་བཀོད་དེ་དོ་བདག་པར་སྐྱེལ་དགོས།

དོན་ཚན་དོན་བཞི་བ། འགྲིམ་འགྲིམ་ཆག་སྒོའི་གནད་སྐྱོན་སྐྱིན་ཚབ་ལ་རྩོད་གླེང་ཡོད་ན། དོ་བདག་པས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་ལས་ཁུངས་ལ་བར་འདུམ་བྱེད་པའི་རེ་ཞུ་འདོན་ཆོག་ལ། ཐད་ཀར་དུ་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་ཀྱང་བྱེད་ཆོག

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བར་འདུམ་བརྒྱུད་རྗེས། དོ་བདག་པས་གྲོས་མཐུན་མ་བྱུང་བ་དང་ཡང་ན་བར་འདུམ་ཡི་གེའི་གོ་ཆོད་རྗེས་ལག་བསྟར་མི་བྱེད་པར། དོ་བདག་པས་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱེད་ཆོག

དོན་ཚན་དོན་ལྔ་བ། སྨན་བཅོས་ལས་ཁུངས་ཀྱིས་འགྲིམ་འགྲུལ་ཆག་སྒོ་ཁྲོད་ཀྱི་རྨས་ཕོག་མི་སྣ་འཕྲལ་དུ་མྱུར་སྐྱོབ་བྱེད་དགོས་ལ། མྱུར་སྐྱོབ་སྒོར་མོ་དུས་ཐོག་ཏུ་འཕྲོད་མི་ཐུབ་པར་མྱུར་སྐྱོབ་འགོར་འགྱངས་བྱེད་མི་ཆོག ཆག་སྒོ་སློང་བའི་རླངས་འཁོར་དེ་འཕྲུལ་སྒུལ་རླངས་འཁོར་གྱི་དོ་བདག་མི་ཡིན་པའི་འགན་འཁྲི་བཙན་ཤེད་ཀྱི་ཉེན་སྲུང་དུ་ཞུགས་ཡོད་ན། ཉེན་སྲུང་ཀུང་སིའི་འགན་འཁྲིའི་བཅད་གྲངས་ཁྱབ་ཁོངས་ནང་དུ་མྱུར་སྐྱོབ་སྒོར་མོ་གཏོང་སྤྲོད་བྱེད་དགོས། མྱུར་སྐྱོབ་སྒོར་མོ་འགན་འཁྲིའི་བཅད་གྲངས་ལས་བརྒལ་བ་དང༌། འཕྲུལ་སྒུལ་རླངས་འཁོར་གྱི་དོ་བདག་མི་ཡིན་པའི་འགན་འཁྲི་བཙན་ཤེད་ཀྱི་ཉེན་སྲུང་དུ་ཞུགས་མེད་པ་དང་ཡང་ན་ཆག་སྒོ་སློང་རྗེས་བྲོས་བྱོལ་བྱས་པར་བགྲོད་ལམ་འགྲིམ་འགྲུལ་ཆག་སྒོའི་སྤྱི་ཚོཊ་རོཊ་སྐྱོར་ཐེབས་རྩ་ཡིས་ཐོག་མར་ཁག་ཅིག་དང་ཡང་ན་མྱུར་སྐྱོབ་འགྲོ་སྒོ་ཡོད་ཚད་སྤྲོད་དངུལ་སྔ་འདོན་བྱེད་དགོས། བགྲོད་ལམ་འགྲིམ་འགྲུལ་ཆག་སྒོའི་སྤྱི་ཚོཊ་ཐེབས་རྩ་དོ་དམ་ལས་ཁུངས་ལ་འགྲིམ་འགྲུལ་ཆག་སྒོའི་འགན་འཁུར་བའི་སྐྱིན་ཚབ་བདའ་འདེད་བྱེད་པའི་དབང་ཆ་ཡོད།

དོན་ཚན་དོན་དྲུག་པ། འཕྲུལ་སྒུལ་རླངས་འཁོར་གྱིས་འགྲིམ་འགྲུལ་ཆག་སྒོ་སློང་ནས་མི་ལུས་ལ་གནོད་འཚེ་བཏང་བ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པར། ཉེན་སྲུང་ཀུང་སི་ཡིས་འཕྲུལ་སྒུལ་རླངས་འཁོར་གྱི་དོ་བདག་པ་མ་ཡིན་པའི་འགན་འཁྲི་བཙན་ཤེད་ཉེན་སྲུང་འགན་འཁྲི་བཅད་གྲངས་ཁྱབ་ཁོངས་ནང་དུ་སྐྱིན་ཚབ་འཇལ་དགོས། མི་འདང་བའི་ཁག་དེ་གཤམ་གྱི་གཏན་ཁེལ་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས།

(གཅིག)འཕྲུལ་སྒུལ་རླངས་འཁོར་གྱི་བར་འགྲིམ་འགྲུལ་ཆག་སྒོ་བྱུང་ན། ནོར་འཁྲུལ་བྱུང་བའི་ཕྱོགས་ཀྱིས་འགན་འཁུར་དགོས། ཕྱོགས་གཉིས་ཀ་ནོར་འཁྲུལ་བྱུང་བ་ཡིན་ན། སོ་སོའི་ནོར་འཁྲུལ་གྱི་བསྡུར་ཚད་ལྟར་འགན་འཁུར་དགོས།

(གཉིས)འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བ་དང་ལམ་འགྲོ་བའི་བར་འགྲིམ་འགྲུལ་ཆག་སྒོ་བྱུང་ན། འཕྲུལ་སྒུལ་རླངས་འཁོར་གྱི་ཕྱོགས་གཅིག་གིས་འགན་ཁུར་དགོས། འོན་ཀྱང༌། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བ་དང་ལམ་འགྲོ་བའི་བར་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་དང་འགལ་ན། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་དགོས་ངེས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་ན། འཕྲུལ་སྒུལ་རླངས་འཁོར་ཕྱོགས་ཀྱི་འགན་འཁུར་ཇེ་ཡང་དུ་གཏོང་དགོས།

འགྲིམ་འགྲུལ་ཆག་སྒོའི་གྱོང་གུན་ནི་འཕྲུལ་སྒུལ་རླངས་འཁོར་མི་ཡིན་པའི་ཁ་ལོ་བ་དང་ལམ་འགྲོ་བས་བསམ་གཟས་ནས་བསླངས་པ་ཡིན་ན། འཕྲུལ་སྒུལ་རླངས་འཁོར་ཕྱོགས་ཀྱི་འགན་འཁུར་དགོས་དགོས།

དོན་ཚན་དོན་བདུན་པ། རླངས་འཁོར་བགྲོད་ལམ་གྱི་ཕན་ཆད་ནས་བསྐྱོད་དུས་ཆག་སྒོ་བྱུང་ནས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་དོན་རྐྱེན་སྙན་ཞུ་འབྱོར་བ་ཡིན་ན། ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་ལྟར་བསྒྲུབ་དགོས།

ལེའུ་དྲུག་པ། ཁྲིམས་འཛིན་ལྟ་སྐུལ།

དོན་ཚན་དོན་བརྒྱད་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པའི་དོ་དམ་ལ་ཤུགས་སྣོན་བྱེད་ཅིང༌། འགྲིམ་འགྲུལ་ཉེན་རྟོག་པའི་བྱང་ཚད་དང་བགྲོད་ལམ་འགྲིམ་འགྲུལ་ལ་དོ་དམ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པར་ཁྲིམས་ལུགས་དང་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་སྒོའི་གསོ་སྦྱོང་དང་དཔྱད་ཞིབ་བྱེད་དགོས། དཔྱད་ཞིབ་བྱས་པ་བརྒྱུད་ཚད་མཐུན་མིན་པའི་འགྲིམ་འགྲུལ་ཉེན་རྟོག་པ་ལས་རྐང་དུ་བུད་ནས་ལས་འགན་ལག་བསྟར་བྱེད་མི་ཆོག

དོན་ཚན་དོན་འགུ་བ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་བགྲོད་ལམ་བདེ་འཇགས་དོ་དམ་ལག་བསྟར་བྱེད་ན། ཁྲིམས་བཅད་ཀྱི་འགན་དབང་དང་གོ་རིམ་ལ་བརྟེན་ནས་དོན་སྒྲུབ་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས་ལ། གཞུང་དྲང་དང་གཟབ་ནན། ཤེས་རིག། ནུས་མཐོ་བཅས་ཡིན་དགོས།

དོན་ཚན་གྱ་བཅུ་བ། འགྲིམ་འགྲུལ་ཉེན་རྟོག་པས་ལས་འགན་ལག་བསྟར་བྱེད་དུས། གཏན་འཁེལ་ལྟར་གྱོན་ཆས་གོན་པ་དང༌། མི་དམངས་ཉེན་རྟོག་པའི་མཚོན་རྟཊ་འདོཊ་པ་དང༌། མི་དམངས་ཉེན་རྟོག་པའི་དཔང་ཡིག་འཛིན་དགོས། ཉེན་རྟོག་པའི་ངང་ཚུལ་ལེཊ་པོ་དང་བྱེད་ལུགས་ཚུལ་དང་མཐུན་པ། བཀོད་འདོམས་ཚད་ལྡན་ཡིན་པ་རྒྱུན་སྲུང་བྱེད་དགོས།

