མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

འགྲིམ་འགྲུལ་བྱུར་རྐྱེན་གྱི་སྐྱིན་ཚབ་འཇལ་ཐབས།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-12-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

འགྲིམ་འགྲུལ་བྱུར་རྐྱེན་བྱུང་བའི་རྗེས་སུ།བྱུར་རྐྱེན་བྱུང་ཡུལ་ལ་སྲུང་སྐྱོང་ཅིག་ལྟར་བྱ་རྒྱུ་དང་།དོན་ཐོག་པའི་ཐོབ་ཐང་ལ་ངོས་འཛིན་ཅི་ལྟར་བྱ་རྒྱུ།སྨན་བཅོས་མཇུག་རྫོགས་པའི་དུས་ཡུན་དང་གསལ་འབྱེད་དུས་ཡུན་ཅི་ལྟར་ཐག་གཅོད་རྒྱུ།སྐྱིན་ཚབ་གང་དག་བླངས་ཆོག་མིན།སྐྱིན་ཚབ་གྲོན་དངུལ་ཅི་ལྟར་རྩིས་རྒྱག་ཚུལ་སོགས་ཀྱི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་སྐབས་རྕོད་གཞི་མི་ཉུང་བ་འབྱུང་བཞིན་ཡོད་པས།སྨྱུག་ཐོགས་པས་ལོ་མང་པོར་གྱོད་གཞི་བསྒྲུབས་པའི་ཉམས་མྱོངས་ལྟར《གནོད་འཚེ་འགན་འཁྲིའི་བཅའ་ཁྲིམས》ཀྱི་གཏན་འཁེལ་གསར་པར་ཟུང་དུ་སྦྲེལ་ནས།འགྲིམ་འགྲུལ་བྱུར་རྐྱེན་གྱི་སྐྱིན་ཚབ་འཇལ་ཐབས་སྐོར་གྱི་གནད་དོན་མང་པོར་དབྱེ་ཞིབ་བྱས་ཡོད་པས།དོན་ཐོག་པ་རྣམས་ལ་རོགས་རམ་ཐོབ་པར་སྨོན།

བྱུར་རྐྱེན་བྱུང་ཡུལ་སྲུང་སྐྱོང་བྱ་ཚུལ།

འགྲིམ་འགྲུལ་བྱུར་རྐྱེན་བྱུང་རྗེས།བྱུར་རྐྱེན་བཟོ་མཁན་གྱིས་སེམས་རྣལ་ལ་ཕབ་སྟེ་བྱུར་རྐྱེན་བྱུང་ཡུལ་སྲུང་སྐྱོང་ལེགས་པོ་བྱ་དགོས་པ་སྟེ།

1﹑བྱུར་རྐྱེན་བྱུང་ཡུལ་གྱི་རླངས་འཁོར་དང་དངོས་པོ་གང་ཞིག་ཡིན་རུང་གནས་སྤོ་མི་རུང་བར་མ་ཟད།མི་རྣམས་གནས་དེ་རུ་འགྲོ་བར་བཀག་འགོག་བྱ་དགོས།

2﹑དུས་ལྟར་ཉེན་རྟོག་པ་དང་ཉེན་སྲུང་ཀུང་ཟི་ཡར་ཞུ་བྱ་དགོས།

3﹑རྨས་མ་སྐྱོབ་ཆེད་རླངས་འཁོར་གྱི་གནས་སྤོ་དགོས་ན།ངེས་པར་རྟགས་བརྒྱག་དགོས།

4﹑རྨས་མ་སྨན་ཁང་དུ་བསྐྱལ་རྗེས།སྨན་བཅོས་མི་སྣར་རྨས་མའི་ལུས་སྟེང་དང་གྱོན་ཆས་སྟེང་གི་རྗེས་ཤུལ་སྣ་ཚོགས་སྟེ།དཔེར་ན་རླངས་འཁོར་གྱི་འཁོར་ལོའི་རྗེས་ཤུལ་སོགས་ལ་སྲུང་སྐྱོང་བྱ་དགོས་པའི་གནས་ཚུལ་གསལ་བོར་བཤད་དགོས།

