མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

གཉེན་འཐོར་སྐབས་འདི་ལྟ་བུའི་ཁང་བ་ཇི་ལྟར་བགོ་དགོས།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-12-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

དཔེ་མཚོན།

1997ལོའི་ཟླ3པར། སྙིང་ལྕགས་བྱམས་ཀྱིས་དུས་སྤྲོད་དངུལ་བུན་བླངས་ནས་སྡོད་ཁང་ཞིག་ཉོས་ལ། རིན་གོང་སྒོར་ཁྲི15ཡིན་པས། སྒོར་ཁྲི5སྔོན་སྤྲོད་བྱས་པ་དང་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི10བླངས། 1997ལོའི་ཟླ8པར་སྙིང་ལྕགས་བྱམས་དང་ཀླུ་མི་འཚོ་གཉིས་གཉེན་སྒྲིག་པ་དང༌། གཉེན་བསྒྲིགས་རྗེས་གཉིས་ཀས་ཐུན་མོང་གི་ཡོང་སྒོ་སྤྱད་དེ་དངུལ་བུན་གསབ་ཅིང༌། 2007ལོའི་ཟླ6པར་དངུལ་བུན་ཡོངས་སུ་གསབ་ཚར། 2008ལོའི་ཟླ6པར་སྙིང་ལྕགས་བྱམས་དང་ཀླུ་མོ་འཚོ་གཉིས་ཀྱིས་ཁྲིམས་ཁང་གལ་གཉེན་འཐོར་ཞུ་གཏུག་བྱས་པ་རེད། གྱོད་གཞི་གཞི་འདི་ཞིབ་གཅོད་བྱེད་པའི་གོ་རིམ་ཁྲོད་དུ། བྱིས་པ་སྙོར་སྐྱོང་སོགས་ཀྱི་གནད་དོན་སྟེང་ནས་རྩོད་གཞི་གང་ཡང་མ་བྱུང་མོད། འོན་ཀྱང་ཁང་པ་བ་དེ་ཇི་ལྟར་བགོ་བའི་ཐད་རྩོད་གཞི་བྱུང༌། སྙིང་ལྕགས་བྱམས་ཀྱི་སེམས་སུ་སྡོད་ཁང་དེ་ནི་ཁོ་རང་གཉེན་མ་བསྒྲིགས་གོང་ཉོས་པ་ཡིན་པས་ཁོ་རང་ཉིད་ཀྱི་སྒེར་གྱི་རྒྱུ་ནོར་ཡིན་པར་འདོད་པ་དང༌། ཀླུ་མོ་འཚོ་ཡིས་ཁང་བའི་ཁང་རིན་ནི་གཉེན་བསྒྲིགས་རྗེས་ཁོ་གཉིས་ཀྱིས་སྤྲད་པ་ཡིན་པས་ཁང་བ་ཡང་ཐུན་མོང་རྒྱུ་ནོར་ཡིན་པར་འདོད་ཀྱིན་ཡོད། དེ་ལས་གཞན་ད་རུང་ཁང་བ་དེའི་ད་ལྟའི་དཔྱད་དཔག་རིན་གོང་སྒོར་ཁྲི30ལ་འཕར་ཡོད།

རྩོད་གཞི།

གྱོད་གཞི་འདི་ཞིབ་གཅོད་བྱེད་པའི་གོ་རིམ་ཁྲོད་དུ་ཁང་བ་དེའི་ངོ་བོ་གཏན་འཁེལ་བྱས་པ་དང་བགོ་བཤའ་རྒྱག་པའི་གནད་དོན་ལ་དམིགས་ནས་བསམ་འཆར་མི་མཐུན་པ3བྱུང༌།

བསམ་འཆར་དང་པོས་སྡོད་ཁང་དེ་ནི་སྙིང་ལྕགས་བྱམས་ཀྱི་སྒེར་གྱི་རྒྱུ་ནོར་ཡིན་པ་དང༌། དུས་སྤྲོད་དངུལ་བུན་དེ་ཡང་གཉེན་མ་བསྒྲིགས་གོང་གི་སྒེར་གྱི་དངུལ་བུན་ཡིན་པས། ཀླུ་མོ་འཚོ་དང་གཉེན་བསྒྲིགས་རྗེས་ཀྱི་དངུལ་བུན་གསབ་པའི་བྱ་སྤྱོད་དེ་ནི་སྙིང་ལྕགས་བྱམས་ཀྱི་གཉེན་མ་བསྒྲིགས་གོང་གི་སྒེར་གྱི་དངུལ་བུན་གསབ་པའི་ཁོངས་སུ་གཏོགས་པ་རེད། དེ་བས་གཉེན་འཐོར་སྐབས་སྙིང་ལྕགས་བྱམས་ཀྱིས་ཀླུ་མོ་འཚོ་ལ་ཐུན་མོང་གིས་སྤྲད་པའི་ཆ་ཤས་དེའི་ཕྱེད་ཀ་སྟེ་སྒོར་ཁྲི5བྱིན་པས་ཆོག་པར་འདོད་ཀྱིན་ཡོད།