དོན་ཚན་གྱ་གཅིག་པ། ཁྲིམས་འདི་ལྟར་ཨང་རྟགས་དང་དཔང་ཡིག་སྟེར་བ་སོགས་ལ་གླ་ལེན་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱས་པའི་དངུལ་ལེན་ཚད་གཞི་ལྟར་ལག་བསྟར་ནན་མོ་བྱེད་པ་མ་ཟད། ད་དུང་ཚང་མ་རྒྱལ་མཛོད་དུ་སྤྲོད་དགོས།

དོན་ཚན་གྱ་གཉིས་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་དངུལ་ཆད་གཅོད་པའི་སྲིད་འཛིན་དངུལ་ཆད་ལག་བསྟར་བྱེད་ཅིང༌། འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར། ཆད་དངུལ་ཐག་གཅོད་དང་ཆད་དངུལ་རྩིས་ལེན་དགར་བ་ལག་བསྟར་བྱས་ཏེ། རྩིས་ལེན་བྱས་པའི་ཆད་དངུལ་དང་དེ་མིན་ཁྲིམས་ལྟར་གཞུང་བསྡུ་བྱས་པའི་ཁྲིམས་འགལ་ཐོབ་ཁྲལ་ཚང་མ་རྒྱལ་མཛོད་དུ་སྤྲོད་དགོས།

དོན་ཚན་གྱ་གསུམ་པ། འགྲིམ་འགྲུལ་ཉེན་རྟོག་པས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་དང་འགྲིམ་འགྲུལ་ཆག་སྒོ་བརྟག་དཔྱད་བྱས་ཏེ་ཐག་གཅོད་དགོས་ལ། གཤམ་གྱི་གནས་ཚུལ་འདི་དག་ལྡན་ན་ཟུར་བྱོལ་བྱེད་དགོས་ཏེ།

(གཅིག)གྱོད་གཞི་འདིའི་དོ་བདག་པ་དང་ཡང་ན་དོ་བདག་པའི་གཉེན་ཉེ།

(གཉིས)རང་ཉིད་དང་ཡང་ན་དེའི་གཉེན་ཉེ་གྱོད་གཞི་འདི་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་པ་ཅན།

(གསུམ)གྱོད་གཞི་འདིའི་དོ་བདག་པ་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་པ་ཅན་དང༌། གྱོད་གཞི་ལ་ངན་རྐྱེན་ཐེབས་པ་དྲང་བདེན་གྱིས་ཐག་གཅོད་པ།

དོན་ཚན་གྱ་བཞི་བ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པའི་སྲིད་འཛིན་ཁྲིམས་བསྟར་བྱ་འགུལ་གྱིས་སྲིད་འཛིན་ཞིབ་བཤེར་ལས་ཁུངས་ཀྱི་ཁྲིམས་བསྟར་ལྟ་སྐུལ་ལག་བསྟར་བྱེད་པ་དང་ལེན་བྱ་དགོས།

སྤྱི་བདེ་ལས་ཁུངས་ཀྱི་ལྟ་ཞིབ་སྡེ་ཁག་གིས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་ལུགས་དང་ཁྲིམས་སྲོལ། སྒྲིག་ཁྲིམས་བརྩི་སྲུང་བྱས་པའི་གནས་ཚུལ་ལག་བསྟར་བྱས་པ་ཁྲིམས་ལྟར་ལྟ་སྐུལ་བྱེད་དགོས།

གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འོག་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ཁྲིམས་བསྟར་བྱ་འགུལ་ལ་ལྟ་སྐུལ་བྱེད་དགོས།

དོན་ཚན་གྱ་ལྔ་བ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་ལས་འགན་ལག་བསྟར་བྱེད་དུས། རང་རྟོགས་ཀྱིས་སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

ལས་ཁུངས་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་འཛིན་གཟབ་ནན་མིན་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཐེར་འདོན་གོང་ཞུ་དང་ཞུ་གཏུག་བྱེད་པའི་དབང་ཆ་ཡོད། ཐེར་འདོན་གོང་ཞུ་དང་ཞུ་གཏུག་འབྱོར་བའི་ལས་ཁུངས་ཀྱིས་ལས་འགན་ལྟར་འཕྲལ་དུ་ཞིབ་གཅོད་བྱེད་དགོས།

དོན་ཚན་གྱ་དྲུག་པ། ལས་ཁུངས་གང་ཞིག་ཡིན་རུང་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཁྱབ་བསྒྲགས་དང་ཡང་ན་ངོ་བོ་འགྱུར་བའི་ཁྱབ་བསྒྲགས་ཆད་དངུལ་གྱི་ཚད་གཞི་སྟེར་མི་ཆོག་ལ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཆད་དངུལ་གྱི་གྲངས་ཀ་དེ་འགྲིམ་འགྲུལ་ཉེན་རྟོག་པར་དཔྱད་ཞིབ་བྱེད་པའི་ཚད་གཞི་རུ་འཇོག་མི་ཆོག

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་ལུཊ་དང་ཁྲིམས་སྲོལ་གྱིས་གཏན་ཁེལ་བྱས་པའི་བཀའ་བརྡ་ལས་བརྒལ་ན། ལག་བསྟར་དང་ལེན་མི་བྱེད་པའི་དབང་ཆ་ཡོད་པའི་ལྷན་དུ་གོང་རིམ་ལས་ཁུངས་ལ་སྙན་ཞུ་བྱ་ཆོག

ལེའུ་བདུན་པ། ཁྲིམས་ལུགས་ཀྱི་འགན་འཁྲི།

དོན་ཚན་གྱ་བདུན་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་དེའི་འགྲིམ་འགྲུལ་ཉེན་རྟོག་པས་དོན་དངོས་དང་ཁྲིམས་ལུགས་འདིའི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་སྟེ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་དགོས་ལ། གནས་ཚུལ་ཡང་མོ་ཡིན་པ་དང་བགྲོད་ལམ་ཤར་གཏོང་ལ་ཤུགས་རྐྱེན་ཐེབས་སུ་མ་བཅུག་པར་ངག་ཐོག་ནས་ཐ་ཚིག་སྒྲོག་རྗེས་འགྲོ་རུ་འཇུག་དགོས།

དོན་ཚན་གྱ་བརྒྱད་པ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་གཅོད་ཀྱི་རིགས་ལ་ཐ་ཚིག་སྒྲོག་པ་དང་ཆད་དངུལ་གཅོད་པ། གནས་སྐབས་ཀྱིས་བཀག་ཉར་དང་ཡང་ན་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རྩིས་མེད་དུ་གཏོང་བ་དང་བཀག་ཉར་བཅས་ཡོད།

དོན་ཚན་གྱ་དགུ་བ། ལམ་འགྲོ་བ་དང་རླངས་འཁོར་ལ་འདུག་མཁན། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་འགྲིམ་འགྲུལ་ཤར་གཏོང་ཐད་ཀྱི་གཏན་ཁེལ་དང་འགལ་ན། ཐ་ཚིག་སྒྲོག་པ་དང་ཡང་ན་སྒོར་ལྔ་ཡན་དང་ལྔ་བཅུ་མན་གྱི་ཆད་དངུལ་གཅོད་དགོས། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བས་དངུལ་ཆད་དང་ལེན་མི་བྱེད་ན་དེའི་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ་བཀག་ཉར་བྱེད་དགོས།

དོན་ཚན་དགུ་བཅུ་བ། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བགྲོད་ལམ་ཤར་གཏོང་ཐད་ཀྱི་གཏན་འཁེལ་དང་འགལ་ན། ཐ་ཚིག་སྒྲོག་པ་དང་ཡང་ན་སྒོར་ཉི་ཤུའི་ཡན་དང་ཉིས་བརྒྱ་མན་གྱི་ཆད་དངུལ་གཅོད་དགོས། ཁྲིམས་འདིར་གཏན་ཁེལ་གཞན་དག་ཡོད་ན་གཏན་ཁེལ་ལྟར་ཆད་གཅོད་བྱེད་དགོས།

དོན་ཚན་གོ་གཅིག་པ། ཆང་འཐུང་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་བ་ཡིན་ན། ཟླ་གཅིག་གི་ཡན་དང་ཟླ་གསུམ་མན་གྱི་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རེ་ཞིག་བཀག་ཉར་བྱེད་དགོས་པ་མ་ཟད། ད་དུང་སྒོར་ཉིས་བརྒྱ་ཡན་དང་ལྔ་བརྒྱ་མན་གྱི་ཆད་དངུལ་གཅོད་དགོས། ཆང་འཐུང་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་བ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀག་སྡོམ་བྱས་ཏེ་ཆང་གིས་དྭངས་དགོས། ཉིན་བཅོ་ལྔ་མན་གྱི་བཙན་ཉར་དང་ཟླ་གསུམ་ཡན་དང་ཟླ་དྲུག་མན་གྱི་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རེ་ཞིག་བཀག་ཉར་བྱེད་དགོས་ཤིང༌། སྒོར་ལྔ་བརྒྱ་ཡན་དང་སྟོང་གཉིས་མན་གྱི་ཆད་དངུལ་གཅོད་དགོས།