5﹑བྱུར་རྐྱེན་བསྐྱར་མ་མི་འབྱུང་བ་བྱ་དགོས།འགྲིམ་འགྲུལ་བྱུར་རྐྱེན་བྱུང་རྗེས།བསྟུད་མར་ཉེན་བརྡའི་འཁྱུག་འོད་གློག་འགེར་དགོས་པར་མ་ཟད།བྱུར་རྐྱེན་བྱུང་ཡུལ་ནས་མུས50ཡི་ཕྱི་རོལ་དུ་དྲན་སྐུལ་བརྡ་རྟགས་འཇོག་དགོས།དེ་མིན་ན་བྱུར་རྐྱེན་བསྐྱར་མ་འབྱུང་སླ།སྣུམ་སྒམ་གས་པའམ་ཡང་ན་འབར་སྣུམ་ཕྱི་རུ་བཞུར་ནས་མེ་སྐྱོན་འབྱུང་བ་སྔོན་འགོག་བྱས་ཏེ།མཇུག་འབྲས་ཇེ་སྡུག་ཏུ་འགྲོ་བར་གཡོལ་དགོས།

དྲན་སྐུལ།

བྱུར་རྐྱེན་བྱུང་ཡུལ་ནི་ཆེས་ནུས་ལྡན་གྱི་བདེན་དཔང་ཡིན་པས།འགྲིམ་འགྲུལ་བྱུར་རྐྱེན་བྱུང་རྗེས།ངེས་པར་རང་འགུལ་སྒོས་གནས་ཡུལ་སྲུང་སྐྱོང་བྱས་ཏེ།གནས་ཡུལ་སྲུང་སྐྱོང་མ་བྱས་པའི་དབང་གིས་འགྲིམ་འགྲུལ་བྱུར་རྐྱེན་གྱི་འགན་འཁྲི་ངོས་འཛིན་བྱེད་དཀའ་བའམ་འགྲིམ་འགྲུལ་བྱུར་རྐྱེན་བསྐྱར་མ་འབྱུང་བར་གཡོལ་དགོས།

དོན་ཐོག་པའི་ཐོབ་ཐང་ལ་ངོས་འཛིན་སྟངས།

འགྲིམ་འགྲུལ་བྱུར་རྐྱེན་བྱུང་རྗེས།གནོད་འཚེ་ཐེབས་མཁན་དང་དེའི་ཉེ་མིས་ཡང་དག་པའི་སྒོ་ནས་དོན་ཐོག་པའི་ཐོབ་ཐང་སོགས་ཀྱི་གཞི་རྩའི་གནས་ཚུལ་ཤེས་དགོས་པ་སྟེ།

