མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

རྩྭ་ཐང་གི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱའི་ས་ལན་ཆིག་བརྒྱ་མ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-01-06  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

1、ཅི་ཞིག་ལ་རྩྭ་ཐང་ཟེར།

རྩྭ་ཐང་ཞེས་པ་ནི་རྩྭ་རིགས་སྐྱེ་དངོས་དང་ལྗོན་ཤིང་གཙོ་བོ་ཡིན་པའི་སྔོ་ཁེབས་ཀྱིས་གཡོགས་པའི་ས་ཞིང་ལ་ཟེར་ཅིང་།དེའི་ནང་དུ་རང་བྱུང་རྩྭ་ཐང་དང་མིས་བསྐྲུན་པའི་རྩྭ་ས་འདུས།རང་བྱུང་རྩྭ་ཐང་ལ་རྩྭ་ས་དང་སྤང་རི།ལ་ངོ་བཅས་འདུས་ཡོད།མིས་བསྐྲུན་པའི་རྩྭ་ས་ཞེས་པ་ནི་མིའི་ཐབས་ཀྱིས་ཕྱུགས་རྩྭ་བཏབ་ནས་གྲུབ་པའི་རྩྭ་ས་ལ་ཟེར་ཅིང་།དེའི་ནང་དུ་ལེགས་པོར་བསྒྱུར་བའི་རྩྭ་ས་ལ་ཟེར་ཅིང་།དེའི་ནང་དུ་ལེགས་པོར་བསྒྱུར་བའི་རྩྭ་ས་དང་རྨོ་བསྐྱུར་ནས་རྩྭ་བཏབ་པའི་རྩྭ་ས་འདུས།

2、ཅིའི་ཕྱིར་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་དགོས།

རང་རྒྱལ་གྱི་རྩྭ་ཐང་གི་རྒྱ་ཁྱོན་ཧ་ལམ་སྤྱི་ཆིང་དུང་ཕྱིར4ཡོད་ཅིང་།མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི2/5ཟིན།རྩྭ་ཐང་ལ་སྐྱེ་ཁམས་དང་དཔལ་འབྱོར།སྤྱི་ཚོགས་བཅས་ཀྱི་རྩོལ་ནུས་གལ་ཆེན་ལྡན་ཏེ།(1)རྩྭ་ཐང་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་ལྗང་མདོག་གི་སྐྱེ་ཁམས་ཡོལ་བ་ཡིན་ལ།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པར་གལ་འགངས་ཆེ་བ་ཡིན།(2)རྩྭ་ཐང་ནི་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་དངོས་པོའི་རྨང་གཞི་ཡིན་ཞིང་།རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་ཚང་མ་རྩྭ་ཐང་དང་འབྲེལ་ཐབས་མེད།(3)རྩྭ་ཐང་དུ་དཔལ་འབྱོར་དང་སྨན་རྫས་ཀྱི་རིན་ཐང་ལྡན་པའི་རི་སྐྱེ་སྐྱེ་དངོས་མང་པོ་སྐྱེས་འདུག་ལ།རྒྱུད་འཛིན་ཐོན་ཁུངས་ལེགས་པོ་གསར་སྤེལ་དང་གསོ་སྨན་ལས་རིགས་གོང་དུ་སྤེལ་བར་ནུས་པ་གལ་ཆེན་ལྡན།(4)རྩྭ་ཐང་ད་དུང་རི་སྐྱེ་སྲོག་ཆགས་དང་སྐྱེ་དངོས་སྣ་ཚོགས་སྐྱེ་ས་དང་འཚོ་རྟེན་གྱི་གནས་ཡིན་པས།སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་གལ་འགངས་ཤིན་ཏུ་ཆེ།དེར་བརྟེན།རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་དངོས་གནས་བདག་པོའི་ནུས་པ་འདོན་སྤེལ་བྱས་ནས།རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་གཙིགས་འཛིན་བྱས་ཏེ།རྩྭ་ཐང་རྒྱུན་མཐུད་དེ་བེད་སྤྱོད་ཐུབ་པ་མངོན་འགྱུར་བྱ་དགོས།

3、རོང་འབྲོག་པས《རྩྭ་ཐང་བཅའ་ཁྲིམས》ལ་སློབ་སྦྱོང་བྱེད་དགོས་དོན་ཅི་ཡིན།

རྒྱལ་ཁབ་ཀྱིས་རྩྭ་ཐང་ནུས་ཡོད་སྒོས་སྲུང་སྐྱོང་དང་འཛུགས་སྐྲུན།ལུགས་མཐུན་གྱིས་བེད་སྤྱོད་བཅས་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་དེང་རབས་ཕྱུགས་ལས་གོང་དུ་སྤེལ་ནས།དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་ལ་སྐུལ་འདེད་གཏོང་ཆེད།2003ལོར་གསར་དུ་བཟོ་བཅོས་བྱས་པའི《རྩྭ་ཐང་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱས་པ་རེད།རོང་འབྲོག་པ་ནི་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་མཁན་གཙོ་བོ་ཡིན་ལ།རྩྭ་ཐང་ནི་རོང་འབྲོག་པ་འཚོ་རྟེན་བྱེད་ས་དང་འཕེལ་རྒྱས་སུ་གཏོང་བའི་དངོས་པོའི་རྨང་གཞི་ཡིན།རོང་འབྲོག་པས《རྩྭ་ཐང་བཅའ་ཁྲིམས》ལ་སློབ་སྦྱོང་བྱེད་པར་དགོས་གལ་ཤིན་ཏུ་ཆེ་སྟེ།ཕྱོགས་གཅིག་ནས་རང་སྟེང་གི་བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།བཅའ་ཁྲིམས་ཀྱི་གཏན་ཕབ་མ་ཤེས་པའི་དབང་གིས་ཁྲིམས་འགལ་གྱི་དོན་དག་བསྒྲུབ་པར་སྔོན་འགོག་བྱེད་ཐུབ།ཕྱོགས་གཞན་ཞིག་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་དུས།བཅའ་ཁྲིམས་ཀྱི་ལག་ཆ་ཡང་དག་པར་བེད་སྤྱད་ནས་རང་གི་ཁེ་དབང་སྲུང་སྐྱོང་བྱེད་ཐུབ།

4ཞིང་ལས་པུའུ་ཡིས་རྩྭ་ཐང་དོ་དམ་སྒྲིག་སྲོལ་གང་དག་གཏན་འབེབ་བྱས་ཡོད།

《རྩྭ་ཐང་བཅའ་ཁྲིམས》བཟོ་བཅོས་དང་ལག་བསྟར་བྱས་རྗེས།ཞིང་ལས་པུའུ་ཡིས《ཤིང་མངར་དང་མཚེ་ལྡུམ་བརྐོ་བསྡུ་དོ་དམ་བྱེད་ཐབས》དང《ཕྱུགས་རྩྭ་དོ་མཉམ་པར་དོ་དམ་བྱེད་ཐབས》།《རྩྭའི་ས་བོན་གྱི་དོ་དམ་བྱེད་ཐབས》།《རྩྭ་ཐང་འཛིན་སྤྱོད་བྱེད་པར་ཞིབ་བཤེར་མཆན་འགོད་དོ་དམ་བྱེད་ཐབས》སོགས་སྒྲིག་སྲོལ་གཏན་འབེབ་བྱས་ཡོད།

5.རྒྱལ་ཁབ་ཀྱིས་རྩྭ་ཐང་དོ་དོམ་བྱེད་ཕྱོགས་ཅི་ཞིག་ཡིན།

རྒྱལ་ཁབ་ཀྱིས་རྩྭ་ཐང་ལ་ཚན་རིག་དང་མཐུན་པར་འཆར་འགོད་དང་སྒོ་ཀུན་ནས་སྲུང་སྐྱོང་།གཙོ་གནད་འཛུགས་སྐྲུན།ལུགས་མཐུན་གྱིས་བེད་སྤྱོད་པའི་བྱེད་ཕྱོགས་ལག་བསྟར་བྱས་ནས།རྩྭ་ཐང་རྒྱུན་མཐུད་ནས་བེད་སྤྱོད་དང་སྐྱེ་ཁམས་དང་དཔལ་འབྱོར།སྤྱི་ཚོགས་བཅས་མཐུན་སྦྱོར་ངང་བེད་སྤྱོད་པར་སྐུལ་འདེད་གཏོང་བཞིན་ཡོད།

6.རང་རྒྱལ་གྱི་སྤྱི་དམངས་ལ་རྩྭ་ཐང་སྲུང་སྐྱོང་ཕྱོགས་ནས་ཁེ་དབང་དང་འོས་འགན་གང་དག་ཡོད།

《རྩྭ་ཐང་བཅའ་ཁྲིམས》ལས་གཏན་ལ་ཕབ་དོན།སྡེ་ཚན་དང་མི་སྒེར་གང་ཡིན་རུང་རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་དང་།རྩྭ་ཐང་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད།དེ་དང་ཆབས་ཅིག་རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་དང་།རྩྭ་ཐང་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ལྟ་སྐུལ་དང་ཐེར་འདོན།གཏུག་བཤེར་བྱེད་པའི་དབང་ཆ་ཡོད།ཡང་གཅིག་བཤད་ན།སྤྱི་དམངས་ཀྱིས་རང་རྟོགས་སྒོས་རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱས་ནས། རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་དོན་དག་མི་སྒྲུབ་པ་མ་ཟད།སྡེ་ཚན་དང་མི་སྒེར་གཞན་པས་རྩྭ་ཐང་ལ་གཏོར་བརླག་བྱེད་པ་དང་།རྩྭ་ཐང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་དེ་རྩྭ་ཐང་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཁག་གམ་མི་དམངས་སྲིད་གཞུང་གི་ལས་ཁུངས་གཞན་པར་ཐེར་འདོན་དང་། གཏུག་བཤེར་བྱེད་པའི་དབང་ཆ་ཡོད།

7、སྡེ་ཁག་གང་གིས་རྩྭ་ཐང་ལྟ་སྐུལ་དོ་དམ་བྱ་བར་འགན་ཁུར་བཞིན་ཡོད།

ཞིང་ལས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྩྭ་ཐང་ལྟ་སྐུལ་དོ་དམ་བྱ་བར་འགན་ཁུར་བཞིན་ཡོད། རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག(ཕྱུགས་ལས་ཅུའུ་ཞིང་ཕྱུགས་ཅུའུ། ཞིང་ལས་ཅུའུ།)གིས་རང་སྲིད་འཛིན་ས་ཁོངས་ནས་ཁུལ་གྱི་རྩྭ་ཐང་གི་ལྟ་སྐུལ་དོ་དམ་བྱ་བར་གཙོ་འགན་ཁུར་བཞིན་ཡོད། ཞང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་དགོས་མཁོ་ལྟར་ཆེད་གཉེར་མི་སྣ་དང་གཅིག་ལྕོགས་མི་སྣ་བསྐོས་ནས་བྱེ་བྲག་གི་ལྟ་སྐུལ་ཞིབ་བཤེར་བྱ་བར་འགན་ཁུར་དགོས།