ཆང་འཐུང་རྗེས་སྐྱེལ་འདྲེན་རླངས་འཁོར་བསྐོར་བ་ཡིན་ན། ཟླ་གསུམ་གྱི་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རེ་ཞིག་བཀག་ཉར་བྱེད་དགོས་པ་མ་ཟད། ད་དུང་སྒོར་ལྔ་བརྒྱའི་ཆད་དངུལ་གཅོད་དགོས། ཆང་འཐུང་རྗེས་སྐྱེལ་འདྲེན་རླངས་འཁོར་བསྐོར་བ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀག་སྡོམ་བྱས་ཏེ་ཆང་གིས་དྭངས་དགོས། ཉིན་བཅོ་ལྔ་མན་གྱི་བཙན་ཉར་དང་ཟླ་དྲུག་གི་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རེ་ཞིག་བཀག་ཉར་བྱེད་དགོས་ཤིང༌། སྒོར་ཉིས་སྟོང་གི་ཆད་དངུལ་གཅོད་དགོས།

ལོ་གཅིག་གི་ནང་དུ་གོང་གི་གཏན་ཁེལ་དོན་ཚན་གཉིས་ཆང་འཐུང་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་བྱ་སྤྱོད་ལྡན་པ་དང་ཆད་གཅོད་ཐེངས་གཉིས་བྱས་པར། འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རྩིས་མེད་དུ་གཏོང་དགོས་པ་དང༌། ལོ་ལྔའི་ནང་དུ་འཕྲུལ་སྒུལ་སྐྱེལ་འདྲེན་རླངས་འཁོར་བསྐོར་མི་ཆོག

དོན་ཚན་གོ་གཉིས་པ། གཞུང་ལམ་འགྲུལ་སྐྱེལ་རླངས་འཁོར་གྱི་འགྲུལ་བ་ཤོང་ཚད་གཏན་ཁེལ་བྱས་པ་ལས་བརྒལ་ན། སྒོར་ཉིས་བརྒྱ་ཡན་དང་ལྔ་བརྒྱ་མན་གྱི་ཆད་གཅོད་བྱེད་དགོས། གཏན་ཁེལ་བྱས་པའི་འགྲུལ་བ་ཤོང་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་དང་ཡང་ན་གཏན་ཁེལ་བྱས་པའི་དངོས་ཟོག་འགེལ་ཚད་ལས་བརྒལ་ན། སྒོར་ལྔ་བརྒྱ་ཡན་དང་སྟོང་གཉིས་མན་གྱི་ཆད་པ་གཅོད་དགོས།

ཟོག་འདྲེན་འཕྲུལ་སྒུལ་རླངས་འཁོར་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཤོང་ཚད་ཀྱི་སྤུས་ཚད་ལས་བརྒལ་ན། སྒོར་ཉིས་བརྒྱ་ཡན་དང་ལྔ་བརྒྱ་མན་གྱི་ཆད་གཅོད་བྱེད་དགོས། གཏན་ཁེལ་བྱས་པའི་ཤོང་ཚད་ཀྱི་སྤུས་ཚད་ཀྱི་གཏན་ཁེལ་བྱས་པའི་འགྲུལ་བའི་བརྒྱ་ཆའི་སུམ་ཅུ་དང་ཡང་ན་གཏན་ཁེལ་ལས་འགལ་ནས་འགྲུལ་བ་ཐེག་པར་སྒོར་ལྔ་བརྒྱ་ཡན་དང་སྟོང་གཉིས་མན་གྱི་ཆད་པ་གཅོད་དགོས།

གོང་གི་དོན་ཚན་གཉིས་ཀྱི་བྱ་སྤྱོད་ལྡན་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་བཀག་ཉར་བྱས་པའི་ཁྲིམས་འགལ་རྣམ་པ་མེད་པར་གཏོང་དགོས།

སྐྱེལ་འདྲེན་སྡེ་ཁག་གི་རླངས་འཁོར་གྱིས་སྲོལ་ཡིག་འདིའི་དོན་ཚན་དང་པོ་དང་གཉིས་པའི་གཏན་ཁེལ་གྱི་གནས་ཚུལ་ལྡན་ཞིང་ཆད་པ་བཅད་ནས་ཡོ་བསྲང་མི་བྱེད་པར་ཐད་ཀར་འགན་ཁུར་བའི་གཙོ་གཉེར་པས་སྒོར་སྟོང་གཉིས་དང་ཡང་ན་སྟོང་ལྔ་མན་གྱི་ཆད་པ་གཅོད་དགོས།

དོན་ཚན་གོ་གསུམ་པ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇཊ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཕྲུལ་སྒུལ་རླངས་འཁོར་དང་འཇོག་པ་དང་གནས་སྐབས་རླངས་འཁོར་འཇོག་པའི་གཏན་ཁེལ་དང་འགལ་བ་ཅན་ཡིན་ན། ཁྲིམས་འགལ་བྱ་སྤྱོད་ལ་མཛུབ་སྟོན་གནང་དགོས་ལ་ངག་ཐོག་གི་ཐ་ཚིག་སྒྲོག་པ་དང་དེ་འཕྲལ་དུ་ཁ་བྲལ་ནས་བསྐོར་དུ་འཇུག་པའི་བཀའ་ཕབ་དགོས།

འཕྲུལ་སྒུལ་རླངས་འཁོར་ཁ་ལོ་བས་ཡུལ་དངོས་སུ་མེད་པ་དང་ཡང་ན་ཡུལ་དངོས་སུ་ཡོད་རུང་འཕྲལ་དུ་བསྐོར་ནས་མ་འགྲོ་བར། རླངས་འཁོར་གཞན་པ་དང་ལམ་འགྲོ་བ་བསྐྱོད་པར་བཀག་འགོག་བྱས་ན་སྒོར་ཉི་ཤུ་ཡན་དང་སྒོར་ཉིས་བརྒྱ་མན་གྱི་ཆད་པ་གཅོད་དགོས་ཤིང༌། འཕྲུལ་སྒུལ་རླངས་འཁོར་དེ་དྲུད་ནས་འགྲིམ་འགྲུལ་ལ་མི་བཀག་འགོག་མི་བྱེད་པའི་ས་གནས་དང་ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བསྟན་པའི་ས་གནས་སུ་འཇོག་དགོས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་འདྲུད་དུས་དོ་བདག་པར་རིན་དངུལ་ལེན་མི་ཆོག་ཅིང༌། འཕྲལ་དུ་དོ་བདག་པར་རླངས་འཁོར་འཇོག་ས་ཤེས་སུ་འཇུག་དགོས།

བྱེད་ཐབས་ཡང་དག་མིན་པའི་རླངས་འཁོར་འདྲུད་ཐབས་སྤྱད་པ་དེས་འཕྲུལ་སྒུལ་རླངས་འཁོར་ལ་གཏོར་བརླག་བཏང་བ་དེས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་ཁུར་དགོས།

དོན་ཚན་གོ་བཞི་བ། འཕྲུལ་སྒུལ་རླངས་འཁོར་གྱིས་བདེ་འཇགས་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་འཕྲུལ་སྒུལ་རླངས་འཁོར་བདེ་འཇགས་ཀྱི་ལག་རྩལ་ཞིབ་བཤེར་ལག་བསྟར་བྱེད་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱས་པའི་དངུལ་ལེན་ཚད་གཞི་ལས་བརྒལ་ནས་དངུལ་བླངས་ན་དངུལ་མང་པོ་བླངས་པ་ཕྱིར་སྤྲོད་དགོས། རིན་གོང་གཙོ་གཉེར་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་གི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཆད་གཅོད་བྱེད་དགོས།

འཕྲུལ་སྒུལ་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་འཕྲུལ་སྒུལ་རླངས་འཁོར་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལག་རྩལ་ཚད་གཞི་ལྟར་ཞིབ་བཤེར་མ་བྱེད་པར་ཞིབ་བཤེར་མཇུག་འབྲས་རྫུན་མ་སྟོན་པར། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གིས་ཞིབ་བཤེར་གྲོན་དངུལ་ལྡབ་ལྔ་ཡན་དང་ལྡབ་བཅུ་མན་གྱི་ཆད་པ་གཅོད་དགོས་ལ། ཁྲིམས་ལྟར་དེའི་ཞིབ་བཤེར་ཐོབ་ཐང་མེད་པར་གཏོང་དགོས། ཉེས་ཚད་ལོངས་ཡོད་ན། ཁྲིམས་ལྟར་ཉེས་དོན་རྩད་གཅོད་བྱེད་དགོས།