བསམ་འཆར་གཉིས་པས་སྡོད་ཁང་དེ་ནི་ཐུན་མོང་གི་རྒྱུ་ནོར་ཡིན་མོད། འོན་ཀྱང་སྙིང་ལྕགས་བྱམས་ཀྱིས་གཉེན་མ་བསྒྲིགས་གོང་སྔོན་སྤྲོད་བྱས་པའི་སྒོར་ཁྲི5བོ་དེ་འཐེན་དགོས། གལ་ཏེ་དངུལ་བུན་སྤྲད་ཚར་བའི་དབང་དུ་བཏང་ད་ཁང་བ་དེ་ཁོ་གཉིས་ཀར་མི་དབང་བ་དང༌། གཉེན་བསྒྲིགས་རྗེས་ཁོ་གཉིས་ཀས་ནུས་ཤུགས་ཡོད་རྒུས་དངུལ་བུན་སྤྲད་པས། ཁང་བ་དེ་ཁོ་གཉིས་ལ་དབང་ཆེད་ཕྱོགས་གཉིས་ཀས་དཀའ་སྡུག་མང་པོ་མྱངས་པ་རེད། དེ་བས་སྡོད་ཁང་དེ་གཉེན་མ་བསྒྲིགས་གོང་གི་དུས་སྤྲོད་དངུལ་བུན་ལེན་མཁན་དེ་ལ་དབང་བར་བྱས་ན། གཉེན་བསྒྲིགས་རྗེས་སུ་ཕྱོགས་གཞན་དེར་འདྲ་མཉམ་ཡོང་མེད་པར་འདོད་ཀྱིན་ཡོད།

བསམ་འཆར་གསུམ་པས་སྡོད་དེ་བགོ་བའི་ཐད་དབྱེ་མཚམས་འབྱེད་དགོས་ལ། ཞིབ་ཕྲའི་དབྱེ་མཚམས་ལ་གསུམ་སྟེ། 《དངོས་པོའི་བདག་དབང་བཅའ་ཁྲིམས》དང《གཉེན་བསྒྲིགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། སྡོད་ཁང་དེ་ནི་སྙིང་ལྕགས་བྱམས་གཉེན་བསྒྲིགས་གོང་ཉོས་པ་ཡིན་པས། སྙིང་ལྕགས་བྱམས་ཀྱི་སྒེར་གྱི་རྒྱུ་ནོར་ཡིན་པ་དང་གཉེན་བསྒྲིགས་རྗེས་ཕྱོགས་གཉིས་ཀས་མཉམ་དུ་གསབ་པའི་དངུལ་བུན་དེ་ཡང་སྙིང་ལྕགས་བྱམས་ཀྱི་སྒེར་གྱི་དངུལ་བུན་གསབ་པའི་ཁོངས་སུ་གཏོགས་མོད། འོན་ཀྱང་སྙིང་ལྕགས་བྱམས་ཀྱིས་ཀླུ་མོ་འཚོ་ལ་སྒོར་ཁྲི5ཡི་སྐྱིན་ཚབ་འཇལ་དགོས་པ་མ་ཟད། ད་རུང་སྡོད་ཁང་དེའི་འཕར་བའི་རིན་གོང་གི་ཆ་ཤས་དེ་ཕྱོགས་གཉིས་ཀས་ཐུན་མོང་གི་རྒྱུ་ནོར་ཡིན་པས་འདྲ་མཉམ་སྒོས་བགོ་བཤའ་རྒྱག་དགོས་པར་འདོད་ཀྱིན་ཡོད།