8、རྩྭ་ཐང་ལྟ་སྐུལ་དོ་དམ་སྡེ་ཁག་གི་ངོ་བོ་དང་འགན་ནུས་ཅི་ཞིག་ཡིན།

རིམ་པ་སོ་སོའི་རྩྭ་ཐང་ལྟ་སྐུལ་དོ་དམ་སྡེ་ཁག་ནི་ཆེད་དུ་རྩྭ་ཐང་ལྟ་སྐུལ་དང་དོ་དམ་བྱ་བར་འགན་ཁུར་བའི་ཁྲིམས་འཛིན་ལས་ཁུངས་ཡིན་ལ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ཁྲིམས་ལྟར་རྩྭ་ཐང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། རྩྭ་ཐང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འགན་ནུས་ནི་རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང༌། རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགན་བའི་བྱ་སྤྱོད་ཞིབ་བཤེར་བྱ་རྒྱུ་དེ་ཡིན།

9、རང་རྒྱལ་གྱི་རྩྭ་ཐང་བདག་དབང་གི་རྣམ་པ་གང་དག་ཡོད།

རང་རྒྱལ་གྱི་རྩྭ་ཐང་བདག་དབང་ལ་རྒྱལ་ཁབ་ལ་དབང་བ་དང་ཐུན་མོང་ལ་དབང་བའི་རྣམ་པ་གཉིས་ཡོད། རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་བདག་དབང་སྤྱོད་པ་དང༌། ཐུན་མོང་ལ་དབང་བའི་རྩྭ་ཐང་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཚན་ཆུང་གིས་བདག་དབང་སྤྱོད་པ་ཡིན༌། རྩྭ་ཐང་བདག་དབང་སྤྱིར་བཏང་གི་གནས་ཚུལ་འོག་སྒྱུར་མི་ཆོག འོན་ཀྱང་སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ་རྒྱལ་ཁབ་ཁྱིས་ཐུན་མོང་ལ་དབང་བའི་རྩྭ་ཐང་དེ་ཁྲིམས་ལྟར་བསྡུ་སྤྱོད་བྱས་ཆོག་ཅིང༌། བསྡུ་སྤྱོད་བྱས་རྗེས་ཐུན་མོང་ལ་དབང་བའི་རྩྭ་ཐང་དེ་རྒྱལ་ཁབ་ལ་དབང་འགྲོ་བ་ཡིན།

10、རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་གི་བེད་སྤྱོད་དབང་ཆ་ཇི་ལྟར་གཏན་ཁེལ་བྱེད་དགོས།

རྒྱལ་དབང་རྩྭ་ཐང་ཁྲིམས་ལྟར་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཅན་གྱི་སྡེ་ཚན་དང་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་ཀྱིས་བེད་སྤྱོད་པར་གཏན་ཁེལ་བྱས་ཆོག་པ་དང༌། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་འགོད་བྱས་ཏེ་བེད་སྤྱོད་ལག་ཁྱེར་ཞིབ་སྤྱོད་བྱས་ཏེ། རྩྭ་ཐང་བེད་སྤྱོད་དབང་གཏན་ཁེལ་མ་བྱས་པའི་རྒྱལ་དབང་རྩྭ་ཐང་དེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་འགོད་བྱེད་དགོས་པ་མ་ཟད། བདག་སྐྱོང་དོ་དམ་གྱི་འགན་ཁུར་དགོས།

11、ཐུན་མོང་ལ་དབང་བའི་རྩྭ་ཐང་གི་བདག་དབང་ཆ་ཇི་ལྟར་གཏན་ཁེལ་བྱེད་དགོས།

ཐུན་མོང་ལ་དབང་བའི་རྩྭ་ཐང་དེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་འགོད་བྱས་ཏེ་བདག་དབང་ལག་ཁྱེར་ཞིབ་སྤྲོད་བྱས་ཏེ། རྩྭ་ཐང་བདག་དབང་ངོས་ལེན་བྱེད་དགོས།

12、རྩྭ་ཐང་བདག་དབང་དང་བེད་སྤྱོད་དབང་བསྒྱུར་ན་ཁྲིམས་ལྟར་འགྲོ་ལུགས་གང་དག་བསྒྲུབ་དགོས།

རྩྭ་ཐང་བདག་དབང་དང་བེད་སྤྱོད་དབང་བསྒྱུར་ན། སྔར་གྱི་ཐོ་འགོད་ལས་ཁུངས་སུ་རྩྭ་ཐང་བདག་དབང་སྒྱུར་བའི་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས། གལ་ཏེ་དབང་སྒྱུར་ཐོ་འགོད་མ་བྱས་ཚེ། རྩྭ་ཐང་གི་བདག་དབང་བསྒྱུར་བར་བཅའ་ཁྲིམས་ཀྱི་ནུས་པ་མི་ལྡན་པ་ཡིན།

13、མི་གང་དག་གིས་རྩྭ་ཐང་འགན་གཙང་ལེན་བྱས་ཆོག

ཐུན་མོང་ལ་དབང་བའི་རྩྭ་ཐང་ངམ་ཁྲིམས་ལྟར་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་བེད་སྤྱོད་པར་གཏན་ཁེལ་བྱས་པའི་རྒྱལ་དབང་རྩྭ་ཐང་དེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་ནང་ཁུལ་གྱི་ཁྱིམ་ཚང་ངམ་ཁྱིམ་ཚང་མཉམ་འབྲེལ་གྱིས་འགན་གཙང་ལེན་བྱས་ནས་བདག་གཉེར་བྱས་ཆོག ཐུན་མོང་དཔལ་འབྱོར་རྩྭ་འཛུགས་རང་ལས་གཞན་པའི་སྡེ་ཚན་ནམ་མི་སྒེར་གྱིས་འགན་གཙང་ལེན་བྱས་ནས་བདག་གཉེར་བྱེད་ན། ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་གིས་ཁོངས་མིའི་སྡེ(འབྲོག)དམངས་གྲོས་ཚོགས་སུ་ཞུགས་པའི་ཚོགས་མིའི་སུམ་ཆའི་གཉིས་ཡན་ཆད་དམ་སྡེ(འབྲོག)དམངས་འཐུས་མིའི་སུམ་ཆའི་གཉིས་ཡན་ཆད་ངེས་པར་དུ་འཐད་པ་བྱུང་དགོས་པ་མ་ཟད། ཞང(གྲོང་རྡལ)མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་འགོད་དགོས།

14、རྩྭ་ཐང་འགན་གཙང་ལེན་བྱེད་བཅད་ལོ་དུ་ཡིན།

《ཞིང་སྡེའི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས》ཀྱི་གཏན་ཕབ་ལྟར་ན། རྩྭ་ཐང་འགན་གཙང་ལེན་བྱེད་བཅད་ནི་ལོ30ནས་ལོ50ཡིན།

15、འགན་གཙང་ལེན་སྒོས་བདག་གཉེར་བྱེད་པའི་དུས་བཅད་ནང༌། འགན་གཙང་ལེན་བྱས་པའི་རྩྭ་ཐང་ལ་ལེགས་སྒྲིག་བྱས་ཆོག་གམ།

རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་པའི་དུས་བཅད་ནང༌། འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་གྱི་རྩྭ་ཐང་ལ་ལེགས་སྒྲིག་བྱས་མི་ཆོག ཁ་ཁར་ལ་དངོས་གནས་ལེགས་སྒྲིག་བྱེད་དགོས་ཚེ། ཐུན་མོང་དཔལ་འབྱོར་རྩ་འཛུགས་རང་གི་ཁོངས་མིའི་སྡེ་འབྲོག་དམངས་གྲོས་ཚོགས་སུ་ཞུགས་པའི་ཚོགས་མིའི་སུམ་ཆའི་གཉིས་ཡན་ཆད་དམ་སྡེ་འབྲོག་དམངས་འཐུས་མིའི་སུམ་ཆའི་གཉིས་ཡན་ཆད་ངེས་པར་དུ་འཐད་པ་བྱུང་དགོས་པ་མ་ཟད། ཞང་གྲོང་རྡལ་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུས་ནས་ཆོག་མཆན་འགོད་དགོས།

16、རྩྭ་ཐང་འགན་གཙང་ལེན་གན་རྒྱར་ནང་དོན་གང་དག་འདུས་པ་ཡིན།

རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་ཚེ། འགན་གཙང་སྤྲོད་བྱེད་མཁན་དང་འགན་གཙང་ལེན་བྱེད་མཁནམ་ཕྱོགས་གཉིས་ཀྱིས་ཡིག་ཐོག་གི་གན་རྒྱ་འཇོག་དགོས། རྩྭ་ཐང་འགན་གཙང་ལེན་གན་རྒྱའི་ནང་དོན་ལ་ཕྱོགས་གཉིས་ཀྱི་ཁེ་དབང་དང་འོས་འགན། འགན་གཙང་ལེན་བྱས་པའི་རྩྭ་ཐང་གི་མཐའ་མཚམས་དང་རྒྱ་ཁྱོན། གདང་རིམ། འགན་གཙང་ལེན་བྱེད་ཡུན། འགོ་རྩོམ་པ་དང་མཇུག་བསྡུ་བའི་ཟླ་ཚེས། འགན་གཙང་ལེན་བྱས་པའི་རྩྭ་ཐང་གི་སྤྱོད་ཡུལ། ཁ་ཆིངས་དང་འགལ་བའི་འགན་འཁྲི་སོགས་འདུ་དགོས།

17、རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་དབང་ཆ་གང་དག་ཡོད་དམ། འོས་འགན་གང་དག་བསྒྲུབ་དགོས།

རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་གཙོ་བོ་གཤམ་གསལ་གྱི་དབང་ཆ་ཡོད་དེ། (1)འགན་གཙང་ལེན་གྱི་གན་རྒྱ་ལས་གཏན་ལ་ཕབ་པའི་ནང་དོན་ལྟར་རང་བདག་གིས་རྩྭ་ཐང་བེད་སྤྱོད་པ་མ་ཟད། དེ་ལས་ཕན་ཁེ་ལེན་པའི་དབང་ཆ་ཡོད།(2)ཐོན་སྐྱེད་བདག་གཉེར་གྱི་རང་བདག་དང་དབང་ཆ་དང་ཐོན་རྫས་བཀོད་སྒྲིག་བྱེད་དབང༌། ཁེ་འབབ་ཐོབ་པའི་དབང་ཆ། བཤུག་སྤྲོད་བྱེད་དབང་བཅས་ཡོད། (3)འགན་གཙང་ལེན་བྱས་པའི་རྩྭ་ཐང་དེ་ཁྲིམས་ལྟར་བསྡུ་སྤྱོད་དང་འཛིན་སྤྱོད་བྱེད་དུས། སྐྱིན་ཚབ་ཐོབ་པའི་དབང་ཆ་ཡོད། (4)རྩྭ་ཐང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས། ཆ་རྐྱེན་གཅིག་འདྲའི་འོག་ཏུ་སྔོན་གྱི་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་སྔོན་ལ་དམིགས་བསལ་གྱིས་འགན་གཙང་ལེན་བྱེད་དབང་ཡོད། (5)རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་དང༌། རྩྭ་ཐང་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ལྟ་སྐུལ་དང་ཐེར་འདོན། གཏུག་བཤེར་བྱེད་པའི་དབང་ཆ་ཡོད་པ་དང༌། དེ་མིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་ལ་ཕབ་པའི་དབང་ཆ་གཞན་པ་སོགས་ཡོད། རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་གྱིས་རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་པ་དང༌། རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན། འགན་གཙང་ལེན་གན་རྒྱ་ལས་ཁ་ཆིངས་བཞག་པའི་སྤྱོད་ཡུལ་ལྟར་ལུགས་མཐུན་གྱིས་བེད་སྤྱོད་པའི་འོས་འགན་ཡོད།

18、རྩྭ་ཐང་འགན་གཙང་ལེན་བྱེད་པའི་དུས་སྐབས་ནང༌། བུ་མོ་གནས་འགྲོ་མ་དང་བཟའ་ཟླ་ཐོར་བའམ་ཤི་བའི་བུད་མེད་ཀྱིས་མུ་མཐུད་དུ་རྩྭ་ཐང་འགན་གཙང་ལེན་བྱས་ཆོག་གམ།

རྩྭ་ཐང་འགན་གཙང་ལེན་བྱེད་པའི་དུས་སྐབས་ནང༌། བུད་མེད་གཉེན་བསྒྲིགས་རྗེས།སྡོད་གནས་གསར་བ་རུ་འགན་གཙང་ལེན་བྱ་ཡུལ་ས་ཞིང་མ་ཐོབ་ཚེ། འགན་གཙང་སྤྲོད་བྱེད་མཁན་གྱིས་དེས་གཉེན་མ་སྒྲིག་སྔོན་ལ་འགན་གཙང་ལེན་བྱས་པའི་ས་ཞིང་ཕྱིར་ལེན་མི་ཆོག།བཟའ་ཟླ་ཐོར་བའམ་ཤི་བའི་བུད་མེད་དེ་སྔར་གྱི་སྡོད་གནས་སུ་འཚོ་སྡོད་བྱེད་པའམ་སྔར་གྱི་སྡོད་གནས་སུ་འཚོ་སྡོད་བྱེད་བཞིན་མེད་ཀྱང་སྡོད་གནས་གསར་བ་རུ་འགན་གཙང་ལེན་བྱ་ཡུལ་ས་ཞིང་ཐོབ་མེད་ཚེ།འགན་གཙང་སྤྲོད་བྱེད་མཁན་གྱིས་དེས་འགན་གཙང་ལེན་བྱས་པའི་ས་ཞིང་ཕྱིར་ལེན་མི་ཆོག

19、རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བརྒྱུར་སྤྲོད་བྱེད་སྟངས་གང་དག་ཡོད། གནད་དོན་གང་དག་ལ་ཡིད་འཇོག་བྱེད་དགོས།

རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བརྒྱུད་སྤྲོད་བྱེད་སྟངས་ལ་འགན་ལེན་གཞན་སྤྲོད་དང་བོགས་མར་གཏོང་བ།རྗེས་སྤོར།བཤུག་སྤྲོད་གཏོང་བའམ་བྱེད་སྟངས་གཞན་པ་སྤྱད་ནས་བརྒྱུད་སྤྲོད་བྱེད་པ་བཅས་ཡོད།བཤུག

་སྤྲོད་བཏང་ནས་བརྒྱུད་སྤྲོད་བྱེད་པར་འགན་གཙང་སྤྲོད་བྱེད་མཁན་འཐད་པ་བྱུང་དགོས་པ་དང༌། བོགས་མར་གཏོང་བ་དང་བརྗེ་སྤོར་བྱེད་པ༌། བཤུག་སྤྲོད་གཏོང་བའམ་བྱེད་སྟངས་དགྲ་བཅོམ་པའི་འབྲས་གཞན་པ་སྤྱད་ནས་བརྒྱུད་སྤྲོད་བྱེད་པར་འགན་གཙང་སྤྲོད་བྱེད་མཁན་ལ་ཞུས་ནས་སྙན་སེང་ཐོ་འགོད་བྱེད་དགོས། རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བརྒྱུད་སྤྲོད་བྱེད་པའི་ཕྱོགས་གཉིས་ཀྱི་དོ་བདག་པས་ཡིག་ཐོག་གི་གན་རྒྱ་འཇོག་དགོས་ཤིང༌། གན་རྒྱའི་ནང་དོན་ལ་ཕྱོགས་གཉིས་ཀྱི་དོ་བདག་པས་ཡིག་ཐོག་གི་གན་རྒྱ་འཇོག་དགོས་ཤིང༌། གན་རྒྱའི་ནང་དོན་ལ་ཕྱོགས་གཉིས་ཀའི་མིང་དང་སྡོད་གནས། བརྒྱུད་སྤྲོད་བྱེད་པའི་རྩྭ་ཐང་གི་ས་མཚམས་དང་རྒྱ་ཁྱོན། གདང་རིམ། བརྒྱུད་སྤྲོད་བྱེད་པའི་དུས་བཅད་དང་འགོ་རྩོམ་པ་དང་མཇུག་བསྡུ་བའི་ཟླ་ཚེས། བརྒྱུད་སྤྲོད་བྱེད་པའི་སྤྱོད་ཡུལ། ཕྱོགས་གཉིས་ཀའི་དབང་ཆ་དང་འོས་འགན། བརྒྱུད་སྤྲོད་བྱེད་པའི་རིན་གོང་དང་གཏོང་སྤྲོད་བྱེད་སྟངས། ཁ་ཆིངས་དང་འགལ་བའི་འགན་འཁྲི་སོགས་འདུས།

20、རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བཤུག་སྤྲོད་བྱེད་པར་ཡིག་འཇོག་བྱེད་དགོས་ས་ཅི་ཞིག་ཡོད།

རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བརྒྱུད་སྤྲོད་བྱེད་པར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན་ལ། རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་བཤུག་སྤྲོད་བྱེད་པར་གཤམ་གྱི་གནད་དོན་ལ་ཡིད་འཇོག་བྱེད་དགོས་ཏེ།1རང་འཐད་ཡིན་པ་དང༌། སྐྱིན་ཚབ་ཡོད་པའི་རྩ་དོན་ལྟར་ཁྲིམས་ལྟར་བཤུག་སྤྲོད་བྱེད་དགོས། 2བཤུག་སྤྲོད་དང་ལེན་བྱེད་མཁན་ལ་ཕྱུགས་ལས་ཐོན་སྐྱེད་གཉེར་བའི་ནུས་པ་ཡོད་པ་མ་ཟད། རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན། འགན་གཙང་ལེན་གན་རྒྱ་ལས་ཁ་ཆིངས་བཞག་པའི་སྤྱོད་ཡུལ་ལྟར་ལུགས་མཐུན་གྱིས་རྩྭ་ཐང་བེད་སྤྱོད་པའི་འོས་འགན་བསྒྲུབ་དགོས། 3བཤུག་སྤྲོད་བྱེད་སྐབས་འགན་གཙང་སྤྲོད་བྱེད་མཁན་འཐད་པ་འབྱུང་དགོས། 4བཤུག་སྤྲོད་བྱེད་པའི་དུས་བཅད་དེ་སྔོན་གྱི་འགན་གཙང་ལེན་གན་རྒྱ་ལས་གཏན་ལ་ཕབ་པའི་ལྷག་འཕྲོའི་དུས་བཅད་ལས་བརྒལ་མི་རུང༌།

21.རྩྭ་ཐང་བདག་དབང་དང་བེད་སྤྱོད་དབང་ཆར་རྩོད་གླེང་བྱུང་དུས་ཇི་ལྟར་ཐག་གཅོད་དགོས།

རྩྭ་ཐང་བདག་དབང་དང་བེད་སྤྱོད་དབང་ཆར་རྩོད་གླེང་བྱུང་དུས། དོ་བདག་དང་ཕན་ཚུན་བར་གྲོས་མོལ་བྱས་ནས་ཐག་གཅོད་དགོས། གྲོས་མ་འཆམས་ཚེ་འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས། སྡེ་ཚན་བར་གྱི་རྩོད་གླེང་དེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས། མི་སྒེར་བར་དང༌། མི་སྒེར་དང་སྡེ་ཚན་བར་གྱི་རྩོད་གླེང་དེ་ཞང་གྲོང་རྡལ་མི་དམངས་སྲིད་གཞུང་ངམ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས། དོ་བདག་པས་འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་བཅད་པར་ཁས་མི་ལེན་ན། ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག རྩྭ་ཐང་གི་བདག་དབང་རྩོད་གླེང་ཐག་མ་བཅད་པའི་སྔོན་དུ་ཕྱོགས་གང་དང་གང་གིས་ཀྱང་རྩྭ་ཐང་གི་ད་ལྟའི་བེད་སྤྱོད་ཚུལ་བསྒྱུར་མི་ཆོག་པ་དང༌། རྩྭ་ཐང་དང་རྩྭ་ཐང་སྟེང་གི་སྒྲིག་བཀོད་ལ་གཏོར་བརླག་བྱེད་མི་རུང༌།

22རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་ལ་རྩོད་གླེང་བྱུང་དུས་ཇི་ལྟར་ཐག་གཅོད་དགོས།

རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་ལ་རྩོད་གླེང་བྱུང་དུས་དོ་བདག་པ་ཕན་ཚུན་བར་གྲོས་མོལ་བྱས་ནས་ཐག་གཅོད་དགོས། གྲོས་མ་འཆམས་ཚེ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཞང་གྲོང་རྡལ་མི་དམངས་སྲིད་གཞུང་སོགས་གདན་དྲངས་ཏེ་བར་འདུམ་ནས་ཐག་གཅོད་དགོས། དོ་བདག་པས་གྲོས་མོལ་བྱེད་མི་འདོད་པ་དང་བར་འདུམ་དུ་འཇུག་མི་འདོད་པའམ་གྲོས་མོལ་དང་བར་འདུམ་པ་དབང་མཚམས་གསལ་འབྲས་མེད་དུ་གྱུར་ཚེ། འབྲེལ་ཡོད་འགན་གཙང་ལེན་ཁྲུན་གཅོད་ལས་ཁུངས་ལ་ཁྲུན་ཐག་གཅོད་པའི་རེ་འདུན་ཞུ་ཆོག ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཀྱང་ཆོག

23ཉོ་ཚོང་ངམ་རྣམ་པ་གཞན་དག་སྤྱད་ནས་རྩྭ་ཐང་ཁྲིམས་འགལ་གྱིས་བཤུག་སྤྲོད་བྱས་ཚེ་འགན་ཅི་ཞིག་ཁུར་དགོས་སམ།

བཅའ་ཁྲིམས་ལས་གཏན་ལ་ཕབ་དོན། སྡེ་ཚན་ནམ་མི་སྒེར་གང་དང་གང་གིས་ཀྱང་བཙན་བཟུང་དང་ཉོ་ཚོང༌། ཡང་ན་རྣམ་པ་གཞན་དང་སྤྱད་ནས་རྩྭ་ཐང་ཁྲིམས་འགལ་གྱིས་བཤུག་སྤྲོད་བྱས་ནས་ནག་ཉེས་བསགས་པར། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་རྒྱུ། ཉེས་ཆད་མི་འབབ་པར་རྫོང་རིམ་པ་ཡན་གྱི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་ལྟར་དེར་དུས་བཅད་ནང་ཡོ་བསྲང་བྱེད་དགོས་པའི་འགན་དཀྲི་བ་དང༌། ཁྲིམས་འགལ་གྱི་ཐོབ་འབབ་གཞུང་བཞེས་གཏོང་བླ་ན་མེད་པ་ཟད། ཁྲིམས་འགལ་གྱི་ཐོབ་འབབ་དེའི་ལྡབ་གཅིག་ཡན་དང་ལྡབ་ལྔའི་མན་གྱི་དངུལ་ཆད་གཅོད་དགོས།

24རོང་འབྲོག་པའི་རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་ལ་གནོད་སྐྱེལ་བར་འགན་ཅི་ཞིག་ཁུར་དགོས་སམ།

རྩ་འཛུགས་སམ་མི་སྒེར་གང་དང་གང་གིས་རོང་འབྲོག་པའི་རྩྭ་ཐང་འགན་གཙང་ལེན་སྒོས་བདག་གཉེར་བྱེད་དབང་ལ་གནོད་སྐྱེལ་བར། གནོད་སྐྱེལ་མཚམས་འཇོག་པ་དང་སྔར་གྱི་དངོས་པོ་རྣམས་ཕྱིར་སྤྲོད་པ། སྔར་གྱི་རྣམ་པ་སླར་གསོ་བྱེད་པ༌། གྱོང་གུད་ལ་སྐྱིན་ཚབ་འཇལ་བ་སོགས་དམངས་དོན་གྱི་འགན་འཁྲི་ཁུར་དགོས།

25རྒྱལ་ཁབ་ཀྱིས་རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་བྱ་བ་སྤེལ་བའི་དམིགས་ཡུལ་ཅི་ཞིག་ཡིན།

རྩྭ་ཐང་གི་སྔོ་ཁེབས་དང་ཐོན་སྐྱེད་ནུས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ཤེས་རྟོག་བྱེད་པ་ནི་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་བ་ལེགས་པོར་བསྒྲུབ་པ་དང༌། རྩྭ་ཐང་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་པའི་རྨང་གཞི་ཡིན། གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་འགྱུར་ལྡོག་བྱུང་བའི་ཤུགས་རྐྱེན་ཐེབས་པའི་དབང་གིས། རྩྭ་ཐང་གི་སྔོ་ཁེབས་དང་རྩྭའི་ཐོན་ཚད་སོགས་གནས་ཚུལ་ཚང་མ་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པའི་སྒང་ཡིན། རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་བྱ་བ་སྤེལ་བའི་དམིགས་ཡུལ་ནི་རྩྭ་ཐང་གི་རྒྱ་ཁྱོན་དང་སྔོ་ཁེབས། ཐོན་སྐྱེད་ནུས་པ་སོགས་འགྱུར་ལྡོག་བྱུང་བའི་གནས་ཚུལ་ལ་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཤེས་རྟོག་བྱས་ནས། རོང་འབྲོག་པས་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན། རྩྭ་ཐང་བེད་སྤྱོད་བཅས་བྱ་བ་ལེགས་པོར་བསྒྲུབ་པར་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་པའི་ཆེད་ཡིན།

26མ་དངུལ་བཏང་ནས་རྩྭ་ཐང་འཛུགས་སྐྲུན་བྱེད་མཁན་གྱི་ཁེ་དབང་ལ་རྒྱལ་ཁབ་ཀྱིས་ཇི་ལྟར་སྲུང་སྐྱོང་བྱེད་པ་ཡིན།

རྒྱལ་ཁབ་ཀྱིས་སྡེ་ཚན་དང་མི་སྒེར་གྱིས་མ་དངུལ་བཏང་ནས་རྩྭ་ཐང་འཛུགས་སྐྲུན་བྱེད་པར་སྐུལ་བསྟོད་བྱས་ནས། “སུས་མ་དངུལ་བཏང་ན་དེར་ཕན་ཁེ་ཐོབ་པའི”རྩ་དོན་ལྟར། མ་དངུལ་བཏང་ནས་རྩྭ་ཐང་འཛུགས་སྐྲུན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་ཡིན།

27རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རོང་འབྲོག་པར་རོགས་སྐྱོར་དང་སྐུལ་བསྟོད། ཁྲིད་སྟོན་བྱས་ནས་རྩྭ་ཐང་འཛུགས་སྐྲུན་གྱི་བྱེད་སྒོ་གང་དག་སྤེལ་དགོས།

རྫོང་རིང་ཡན་གྱི་མི་དམངས་སྲིད་གཞུང་གིས་རོང་འབྲོག་པར་རོགས་སྐྱོར་དང་སྐུལ་བསྟོད། ཁྲིད་སྟོན་བྱས་ནས་རྩྭ་ར་བསྐོར་བ་དང༌། གཟན་རྩྭ་གཟན་ཆས་གསོག་ཉར། ཕྱུགས་སྤྱིལ། འབྲོག་པའི་གཞིས་ཆགས་ཁང་པ་སོགས་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་ད་དུང་མིའི་ཐབས་ཀྱིས་རྩྭ་ས་འཛུགས་སྐྲུན་དང་རང་བྱུང་རྩྭ་ས་ལེགས་སྒྱུར། གཟན་རྩྭ་གཟན་ཆས་རྟེན་གཞི་འཛུགས་སྐྲུན། མི་ཕྱུགས་ཀྱི་བཏུང་ཆུ་སྒྲིག་བཀོད། རྩྭ་སོན་རྟེན་གཞི་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། རྩྭ་ཐང་གི་ཐོན་སྐྱེད་ནུས་པ་བརྟན་འཇགས་དང་མཐོར་འདེགས་གཏོང་བ་དང༌། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།

28རོང་འབྲོག་པས་རྩྭ་ར་སོགས་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་བཟང་པོ་བྱེད་དགོས་དོན་ཅི་ཡིན།

རྩྭ་ར་ནི་རྩྭ་ཐང་སྲུང་སྐྱོང་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཡིན། ཐོག་མར། རྩྭ་ར་བསྐོར་ན་རོང་འབྲོག་པས་འགན་གཙང་ལེན་བྱས་པའི་རྩྭ་ཐང་གི་ས་མཚམས་གསལ་འབྱེད་བྱེད་ཐུབ་པས། རྩྭ་ཐང་རྩོད་གླེང་ཇེ་ཉུང་དུ་གཏོང་བར་གལ་འགངས་ཆེ། གཉིས་ནས་རྩྭ་ར་བསྐོར་བ་ནི་ཕྱུགས་འཚོ་བ་གཏན་འགོག་དང༌། ཕྱུགས་འཚོ་མཚམས་འཇོག་པ། ས་ཁུལ་བགོས་ནས་ཕྱུགས་འཚོ་རེས་བྱེད་པའི་རྨང་གཞི་ཡིན་པས། རྩྭ་ཐང་གི་སྔོ་ཁེབས་ས་སླར་གསོ་དང་རྩྭ་ཐང་ལུགས་མཐུན་གྱིས་བེད་སྤྱོད་པར་ནུས་པ་གལ་ཆེན་ལྡན། ཉེ་བའི་ལོའི་རིང་ལ། རྒྱལ་ཁབ་ཀྱིས་རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། མ་དངུལ་འབོར་ཆེན་བཏང་ནས་རོང་འབྲོག་པས་རྩྭ་ར་བསྐོར་བར་རོགས་རམ་བྱས་པ་རེད། རོང་འབྲོག་པས་རྩྭ་རྭའི་སྒྲིག་བཀོད་སྲུང་སྐྱོང་བཟང་པོ་བྱེད་དགོས་པ་ལས། རང་དགར་གཏོར་བཤིག་བཏང་མི་ཆོག དེ་ལས་ལས་ལྡོག་ཚེ་དངུལ་ཆད་གཉོད་ངེས་ཡིན། དེ་དང་ཆབས་ཅིག་རོང་འབྲོག་པས་མི་གཞན་པས་རྩྭ་རར་གཏོར་བརླག་བྱེད་བཞིན་པ་མཐོང་ཚེ། འཕྲལ་དུ་དེར་བཀག་འགོག་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ས་དེའི་རྩྭ་ཐང་ལྟུ་སྐུལ་དོ་དམ་སྡེ་ཁག་ལ་ཞུ་འབུལ་བྱེད་དགོས།

29རོང་འབྲོག་པར་མགོ་བསྐོར་ཐེབས་ནས་རྩྭ་སོན་རྫུན་མ་ཉོས་ཚེ། སྡེ་ཁག་གང་བཙལ་ནས་ཐག་གཅོད་དུ་འཇུག་དགོས།