དོན་ཚན་གོ་ལྔ་བ། བགྲོད་ལམ་སྟེང་བསྐྱོད་པའི་འཕྲུལ་སྒུལ་རླངས་འཁོར་གྱིས་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་བཀལ་མེད་པ་དང་ཞིབ་བཤེར་ཚད་ལྡན་གྱི་མཚོན་རྟགས་དང་་ཉེན་སྲུང་མཚོན་རྟགས་བཞག་མེད་པ། ཡང་ན་རླངས་འཁོར་བསྟུན་ནས་བསྐྱོད་ཡིག་དང་བསྐོར་ཡིག་བཟུང་མེད་པར། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་བཀག་ཉར་བྱེད་པ་དང༌། དོ་བདག་པར་འབྲེལ་ཡོད་ཀྱི་ཨང་རྟགས་དང་མཚོན་རྟགས་དང་ཡང་ན་གསབ་སྒྲུབ་ཀྱི་འགྲོ་ལུགས་འདོན་སྤྲོད་བྱེད་དགོས་པའི་བརྡ་རྒྱག་དགོས། བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་ཐམ་པའི་གཏན་ཁེལ་ལྟར་ཆད་པ་གཅོད་ཆོག དོ་བདག་པར་འོས་འཚམ་གྱི་ཨང་རྟགས་དང་མཚོན་རྟགས། ཡང་ན་གསབ་སྒྲུབ་ཀྱི་འགྲོ་ལུགས་འདོན་སྤྲོད་བྱེད་ཅིང༌། འཕྲལ་དུ་འཕྲུལ་སྒུལ་རླངས་འཁོར་ཕྱིར་སྤྲོད་དགོས།

གཏན་ཁེལ་མ་ཡིན་པར་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་བསམབ་གཟས་ནས་འགོག་སྒྲིབ་དང་ཉམས་ཆག་ཏུ་གཏོང་བར་བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་ཐམ་པའི་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།

དོན་ཚན་གོ་དྲུག་པ། འཕྲུལ་སྒུལ་རླངས་འཁོར་གྱི་ཐོ་འགོད་དཔང་ཡིག་དང་ཨང་རྟགས། བསྐྱོད་ཡིག ཞིབ་བཤེར་ཚད་ལྡན་གྱི་མཚོན་རྟགས། ཉེན་སྲུང་མཚོན་རྟགས། རླངས་འཁོར་བསྐོར་ཡིག་བཅས་རྫུན་བཟོ་དང་བསྒྱུར་བསྐྲུན་དང་ཡང་ན་རྫུན་བཟོ་དང་བསྒྱུར་བསྐྲུན་བེད་སྤྱོད་བྱེད་པ་དང་ཡང་ན་རླངས་འཁོར་གཞན་དག་གི་ཐོ་འགོད་དཔང་ཡིག་དང་ཨང་རྟགས། བསྐྱོད་ཡིག ཞིབ་བཤེར་ཚད་ལྡན་གྱི་མཚོན་རྟགས། ཉེན་སྲུང་མཚོན་རྟགས་བེད་སྤྱོད་བྱེད་པར། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་དེ་རྩིས་ལེན་དང་བཀག་ཉར་བྱེད་དགོས་ལ། སྒོར་ཉིས་བརྒྱ་ཡན་དང་སྟོང་གཉིས་མན་གྱི་ཆད་པ་གཅོད་དགོས། ཉེས་ཚད་ལོངས་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

དོ་བདག་པས་ཁྲིམས་མཐུན་གྱི་དཔང་ཡིག་དང་ཡང་ན་གསབ་སྒྲུབ་ཀྱི་འགྲོ་ལུགས་འདོན་སྤྲོད་བྱས་པ་འཕྲལ་དུ་འཕྲུལ་སྒུལ་རླངས་འཁོར་ཕྱིར་སྤྲོད་དགོས།

དོན་ཚན་གོ་བདུན་པ། ཁྲིམས་མཐུན་མིན་པར་ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་གློག་སྒྲོན་ལྷུ་སྒྲིག་བྱས་པར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཙན་ཤེད་ཀྱིས་བཤིག་དགོས་ལ་རྩིས་ལེན་བྱེད་ཆོག སྒོར་ཉིས་བརྒྱ་ཡན་དང་སྟོང་གཉིས་མན་གྱི་ཆད་པ་གཅོད་དགོས།

དོན་ཚན་གོ་བརྒྱད་པ། འཕྲུལ་སྒུལ་རླངས་འཁོར་གྱི་མི་དང་བདག་གཉེར་པ་ཡོད་ཚད་ཀྱིས་རྒྱལ་ཁབ་ཀྱིས་གཏན་ཁེལ་ལྟར་འཕྲུལ་སྒུལ་རླངས་འཁོར་གྱི་དོ་བདག་པ་མི་ཡིན་པའི་འགན་འཁྲིའི་བཙན་ཤེད་ཉེན་སྲུང་དུ་ཞུགས་མེད་པར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་གའྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་བཀག་ཉར་བྱས་རྗེས་གཏན་ཁེལ་ལྟར་ཉེན་སྲུང་དུ་ཞུགས་རྗེས་ཉེན་སྲུང་དུ་ཞུགས་པའི་ཆེས་དམའི་འགན་འཁྲི་ལྟར་ཉེན་སྲུང་གྲོན་དངུལ་གྱི་ལྡབ་གཉིས་ཅད་པ་སྤྲོད་དགོས།

གོང་གི་དོན་ཚན་ལྟར་ཆད་དངུལ་སྤྲད་པ་དེ་དག་གཞུང་ལམ་འགྲིམ་འགྲུལ་ཆག་སྒོའི་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩ་རུ་འཇོག་དགོས། བྱེ་བྲག་གི་བྱེད་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱ་དགོས།

དོན་ཚན་གོ་དགུ་བ། གཤམ་གྱི་བྱ་སྤྱོད་གཅིག་ལྡན་པ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒོར་ཉིས་བརྒྱ་ཡན་དང་སྟོང་གཉིས་མན་གྱི་ཆད་པ་གཅོད་དགོས།

(གཅིག)འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་བླངས་མེད་པ་དང་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རྩིས་མེད་དུ་བཏང་བ་དང་ཡང་ན་གནས་སྐབས་བཀག་ཉར་བྱས་ཡོད་པའི་སྐབས་སུ་འཕྲུལ་སྒུལ་རླངས་འཁོར་བསྐོར་བ་ཅན།

(གཉིས)འཕྲུལ་སྒུལ་རླངས་འཁོར་གྱིས་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་བླངས་མེད་པ་དང་ཡང་ན་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རྩིས་མེད་དུ་བཏང་བ་དང་བཀག་ཉར་བྱེད་པའི་ཁ་ལོ་བ།

(གསུམ)འགྲིམ་འགྲུལ་ཆག་སྒོ་བཟོས་རྗེས་བྲོས་བྱོལ་བྱས་རུང་ཉེས་ཚད་མི་ལོངས་པ།

(བཞི)འཕྲུལ་སྒུལ་རླངས་འཁོར་གཏན་ཁེལ་བྱས་པའི་མགྱོགས་ཚད་ལས་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བ་ཅན།

(ལྔ)འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འཕྲུལ་སྒུལ་རླངས་འཁོར་བདེ་འཇགས་ངང་བསྐོར་བའི་བླང་བྱ་དང་འགལ་ནས་འཕྲུལ་སྒུལ་རླངས་འཁོར་བསྐོར་ཞིང་འགྲིམ་འགྲུལ་ཆག་སྒོ་བཟོས་པ་དང་ཉེས་ཚད་མི་ལོངས་པ།

(དྲུག)འགྲིམ་འགྲུལ་དོ་དམ་ལམ་ལུགས་ཀྱི་གཏན་འཁེལ་དང་འགལ་ནས་བརྩན་ཤེད་ཀྱིས་ཤར་བསྐྱོད་བྱས་ཏེ་བསླབ་བྱར་མི་ཉན་པ།

(བདུན)འགྲིམ་འགྲུལ་སྒྲིག་ཆས་བསམ་གཟས་ནས་གཏོར་བརླག་དང་སྤོ་སྣུར། སུབ་བཅོས་བརྒྱབ་སྟེ་གནོད་སྐྱོན་མཇུག་འབྲས་ཚབས་ཆེན་བཟོས་ཤིང་ཉེས་ཚད་མི་ལོངས་པ།

(བརྒྱད)ཁྲིམས་མིན་གྱིས་འཕྲུལ་སྒུལ་རླངས་འཁོར་བཀག་འགོག་དང་བཀག་ཉར་བྱས་ཏེ་བསླབ་བྱར་མི་ཉན་པར་འགྲིམ་འགྲུལ་བཀག་འགོག་ཚབས་ཆེན་བཟོས་པ་དང་ཡང་ན་ཅུང་ཆེ་བའི་ནོར་སྲིད་གྱོང་གུན་བཟོས་པར།

བྱ་སྤྱོད་མཁན་ལ་དོན་ཚན་སྔོན་མའི་ཚན་པ་གཉིས་པ་དང་བཞི་བའི་གནས་ཚུལ་གཅིག་ལྡན་ན། འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རྩིས་མེད་དུ་གཏོང་ཆོག ཚན་པ་དང་པོ་དང་གསུམ་པ། ལྔ་བ། བརྒྱད་པ་བཅས་ཀྱིགནས་ཚུལ་གཅིག་ལྡན་ན་ཉིན་བཅོ་ལྔའི་མན་བཀག་ཉར་བྱེད་ཆོག

དོན་ཚན་བརྒྱ་ཐམ་པ། ལྷུ་སྒྲིག་བྱས་པའི་འཕྲུལ་སྒུལ་རླངས་འཁོར་དང་ཡང་ན་བེད་མེད་ཟུར་འཇོག་གི་ཚད་གཞི་སྟེང་ཐོན་པའི་འཕྲུལ་སྒུལ་རླངས་འཁོར་བསྐོར་ནས་གཞུང་ལམ་སྟེང་བསྐྱོད་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རྩིས་ལེན་བྱེད་དགོས་ལ། བཙན་ཤེད་ཀྱིས་བེད་མེད་ཟུར་འཇོག་བྱེད་དགོས།

