མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

སློབ་མར་སློབ་གྲྭའི་ནང་དུ་མི་གཞན་གྱིས་གཅར་རྡུང་བྱས་ན་སློབ་གྲྭའི་འགན་འཁུར་དགོས་སམ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-12-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

སློབ་གྲྭ་ག་གེ་མོ་ཞིག་གི་ལོ15ཅན་གྱི་སློབ་མ་མཐུན་མཆོག་2007ལོའི་ཟླ12པའི་ཚེས9ཉིན་གྱི་ཕྱི་དྲོའི་སློབ་ཐུན་གཉིས་པ་གྲོལ་རྗེས་རྩལ་སྦྱོང་ར་བར་རྩལ་སྦྱོང་སློབ་ཁྲིད་ལ་འགྲོ་བའི་སྐབས་སུ། གཡང་དྲུང་སོགས་མི་ལྔ་ཡིས་ཁོ་རང་བཙན་ཤེད་ཀྱིས་རྩལ་སྦྱོར་ར་བའི་ལྷོ་ཟུར་གྱི་སྤྱོད་ཁང་ནང་དུ་ཁྲིད་པ་དང༌། གཡང་དྲུང་གིས་སྔོན་ལ་མཐུན་མཆོག་ལ་འགྲམ་ལྕག20གཞུས། གཅར་རྡུང་བྱས་ཚར་རྗེས་ད་རུང་སློབ་མ་ཞིག་གིས་ལྕགས་ཀྱི་སྙིགས་གཞོང་བླངས་ཏེ་མཐུན་མཆོག་ལ་བརྒྱབ་པ་རེད། ཁྲིམས་ལུགས་སྨན་པས་གསལ་འབྱེད་བྱས་པ་ལྟར་ན། མཐུན་མཆོག་གི་རྨས་དེ་རྨས་ཡང་མོའི་ཁོངས་སུ་གཏོགས། དོན་དག་བྱུང་བའི་རྗེས་སུ་རྒྱུས་ལོན་བྱས་པ་ལྟར་ན། ཛ་དྲག་ཆེ་བའི་དོན་དག་འདིའི་འབྱུང་རྐྱེན་ནི་མཐུན་མཆོག་གིས་གཡུང་དྲུང་ལ་ལྕགས་རྟ་མ་གཡར་པས་ལན་པ་རེད། རྗེས་སུ་མཐུན་མཆོག་གི་ལྟ་སྐྱོང་མིས་གཡང་དྲུང་སོགས་མི་ལྔ་བོ་དང་ད་རུང་སློབ་གྲྭ་བཅས་མཉམ་དུ་ཁྲིམས་ཁང་ལ་གཏུགས། འདིར་འདྲི་རྒྱུག་ཞིག་ནི་དོན་རྐྱེན་འདིའི་ཁྲོད་དུ་སློབ་གྲྭར་སྐྱིན་ཚབ་འཇལ་རྒྱུའི་འགན་ཡོད་དམ།