1﹑བྱུར་རྐྱེན་བཟོ་མཁན་ཁ་ལོ་བའི་ཐོབ་ཐང་དང་དེའི་གཞི་རྩའི་གནས་ཚུལ།2བྱུར་རྐྱེན་བཟོས་པའི་རླངས་འཁོར་དེའི་བདག་པོའི་ཐོབ་ཐང་དང་གཞི་རྩའི་གནས་ཚུལ།གལ་ཏེ་བྱུར་རྐྱེན་བཟོ་མཁན་གྱི་ཁ་ལོ་བ་དང་རླངས་འཁོར་གྱི་བདག་པོ་གཉིས་མི་གཅིག་མིན་ན།ཟིན་ཐོ་བཀོད་ཡོད་པའི་རླངས་འཁོར་གྱི་བདག་པོ་དང་རླངས་འཁོར་གྱི་དོན་དངོས་བདག་པོ་གཉིས་ཀྱི་གནས་ཚུལ་རྩད་གཅོད་དགོས་པ་དང་།བྱུར་རྐྱེན་བཟོ་མཁན་གྱི་ཁ་ལོ་བ་དང་རླངས་འཁོར་བདག་པོ་གཉིས་ཀྱི་འབྲེལ་བ﹙གླ་བ།བོགས་གཏོང་།གཡར་བ།ཟུར་གཏོགས་སོགས་གང་ཡིན་གསལ་བོ་ཤེས་དགོས།﹚གསལ་བོར་ཤེས་དགོས།གལ་ཏེ་བྱུར་རྐྱེན་བཟོས་པའི་རླངས་འཁོར་དེ་བརྐུས་ཡོང་བའི་རླངས་འཁོར་ཡིན་ན།ནག་ཉེས་བཟོ་མཁན་དོགས་ཡོད་མི་སྣ་དང་རླངས་འཁོར་གྱི་བདག་པོ་གཉིས་ཀྱི་གནས་ཚུལ་རྩད་གཅོད་དགོས་པ་དང་།ཉེན་སྲུང་ཀུང་ཟིའི་གནས་ཚུལ﹙ཉེན་སྲུང་གི་རིགས་གང་ཞིག་ལ་གཏོགས་པ་དང་ཉེན་སྲུང་གི་དུས་ཡུན་དུ་གནས་མིན།ཉེན་སྲུང་གྲོན་དངུལ་ག་ཚོད་ཡོད་པ་སོགས﹚ཡང་རྩད་གཅོད་དགོས།གལ་ཏེ་རླངས་འཁོར་གྱི་བདག་པོ་སྡེ་ཚན་ཞིག་ཡིན་ན།ད་རུང་བཟོ་ཚོང་སྡེ་ཁག་ཏུ་སོང་ནས་འདྲི་རྟོག་དང་བཟོ་ཚོང་ཡིག་ཚགས་བསྐྱར་དཔར་བྱ་དགོས།

དྲན་སྐུལ།

འགྲིམ་འགྲུལ་བྱུར་རྐྱེན་བྱུང་རྗེས།གནོད་འཚེ་ཐེབས་མཁན་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་བཟོ་ཚོང་སྡེ་ཁག་ཏུ་སོང་ནས་འདྲི་རྟོག་བྱ་དགོས་པ་དང་།བྱུར་རྐྱེན་བཟོ་མཁན་གྱི་ཁ་ལོ་དང་རླངས་འཁོར་གྱི་བདག་པོ།ཉེན་སྲུང་ཀུང་ཟི་བཅས་ཀྱི་གཞི་རྩའི་ཆ་འཕྲིན་བསྐྱར་དཔར་བྱ་དགོས།ཡང་དག་པའི་སྒོ་ནས་གཏུག་འཁུར་ཐག་གཅོད་བྱེད་པ་དང་།ཉེན་སྲུང་སྐྱིན་ཚབ་ལེན་པ་དང་གྲོས་མོལ་འདུམ་སྒྲིག་ཁྲིམས་འཛིན་གསལ་འབྱེད།ཞུ་གཏུག་བཅས་བྱེད་པར་གྲ་སྒྲིག་བྱ་དགོས།

