མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཁོས་གཉེན་སྒྲིག་བརྩེགས་མ་བྱས་པར་ངས་རྩད་ཞིབ་བྱེད་ཆོག་གམ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-12-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཚེ་སྐྱིད་ཀྱིས་འདྲི་རྒྱུར། ང་དང་དོན་འགྲུབ་གཉིས་བཟའ་ཟླའི་ཚུལ་གྱིས་ལོ་གཉིས་ལ་མཉམ་དུ་བསྡད། ཡིན་ནའང་ད་ལྟ་ཁོས་གཞན་ཞིག་དང་མཉམ་དུ་གཉེན་སྒྲིག་ཡི་གེ་བླངས་ཟིན། བདག་གིས་ཁོས་གཉེན་སྒྲིག་བརྩེགས་མ་བྱས་པར་རྩད་ཞིབ་དང་བསམ་པར་རྨས་སྐྱོན་ཕོག་པར་སྐྱིན་ཚབ་འཇལ་དགོས་པའི་རེ་བ་འདོན་ཆོག་གམ།

ལན། ཁྱོད་ཀྱིས་ཁོ་རང་གིས་གཉེན་སྒྲིག་བརྩེགས་མ་བྱས་པར་རྩད་ཞིབ་དང་བསམ་པར་རྨས་སྐྱིན་ཕོག་པར་སྐྱིན་ཚབ་འཇལ་རྒྱུའི་རེ་བ་བཏོན་མི་ཆོག་པ་རེད།

《གཉེན་སྒྲིག་ཐོ་འགོད་དོ་དམ་སྲོལ་ཡིག》གི་གཏན་ཁེལ་ཆོད་དོན་གཏན་ཁེལ་ལྟར་ན། ཁྱོད་དང་དོན་འགྲུབ་གཉིས་མཉམ་དུ་བསྡད་དེ་ལོ་གཉིས་འགོར་ཡོད་ནའང་གཉེན་སྒྲིག་ཡི་གེ་བླངས་མེད་པས། བཅའ་ཁྲིམས་ཀྱི་སྟེང་ནས་བཤད་ན། ཁྱོད་ལ་དོན་འགྲུབ་ཀྱི་བཟའ་ཟླའི་ཐོབ་ཐང་དང་ཁེ་དབང་མེད་པ་རེད། ད་སྤྱོད་རྩ་ཁྲིམས་ཀྱི་དོན་ཚན་258པའི་ནང་གི་ཆོད་དོན་གཏན་ཁེལ་ལྟར་ན། “བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བརྩེགས་མ་བྱས་པ་དང་ཡང་ན་མི་གཞན་ལ་བཟའ་ཟླ་ཡོད་པ་ཤེས་བཞིན་དུ་དེ་དང་གཉེན་བསྒྲིགས་པ”ནི་ད་གཟོད་གཉེན་སྒྲིག་བརྩེགས་མ་བྱས་པར་རྩི་བཞིན་ཡོད། ཉེས་དོན་སྟེང་གི་གཉེན་སྒྲིག་བརྩེགས་མ་རུ་གྲུབ་པའི་སྔོན་འགྲོ་ནི་བྱ་སྤྱོད་སྤེལ་མཁན་གྱི་མིས་ཁྲིམས་མཐུན་བཟའ་བཞིན་དུ་ཡང་བསྐྱར་མི་གཞན་ལ་གཉེན་སྒྲིག་བྱས་པའམ་ཡང་ན་དོན་དངོས་ཀྱི་གཉེན་འབྲེལ་གྲུབ་ཟིན་པ་དེ་ཡིན། ཁྱོད་ལ་ད་ལྟ་དོན་འགྲུབ་ཀྱི་ཁྲིམས་མཐུན་བཟའ་ཟླའི་ཐོབ་ཐང་དང་ཁེ་དབང་མེད་པའི་རྐྱེན་གྱིས། དོན་འགྲུབ་མི་གཞན་དང་གཉེན་སྒྲིག་དང་གཉེན་སྒྲིག་བྱ་ཆོག་པ་དང་ཁྱོད་ཀྱིས་དེ་ལ་གཉེན་སྒྲིག་བརྩེགས་མ་བྱས་པར་རྩད་ཞིབ་དང་བསམ་པར་རྨས་སྐྱོན་ཕོག་པར་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ན་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་དོ།

2008ལོའི་ཟླ་བཅུ་གཉིས་ཚེས་ལྔ་ཉིན་གྱི་མཚོ་སྔོན་ཉིན་རེའི་ཚགས་པར་ལས་བཏུས།

གོང་མ།:འགྲིམ་འགྲུལ་བྱུར་རྐྱེན་གྱི་སྐྱིན་ཚབ་འཇལ་ཐབས།

ཞོལ་མ།:ཟས་རིན་དང་ཁང་གླ་དེ་གླ་ཕོགས་ཀྱི་ནང་དུ་རྩིས་ཆོག་གམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235