རོང་འབྲོག་པར་མགོ་བསྐོར་ཐེབས་ནས་རྩྭ་སོན་རྫུན་མ་ཉོས་ཚེ། དུས་ཐོག་ཏུ་ས་དེའི་རྩྭ་ཐང་གཙོ་གཉེར་སྡེ་ཁག་ལ་ཞུ་དགོས། རྩྭ་ཐང་གཉེར་སྡེ་ཁག་གིས་རྩྭ་སོན་རྫུན་མ་ཚོང་གཉེར་བྱེད་མཁན་གྱི་ཁེ་ལས་ལ་བརྟག་དཔྱད་བྱེད་དགོས། གལ་ཏེ་བདེན་དཔང་ཁུངས་བཙན་ན། དེར་དངུལ་ཆད་གཅོད་པ་དང་རྩྭ་སོན་ཚོང་གཉེར་ཆོག་འཐུས་ལག་ཁྱེར་རྩིས་མེད་དུ་བཏང་ཆོག་པ་མ་ཟད། བཟོ་ཚོང་སྡེ་ཁག་ལ་དེའི་ཁེ་ལས་བདག་གཉེར་ལག་ཁྱེར་རྩིས་མེད་དུ་གཏོང་བའི་རེ་བ་ཞུ་ཆོག ཁེ་ལས་དེས་རོང་འབྲོག་པའི་རྩྭ་སོན་ཉོ་སྤྱད་རིན་དངུལ་དང་འབྲེལ་ཡོད་འགྲོ་གྲོན། ཐོབ་སྲིད་པའི་ཁེ་ཕན་བཅས་འདུས་པའི་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་དགོས།

30ཅི་ཞིག་ལ་རྩྭ་ཕྱུགས་དོ་མཉམ་ཟེར།

རྩྭ་ཕྱུགས་དོ་མཉམ་ཞེས་པ་ནི་ས་ཁོངས་དང་དུས་སྐབས་ངེས་ཅན་ཞིག་གི་ནང་དུ། རྩྭ་ཐང་དང་ཐབས་ལམ་གཞན་པ་བརྒྱུད་ནས་འདོན་སྤྲོད་བྱས་པའི་གཟན་རྩྭ་གཟན་ཆས་ཀྱི་གྲངས་འབོར་དང་གསོ་སྐྱོང་བྱེད་བཞིན་པའི་ཕྱུགས་ཟོག་ལ་མཁོ་བའི་གཟན་རྩྭ་གཟན་ཆས་ཀྱི་གྲངས་འབོར་དང་གསོ་སྐྱོང་བྱེད་བཞིན་པའི་ཕྱུགས་ཟོག་ལ་མཁོ་བའི་གཟན་རྩྭ་གཟན་ཆས་ཀྱི་གྲངས་འབོར་བལྟོས་བཅས་ཀྱིས་དོ་མཉམ་ཡིན་པ་སྲུང་འཛིན་བྱས་ཡོད་པར་ཟེར། ཡང་གཅིག་བཤད་ན། ཕྱུགས་ཟོག་ལ་གཟན་རྩྭ་གཟན་ཆས་མོད་པོ་ཞིག་ཡོད་པ་ཁག་ཐེག་བྱེད་ཐུབ་པ་དང༌། རྩྭ་ཐང་ལ་ཡང་གཏོར་བརླག་མི་བཟོ་བ་ཞིག་ལ་ཟེར།

31、རྒྱལ་ཁབ་ཀྱིས་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་བྱེད་དགོས་དོན་ཅི་ཡིན།

དེང་སྐབས་རང་རྒྱལ་གྱི་རྩྭ་ཐང་དུ་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བའི་གནད་དོན་ཤིན་ཏུ་ཚབས་ཆེ་ལ།རྩྭ་ཕྱུགས་ཀྱི་འགལ་བ་ཉིན་རེར་བཞིན་འབུར་ཐོན་དུ་སོང་ནས།རྩྭ་ཐང་ཉམས་ཞན་དུ་བཏང་བའི་ཁར་བྱེ་མ་ཅན་དང་བ་ཚྭ་ཅན་བཏང་དང་གཏོང་བཞིན་པས།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་གནོད་རྐྱེན་ཚབས་ཆེན་ཐེབས་པ་དང་།ད་དུང་རྩྭ་ཐང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་འཕར་བར་ཚོད་འཛིན་བྱས་པ་རེད།དེར་བརྟེན།《

རྩྭ་ཐང་བཅའ་ཁྲིམས》ལས་རྒྱལ་ཁབ་ཀྱིས་རྩྭ་ཐང་ལ་རྩྭ་སར་བལྟས་ནས་ཕྱུགས་ཀྱི་ཁ་གྲངས་གཏན་ཁེལ་བྱེད་པ་དང་།རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད།ལམ་ལུགས་འདི་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་རྩྭ་ཐང་གི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བའི་གནད་དོན་གང་མགྱོགས་ཀྱིས་ཐག་བཅད་དེ།རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས།རྩྭ་ཐང་གི་ཕྱུགས་ལས་ཡང་དག་སྐྱོན་བྲལ་ངང་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཆེད་ཡིན།

32、ཅི་ཞིག་ལ་རྩྭ་ཐང་གི་ཕྱུགས་ཤོང་ཚད་ཟེར།

རྩྭ་ཐང་གི་ཕྱུགས་ཤོང་ཚད་ཅེས་པ་ནི་ཕྱུགས་འཚོ་བའི་དུས་སྐབས་ནང་དུ་རྩྭ་ཐང་གི་རྒྱུན་མཐུད་བེད་སྤྱོད་དང་ཕྱུགས་ཟོག་རྒྱུན་ལྡན་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོགརྩྭ་ཐང་གི་རྒྱ་ཁྱོན་ངེས་ཅན་ནང་འཚོ་སྐྱོང་བྱེད་པའི་སྒོ་ཕྱུགས་ཤོང་ཚད་ཆེས་མཐོན་པོ་ལ་ཟེར།ནམ་རྒྱུན“

ལུག་རྩིས་གཞི”དེ་རྩིས་གཞི་བྱེད་པ་ཡིན།

33、ཅི་ཞིག་ལ་ལུག་རྩིས་གཞི་ཟེར།

ལུག་རྩིས་གཞི་ཞེས་པ་ནི་ཕྱུགས་ཟོག་བརྩི་བའི་རྩིས་གཞི་ཡིན།ལྗིད་ཚད་ལ་སྤྱི་རྒྱ50ཡོད་ཅིང་།ཉིན་རེར་ཚད་ལྡན་གྱི་རྩྭ་སྐམ་སྤྱི་རྒྱ1.8གཟན་དུ་སུ་ཟ་བའི་མ་མོ་དར་མ་གཅིག་ནི་ལུག་རྩིས་གཞི་གཅིག་ཏུ་གཏན་ཁེལ་བྱས་ཡོད།སྤྱིར་བཏང་གི་གནས་ཚུལ་འོག་ལུག་གཅིག་ཧ་ལམ་ལུག་རྩིས་གཞི1ཡིན་པ་དང་།ནོར་དང་རྟ།ཡང་ན་དྲེལ་གཅིག་ཧ་ལམ་ལུག་རྩིས་གཞི5རུ་ཕབ་རྩིས་རྒྱག་པ་ཡིན།རྔ་མོང་གཅིག་ཧ་ལམ་ལུག་རྩིས་གཞི7དུ་ཕབ་རྩིས་རྒྱག་པ་ཡིན།

34、རྩྭ་ཐང་གི་ཕྱུགས་ཤོང་ཚད་ཇི་ལྟར་ཞིབ་དཔྱད་གཏན་འབེབ་བྱེད་པ་ཡིན།

རྩྭ་ཐང་གི་ཕྱུགས་ཤོང་ཚད་ནི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གམ་རྩྭ་ཐང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྩྭ་ཐང་གི་ཕྱུགས་ཤོང་ཚད་ཀྱི་ཚད་གཞི་ལྟར་ཞིབ་དཔྱད་གཏན་འབེབ་བྱེད་པ་མ་ཟད།དུས་ཐོག་ཏུ་རོང་འབྲོག་པར་དྲིལ་སྒྲོག་བྱེད་པ་དང་།ཕྱུགས་ལས་ཐོན་སྐྱེད་དང་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པར་བཀོལ་བ་ཡིན།རྩྭ་ཐང་གི་ཕྱུགས་ཤོང་ཚད་ཞིབ་དཔྱད་གཏན་འབེབ་བྱེད་པ་དེ་རྩྭ་ཕྱུགས་དོ་མཉམ་ཡིན་པ་སྔོན་འགྲོ་བྱེད་དགོས་ལ།བྱེ་བྲག་གི་ཞིབ་དཔྱད་གཏན་འབེབ་བྱེད་ཐབས་ནི།རྩྭ་ཐང་གི་རྒྱ་ཁྱོན་ངེས་ཅན་གྱི་ཕྱུགས་ཤོང་ཚད﹦﹙རྩྭ་ཐང་གི་ལོ་ཧྲིལ་བོའི་ཕྱུགས་རྩྭ་ཐོན་ཚད+ཡོང་ཁུངས་གཞན་པའི་གཟན་ཆས་གཟན་རྩྭའི་གྲངས་ཚད﹚∕ལུག་རྩིས་གཞི་གཅིག་གིས་ལོ་ཧྲིལ་བོར་རྩྭ་འཛད་སྤྱོད་བྱེད་ཚད།རོང་འབྲོག་པས་ཞིབ་དཔྱད་གཏན་འབེབ་བྱས་པའི་རྩྭ་ཐང་གི་ཕྱུགས་ཤོང་ཚད་ལྟར་རང་རྟོགས་ཀྱིས་སྒོ་ཕྱུགས་འཚོ་སྐྱོང་གི་གྲངས་ཚད་ལེགས་སྒྲིག་བྱས་ནས།རྩྭ་ཐང་གི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བ་སྔོན་འགོག་བྱེད་དགོས།

35、རྩྭ་ཐང་བེད་སྤྱོད་མཁན་ནམ་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་དཔྱད་གཏན་འབེབ་བྱས་པའི་རྩྭ་ཐང་གི་ཕྱུགས་ཤོང་ཚད་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ་ཇི་ལྟར་བྱ་དགོས་སམ།

རྩྭ་ཐང་བེད་སྤྱོད་མཁན་ནམ་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་དཔྱད་གཏན་འབེབ་བྱས་པའི་རྩྭ་ཐང་གི་ཕྱུགས་ཤོང་ཚད་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ།ཞིབ་དཔྱད་གཏན་འབེབ་བརྡ་འབྱོར་འབྱོར་བའི་ཉིན30ཡི་ནང་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་བསྐྱར་ཞིབ་ཐེངས་ཤིག་བྱེད་དགོས་པའི་རེ་བ་བཏོན་ཆོགརྫོང་རིམ་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཉིན30ཡི་ནང་དུ་བསྐྱར་ཞིབ་ཐག་གཅོད་བྱེད་དགོས།