དབྱེ་ཞིབ།

སྨྱུག་ཐོགས་པ་བསམ་འཆར་གསུམ་པར་འཐད་པ་སྟེ། རྒྱུ་མཚན་གཤམ་གསལ་ལྟར།

གཅིག སྙིང་ལྕགས་བྱམས་ཀྱིས་དུས་སྤྲོད་དངུལ་བུན་གྱི་བྱེད་ཐབས་སྤྱད་དེ་སྤེལ་འཚོང་མཁན་ལ་སྡོད་ཁང་ཉོ་ཚོང་གི་གན་རྒྱའི་འབྲེལ་བ་བཞག་པ་དང༌། དངུལ་ཁང་ལ་གཏའ་མ་འཇོག་པའི་དངུལ་བུན་གན་རྒྱའི་བཅའ་ཁྲིམས་འབྲེལ་བ་བཞག་པ་མ་ཟད། བཅའ་ཁྲིམས་ཀྱི་འབྲེལ་བ་འདི་གཉིས་བརྒྱུད་དེ་ཁང་བ་འདིའི་བདག་དབང་ལག་ཏུ་ཐོབ་ཡོད། དེའི་རྐྱེན་གྱིས་གྱོད་གཞི་འདིའི་ནང་སྙིང་ལྕགས་བྱམས་ཀྱིས་གཉེན་མ་བསྒྲིགས་གོང་ཁང་བ་དེའི་བདག་དབང་ལག་ཏུ་ཐོབ་ཡོད་པ་གཏན་འཁེལ་བྱས་ཆོག

གཉིས། སྙིང་ལྕགས་བྱམས་ཀྱིས་ཁང་བ་ཉོས་པ་དང་མཉམ་དུ་སྒོར་ཁྲི10ཡི་དངུལ་བུན་ཡང་བླངས་ཡོད་ལ། དངུལ་བུན་དེ་ནི་གཉེན་མ་བསྒྲིགས་གོང་བླངས་པ་ཡིན་པས་གཉེན་མ་བསྒྲིགས་གོང་གི་སྒེར་གྱི་དངུལ་བུན་གྱི་ཁོངས་སུ་གཏོགས་པ་དང༌། སྙིང་ལྕགས་བྱམས་དང་ཀླུ་མོ་འཚོ་གཉིས་ཀྱིས་མཉམ་དུ་དུས་སྤྲོད་དངུལ་བུན་གསབ་པའི་བྱ་སྤྱོད་དེ་ནི་བཟའ་ཟླ་གཉིས་ཀས་ཐུན་མོང་གི་རྒྱུ་ནོར་སྤྱད་དེ་སྙིང་ལྕགས་བྱམས་ཀྱི་སྒེར་གྱི་དངུལ་བུན་གསབ་པའི་ཁོངས་སུ་གཏོགས་པ་རེད། དེའི་རྐྱེན་གྱིས་ཁོ་གཉིས་ཀའི་བཟའ་ཟླའི་འབྲེལ་བ་གཅོད་པའི་སྐབས་སུ་སྙིང་ལྕགས་བྱམས་ཀྱིས་ཀླུ་མོ་འཚོ་ལ་སྒོར་ཁྲི10ཡི་ཕྱེད་ཀ་སྟེ་ཁྲི5ཡི་སྐྱིན་ཚབ་སྟེར་དགོས།

གསུམ། གཉེན་སྒྲིག་བྱས་རྗེས་སྡོད་ཁང་དེའི་རིན་གོང་འཕར་བའི་ཆ་ཤས་དེ་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན། རང་རྒྱལ《གཉེན་འབྲེལ་བཅའ་ཁྲིམས》ཀྱི་དོན་ཚན17པའི་ནང་དུ་བཟའ་ཟླ་གཉིས་ཀའི་གཉེན་གྱི་འབྲེལ་བ་གནས་པའི་སྐབས་སུ་ཐོབ་པའི་གཤམ་གྱི་རྒྱུ་ནོར་འདི་དག་ནི་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་པར་གཏན་འཁེལ་བྱས་ཡོད། 1.ཟླ་ཕོགས་དང་བྱ་དགའི་དངུལ། 2.ཐོན་སྐྱེད་དང་ཚོང་གཉེར་ལས་ཐོབ་པའི་ཁེ་ཕན། 3.ཤེས་བྱའི་བདག་དབང་གི་ཁེ་ཕན། 4.ཤུལ་འཛིན་དང་བྱིན་པ་ལས་ཐོབ་པའི་རྒྱུ་ནོར། 5.ཐུན་མོང་གི་རྒྱུ་ནོར་དུ་གཏོགས་འོས་པའི་ཡོང་སྒོ་གཞན་དག་བཅས་ཡིན། བཟའ་ཟླ་གཉིས་ཀར་ཐུན་མོང་རྒྱུ་ནོར་གྱི་ཐག་གཅོད་ཐད་འདྲ་མཉམ་གྱི་དབང་ཆ་ཡོད།

