མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཟས་རིན་དང་ཁང་གླ་དེ་གླ་ཕོགས་ཀྱི་ནང་དུ་རྩིས་ཆོག་གམ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-12-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

བློ་མཐུན་རྩོམ་སྒྲིག་པ་ལགས།

ད་ལོའི་ལོ་སྟོད་དུ།ང་དང་སྡེ་བ་གཅིག་པའི་གྲོགས་མོ་འགའ་མཉམ་དུ་གྲོང་ཁྱེར་ལ་གླ་རྒྱག་ཏུ་ཡོང་བ་ཡིན།དུས་ཡུན་རིང་བོ་ཞིག་ལ་བརྩོན་པ་བྱས་པར་བརྟེན།མཇུག་མཐར་གྱོན་ཆས་བཟོ་གྲྭ་ཞིག་ལ་དུས་ཡུན་ལོ་གཉིས་རིང་གི་གན་རྒྱ་བཞག་པ་དང་།གན་རྒྱའི་སྟེང་དུ་བཟོ་གྲྭས་ཟས་རིན་དང་ཁང་གླ་མི་དགོས་པ་བྱས་ཏེ།ཟླ་རེར་ང་ཚོར་གླ་ཕོགས་སྒོར་སྟོང་གཅིག་རེ་སྟེར་རྒྱའི་ཁ་ཆད་བཞག་ཡོད།ཐོན་རྫས་ཀྱི་འཚོང་ལམ་མི་བཟང་བའི་དབང་གིས་བཟོ་གྲྭས་ཉེ་སྔོན་ད་གཟོད་ང་ཚོར་གླ་ཕོགས་སྟེར་ཐུབ་པ་བྱུང་མོད།འོན་ཀྱང་གླ་ཕོགས་ཀྱི་ནང་ནས་ཁང་གླ་དང་ཟས་རིན་བཅགས་ཏེ།ང་ཚོར་ཟླ་རེར་སྒོར650མ་གཏོགས་མ་བྱིན་ལ།དེ་ནི་ས་གནས་ཀྱི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞིའམ་མི་ལོངས་པ་རེད།འདིར་འདྲི་རྒྱུ་ཞིག་ནི་ཟས་རིན་དང་ཁང་གླ་དེ་གླ་ཕོགས་ཀྱི་ནང་དུ་བརྩིས་ཆོག་གམ།

ཀློག་པ་པོ་འབྲུག་མོ་སྐྱིད་ནས།

ཀློག་པ་པོ་འབྲུག་མོ་སྐྱིད་ལགས།

གླ་ཕོགས་ཞེས་པ་ནི་མི་སྤྱོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་དང་ངལ་རྩོལ་གན་རྒྱའི་སྟེང་གི་ཁ་ཆད་གཞིར་བཟུང་ནས།དངུལ་ལོའི་རྣམ་པས་ཐད་ཀར་ངལ་རྩོལ་པར་ངལ་རྩོལ་གྱི་གླ་ཆ་སྟེར་བ་དེ་ཡིན་ལ།དེ་ལ་སྤྱིར་བཏང་གིས་དུས་ཚོད་བརྩི་བའི་གླ་ཕོགས་དང་ཐོན་གྲངས་བརྩི་བའི་གླ་ཕོགས།བྱ་འགའ།ཞོར་ཕོགས།ཁ་གསབ་གླ་ཕོགས།བྱ་བ་སྒྲུབ་པའི་དུས་ཡུན་ཇེ་རིང་དུ་བཏང་བའི་གླ་ཕོགས་དང་དེ་མིན་ད་རུང་དམིགས་བསལ་གྱི་གནས་ཚུལ་འོག་ཏུ་སྟེར་བའི་གླ་ཕོགས་སོགས་འདུས།

གླ་ཕོགས་ནི་ངལ་རྩོལ་པའི་ངལ་རྩོལ་ཡོང་སྒོའི་གྲུབ་ཆ་གཙོ་བོ་ཡིན་པ་དང་།གླ་ཕོགས་ངེས་པར་དུ་ཁྲིམས་བཀོད་ལྟར་དངུལ་ལོ་ཡི་རྣམ་པས་སྟེར་དགོས།ཆེས་དམའ་བའི་གླ་ཕོགས་ཞེས་པ་ནི་ངལ་རྩོལ་པས་ཁྲིམས་བཀོད་ཀྱི་ལས་སྒྲུབ་དུས་ཡུན་ནང་དང་ཡང་ན་ཁྲིམས་ལྟར་བཞག་པའི་ངལ་རྩོལ་གན་རྒྱའི་སྟེང་གི་ལས་སྒྲུབ་དུས་ཡུན་ནང་དུ་རྒྱུན་ལྡན་གྱི་ངལ་རྩོལ་འོས་འགན་ལག་ཏུ་བསྟར་བ་དང་རྒྱུན་ལྡན་གྱི་ངལ་རྩོལ་འདོན་སྤྲོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོགརང་ཉིད་གནས་སའི་མི་སྤྱོད་སྡེ་ཁག་དེས་བྱིན་པའི་ཆེས་དམའ་བའི་ངལ་རྩོལ་གླ་ཆར་གོ

ཆེས་དམའ་བའི་གླ་ཕོགས་ཀྱི་ནང་དུ་བྱ་བ་སྒྲུབ་པའི་དུས་ཡུན་ཉེ་རིང་དུ་བཏང་བའི་གླ་ཕོགས་དང་དངུལ་ལོ་ཡི་རྣམ་པས་སྡོད་ཁང་དང་མི་སྤྱོད་སྡེ་ཁག་གིས་བྱིན་པའི་འཚོ་བའི་ཁ་གསབ།ས་འོག་དང་དུག་ལྡན་ས་གནས་སོགས་ཀྱི་དམིགས་བསལ་གྱི་བྱ་བའི་ཁོར་ཡུག་དང་ངལ་རྩོལ་ཆ་རྐྱེན་འོག་གི་ཞོར་ཕོགས།རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་ཁྲིམས་སོགས་སུ་གཏན་འཁེལ་བྱས་ཡོད་པའི་སྤྱི་ཚོགས་འགན་སྲུང་ཕན་བདེ་ཐོན་ཆ་སོགས་མི་འདུས་པ་རེད།

གླ་ཕོགས་དེ་ངེས་པར་དུ་དངུལ་ལོའི་རྣམ་པས་ངལ་རྩོལ་པར་སྟེར་དགོས་པ་ཡིན་ན།ཟས་རིན་དང་ཁང་གླ་ཁག་ལེན་བྱེད་པའི་རྣམ་པ་དེ་གླ་ཕོགས་ཀྱི་ནང་དུ་བརྩིས་མི་ཆོག་པ་དང་།ཟས་རིན་དང་ཁང་གླ་ཁག་ལེན་བྱེད་པའི་རྣམ་པས་དངུལ་ལོའི་ཚབ་བྱེད་པ་དེ་ནི་ཁྲིམས་འགལ་ཡིན་ནོ།

2010ལོའི་ཟླ7པའི་ཚེས30ཉིན་གྱི་མཚོ་སྔོན་བོད་ཡིག་ཚགས་པར་ལས་བཤུས།

གོང་མ།:ཁོས་གཉེན་སྒྲིག་བརྩེགས་མ་བྱས་པར་ངས་རྩད་ཞིབ་བྱེད་ཆོག་གམ།

ཞོལ་མ།:སློབ་མར་སློབ་གྲྭའི་ནང་དུ་མི་གཞན་གྱིས་གཅར་རྡུང་བྱས་ན་སློབ་གྲྭའི་འགན་འཁུར་དགོས་སམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235