36、རོང་འབྲོག་པས་རྩྭ་ཕྱུགས་དོ་མཉམ་ཡིན་པ་ཇི་ལྟར་སྲུང་འཛིན་བྱེད་དགོས།

རོང་འབྲོག་པས་ཐོག་མར་རྩྭ་སར་བལྟས་ནས་ཕྱུགས་ཀྱི་ཁ་གྲངས་གཏན་ཁེལ་བྱེད་པ་དང་།རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་བྱེད་པ་ནི།རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས།རྩྭ་ཐང་གི་ཕྱུགས་ལས་ཡང་དག་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།རང་གི་ཕུགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་དགོས།དེར་བརྟེན།རོང་འབྲོག་པས་ཞིབ་དཔྱད་གཏན་འབེབ་བྱས་པའི་རྩྭ་ཐང་གི་ཕྱུགས་ཤོང་ཚད་ལྟར་རང་བྱུང་རྩྭ་ཐང་དུ་ཕྱུགས་འཚོ་ཚད་ལེགས་སྒྲིག་བྱས་ནས།རང་བྱུང་རྩྭ་ཐང་གི་ཤོང་ཚད་ལས་བརྒལ་ནས་མི་འཚོ་བ་ཁག་ཐེག་བྱེད་དགོས།ཕྱུགས་ཟོག་འཚོ་སྐྱོང་གི་ཚད་ཞིབ་དཔྱད་གཏན་འབེབ་བྱས་པའི་རྩྭ་ཐང་གི་ཕྱུགས་ཤོང་ཚད་ལས་བརྒལ་དུས།གཟན་རྩྭ་གཟན་ཆས་འདེབས་འཛུགས་དང་གསོག་ཉར་བྱེད་པ་དང་།ཕྱུགས་རྒྱུད་ལེགས་སྒྱུར་བྱེད་པ།ཕྱུགས་ཟོག་ལེགས་སྒྲིག་བྱས་ནས་ཞན་བརྫང་བ།ཕྱུགས་ཟོག་གསོ་ཁ་ལས་འབུད་ཚད་ཇེ་མང་དུ་གཏོང་བ་སོགས་བྱེད་ཐབས་སྤྱད་ནས་རྩྭ་ཕྱུགས་དོ་མཉམ་ཡིན་པ་སྲུང་འཛིན་བྱེད་དགོས།

37、རྩྭ་ཕྱུགས་དོ་མཉམ་གྱི་འགན་འཁྲི་ཡི་གེའི་སྟེང་དོན་ཚན་གང་དག་གསལ་བོར་འབྲི་དགོས།

རྫོང་རིམ་པའི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྩྭ་ཐང་བེད་སྤྱོད་མཁན་ནམ་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་བར་དུ་རྩྭ་ཕྱུགས་དོ་མཉམ་གྱི་འགན་འཁྲི་ཡི་གེ་བཀོད་དེ།གཤམ་གསལ་གྱི་དོན་ཚན་དག་གསལ་བོར་འབྲི་དགོས་ཏེ།(1)འགན་གཙང་ལེན་བྱས་པའི་རྩྭ་ཐང་གི་མཐའ་མཚམས་དང་རྒྱ་ཁྱོན།རིགས།གདང་རིམ།རྩྭ་ཐང་ཉམས་ཞན་དུ་གྱུར་བའི་རྒྱ་ཁྱོན་དང་གྱུར་ཚད་སོགས་འདུས་པའི་རྩྭ་ཐང་གི་ད་ལྟའི་གནས་ཚུལ །(2)ད་ཡོད་ཀྱི་ཕྱུགས་ཟོག་གི་རིགས་དང་ཁ་གྲངས།(3)ཞིབ་དཔྱད་གཏན་འབེབ་བྱས་པའི་རྩྭ་ཐང་གི་ཕྱུགས་ཤོང་ཚད།(4)རྩྭ་ཕྱུགས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་ཐབས་གཙོ་བོ།(5)རྩྭ་ཐང་བེད་སྤྱོད་མཁན་ནམ་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་གྱི་འགན་འཁྲི།(6)འགན་འཁྲི་ཡི་གེའི་ཕན་ནུས་ཡོད་པའི་དུས་བཅད།(7)འབྲེལ་ཡོད་དོན་ཚན་གཞན་པ།

38、རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩྭ་ཕྱུགས་དོ་མཉམ་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས།གཙོ་བོ་ནང་དོན་གང་དག་ལ་ཞིབ་བཤེར་བྱེད་དགོས།

ས་གནས་སོ་སོའི་རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ལོ་རེར་རྩྭ་ཕྱུགས་དོ་མཉམ་གྱི་གནས་ཚུལ་ཞིབ་བཤེར་བྱེད་པར་རྩ་འཛུགས་བྱེད་དགོས།ཞིབ་བཤེར་གྱི་ནང་དོན་ལ།(1)རང་བྱུང་རྩྭ་ཐང་བེད་སྤྱོད་ཀྱི་གནས་ཚུལ་ལ་ཚད་འཇལ་གཏན་ཁེལ་དང་དཔྱད་བསྡུར་གདེང་འཇོག་བྱེད་རྒྱུ།(2)གཟན་རྩྭ་གཟན་ཆས་ཀྱི་སྤྱིའི་གྲངས་ཀ་ཚོད་རྩིས་དང་།ལོ་དེའི་རང་བྱུང་རྩྭ་ཐང་དང་མིས་འདེབས་རྩྭ་སའི་རྟེན་གཞི་དང་དེ་མིན་ཡོང་ཁུངས་གཞན་པའི་གཟན་རྩྭ་གཟན་ཆས་ཀྱི་གྲངས་ཀ་སྤྱི་བསྡོམས་བྱེད་རྒྱུ།(3)ཕྱུགས་ཟོག་གི་གྲངས་ཀར་ཞིབ་བཤེར་བྱེད་རྒྱུ་བཅས་འདུས་ཡོད།

39、རྒྱལ་ཁབ་ཀྱིས་རྨོ་བསྐྱུར་རྩྭ་སྐྱོང་དང་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་བཞག་པའི་རྩྭ་ཐང་འགན་གཙང་ལེན་མཁན་ལ་སྲིད་ཇུས་ཐོག་ནས་རོགས་སྐྱོར་གང་དག་བྱེད་དགོས།

རྩྭ་ཐང་བཅའ་ཁྲིམསནང་གི་གཏན་འབེབ་ལྟར་ན།ས་ཆུ་ཤོར་ཚད་ཆེ་ཞིང་བྱེ་འགྱུར་གྱི་གནས་ཚུལ་ཚབས་ཆེ་བ་དང་།སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས་པའི་ས་རྒོད་སློག་ཟིན་པའི་རྩྭ་ཐང་ལ།འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་རྨོ་བསྐྱུར་རྩྭ་སྐྱོང་བྱེད་རྒྱུ།ངན་འགྱུར་དང་བྱེ་འགྱུར།ཚྭ་དང་བུལ་ཏོག་ཅན་དུ་འགྱུར་བ།རྡོ་དང་ཐང་ནག་ཏུ་འགྱུར་བ་ཚབས་ཆེ་བའི་རྩྭ་ཐང་ལ།ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་བཞག་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ།གཏན་འབེབ་དང་ལམ་ལུགས་འདི་དག་དངོས་འབེབ་བྱེད་པར་ཁག་ཐེག་བྱེད་ཆེད།རྒྱལ་ཁབ་ཀྱིས་འཆར་འགོད་ཀྱི་ནང་ནས་རྨོ་བསྐྱུར་རྩྭ་སྐྱོང་ལག་ལེན་བསྟར་བའི་ཞིང་འབྲོག་པ་རྣམས་ལ།འབྲུ་རིགས་དང་མ་དངུལ།རྩྭ་འདེབས་གྲོན་དངུལ་བཅས་ཁ་གསབ་བྱེད་དགོས།ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་བཞག་པའི་ཞིང་འབྲོག་པ་རྣམས་ལ།ལྕགས་དྲ་འཛུགས་སྐྲུན་དང་གཟན་ཆས་འབྲུ་རིགས།རྩྭ་འདེབས་གྲོན་དངུལ་བཅས་ཁ་གསབ་བྱེད་དགོས།ཕྱིན་ཆད།དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཤུགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས།རྒྱལ་ཁབ་ཀྱིས་ད་དུང་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དགོས་མཁོ་གཞིར་བཟུང་སྟེ།འབྲེལ་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྔར་ལས་ལྷག་པར་གཏན་ཁེལ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

40、རྩྭ་ས་ནས་རྩྭ་འབྲེག་རེས་བྱེད་པ་ལག་ལེན་བྱེད་པའི་རྒྱུ་མཚན་ཅི་ཡིན།

རྩྭ་འབྲེག་པ་ནི་ཕྱུགས་འཚོ་བར་བེད་མི་སྤྱོད་ལ་རྩྭ་འབྲེག་པའི་རྩྭ་ས་ནས་བེད་སྤྱོད་པ་ཙམ་དུ་ཡིན།རྩྭ་འབྲེག་པ་དེས་དགུན་ཁའི་གཟན་རྩྭ་གྲབས་གསོག་དང་།གཟན་རྩྭ་མི་འདང་བ་ལས་ཕྱུགས་ཟོག་གོད་ཤི་བཟོས་པ་ཇེ་ཉུང་དུ་གཏོང་བ།རྩྭ་ཐང་ཕྱུགས་ལས་ཀྱི་གྱོང་གུད་ཇེ་ཆུང་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།རྩྭ་འབྲེག་ངན་འགྱུར་ལ་སྔོན་འགོག་དང་།རྩྭ་འབྲེག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད།ས་དེའི་གནམ་གཤིས་ཆ་རྐྱེན་དང་ཕྱུགས་རྩྭ་སྐྱེ་ཚུལ་གྱི་ཆོས་ཉིད་དང་ཁྱད་ཆོས་གཞིར་བཟུང་སྟེ།འཆར་གཞི་ཡོད་པའི་སྒོ་ནས་རྩྭ་འབྲེག་རེས་བྱེད་པའི་དུས་ཚོད་དང་ལོ་མཚམས་གཏན་ཁེལ་བྱས་ཏེ།རེས་བསྐོར་ནས་མལ་གསོ་བ་དང་རྩྭ་སྐྱོང་གི་བྱེད་ཐབས་སྤྱད་དེ།ཕྱུགས་རྩྭ་སྐྱེ་ཚུལ་གསར་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས།རྩྭ་སར་རྩྭ་འབྲེག་རེས་བྱེད་པ་ལག་ལེན་བྱས་ན།རྩྭ་འབྲེག་པའི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བ་དང་།རྩྭ་འབྲེག་ལུགས་མཐུན་ངང་བེད་སྤྱོད་པར་ཕན་ཐོགས་ཡོད།