གསལ་འབྱེད་ཀྱི་དུས་ཡུན་ཐག་གཅོད་བྱེད་སྟངས།

སྨན་བཅོས་ཀྱི་མཇུག་རྫོགས་པ་ཞེས་པ་ནི་ནད་ཐོག་སྨན་བཅོས་སྟེང་རྨས་སྐྱོན་རྗེས་ཀྱི་ནད་ཀྱི་འགྱུར་ལྡོག་དང་ནད་ཐོགས་གསོ་བཅོས་བྱས་རྗེས་ཆ་ཤས་སམ་ཡང་ན་ཡོངས་སུ་དྲག་སྐྱེད་བྱུང་བར་མ་ཟད་གཏན་འཇགས་ཡོང་བར་འདོད་པའི་དུས་སྐབས་དེ་ལ་གོ།སྨན་བཅོས་མཇུག་རྫོགས་པའི་དུས་ཡུན་ཐད་བསམ་འཆར་མི་མཐུན་པ་བྱུང་ན།གནོད་འཚེ་ཐེབས་མཁན་དང་དེའི་ཉེ་མིས་གཟུ་མཁན་ལས་གཉེར་མཁན་དང་རྨས་སྐྱོན་གསལ་འབྱེད་བྱེད་རྒྱུའི་ཐོབ་ཐང་ཡོད་པའི་ཁྲིམས་ཀྱི་སྨན་དཔྱད་ལྟེ་གནས་སུ་རེ་འདུན་ཞུས་ཏེ།སྨན་བཅོས་མཇུག་རྫོགས་ཆོག་མིན་ཐག་གཅོད་བྱེད་དུ་བཅུག་ཆོག

གསལ་འབྱེད་དུས་ཡུན་ནི་བྱུར་རྐྱེན་གྱིས་ཐད་ཀར་བཟོས་པའི་རྨས་སྐྱོན་གྱི་སྨན་བཅོས་མཇུག་རྫོགས་པའི་སྐབས་དང་ཡང་ན་དངོས་གནས་རྨས་སྐྱོན་དེའི་དབང་གིས་བཟོས་པའི་འདུས་ནད་ཀྱི་སྨན་བཅོས་མཇུག་རྫོགས་པའི་སྐབས་དེ་ཡིན།འགྲིམ་འགྲུལ་བྱུར་རྐྱེན་གྱི་གནོད་འཚེ་ཐེབས་མཁན་དེ་རྨས་སྐྱོན་དེའི་དབང་གིས་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་ན།སྨན་བཅོས་མཇུག་རྫོགས་རྗེས་ཀྱི་ཉིན15ཡི་ནང་།ཞུ་གཏུག་མ་བྱས་པའི་སྔོན་ལ་གཟུ་མཁན་དོན་གཉེར་ཁང་ལ་མངག་བཅོལ་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ངོ་ཚབ་པ་བྱེད་དུ་བཅུག་ཆོག

དྲན་སྐུལ།

གནོད་འཚེ་ཐེབས་མཁན་ལ་གནོད་འཚེ་ཐེབས་པའི་ཚད་མི་འདྲ་བ་དང་ལུས་པོའི་ཆ་རྐྱེན་མི་འདྲ་བའི་དབང་གིས།གནདོ་འཚེ་ཐེབས་མཁན་གྱི་ལུས་པོ་དྲག་སྐྱེད་བྱུང་ཚད་མི་འདྲ་བ་དང་སྨན་ཁང་དུ་འདུག་ཡུན་ལ་རིང་ཐུང་ཡོད་པ་རེད།

གནོད་འཚེ་ཐེབས་མཁན་གྱིས་དབང་བོ་སྐྱོན་ཅན་དུ་བཏང་ཚད་གསལ་འབྱེད་བྱ་དགོས་པའི་རེ་འདུན་བཏོན་ན།སྤྱིར་བཏང་དུ་དུས་ཡུན་ལོ3ཡིན་པ་དང་།རྨས་སྐྱོན་ལྗིད་མོ་དང་ཡན་ན་གཤག་བཅོས་ཐེངས་གཉིས་པ་བྱ་དགོས་ན།སྤྱིར་བཏང་དུ་ནད་གཞི་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པའམ་ཡང་ན་གཤག་བཅོས་ཐེངས་གཉིས་པ་བྱས་ཚར་རྗེས་དབང་བོ་སྐྱོན་ཅན་གྱི་གསལ་འབྱེད་རེ་འདུན་ཞུས་ཆོག

གོང་མ།:རྩྭ་ཐང་གི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱའི་ས་ལན་ཆིག་བརྒྱ་མ།

ཞོལ་མ།:ཁོས་གཉེན་སྒྲིག་བརྩེགས་མ་བྱས་པར་ངས་རྩད་ཞིབ་བྱེད་ཆོག་གམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235