དོན་ཚན་སྔོན་མར་རེ་རེ་བཤད་པའི་འཕྲུལ་སྒུལ་རླངས་འཁོར་བསྐོར་ནས་གཞུང་ལམ་སྟེང་བསྐྱོད་པའི་ཁ་ལོ་བར་སྒོར་ཉིས་བརྒྱ་ཡན་དང་སྟོང་གཉིས་མན་གྱི་ཆད་པ་གཅོད་དགོས་ལ། འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རྩིས་མེད་དུ་གཏོང་དགོས།

བེད་མེད་ཟུར་འཇོག་གི་ཚད་གཞིའི་སྟེང་ཐོན་པའི་འཕྲུལ་སྒུལ་རླངས་འཁོར་སྤུས་འཚོངབ་བྱས་པར་ཁྲིམས་་འགལ་ཐོབ་ཆ་གཞུང་བཞེས་བྱེད་དགོས། ཕྱིར་འཚོང་བསྡོམས་གྲངས་ཀྱི་མཚུངས་གྲངས་ཆད་པ་གཅོད་དགོས་ལ་འཕྲུལ་སྒུལ་རླངས་འཁོར་དེ་དོན་ཚན་འདིའི་ཚན་ཆུང་དང་པོའི་གཏན་ཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་བརྒྱ་དང་གཅིག གཞུང་ལམ་འགྲིམ་འགྲུལ་བདེ་འཇཊ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་འགྲིམ་འགྲུལ་ཆག་སྒོ་ཚབས་ཆེན་བཟོས་ཏེ་ཉེས་ཚད་མི་ལོངས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས་ལ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རྩིས་མེད་དུ་གཏོང་དགོས།

འགྲིམ་འགྲུལ་ཆག་སྒོ་བཟོས་རྗེས་བྲོས་བྱོལ་བྱས་པར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་རྩིས་མེད་དུ་གཏོང་དགོས་ལ། མི་ཚེ་གང་བོར་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་ལེན་མི་ཆོག

དོན་ཚན་བརྒྱ་དང་གཉིས། ཟླ་དྲུག་གི་ནང་དུ་ཚབས་ཆེ་བའི་འགྲིམ་འགྲུལ་ཆག་སྒོ་ཐེངས་གཉིས་ལ་བྱུང་སྟེ་འགན་ཁུར་བ་གཙོ་བོ་དང་ཡང་ན་འགན་ཁུར་ཡོད་ཚད་འཁུར་བའི་ཆེད་ལས་སྐྱེལ་འདྲེན་ལས་ཁུངས་ལ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བདེ་འཇཊ་མངོན་མེད་རྐྱེན་ངན་སེལ་བའི་བཀའ་ཕབ་དགོས། བདེ་འཇཊ་མངོན་མེད་རྐྱེན་ངན་སེལ་མེད་པའི་འཕྲུལ་སྒུལ་རླངས་འཁོར་གཞུང་ལམ་སྟེང་བསྐྱོད་པར་བཀག་འགོག་བྱེད་དགོས།

དོན་ཚན་བརྒྱ་དང་གསུམ། རྒྱལ་ཁབ་ཀྱི་འཕྲུལ་སྒུལ་རླངས་འཁོར་གྱི་ཐོན་རྫས་གཙོ་གཉེར་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལག་རྩལ་ཚད་གཞི་ལྟར་གཞབ་ནན་གྱིས་ཞིབ་བཤེར་མ་བྱས་པ་དང༌། བཀའ་འཁྲོལ་ཚད་ལྡན་མིན་པའི་འཕྲུལ་སྒུལ་རླངས་འཁོར་དབྱིབས་ཅན་གྱི་ཐོན་སྐྱེད་དུ་ཞུགས་པར། འགན་འཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་གྱི་འགན་ཁུར་མི་སྣར་རིམ་ཕབ་པ་དང་ཡང་ན་ལས་འགན་ཕྱིར་འཐེན་བྱེད་པའི་སྲིད་འཛིན་ཆད་གཅོད་བྱེད་དགོས།

འཕྲུལ་སྒུལ་རླངས་འཁོར་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འཕྲུལ་སྒུལ་རླངས་འཁོར་ཐོན་རྫས་ཀྱི་གཙོ་གཉེར་སྡེ་ཁག་གིས་ཐོན་སྐྱེད་ཆོག་མཆན་བཀོད་པའི་འཕྲུལ་སྒུལ་རླངས་འཁོར་དབྱིབས་ཅན་གྱིས། འཕྲུལ་སྒུལ་རླངས་འཁོར་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལག་རྩལ་ཚད་གཞི་དང་ལག་བསྟར་མི་བྱེད་པ་དང་ཡང་ན་འཕྲུལ་སྒུལ་རླངས་འཁོར་གྱི་གྲུབ་རྫས་སྤུས་ཚད་ལ་ཞིབ་བཤེར་གཟབ་ནན་མི་བྱེད་པར་སྤུས་ཚད་ཚད་མཐུན་མིན་པའི་འཕྲུལ་སྒུལ་རླངས་འཁོར་གྱི་བཟོ་གྲྭ་རུ་ཕྱིར་འཚོང་བྱེད་དུ་བཅུག་པར། སྤུས་ཚད་ལག་རྩལ་ལྟ་སྐུལ་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤུས་ཚད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།

གང་འདོད་དུ་རྒྱལ་ཁབ་ཀྱི་འཕྲུལ་སྒུལ་རླངས་འཁོར་ཐོན་རྫས་ཀྱི་གཙོ་གཉེར་སྡེ་ཁག་གིས་ཐོན་སྐྱེད་ཆོག་མཆན་བཀོད་མེད་པར་འཕྲུལ་སྒུལ་རླངས་འཁོར་དབྱིབས་ཅན་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པར། ཁྲིམས་མིན་གྱིས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་གྲུབ་རྫས་དང་ལྷུ་ལག་གཞུང་བཞེས་བྱེད་དགོས། ཁྲིམས་མིན་ཐོན་རྫས་ཀྱི་རིན་གོང་གི་ལྡབ་ལྔ་མན་གྱི་ཆད་པ་གཅོད་དགོས། ལས་གཉེར་ལག་འཁྱེར་ཡོད་པར་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ལས་གཉེར་ལག་འཁྱེར་རྩིས་མེད་དུ་གཏོང་དགོས། ལས་གཉེར་ལག་འཁྱེར་མེད་པར་རྒྱ་ཐེལ་མནོན་དགོས།

ལྷུ་སྒྲིག་བྱས་པའི་འཕྲུལ་སྒུལ་རླངས་འཁོར་དང་ཡང་ན་རང་འདོད་ཀྱིས་ལྷུ་སྒྲིག་བྱས་པའི་འཕྲུལ་སྒུལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ན། སྲོལ་ཡིག་འདིའི་དོན་ཚན་གསུམ་པའི་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།

སྲོལ་ཡིག་འདིའི་དོན་ཚན་དང་པོ་དང་གསུམ་པ། བཞི་བ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་མི་མཐུན་པའི་འཕྲུལ་སྒུལ་རླངས་འཁོར་ཐོན་སྐྱེད་དང་ཡང་ན་ཕྱིར་འཚོང་བྱས་ཚེ་ཉེས་ཚད་ལོངས་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་བཞི། ཆོག་མཆན་བརྒྱུད་མེད་པར་གང་འདོད་དུ་བགྲོད་ལམ་བརྐོ་སློག་དང་བདག་བཟུང་བྱེད་པའི་ཨར་ལས་དང་ཡང་ན་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བྱ་འགུལ་ལ་ཤུགས་རྐྱེན་གཏོང་བ་ཡིན་ན། བགྲོད་ལམ་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་པའི་བཀའ་ཕབ་པ་དང་སྔར་གྱི་རྣམ་པ་སླར་གསོ་བྱེད་དགོས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས། མི་སྣ་དང་རླངས་འཁོར། གཞན་རྒྱུ་ནོར་ལ་གྱོང་གུན་ཐེབས་སུ་བཅུག་པར་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་ཁུར་དགོས།

གོང་གི་དོན་ཚན་གྱི་བྱ་སྤྱོད་ལྡན་པ་དང་བགྲོད་ལམ་བདེ་འཇགས་ཀྱི་བྱ་འགུལ་ལ་ཤུགས་རྐྱེན་ཐེབས་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་བཞག་སྟེ་འགྲིམ་འགྲུལ་སླར་གསོ་བྱེད་པའི་བཀའ་ཕབ་དགོས།