41、རང་བྱུང་གི་གནོད་འཚེ་ཐུག་སྐབས།རོང་འབྲོག་པས་རྩྭ་ས་བེད་སྤྱོད་པར་སྙོམ་སྒྲིག་ཇི་ལྟར་བྱེད་དགོས།

གངས་སྐྱོན་དང་མེ་སྐྱོན།ཐན་པ་སོགས་ཀྱི་རང་བྱུང་གནོད་འཚེ་བྱུང་སྐབས།སྒོ་ཕྱུགས་ལ་གཟན་རྩྭ་གཟན་ཆས་མི་འདང་བ་དང་།རོང་འབྲོག་པས་གནས་སྐབས་སྙོམ་སྒྲིག་བྱེད་པའི་བྱེད་ཐབས་དང་བརྒྱུད་དེ་ལས་ཁུངས་གཞན་པ་དང་ཡང་ན་མི་སྒེར་གྱི་རྩྭ་ས་གཡར་ནས་ཕྱུགས་འཚོ་ཐབས་བྱས་ཏེ།གནོད་འཚེས་བཟོས་པའི་གྱོང་གུད་ཇེ་ཆུང་དུ་གཏོང་དགོས།རྩྭ་ས་བེད་སྤྱོད་པར་སྙོམ་སྒྲིག་བྱེད་སྐབས་རང་འདོད་དང་ཕན་ཚུན་ཕན་ཐོགས་ཀྱི་རྩ་དོན་ལ་བརྩི་འཇོག་བྱེད་དགོས་པ་དང་།ཕྱོགས་གཉིས་ཀ་ནས་གྲོས་མོལ་སྒོས་ཐག་གཅོད་བྱས་ཏེ།གནས་སྐབས་སུ་བེད་སྤྱོད་པ་ལས།དུས་ཡུན་རིང་པོར་བཟུང་སྤྱོད་བྱེད་མི་ཆོག རྫོང(ཆིའུ)དེ་ཉིད་ཀྱི་མངའ་ཁོངས་ལས་བརྒལ་ཏེ་གནས་སྐབས་སུ་རྩྭ་ས་བེད་སྤྱོད་པར་སྙོམ་སྒྲིག་བྱེད་དགོས་ཚེ།གནོད་ཐེབས་ཕྱོགས་ཀྱིས་གྲོས་གཞི་འདོན་པ་དང་།དང་ལེན་ཕྱོགས་ཀྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་ཀྱི་ཕྱོགས་གཉིས་ཀ་རྩ་འཛུགས་སྒོས་གྲོས་མོལ་བྱས་ཏེ།གྲོས་མཐུན་གྱི་ཡི་གེ་འགོད་པ་མ་ཟད།གོང་རིམ་གྱི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཕུལ་ནས་ཐོ་འགོད་བྱེད་དགོས།

42、རྩྭ་ཐང་གཞུང་བསྡུས་དང་བཟུང་སྤྱོད་བྱེད་སྐབས་ཆ་རྐྱེན་གང་དག་དང་མཐུན་པར་བྱེད་དགོས།

རྩྭ་ཐང་གཞུང་བསྡུས་དང་བཟུང་སྤྱོད་བྱེད་སྐབས་གཤམ་གྱི་ཆ་རྐྱེན་འགའ་དང་མཐུན་དགོས་པ་སྟེ།(1)རྒྱབ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་དགོས་པ་དང་།རྒྱལ་ཁབ་ཀྱིས་བཀག་སྡོམ་གྱི་བཀའ་གསལ་བོར་ཕབ་པའི་ལས་གཞི་དེས་རྩྭ་ཐང་གཞུང་བསྡུས་དང་བཟུང་སྤྱོད་བྱེད་མི་ཆོག(2)རྩྭ་ཐང་ཡོད་སའི་རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན།བེད་སྤྱོད་བཅས་ཀྱི་འཆར་འགོད་དང་མཐུན་དགོས་པ་དང་།བེད་སྤྱོད་རྒྱ་ཁྱོན་དང་ཡང་ན་གནས་སྐབས་ཀྱི་བཟུང་སྤྱོད་དུས་བཅད་གསལ་བོ་ཡོད་པ།(3)རྩྭ་ཐང་ཡོད་སའི་སྐྱེ་ཁམས་ཁོར་ཡུག་དང་ཕྱུགས་ལས་ཐོན་སྐྱེད།རོང་འབྲོག་པའི་འཚོ་བ་བཅས་ལ་གནོད་པ་ཚབས་ཆེན་འབྱུང་མི་སྲིད་པ།(4)རྩྭ་ཐང་དབང་མཁན་དང་ཡང་ན་སྤྱོད་མཁན་གྱི་ཡིད་འཐད་པར་བྱེད་དགོས།འགན་གཙང་ལེན་བདག་གཉེར་བྱས་པའི་རྩྭ་ཐང་གཞུང་བསྡུས་དང་བཟུང་སྤྱོད་བྱེད་དགོས་ཚེ།དེ་ཡང་རྩྭ་ཐང་འགན་གཙང་ལེན་བདག་གཉེར་མཁན་དང་སྐྱིན་ཚབ་འཇལ་བའི་གྲོས་མཐུན་བཞག་དགོས།(5)གནས་སྐབས་སུ་རྩྭ་ཐང་བཟུང་སྤྱོད་བྱེད་དགོས་ཚེ།རྩྭ་ཐང་སྔོ་ཁེབས་སླར་གསོ་བྱེད་པའི་འཆར་གཞི་ལྡན་དགོས།(6)རེ་ཞུ་ཡིག་ཆ་ཚང་བ་དང་བདེན་པ་ཡིན་དགོས།(7)བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབ་བྱས་པའི་ཆ་རྐྱེན་གཞན་དག་དང་མཐུན་པར་བྱེད་དགོས།

43、རྩྭ་ཐང་བསྡུས་སྤྱོད་དང་བེད་སྤྱོད་བྱེད་སྐབས་འགྲོ་ལུགས་གང་དག་བརྒྱུད་དགོས

《རྩྭ་ཐང་བཅའ་ཁྲིམས》ནང་གི་གཏན་ཁེལ་ལྟར་ན།གཏེར་འདོན་དང་བཟོ་འགོད་འཛུགས་སྐྲུན་བྱེད་དགོས་ཚེ།རྩྭ་ས་མི་བཟང་བ་དང་ཡང་ན་ཉུང་ཙམ་བཟུང་དགོས།དངོས་གནས་རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱེད་དགོས་ཚེ།ངེས་པར་དུ་ཞིང་ཆེན་རིམ་པའི་ཡན་ཆད་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབ་དང་ཡིད་འཐད་བྱུང་རྗེས།འབྲེལ་ཡོད་ཀྱི་ས་ཞིང་དོ་དམ་གྱི་བཅའ་ཁྲིམས་སྲོལ་ལྟར་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་སྒྲུབ་དགོས།དེར་བརྟེན།རྩྭ་ཐང་བསྡུས་སྤྱོད་དང་བཟུང་སྤྱོད་བྱེད་པའི་ལས་ཁུངས་དང་ཡང་ན་མི་སྒེར་གྱིས་ཐོག་མར་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཏུ་སོང་ནས་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་སྒྲུབ་དགོས།དེ་ནས་ཀྱང་ས་ཞིང་དོ་དམ་སྡེ་ཁག་ཏུ་སོང་ནས་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་སྒྲུབ་དགོས།

44、རྩྭ་ཐང་གཞུང་བསྡུས་དང་བཟུང་སྤྱོད་བྱེད་སྐབས་དཔྱད་གཞིའི་ཡིག་ཆ་གང་དག་འདོན་སྤྲོད་བྱེད་དགོས།

གཏེར་འདོན་དང་བཟོ་འགོད་འཛུགས་སྐྲུན་སོགས་ཐད་ལ་དངོས་གནས་རྩྭ་ཐང་བསྡུས་སྤྱོད་དང་བེད་སྤྱོད་བྱེད་དགོས་པའི་ལས་ཁུངས་དང་ཡང་ན་མི་སྒེར་གྱིས《རྩྭ་ཐང་གཞུང་བསྡུས་དང་བཟུང་སྤྱོད་ཀྱི་རེ་ཞུ་རེའུ་མིག》སྐོང་འབྲི་བྱེད་པའི་ཆབས་ཅིག་ཏུ།གཤམ་གྱི་དཔྱད་གཞིའི་ཡིག་ཆ་འདོན་སྤྲོད་བྱེད་དགོས་པ་སྟེ།(གཅིག)ལས་གཞི་མཆན་འགོད་ཀྱི་ཡིག་ཆ།(གཉིས)རྩྭ་ཐང་དབང་གཏོགས་ཀྱི་ར་སྤྲོད་ཡིག་རིགས།(གསུམ)ཐོབ་ཐང་ལྡན་པའི་ཇུས་འགོད་ལས་ཁུངས་ཀྱིས་བཏོན་པའི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་གི་གནད་དོན་འདུས་པའི་ལས་གཞི་དེས་རྩྭ་ཐང་བེད་སྤྱོད་བྱེད་པའི་ལག་བསྟར་བྱེད་འཐུས་ཀྱི་སྙན་ཞུ།(བཞི)རྩྭ་ཐང་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་མཁན་བཅས་ཀྱིས་ཆིངས་ཡིག་བཞག་པའི་རྩྭ་ཐང་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་སོགས་སྐྱིན་ཚབ་ཀྱི་གྲོས་མཐུན་ཡི་གེ།གནས་སྐབས་སུ་རྩྭ་ཐང་བྱེད་དགོས་ཚེ།སྔོན་བཀོད་ཀྱི་ཚན་པ(གཉིས)དང(གསུམ)ཀྱི་ནང་གཏན་འབེབ་བྱས་པའི་དཔྱད་གཞིའི་ཡིག་ཆ་དང་རྩྭ་ཐང་སྔོ་ཁེབས་སླར་གསོ་བྱེད་པའི་འཆར་གཞི་དང་དེ་མིན་རྩྭ་ཐང་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་མཁན་བཅས་ཀྱིས་ཆིངས་ཡིག་བཞག་པའི་རྩྭ་ཐང་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་སོགས་སྐྱིན་ཚབ་ཀྱི་གྲོས་མཐུན་ཡི་གེ་སྤྲོད་བྱེད་དགོས།

45、ཆོག་མཆན་ཐོབ་མེད་པ་དང་ཡང་ན་རྩྭ་ཐང་བེད་སྤྱོད་ཀྱི་ཆོག་མཆན་མགོ་གཡོག་ཚེ།ཉེས་འགན་ཇི་ལྟར་ཞིག་ཁུར་དགོས།