ཆེད་མཁས་པས་ལྟར་ན། གྱོད་གཞི་འདིའི་ཁྲོད་དུ་ཐོག་མར་སློབ་གྲྭར་ནོར་འཁྲུལ་ཡོད་མེད་ལ་བལྟ་དགོས་པ་དང༌། དེ་ནས་སློབ་གྲྭས་འགན་ཇི་ལྟ་བུ་ཞིག་འཁུར་དགོས་པར་ཡིད་འཇོག་བྱེད་དགོས། གོང་དུ་བཤད་པ་ལྟར་ན། སློབ་གྲྭས་སློབ་མར་གནོད་འཚེ་ཐེབས་པའི་དོན་རྐྱེན་ཁྲོད་འཁུར་དགོས་པའི་འགན་འཁྲིའི་ཁག་འགེལ་རྩ་དོན་ནི“ནོར་འཁྲུལ་འགན་འཁྲིའི་རྩ་དོན”ཡིན། གྱོད་གཞི་འདིའི་ནང་དུ་སློབ་གྲྭ་འདིས་སློབ་མར་དོ་དམ་བྱས་པ་མི་ལེགས་པ་དང་སློབ་མའི་སློབ་ཞུགས་གནས་ཚུལ་ལ་ཡིད་འཇོག་མ་བྱས་པའི་དབང་གིས་མཐུན་མཆོག་ལ་སློབ་གྲྭའི་ནང་དུ་དུས་ཡུན་ཅུང་རིང་བོ་ཞིག་ལ་མི་གཞན་གྱིས་གཅར་རྡུང་བྱས་ནའང་སློབ་གྲྭས་མ་ཤེས་པས། སློབ་གྲྭའི་ཕྱོགས་སུ་ནོར་འཁྲུལ་ངེས་ཅན་ཞིག་ལྡན་མོད། འོན་ཀྱང་སློབ་གྲྭའི་ཕྱོགས་སུ་ནོར་འཁྲུལ་ཡོད་ན་ཞོར་དུ་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་སམ་ཞེ་ན། དེ་ལའང་ངེས་པ་མེད།《མི་ལུས་ལས་གནོད་འཚེ་ཐེབས་པར་སྐྱིན་ཚབ་འཇལ་བའི་འགྲེལ་བཤད》ཀྱི་དོན་ཚན་བདུན་པའི་ཁོད་ཚན་གཉིས་པའི་ནང་དུ་གནོད་འཚེ་གཏོང་མཁན་གྱི་མི་གསུམ་པ་དེས་སློབ་གྲྭའི་ནང་གི་ན་ཚོད་དར་ལ་མ་བབས་པའི་སློབ་མའི་མི་ལུས་ལ་གནོད་འཚེ་བཟོས་ན་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ་དང༌། སློབ་གྲྭ་དང་བུ་བཅོལ་ཁང་གི་སོགས་སློབ་གསོ་སྡེ་ཁག་ལ་ནོར་འཁྲུལ་ཡོད་ན། དེ་བསྟུན་ཁ་གསབ་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་པ་གཏན་འཁེལ་བྱས་ཡོད། ཁྲིམས་འཛིན་འགྲེལ་བཤད་འདིའི་གཏན་འཁེལ་བྱས་ཡོད། ཁྲིམས་འཛིན་འགྲེལ་བཤད་འདིའི་གཏན་ཁེལ་ལྟར་ན། གནས་ཚུལ་འདི་ལྟ་བུའི་འོག་ཏུ་སློབ་གྲྭས་འགན་འཁུར་དགོས་པ་ནི་ཁ་གསབ་སྐྱིན་ཚབ་སྤྲོད་འགན་ཡིན་པ་ལས་ཞོར་དུ་དབང་ཆར་གནོད་འཚེ་ཐེབས་པའི་འགན་འཁུར་མི་དགོས་ལ། ཡང་ཅིག་བཤད་ན་སློབ་གྲྭས་བདེ་འཇགས་འགན་སྲུང་གི་འོས་འགན་མ་འཁུར་བར་སློབ་མའི་མི་ལུས་ལ་གནོད་འཚེ་ཐེབས་ན། གལ་ཏེ་ཐད་ཀར་གནོད་འཚེ་གཏོང་མཁན་གྱིས་སྐྱིན་ཚབ་ཀྱི་འགན་ཡོངས་རྫོགས་འཁུར་ཟིན་པ་ཡིན་ན། སློབ་གྲྭས་ཁ་གསབ་ཀྱི་སྐྱིན་ཚབ་འཇལ་མི་དགོས་པ་དང༌། གལ་ཏེ་ཐད་ཀར་གནོད་འཚེ་གཏོང་མཁན་གྱིས་འགན་མི་འཁུར་པའམ་ཡང་ན་ཁ་ཤས་མ་གཏོགས་མི་འཁུར་བ་ཡིན་ན། སློབ་གྲྭས་གྱོད་གཞི་འའདིའི་ཞིབ་ཕྲའི་གནས་ཚུལ་དང་སློབ་གྲྭའི་ནོར་འཁྲུལ་གཞིར་བཟུང་སྟེ། དེ་བསྟུན་གྱི་སྐྱིན་ཚབ་སྤྲོད་འགན་འཁུར་དགོས། ཡིད་འཇོག་བྱེད་དགོས་པ་ཞིག་ནི། ཁྲིམས་འཛིན་འགྲེལ་བཤད་འདིའི་ནང་དུ། སློབ་གྲྭས་སྐྱིན་ཚབ་སྤྲོད་འགན་ཁུར་རྗེས་ཡང་བསྐྱར་མི་གསུམ་པ་དེར་སྐྱིན་ཚབ་འདེད་ཆོག་པ་གཏན་ཁེལ་བྱས་མེད་པས། གྱོད་གཞི་འདིའི་ནང་དུའང་སློབ་གྲྭས་སྐྱིན་ཚབ་འཇལ་རྗེས་ཡང་བསྐྱར་གཡང་དྲུང་སོགས་ལ་སྐྱིན་ཚབ་འདེད་མི་ཆོག་པ་རེད།

མཚོ་སྔོན་ཉིན་རེའི་ཚགས་པར་ལས་བཏུས།

གོང་མ།:ཟས་རིན་དང་ཁང་གླ་དེ་གླ་ཕོགས་ཀྱི་ནང་དུ་རྩིས་ཆོག་གམ།

ཞོལ་མ།:གྲོགས་པོར་མི་གཞན་གྱིས་གཅར་རྡུང་བྱེད་པའི་སྐབས་སུ་རོགས་རམ་བྱས་ན་ལྷན་དུ་ཉེས་བསགས་གྲུབ་ཡོད་དམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235