དོན་ཚན་བརྒྱ་དང་ལྔ། བགྲོད་ལམ་ལས་བཞིན་པ་དང་ཡང་ན་བགྲོད་ལམ་གཏོར་བརླག་བྱུང་ཞིང༌། འཕྲལ་དུ་ཉེན་བརྡ་མཚོན་རྟགས་དང་བཙུགས་མེད་པ་དང་འགོག་སྲུང་བྱེད་ཐབས་སྤྱད་མེད་པ། ཡང་ན་འགྲིམ་འགྲུལ་བརྡ་རྟཊ་གློག་སྒྲོན་དང་འགྲིམ་འགྲུལ་མཚོན་རྟཊ། འགྲིམ་འགྲུལ་ཐིག་རྟཊ་འཛུགས་དགོས་པར་མ་བཙུགས་པའམ་ཡང་ན་དུས་ཐོག་ཏུ་འགྲིམ་འགྲུལ་བརྡ་རྟཊ་གློག་སྒྲོན་དང་འགྲིམ་འགྲུལ་མཚོན་རྟཊ། འགྲིམ་འགྲུལ་ཐིག་རྟཊ་འཛུགས་དགོས་པར་མ་མཙུགས་པ་དང་ཡང་ན་དུས་ཐོག་ཏུ་མ་བརྗེ་བར། མི་སྣ་དང་རླངས་འཁོར། གཞན་རྒྱུ་ནོར་ལ་གྱོང་གུན་ཐེབས་སུ་བཅུག་པརའབྲེལ་ཡོད་འགན་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།

དོན་ཚན་བརྒྱ་དང་དྲུག བགྲོད་ལམ་འགྲམ་གཉིས་དང་འགོག་སྲུང་ཁུལ་གྱི་སྡོང་འཛུགས་ནགས་བསྐྲུན་དང་རྩི་ཤིང་གཞན་པ་དང་ཡང་ན་བརྡ་ཁྱབ་བྱང་བུ་དང་སྦུག་ལམ་བཙུགས་པ་སོགས་དང༌། གློག་སྒྲོན་དང་འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན། འགྲིམ་འགྲུལ་མཚོན་རྟགས་སྒྲིབ་པ་དང༌། བདེ་འཇགས་མིག་ཐག་དང་བར་ཆད་གཏོང་བ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བྱ་སྤྱོད་མཁན་ལ་བཀག་འགོག་སེལ་བའི་བཀའ་ཕབ་དགོས། ལག་བསྟར་མི་བྱེད་པར་སྒོར་ཉིས་བརྒྱ་ཡན་དང་སྟོང་གཉིས་མན་གྱི་ཆད་པ་གཅོད་དགོས་ལ་བཙན་ཤེད་ཀྱིས་བཀག་འགོག་སེལ་དགོས། དེའི་འགྲོ་གྲོན་དེ་བྱ་སྤྱོད་མཁན་གྱིས་འགན་འཁུར་དགོས།

དོན་ཚན་བརྒྱ་དང་བདུན། བགྲོད་ལམ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་མཁན་ལ་ཐ་ཚིག་སྒྲོག་པ་དང་སྒོར་ཉིས་བརྒྱ་མན་གྱི་ཆད་པ་གཅོད་དགོས། འགྲིམ་འགྲུལ་ཉེན་རྟོག་པས་གནས་དེ་རུ་སྲིད་འཛིན་ཆད་གཅོད་གཏན་ཁེལ་བྱེད་ཆོག་ལ། སྲིད་འཛིན་ཆད་གཅོད་ཀྱི་ཐག་གཅོད་ཡི་གེ་སྟོན་དགོས།

སྲིད་འཛིན་ཆད་གཅོད་ཀྱི་ཐག་གཅོད་ཡི་གེ་དེ་དོ་བདག་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་དོན་དངོས་དང་སྲིད་འཛིན་ཆད་གཅོད་ཀྱི་ཁུངས་ལུང༌། ཆད་གཅོད་ཀྱི་ནང་དོན། དུས་ཚོད། ས་གནས་དེ་མིན་ཆད་གཅོད་ལས་ཁུངས་ཀྱི་མིང་གསལ་བོར་འགོད་དགོས་ལ། ཁྲིམས་འཛིན་མི་སྣའི་མིང་རྟགས་དང་ཡང་ན་ཐམ་ཀ་རྒྱག་དགོས།

དོན་ཚན་བརྒྱ་དང་བརྒྱད། དོ་བདག་པས་སྲིད་འཛིན་ཆད་གཅོད་ཀྱི་ཡི་གེ་ལག་ཏུ་འབྱོར་བའི་ཉིན་བཅོ་ལྔའི་ནང་གཏན་ཁེལ་གྱི་དངུལ་ཁང་ནང་དུ་སོང་སྟེ་ཆད་དངུལ་སྤྲོད་དགོས།

ལམ་འགྲོ་བ་དང་རླངས་འཁོར་ལ་འདུག་མཁན། འཕྲུལ་སྒུལ་རླངས་འཁོར་མ་ཡིན་པའི་ཁ་ལོ་བའི་ཆད་དངུལ་ལ་དོ་བདག་པས་བསམ་འཆར་མེད་ན་གནས་དེ་རུ་ཆད་དངུལ་རྩིས་ལེན་བྱེད་ཆོག

ཆད་དངུལ་དེ་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་གྱི་ནོར་སྲིད་སྡེ་ཁག་གིས་གཅིག་གྱུར་གྱིས་གསར་བཟོ་བྱས་པའི་ཆད་དངུལ་འཕྲོད་འཛིན་དགོས། དོ་བདག་པར་ཆད་དངུལ་མི་སྤྲོད་པའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་དགུ དོ་བདག་པས་དུས་འགྱངས་ནས་སྲིད་འཛིན་ཆད་གཅོད་ཀྱི་གཏན་ཁེལ་ལག་བསྟར་མི་བྱེད་པར་སྲིད་འཛིན་ཆད་གཅོད་གཏན་ཁེལ་བྱེད་པའི་སྲིད་འཛིན་ལས་ཁུངས་ཀྱིས་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་ཆོག་སྟེ།

(གཅིག)དུས་ལྟར་ཆད་དངུལ་མི་སྤྲོད་པར། ཉིན་རེར་ཆད་དངུལ་གྱི་གྲངས་ཀ་ལྟར་བརྒྱ་ཆའི་གསུམ་གྱི་ཆད་དངུལ་ཁ་སྣོན་དགོས།

(གཉིས)མི་དམངས་ཁྲིམས་ཁང་གིས་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རེ་ཞུ་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་ཐམ་པ། ལས་འགན་ལག་བསྟར་བྱེད་པའི་འགྲིམ་འགྲུལ་ཉེན་རྟོག་པས་བགྲོད་ལམ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཅན་ལ་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་གནས་སྐབས་ཀྱི་བཀག་ཉར་དང་ཡང་ན་རྩིས་མེད་དུ་གཏོང་བར། འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་བཀག་ཉར་བྱེད་དགོས། དུས་ཚོད་ཉེར་བཞིའི་ནང་དུ་གྱོད་གཞི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་བྱེད་དགོས། གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་མི་སྣའི་ཉིན15ནང་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དུ་སོང་ནས་ཐག་གཅོད་ཁས་ལེན་བྱེད་དགོས་ལ། ལུགས་དང་མི་མཐུན་པ་དང་དུས་ཚོད་བརྒལ་ཡང་ཐག་གཅོད་མ་བྱས་པ་ལ་རླངས་འཁོར་ཁ་ལོ་བའི་ལག་རྟགས་ཕྱིར་བསྡུ་ལེན་བྱེད་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་ཁ་ལོ་བའི་ལག་རྟགས་གནས་སྐབས་ཕྱིར་འཐེན་པ་དང་བསྡུ་ལེན་བྱེད་དགོས་ལ། སྲིད་དོན་གྱིས་ཆད་པ་གཅོད་དགོས་པའི་དཔང་རྟགས་འདོན་རྒྱུ་ཐག་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་གཅིག་པ། གྱོད་དོན་འདིའི་ཐག་བཅད་པར་འགལ་བ་ལ་ཁྲིམས་ལྟར་བཀག་ཉར་བྱེད་པ་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ་དང༌། རྫོང་དང༌། གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ། སྤྱི་བདེ་ཡན་ལག་ཅུའུ་དང་ཡང་ན་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་གཉིས་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་བཀག་ཉར་བྱེད་པ་དང༌། རླངས་འཁོར་མིན་པ་ལ་ས་དེ་ནས་དངོས་དཔང་འདོན་རྒྱུ་མ་ཟད། དོ་བདག་པར་ཐག་གཅོད་བྱས་པའི་དུས་ཚོད་ནང་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཐག་གཅོད་དང་ལེན་བྱེད་དགོས།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀག་ཉར་བྱས་པའི་རླངས་འཁོར་ལ་བདག་སྐྱོང་བྱེད་དགོས་པ་ལས། བཀོལ་སྤྱོད་བྱས་མི་ཆོག

དུས་བཅད་ལྟར་ཐག་གཅོད་དང་ལེན་བྱེད་དུ་མི་ཡོང་བ་མ་ཟད་ཟླ་གསུམ་གྱི་ནང་དུ་སྤྱི་བསྒྲགས་བྱས་ཀྱང་སྔར་བཞིན་ཐག་གཅོད་བྱེད་དུ་མི་ཐོན་པར་བཀག་ཉར་བྱས་ཡོད་པའི་རླངའ་འཁོར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་གསུམ་པ། གནས་སྐབས་སུ་ཕྱིར་བསྡུ་ལེན་བྱས་ཡོད་པའི་རླངས་འཁོར་ཁ་ལོ་བའི་ལག་རྟགས་ཀྱི་དུས་ཡུན་ཁྲིམས་ཆད་ཐག་གཅོད་གོ་ཆོད་པའི་ཉིན་དེ་ནས་བཟུང་རྩིས་རྒྱག་དགོས་ལ། ཁྲིམས་ཆད་བཅད་པའི་གོ་ཆོད་སྔོན་དུ་རླངས་འཁོར་ཁ་ལོ་བའི་ལག་རྟགས་བཀག་ཉར་བྱེད་དགོས་ལ། བཀག་ཉར་ཉིན་གཅིག་བྱས་ན་ གནས་སྐབས་དུས་ཡུན་ཉིན་གཅིག་ཡིན།

