མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

གྲངས་ཉུང་མི་རིགས་ཀྱི་འཆར་གཞིའི་བཙའ་སྐྱེ་སྲིད་ཇུས་ཐད་གཏན་འབེབས་གང་དག་ཡོད།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-12-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་བཙའ་སྐྱེ་སྲིད་ཇུས་ཁྲོད་ནས་གྲངས་ཉུང་མི་རིགས་ཀྱི་བཙའ་སྐྱེ་ཐད་ཀྱི་གཏན་འབེབས་ཕལ་ཆེར་རིགས་གསུམ་དུ་བགོས་ཡོད།

(གཅིག)རང་སྐྱོང་ལྗོངས་ལྔ་དང་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཅུང་མང་བའི་ཡུན་ནན་དང་ཀོས་ཀྲུའུ། མཚོ་སྔོན་སོགས་ཞིང་ཆེན་གྱི་འཆར་གཞིའི་བཙའ་སྐྱེ་སྲིད་ཇུས། ས་ཁུལ་འདི་དག་གི་མི་རིགས་གྲུབ་ཚུལ་མི་འདྲ་བ་དང་ས་ཁུལ་ལ་ཁྱད་པར་ཡོད་པས། ཞིང་ལྗོངས་རེ་རེས་གྲངས་ཉུང་མི་རིགས་འཆར་གཞིའི་བཅའ་སྐྱེའི་སྲིད་ཇུས་མི་འདྲ་བ་སྤྱོད་བཞིན་ཡོད། ས་ཁུལ་ཁ་ཤས་ཀྱིས་ད་དུང་མི་རིགས་ལ་ལར་ཐེ་གཏོགས་མི་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། དེའི་ཕྱིར་བྱེ་བྲག་གི་གནས་ཚུལ་ས་གནས་དེའི་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དོན་ཚན་ལ་ཞིབ་ཏུ་བལྟས་ན་བཟང༌།

(གཉིས)ཅི་ལིན་དང་ལེའོ་ཉིན། ཧེ་ལུང་ཅང༌། ཧོ་པེ། ཀྲེ་ཅང༌། ཧུའུ་པེ། ཧུའུ་ནན། ཀོང་ཏུང༌། ཧེ་ནན། སི་ཁྲོན། ཀན་སུའུ་སོགས་ཞིང་ཆེན་གྱི་འཆར་གཞིའི་བཙའ་སྐྱེ་སྲིད་ཇུས། ས་གནས་འདི་དག་ཚང་མར་གྲངས་ཉུང་མི་རིགས་འདུས་སྡོད་བྱས་ཡོད་པས། རང་སྐྱོང་ཁུལ་དང་ཡང་ན་རང་སྐྱོང་རྫོང་བཙུགས་ཡོད། སྤྱིར་བཏང་དུ་གྲངས་ཉུང་མི་རིགས་ཀྱི་བཟའ་ཟླ་ཚང་མས་ཕྲུ་གུ་གཉིས་བཙས་ཆོག་པ་གཏན་འབེབས་བྱས་ཡོད།

(གསུམ)པེ་ཅིན་དང་ཐེན་ཅིན། ཧྲན་ཞི། ཧྲང་ཧེ། ཅང་སུའུ། ཨན་ཧོས། ཧྥུ་ཅན། ཅང་ཞི། ཧྲན་ཏུང༌། ཧི་ནན། ཧྲའན་ཞི་སོགས་ཀྱི་ཞིང་ཆེན་(གྲོང་ཁྱེར)གྱི་འཆར་གཞིའི་བཙའ་སྐྱེ་སྲིད་ཇུས། ཞིང་ཆེན་(གྲོང་ཁྱེར)འདི་དག་ཏུ་གྲངས་ཉུང་མི་རིགས་ཁྱབ་ཡོད་པས། འཆར་གཞིའི་བཙའ་སྐྱེའི་སྲིད་ཇུས་གཏན་འབེབས་བྱེད་སྐབས་གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གནས་ཚུལ་ལ་བསམ་གཞིགས་བཏང་ཡོད། པེ་ཅིན་དང་ཐེན་ཅིན།ཧྲང་ཧེ་བཅས་ཐད་གཏོགས་གྲོང་ཁྱེར་གསུམ་གྱིས་ཆ་རྐྱེན་ངེས་ཅན་འཛོམས་པའི་གྲངས་ཉུང་མི་རིགས་ཀྱིས་ཕྲུ་གུ་གཉིས་བཙས་ཆོག་པ་གཏན་འབེབས་བྱས་ཡོད། ཞིང་ཆེན་གཞན་དག་གིས་ཀྱང་བཟའ་ཟླ་གཉིས་ཀ་གྲངས་ཉུང་མི་རིགས་ཡིན་ན་ཚང་མས་ཕྲུ་གུ་གཉིས་བཙས་ཆོག་པ་གཏན་འབེབབ་བྱས་ཡོད།

《ཀྲུང་གོའི་མི་རིགས་ཚགས་པར》ལྟར།

གོང་མ།:གཉེན་འཐོར་སྐབས་འདི་ལྟ་བུའི་ཁང་བ་ཇི་ལྟར་བགོ་དགོས།

ཞོལ་མ།:རྩྭ་ཐང་གི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན་འགའ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235