མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཀུ་རེ་ལས་བྱུང་བའི་བཅའ་ཁྲིམས་ཀྱི་ཉེན་ཁ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-05-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

དུས་རྒྱུན་གྱི་འཚོ་བའི་ཁྲོད།གྲོགས་པོ་དང་ལས་གྲོགས་ཀྱི་བར་དུ“ཀུ་རེ”རྩེ་ནས་ཕན་ཚུན་གྱི་མཚན་སྙན་ལ་གནོད་འཚེ་བཏང་བའི་དབང་གིས་ཁྲིམས་ཁང་ལ་གཏུག་པའི་གནས་ཚུལ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད།གཤམ་དུ་བཀོད་པའི་གྱོད་གཞི་འདིས་ཀློག་པ་པོ་རྣམས་ལ་ལས་གྲོགས་དང་གྲོགས་པོའི་བར་དུ་འཆམ་མཐུན་གྱི་འབྲེལ་བ་ཇི་ལྟར་འཛུགས་དགོས་པའི་སྐོར་ལ་རོགས་རམ་ཅུང་ཙམ་བྱེད་ཐུབ་པའི་སྨོན་འདུན་དང་བཅས།

དཔེ་མཚོན།དབང་འབུམ་དང་ཚེ་སྒྲོན་གཉིས་ནི་ལས་ཁུངས་གཅིག་གི་ལས་གྲོགས་ཡིན་པ་དང་།རྒྱུན་དུ་གཞུང་ལས་ཁུང་གཅིག་གི་ནང་དུ་བྱ་བ་སྒྲུབ་ཀྱིན་ཡོད་པས་ཕན་ཚུན་གྱི་འབྲེལ་བ་ཧ་ཅང་བཟང་།2010ལོའི་ཟླ10པའི་ཚེས9པར་ཚེ་སྒྲོན་གྱི་མཛའ་བོ་ཚེ་སྒྲོན་འཚོལ་དུ་ཡོང་བ་དང་།སྐབས་དེར་ཚེ་སྒྲོན་གཞུང་ལས་ཁང་དུ་མེད་པས།ཀུ་རེ་རྩེད་རྒྱུད་དགའ་བའི་དབང་འབུམ་གྱིས་སྐབས་དེ་དང་བསྟུན་ནས་ཚེ་སྒྲོན་ལ་ཀུ་རེ་ཞིག་རྩེད་དགོས་སྙམ་ནས།ཁོ་མོ་འཚོལ་དུ་ཡོང་བའི་མི་དེ་མོའི་མཛའ་བོ་ཡིན་པ་མ་ཤེས་ཁུལ་གྱིས་ཚེ་སྒྲོན་ལ་མཛའ་བོ་མང་པོ་ཡོད་ཚུལ་དང་རྒྱུ་བདག་ཆེན་མོ་ཞིག་རྒྱུན་དུ་རླངས་འཁོར་བསྐོར་ནས་ཚེ་སྒྲོན་ལེན་དུ་ཡོང་བ།དེའི་མི་ཚད་ད་རུང་མོས་དྲ་ཐོག་ཏུའང་སྐྱེས་པ་མང་པོར་ཁ་བརྡ་འདྲ་མིན་བྱེད་ཀྱིན་ཡོད་པ་སོགས་ཀུ་རེའི་ཚུལ་དུ་བཤད།ཉིན་དེའི་དགོང་མོར།ཚེ་སྒྲོན་གྱི་མཛའ་བོས་མི་མང་པོའི་མདུན་ནས་ཚེ་སྒྲོན་གྱི་ཚུལ་མིན་བྱ་སྤྱོད་དག་རེ་རེ་བཞིན་བགྲངས་རྗེས་ཚེ་སྒྲོན་དང་ཁ་བྲལ་བས།ཚེ་སྒྲོན་གྱི་སེམས་ལ་གནོད་འཚེ་ཆེན་པོ་བཟོས།རྗེས་སུ་ཚེ་སྒྲོན་གྱིས་བྱ་བ་དེ་དག་གི་འབྱུང་ཁུངས་དབང་འབུམ་ཡིན་པ་ཤེས་རྗེས་དབང་འབུམ་ཁྲིམས་ཁང་ལ་གཏུགས་ནས་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་དང་མཚན་སྙན་སླར་གསོ་བྱེད་པ།དགོངས་དག་ཞུ་བ་བཅས་བྱ་དགོས་པར་མ་ཟད།བསམ་པའི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན།