རླངས་འཁོར་ཁ་ལོ་བའི་ལག་རྟགས་ཕྱིར་བསྡུ་ལེན་བྱས་རྗེས་ཡང་བསྐྱར་དུ་རླངས་འཁོར་ཁ་ལོ་བའི་ལག་རྟགས་ལེན་རྒྱུ་རེ་ཞུ་འདོན་དགོས་ལ༌། རླངས་འཁོར་ཁ་ལོ་བའི་ལག་རྟགས་དོ་དམ་གཏན་ཁེལ་ལྟར་སྒྲུབ་དགོས།

དོན་ཚན་བརྒྱ་དང་བཅུ་བཞི་བ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ལག་རྩལ་ལ་ལྟ་སྐུལ་ཚོད་འཛིན་བྱེད་པའི་ཟིན་བྲིས་དཔྱད་ཡིག་ལྟར། ཁྲིམས་འགལ་གྱིས་འཕྲུལ་སྒུལ་རླངས་འཁོར་གྱི་མི་སྣ་ཡོད་ཚད་དང་ཡང་ན་དོ་བདག་པར་ཁྲིམས་ལྟར་ཆད་པ་གཅོད་དགོས། ཁ་ལོ་བ་གཏན་ཁེལ་བྱེད་ཐུབ་ན། བཅའ་ཁྲིམས་འདིའི་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཅོ་ལྔ་བ། འགྲིམ་འགྲུལ་ཉེན་རྟོག་པར་གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན། ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱེད་དགོས་ཏེ།

(གཅིག)ཁྲིམས་བཅད་ཆ་རྐྱེན་དང་མི་མཐུན་པའི་འཕྲུལ་སྒུལ་རླངས་འཁོར་ལ་འཕྲུལ་སྒུལ་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག་དང་ཨང་རྟཊ། བསྐྱོད་ཡིག ཞིབ་བཤེར་ཚད་ལྡན་གྱི་དཔང་ཡིག་བཅས་བྱིན་ཡོད་པ་ཅན།

(གཉིས)ཁྲིམས་བཅད་ཆ་རྐྱེན་དང་མི་མཐུན་པའི་འཕྲུལ་སྒུལ་རླངས་འཁོར་སྒྲིག་སྦྱོར་བྱེད་པར་ཆོག་མཆན་བཀོད་པ་དང༌། ཉེན་རྟོག་པའི་རླངས་འཁོར་དང་མེ་འགོག་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། བཟོ་སྐྲུན་ཉེན་སྲུང་གི་རླངས་འཁོར་གྱི་ཉེན་བརྡའི་ཡོ་བྱད་དང་རྟགས་མཚན་གློག་སྒྲོན་བེད་སྤྱོད་པ་དང༌། མཚོན་རྟཊ་དཔེ་རིས་བྲིས་པ་ཅན།

(གསུམ)ཁ་ལོ་བའི་ཆོག་བཀོད་ཆ་རྐྱེན་དང་མི་མཐུན་པ་དང་རྒྱུགས་ལེན་བརྒྱུད་མེད་པ་དང་ཡང་ན་རྒྱུགས་འཕྲོད་མེད་པའི་མི་སྣར་འཕྲུལ་སྒུལ་རླངས་འཁོར་གྱི་བསྐོར་ཡིག་བྱིན་ཡོད་པ་ཅན།

(བཞི)ཆད་དངུལ་ཐག་གཅོད་དང་ཆད་དངུལ་རྩིས་ལེན་གྱི་ཁག་བགོས་ལམ་ལུགས་ལག་བསྟར་མི་བྱེད་པ་དང་ཡང་ན་གཏན་ཁེལ་ལྟར་ཁྲིམས་ལྟར་དངུལ་ལེན་གྱི་འགྲོ་གྲོན་དང་རྩིས་ལེན་བྱས་པའི་ཆད་དངུལ་དང་གཞུང་བཞེས་བྱས་པའི་ཁྲིམས་འགལ་ཐོབ་ཆ་ཡོངས་རྒྱལ་མཛོད་དུ་མ་སྤྲད་པ།

(ལྔ)ཁ་ལོ་བའི་སློབ་གྲྭ་དང་ཡང་ན་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ འཕྲུལ་སྒུལ་རླངས་འཁོར་ཞིག་གསོ་ཁང་དང་ཡང་ན་དངུལ་ལེན་པའི་རླངས་འཁོར་འཇོག་ས་སོགས་ཀྱི་བདག་གཉེར་བྱ་འགུལ་དུ་ཞུགས་པ་དང་ཡང་ན་འཛུགས་གཉེར་བྱས་པ་ཅན།

(དྲུག)ལས་འགན་བེད་སྤྱད་དེ་གཞན་གྱི་རྒྱུ་ནོར་ལེན་པ་དང་ཡང་ན་ཕན་ཁེ་དམིཊ་པ།

(བདུན)ཁྲིམས་དང་འགལ་ནས་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་གྱི་བགྲོད་ཡིག་དང་བསྐོར་ཡིག རླངས་འཁོར་གྱི་ཨང་རྟགས་བཀག་ཉར་བྱས་པ་ཅན།

(བརྒྱད)ཁྲིམས་བེད་སྤྱད་དེ་རླངས་འཁོར་གྱི་རིགས་བཀག་ཉར་བྱས་པ་ཅན།

(དགུ)ཡུལ་དངོས་ནས་ཆད་དངུལ་བླངས་པ་དང་ཆད་དངུལ་འཛིན་བྱང་མི་ལེན་ནམ་ཡང་ན་ཆད་དངུལ་གྱི་གྲངས་ཀ་དོན་དངོས་ལྟར་མི་འབྲི་བ།

(བཅུ)ཉེར་ཕྱོགས་གཡོ་ཟོལ་དང་དོན་དངོས་མིན་པར་འགྲིམ་འགྲུལ་ཆག་སྒོ་ཐག་གཅོད་བྱེད་པ་ཅན།

(བཅུ་གཅིག)བསམ་གཟས་ནས་གནོད་སྐྱེལ་བ་དང་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་འགོར་འགྱངས་བྱས་ནས་སྒྲུབ་པ་ཅན།

(བཅུ་གཉིས)ཁ་ཚ་དགོས་གཏུག་གི་ལས་འགན་ལག་བསྟར་བྱེད་དུས་མིན་པར་འཕྲུལ་སྒུལ་རླངས་འཁོར་བཀག་འགོག་བྱེད་པ་ཅན།

(བཅུ་གསུམ)གཏན་ཁེལ་དང་འགལ་ནས་རྒྱུན་ལྡན་གྱི་བསྐྱོད་པའི་རླངས་འཁོར་རིགས་བཀག་འགོག་དང་ཞིབ་བཤེར་བྱེད་པ་ཅན།

(བཅུ་བཞི)བྲེལ་འཚུལ་ཆེ་བའི་གཞུང་ལས་ལག་བསྟར་བྱེད་དུས་རླངས་འཁོར་འབཀག་འགོག་བྱེད་པ་ཅན།

(བཅོ་ལྔ)ཁྲིམས་བཅད་ཀྱིས་འགན་དབང་ལག་བསྟར་མི་བྱེད་པ་ཅན།

སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དོན་ཚན་སྔོན་མར་བཤད་པའི་བྱ་སྤྱོད་གཅིག་ལྡན་ན། ཐད་ཀར་གྱི་འགན་འཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་གྱི་འགན་འཁྲི་བ་གཞན་དག་ལ་འོས་འཚམ་གྱིས་སྲིད་འཛིན་ཆད་གཅོད་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་དྲུག་པ། བཅའ་ཁྲིམས་འདིའི་དོན་ཚན་བརྒྱ་དང་བཅོ་ལྔའི་གཏན་ཁེལ་ལྟར་འགྲིམ་འགྲུལ་ཉེན་རྟོག་པར་སྲིད་འཛིན་ཆད་གཅོད་བྱེད་དགོས། སྲིད་འཛིན་ཆད་གཅོད་མ་བྱས་པའི་སྔོན་དུ་ལག་བསྟར་ལས་འགན་མཚམས་འཇོག་དགོས་ལ། དགོས་ངེས་ཀྱི་སྐབས་སུ། བཀག་སྡོམ་བྱེད་ཆོག

ཁྲིམས་འདིའི་ནང་ལྟར་དོན་ཚན་བརྒྱ་དང་བཅོ་ལྔ་བའི་ཐག་བཅད་ལྟར། འགྲིམ་འགྲུལ་ཉེན་རྟོག་པའི་རིམ་པ་འབེབས་པ་དང་ཡང་ན་གོ་གནས་ལེན་པ་དང་སྲིད་དོན་ཆད་པ་གཅོད་པ། ལས་གནས་ནས་ཕྱིར་ཕུད་བྱེད་ཆོག་པ་བཅས་ཡིན།