གྱོད་གཞི་འདིའི་ནང་དུ་སྙིང་ལྕགས་བྱམས་ཀྱིས་ཉོས་པའི་ཁང་བ་དེའི་རིན་གོང་ཚད་མཐོན་པོའི་ངང་འཕར་བ་དེ་ནི་དོན་དངོས་ཡིན་པ་མ་ཟད། ད་རུང་ཀླུ་མོ་འཚོ་དང་གཉེན་གྱི་འབྲེལ་བ་གནས་པའི་སྐབས་སུ་བྱུང་བ་ཡིན་པས། རིན་གོང་འཕར་བའི་ཆ་ཤས་དེ་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་ལ། དེ་དང་མཉམ་དུ་ད་རུང་ཁྲིམས་འཛུགས་དམིགས་ཡུལ་གྱི་སྟེང་ནས་བལྟས་ན། རང་རྒྱལ《གཉེན་སྒྲིགབཅའ་ཁྲིམས》ཀྱིས་གཉེན་མ་བསྒྲིགས་གོང་གི་སྒེར་གྱི་རྒྱུ་ནོར་དང་གཉེན་བསྒྲིགས་རྗེས་ཀྱི་ཐུན་མོང་གི་རྒྱུ་ནོར་གཉིས་སུ་བཀར་བ་དེས་ཕྱོགས་གཅིག་གིས་དཀའ་བ་མ་སྤྱད་པར་གཉེན་གྱི་འབྲེལ་བ་བེད་སྤྱད་དེ་མི་གཞན་གྱི་རྒྱུ་ནོར་ཧམ་ལེན་བྱེད་པ་འགོག་ཐུབ། གྱོད་གཞི་འདིའི་ནང་གི་སྙིང་ལྕགས་བྱམས་ཀྱིས་གཉེན་མ་བསྒྲིགས་གོང་ཁང་བ་དེར་མ་དངུལ་སྒོར་ཁྲི5བཞག་པ་དང་ཁང་རིན་གྱི་མང་ཆེ་ཤས་ཀླུ་མོ་འཚོ་དང་གཉེན་བསྒྲིགས་རྗེས་མཉམ་དུ་གསབ་པ་ཡིན་ལ། ཁང་བ་དེ་ད་རུང་གཉེན་གྱི་འབྲེལ་བ་གནས་པའི་སྐབས་སུ་རིན་གོང་སྒོར་ཁྲི15འཕར་བ་ཡིན་པས། འཕར་བའི་སྒོར་ཁྲི15བོ་དེ་ཕྱོགས་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་དུ་བརྩི་དགོས། གལ་ཏེ་སྒོར་ཁྲི15བོ་དེ་དབྱེ་མཚམས་གང་ཡང་མི་འབྱེད་པར་སྙིང་ལྕགས་བྱམས་ལ་དབང་བར་བྱས་ན། ཀླུ་མོ་འཚོ་ཡི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་དང༌། ཕྱོགས་གཉིས་ཀའི་ཁེ་དབང་ལ་འདྲ་མཉམ་སྒོས་སྲུང་སྐྱོང་ཐོབ་མེད་ལ《གཉེན་སྒྲིག་བཅའ་ཁྲིམས》བཙུགས་པའི་ཐོག་མའི་བསམ་འདུན་དང་ཡང་འགལ་ཡོད་པ་རེད། དེའི་རྐྱེན་གྱིས་ངས་བལྟས་ན་གཉེན་མ་བསྒྲིགས་གོང་གི་ཁང་བ་དེ་གཉེན་སྒྲིག་བྱས་རྗེས་སུ་རིན་གོང་འཕར་བའི་ཆ་ཤས་དེ་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་བརྩི་དགོས། དེ་ལྟར་ད་གྱོད་གཞི་འདིའི་ནང་གི་ཁང་བ་དེ་སྙིང་ལྕགས་བྱམས་ལ་དབང་མོད། འོན་ཀྱང་སྙིང་ལྕགས་བྱམས་ཀྱིས་ཀླུ་མོ་འཚོར་མཉམ་དུ་གསབ་པའི་དངུལ་བུན་གྱི་ཕྱེད་ཀ་དང་ཁང་བའི་རིན་གོང་འཕར་བའི་ཆ་ཤས་དེའི་ཕྱེད་ཀ་སྟེ་བསྡོམས་པས་སྒོར་ཁྲི12.5སྟེར་དགོས།

མཚོ་སྔོན་ཉིན་རེའི་ཚགས་པར་ལས་བཏུས།

གོང་མ།:གྲོགས་པོར་མི་གཞན་གྱིས་གཅར་རྡུང་བྱེད་པའི་སྐབས་སུ་རོགས་རམ་བྱས་ན་ལྷན་དུ་ཉེས་བསགས་གྲུབ་ཡོད་དམ།

ཞོལ་མ།:གྲངས་ཉུང་མི་རིགས་ཀྱི་འཆར་གཞིའི་བཙའ་སྐྱེ་སྲིད་ཇུས་ཐད་གཏན་འབེབས་གང་དག་ཡོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235