བཤད་ཚུལ།གྱོད་གཞི་འདི་ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས།དབང་འབུམ་གྱིས་ཚེ་སྒྲོན་ལ་དགོངས་དག་ཞུས་ཏེ་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་དང་མཚན་སྙན་སླར་གསོ་བྱ་དགོས་པར་མ་ཟད།བསམ་པའི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས་པ་ལྟར་ཐག་བཅད།

མཚན་སྙན་ཞེས་པ་ནི་སྤྱི་དམངས་ཀྱི་མཚན་དང་སྙན་གྲགས་ཡིན་ལ།སྤྱི་དམངས་དེའི་ཀུན་སྤྱོད་དང་འཇོན་ཐང་།ཡིད་རྟོན་བཅས་ལ་སྤྱི་ཚོགས་ལས་ཐོབ་པའི་སྤྱི་ཚོགས་ཀྱི་གདེང་འཇོག་ལ་ཟེར།

《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན101གི་ནང་དུ“སྤྱི་དམངས་ལ་མཚན་སྙན་དབང་ཆ་ལོངས་སྤྱོད་བྱ་རྒྱའི་དབང་ཆ་ཡོད་པ་དང་སྤྱི་དམངས་ཀྱི་མི་ལུས་ཐོབ་ཐང་ལ་བརྩི་འཇོག་ཐོབ་པར་བཅའ་ཁྲིམས་ཀྱིས་བྱེད་ཐབས་སྤྱད་དེ་སྤྱི་དམངས་ཀྱི་མཚན་སྙན་ལ་གནོད་འཚེ་བཏང་མི་ཆོག”ཅེས་གཏན་འཁེལ་བྱས་ཡོད་པ་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《〈དམངས་ཁྲིམས་སྤྱི་སྲོལ〉ལག་ལེན་མཐར་ཕྱིན་བྱེད་པའི་ཞིབ་ཕྲའི་གནད་དོན་འགོའི་སྐོར་གྱི་བསམ་འཆར(ཚོད་སྤྱོད)》གྱི་དོན་ཚན140ཡི་ནང་དུ“བརྙས་བཅོས་དང་སྒྲོ་འདོགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་གཞན་གྱི་མཚན་སྙན་ལ་གནོད་འཚེ་བཏང་སྟེ་ཤུགས་རྐྱེན་ངན་པ་བཟོས་ཡོད་ན།སྤྱི་དམངས་ཀྱི་མཚན་སྙན་དབང་ཆར་གནོད་འཚེ་བཏང་བའི་བྱ་སྤྱོད་ལ་ངོས་འཛིན་དགོས”ཞེས་གཏན་འཁེལ་བྱས་ཡོད།

གྱོད་གཞི་འདིའི་ནང་དུ།དབང་འབུམ་གྱིས་ཀུ་རེ་རྩེ་བ་ཡིན་མོད།འོན་ཀྱང་ཀུ་རེ་དེས་བདེན་དཔང་གང་ཡང་མེད་པའི་སྒྲོ་འདོགས་ལ་བརྟེན་ནས།ཚེ་སྒྲོན་གྱི་སྤྱི་ཚོགས་གདེང་འཇོག་ཇེ་དམའ་རུ་བཏང་ཡོད་པས།དེ་བསྟུན་གྱི་དམངས་དོན་འགན་འཁྲི་འཁུར་དགོས་པ་རེད།

བྱང་མོས2012ལོའི་ཟླ3པའི་ཚེས30ཉིན་གྱི་མཚོ་སྔོན་བོད་ཡིག་ཚགས་པར་ལས་བཏུས།

གོང་མ།:བཅའ་ཁྲིམས་རོགས་སྐྱོར་གྱི་རེ་འདུན་ཞུས་མི་ཆོག་པའི་དོན་ཚན་གང་དག་ཡོད།

ཞོལ་མ།:སློབ་མར་རྩལ་སྦྱོང་སློབ་ཁྲིད་སྐབས་སུ་རྨས་སྐྱོན་བྱུང་ན་སློབ་གྲྭས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་སམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235