འགྲིམ་འགྲུལ་ཉེན་རྟོག་པར་ཆད་པ་བཅད་དེ་ཕྱིར་ཕུད་པ་ལས་གནས་ནས་ཕྱིར་ཕུད་པ་དང་ལེན་བྱེད་དགོས་ལ། ཉེན་རྟོག་པའི་རིམ་རྟཊ་མར་འབབས་དགོས།

དོན་ཚན་བརྒྱ་དང་བཅུ་བདུན་པ། འགྲིམ་འགྲུལ་ཉེན་རྟོག་པའི་དབང་ཆ་བེད་སྤྱོད་བྱས་ཏེ་ཁྲིམས་དང་མི་མཐུན་པའི་ངང་སྤྱི་སྤྱོད་དངོས་རྫས་བདག་འཛིན་དང༌། ལེན་པ། ལྐོག་རྔན་ལེན་པ། ཡང་ན་འགན་དབང་གང་སྤྱོད། ལས་འགན་སྣང་མེད་དུ་འཇོག་པ། ནག་ཉེས་བཟོས་པར་ཁྲིམས་ལྟར་རྩད་གཅོད་ཉེས་འགན་འཁུར་དགོས།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་ཡང་ན་འགྲིམ་འགྲུལ་ཉེན་རྟོག་པའི་ཁྲིམས་འདིའི་དོན་ཚན་བརྒྱ་དང་བཅོ་ལྔ་བའི་ནང་དུ་གསལ་བོ་བསྟན་ཡོད་པའི་བྱ་སྤྱོད་དེའི་གཅིག་ཡིན་ལ། དོ་བདག་པར་གྱོང་གུད་བཟོས་པར་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་འགན་ཁུར་དང་ལེན་བྱེད་དགོས།

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

དོན་ཚན་བརྒྱ་དང་བཅུ་དགུ་བ། བཅའ་ཁྲིམས་འདིའི་ཁྲོད་གཤམ་གྱི་མིང་ཚིག་བཀོལ་བའི་ནང་དོན།

(གཅིག)“བགྲོད་ལམ”ནི་གཞུང་ལམ་དང་གྲོང་ཁྱེར་གྱི་བགྲོད་ལམ། ལས་ཁུངས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་ཡོད་རུང་སྤྱི་ཚོགས་ཀྱིའཕྲུལ་སྒུལ་རླངས་འཁོར་ཤར་གཏོང་བྱེད་པཐུབ་པའི་ས་གནས་ལ་ཟེར་ཞིང༌། ནང་གསེས་ལ་ཐང་ཆེན་དང་སྤྱི་སྤྱོད་རླངས་འཁོར་འཇོག་ས་སོགས་མི་ཚོགས་ཤར་བགྲོད་བྱེད་ས་སོགས་འདུས།

(གཉིས)“རླངས་འཁོར་གྱི་རིགས”ཟེར་བ་ནི་འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མ་ཡིན་པར་གོ་དགོས།

(གསུམ)“འཕྲུལ་སྒུལ་རླངས་འཁོར”ཟེར་བ་ནི་སྒུལ་ཤུགས་ཀྱིས་འདེད་སྐུད་ལམ་ཡང་ན་འདྲུད་འཐེན་བྱེད་པ་སྒྲིག་སྦྱོར་བྱས་ཏེ། གཞུང་ལམ་དུ་བསྐྱོད་ཅིང་འགྲིམ་འགྲུལ་སྐྱེལ་འདྲེན་ལ་མཁོ་འདོན་ནམ་ཡང་ན་དངོས་ཟོང་སྐྱེལ་འདྲེན་དང་ལས་སྐྲུན་གྱི་ཆེད་སྤྱོད་ལས་སྒྲུབ་ལ་བཀོལ་བའི་འཁོར་ལོ་ཅན་གྱི་རླངས་འཁོར་ལ་གོ

(བཞི)“འཕྲུལ་སྒུལ་རླངས་འཁོར་མ་ཡིན་པ”ཟེར་བ་ནི་མི་ཤུགས་སམ་ཡང་ན་ཕྱུགས་རིགས་ཀྱིས་འདྲུད་ཅིང༌། གཞུང་ལམ་སྟེང་བསྐྱོད་པའི་འགྲིམ་འགྲུལ་ཡོ་བྱད་དང༌། སྒུལ་ཤུགས་སྒྲིག་སྦྱོར་བྱས་ནས་བསྐྱོད་པ་ཡིན་ཡང་དུས་ཚོད་རེའི་ཆེས་མཐོ་བའི་འགྲོས་ཚད་དང་འཁོར་སྒམ་སྟོང་བ་ཡིན་དུས་ཀྱི་སྤུས་ཚད་ཕྱི་དབྱིབས་ཀྱི་ཆེ་ཆུང་སོགས་ཀྱི་ཇུས་འགོད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོ་ད་ཚད་གཞི་དང་འཚམ་པའི་དབང་བོ་སྐྱོན་ཅན་གྱི་འཕྲུལ་སྒུལ་རྐུབ་སྟེགས་འཁོར་ལོ་དང་གྲོག་སྒུལ་ལྕགས་རྟ་སོགས་འགྲིམ་འགྲུལ་ལ་ཡོ་བྱད་ལ་གོ

(ལྔ)“འགྲིམ་འགྲུལ་ཆག་སྒོ”ནི་རླངས་འཁོར་གྱི་རིགས་གཞུང་ལམ་སྟེང་དུ་ནོར་འཆུགས་བྱུང་བ་དང་ཡང་ན་གློ་བུར་དུ་མི་ལུས་ལ་ཤི་རྨས་བཏང་བ་དང་ཡང་ན་རྒྱུ་ནོར་གྱོང་གུན་བཏང་བའི་དོན་རྐྱེན་ལ་ཟེར།

དོན་ཚན་བརྒྱ་དང་ཉི་ཤུ་བ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་ཁག་གིས་སྒྲིག་ཁོངས་སུ་ཡོད་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་དང་སྒྲིག་ཁོངས་སུ་ཡོད་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཞིབ་བཤེར་དང་ཡང་ན་འཕྲུལ་སྒུལ་རླངས་འཁོར་ཁ་ལོ་བའི་དཔྱད་ཞིབ་བྱ་བ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁུར་དགོས།

དོན་ཚན་བརྒྱ་དང་ཉེར་གཅིག་པ། གཞུང་ལམ་སྟེང་བསྐྱོད་པའི་འདྲུད་འཐེན་འཁོར་ལོར། ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་གིས་བཅའ་ཁྲིམས་འདིའི་དོན་ཚན་བརྒྱད་པ་དང་དགུ་བ། བཅུ་གསུམ། བཅུ་དགུ ཉེར་གསུམ་བཅས་ཀྱི་གཏན་ཁེལ་ལྟར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་དོ་དམ་འགན་དབང་བེད་སྤྱོད་དགོས།

ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་གིས་དོན་ཚན་སྔོན་པའི་གཏན་ཁེལ་ལྟར་འགན་དབང་ལག་བསྟར་བྱེད་ན། བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་བརྩི་སྲུང་བྱེད་ཅིང༌། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དང་ལེན་བྱེད་དགོས། གཏན་ཁེལ་དང་འགལ་ན། བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་ཁེལ་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས།

བཅའ་ཁྲིམས་འདི་ལག་བསྟར་མ་བྱས་པའི་སྔོན་དུ་ཞིང་ལས(ཞིང་ལས་འཕྲུལ་ཆས)གཙོ་གཉེར་སྡེ་ཁག་གིས་བྱིན་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་ནི་བཅའ་ཁྲིམས་འདི་ལག་བསྟར་བྱས་རྗེས་མུ་མཐུད་དུ་གོ་ཆོད་པ་ཡིན།

དོན་ཚན་བརྒྱ་དང་ཉེར་གཉིས་པ། རྒྱལ་ཁབ་ཀྱིས་མངའ་ཁོངས་སུ་ཞུགས་པའི་མངའ་ཁོངས་ཕྱིའི་འཕྲུལ་སྒུལ་རླངས་འཁོར་ལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གཅིག་གྱུར་དོ་དམ་ལག་བསྟར་བྱེད་རྒྱུ།

དོན་ཚན་བརྒྱ་དང་ཉེར་གསུམ་པ། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་རེའི་ས་ཁུལ་གྱི་གནས་ཚུལ་དངོས་ལྟར། བཅའ་ཁྲིམས་འདིས་གཏན་ཁེལ་བྱས་པའི་ཆད་དངུལ་གྱི་ཚད་ནང་དུ་བྱ་བྲག་གི་ལག་བསྟར་ཚད་གཞི་གཏན་ཁེལ་བྱེད་དགོས།

དོན་ཚན་བརྒྱ་དང་ཉེར་བཞི་བ། བཅའ་ཁྲིམས་འདི2004ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ནོ།

གོང་མ།:བུ་ལོན་འདེད་སྐབས་མཉམ་འཇོག་བྱེད་དགོས་ས་འགའ།

ཞོལ་མ།:རྩྭ་ཐང་གི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱའི་ས་ལན་ཆིག་བརྒྱ་མ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235