ཆོག་མཆན་ཐོབ་མེད་པ་དང་ཡང་ན་མགོ་སྐོར་གྱི་ཐབས་ཤེས་བཀོལ་ནས་ཆོག་མཆན་མགོ་གཡོག་པ་དང་།ཁྲིམས་འགལ་གྱིས་རྩྭ་ཐང་བེད་སྤྱད་དེ་ཉེས་བསགས་སུ་གྱུར་ཚེ།ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།ཉེས་དོན་གྱི་ཉེས་ཆད་མ་འདང་ཚེ།རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་ཁྲིམས་འགལ་གྱིས་བེད་སྤྱོད་པའི་རྩྭ་ཐང་ཕྱིར་སྤྲོད་པའི་ཁག་འགན་དཀྲིས་ཏེ།རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན།བེད་སྤྱོད་བཅས་ཀྱི་འཆར་འགོད་དང་འགལ་ཏེ་རང་འགར་གྱིས་རྩྭ་ཐང་འཛུགས་སྐྲུན་བྱེད་སར་བསྒྱུར་ཚེ།དུས་བཅད་ལྟར་ཁྲིམས་འགལ་གྱིས་བེད་སྤྱོད་པའི་རྩྭ་ཐང་སྟེང་དུ་གསར་དུ་འཛུགས་པའི་བཟོ་འགོད་འཛུགས་སྐྲུན་དང་དེ་མིན་སྒྲིག་བཀོད་གཞན་པ་ཕྱིར་བཤིག་པ་དང་།རྩྭ་ཐང་སྔོ་ཁེབས་སླར་གསོ་བྱེད་པ་མ་ཟད།རྩྭ་ཐང་ཁྲིམས་འགལ་གྱིས་བེད་སྤྱོད་པ་ནས་བཟུང་སྟེ་ལོ་གསུམ་གྱི་སྔོན་གྱི་ཆ་སྙོམས་ཐོན་སྐྱེད་རིན་ཐང་གི་ལྡབ་དྲུག་ཡན་ཆད་དང་ལྡབ་བཅུ་གཉིས་མན་ཆད་ཀྱི་དངུལ་ཆད་ཀྱང་གཅོད་དགོས།

46、འཛུགས་སྐྲུན་ཆེད་དུ་རྩྭ་ཐང་བསྡུས་སྤྱོད་དང་ཡང་ན་བེད་སྤྱོད་བྱེད་སྐབས།རྩྭ་ཐང་འགན་གཙང་ལེན་བདག་གཉེར་མཁན་ལ་སྐྱིན་ཚབ་ཇི་ལྟར་འཇལ་དགོས།

རྩྭ་ཐང་བསྡུས་སྤྱོད་ཟེར་བ་ནི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཆེད་དུ།ཐུན་མོང་ལ་དབང་བའི་རྩྭ་ཐང་དེ་ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བ་བྱེད་པ་མ་ཟད་བཟོ་འགོད་འཛུགས་སྐྲུན་དང་གཏེར་འདོན་སོགས་ཐད་དུ་བེད་སྤྱོད་པར་བསྟན་པ་ཡིན།རྩྭ་ཐང་བེད་སྤྱོད་ཟེར་བ་ནི་རྒྱལ་ཁབ་ཀྱིས་རྩྭ་ཐང་དེ་བཟོ་འགོད་འཛུགས་སྐྲུན་དང་གཏེར་འདོན་སོགས་ཐད་དུ་བེད་སྤྱོད་པར་བསྟན་པ་ཡིན།ཐུན་མོང་ལ་དབང་བའི་རྩྭ་ཐང་བསྡུས་སྤྱོད་བྱས་ཚེ།རྩྭ་ཐང་འགན་གཙང་ལེན་བདག་གཉེར་མཁན་ལ་རྩྭ་ཐང་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་དང་དེ་མིན་ས་ཐོག་ཟུར་འབྱར་དངོས་རིགས་རྩྭ་ཐང་ར་བསྐོར་དང་ལྷས་ར་དང་མིས་འདེབས་རྩྭ་སའི་ལྗང་སྔོའི་གྲོན་དངུལ་ཁ་གསབ་སོགས་རང་ཐོབ་བྱེད་ཆོག།དེའི་ནང་དུ་རྩྭ་ཐང་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་གྱི་ཚད་གཞི་དེ།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་འདེབས་ཞིང་བསྡུས་སྤྱོད་ཀྱི་ཚད་གཞི་ལྟར་གཏན་ཁེལ་བྱེད་དགོས།ས་ཐོག་ཟུར་འབྱར་དངོས་རིགས་དང་མི་འདེབས་རྩྭ་སའི་ལྗང་སྔོའི་གྲོན་དངུལ་ཁ་གསབ་ཀྱི་ཚད་གཞི་དེ།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་ཁེལ་བྱེད་དགོས།རྒྱལ་དབང་རྩྭ་ཐང་བེད་སྤྱོད་ཚེ།རྩྭ་ཐང་འགན་གཙང་ལེན་བདག་གཉེར་མཁན་ལ་རྩྭ་ཐང་ཤོར་བའི་སྐྱིན་ཚབ་གྲོན་དངུལ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་གཏོང་འཇོག་གྱོང་རྒུད་ཀྱི་སྐྱིན་ཚབ་གྲོན་དངུལ་རང་ཐོབ་བྱེད་ཆོག

47﹑རྩྭ་ཐང་བསྡུས་སྤྱོད་དང་བེད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་ས་ཞིང་བེད་སྤྱོད་ཀྱི་རེ་ཞུ་མ་བྱས་སྔོན་དུ།ངེས་པར་དུ་རྩྭ་ཐང་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་མཁན་བཅས་ལ་རྩྭ་ཐང་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་སོགས་སྐྱིན་ཚབ་གྲོན་དངུལ་གྱི་གྲོས་མཐུན་ཆིངས་ཡིག་འཇོག་དགོས་དོན་ཅི་ཡིན།

རྩྭ་ཐང་ནི་ཕྱུགས་ལས་གོང་འཕེལ་གཏོང་བའི་དངོས་པོའི་རྨང་གཞི་ཡིན་ལ།རྒྱ་ཆེ་བའི་རོང་འབྲོག་པ་རྣམས་འཚོ་བ་རྟེན་སའི་ཐོན་སྐྱེད་རྒྱུ་ཆའང་ཡིན།བཟོ་འགོད་འཛུགས་སྐྲུན་དང་ཡང་ན་གཏེར་འདོན་སོགས་ཀྱི་ཐད་རྩྭ་ཐང་བསྡུས་སྤྱོད་དང་བེད་སྤྱོད་བྱས་རྗེས།རྩྭ་ཐང་ཤོར་བའི་རོང་འབྲོག་པ་རྣམས་འཚོ་བ་རྟེན་སའང་མེད་པར་གྱུར།རྩྭ་ཐང་ཤོར་རྗེས་ཀྱི་རོང་འབྲོག་པ་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་འོས་འཚམས་བྱེད་ཆེད།རྩྭ་ཐང་བསྡུས་སྤྱོད་དང་བེད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་ངེས་པར་དུ་སྐྱིན་ཚབ་གྲོན་དངུལ་འཇལ་དགོས།དེར་བརྟེན།ཞིང་ལས་པུའུ་ཡིས《རྩྭ་ཐང་བཅའ་ཁྲིམས》དང《ས་ཞིང་དོ་དམ་བཅའ་ཁྲིམས》གཞིར་བཟུང་ནས་གཏན་འབེབ་བྱས་པའི《བསྡུས་སྤྱོད་དང་བཟུང་སྤྱོད་བྱས་པའི་རྩྭ་ཐང་ལ་ཞིབ་བཤེར་གཏན་འབེབ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་སྐོར་གྱི་དོ་དམ་བྱེད་ཐབས》ནང་དུ་གསལ་བོར་བཀོད་དོན།གཏེར་འདོན་དང་བཟོ་འགོད་འཛུགས་སྐྲུན་སོགས་ལ་དངོས་གནས་རྩྭ་ཐང་བསྡུས་སྤྱོད་དང་བེད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་རྩྭ་ཐང་བསྡུས་སྤྱོད་དང་བཟུང་སྤྱོད་ཀྱི་རེ་ཞུ་མ་བྱས་པའི་སྔོན་དུ།ངེས་པར་དུ་རྩྭ་ཐང་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་མཁན་བཅས་ལ་རྩྭ་ཐང་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་སོགས་སྐྱིན་ཚབ་གྲོན་དངུལ་གྱི་གྲོས་མཐུན་ཆིངས་ཡིག་འཇོག་དགོས།

48 ﹑རྩྭ་ཐང་བསྡུས་སྤྱོད་དང་བེད་སྤྱོད་བྱེད་སྐབས་རྩྭ་ཐང་སྔོ་ཁེབས་སླར་གསོའི་གྲོན་དངུལ་འཇལ་དགོས་དོན་ཅི་ཡིན།

རྒྱལ་དབང་གི་རྩྭ་ཐང་བེད་སྤྱོད་པ་ཡིན་ནའང་འདྲ།ཡང་ན་ཐུན་མོང་ལ་དབང་བའི་རྩྭ་ཐང་བེད་སྤྱོད་བྱེད་པ་ཡིན་ནའང་འདྲ།ཚང་མས་རྩྭ་ཐང་ཐོན་ཁུངས་ཀྱི་སྤྱིའི་གྲངས་ཀ་ཇེ་ཉུང་དུ་གཏོང་བ་དང་།ཕྱུགས་རྩྭ་གཉིས་ཀྱི་འགལ་བ་ཚབས་ཇེ་ཆེར་འགྲོ་བ་སྨྲས་མ་དགོས་པ་རེད།རྩྭ་ཐང་སྔོ་ཁེབས་སླར་གསོའི་གྲོན་དངུལ་དེ།གཙོ་བོ་རྩྭ་ཐང་སྔོ་ཁེབས་སླར་གསོ་དང་།ངན་འགྱུར་རྩྭ་ཐང་ལེགས་སྒྱུར་དང་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་བེད་སྤྱད་དེ།དེ་ནས་རྩྭ་ཐང་ཐོན་ཁུངས་ཀྱི་སྤྱིའི་གྲངས་ཀ་དང་སྤུས་ཚད་གཏན་འཇགས་ཡོང་བར་རྒྱུན་འཁྱོངས་བྱེད་དགོས།སྔོ་ཁེབས་སླར་གསོའི་གྲོན་དངུལ་དེ་ངེས་པར་དུ་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་སྡུད་ལེན་བྱེད་པ་མ་ཟད།ཆེད་དངུལ་ཆེད་སྤྱོད་ཀྱང་བྱས་ཏེ།གཏན་འབེབ་ལྟར་མིས་འདེབས་རྩྭ་སའི་འཛུགས་སྐྲུན་དང་ད་ཡོད་ཀྱི་ཐོན་ཚད་དམའ་ཞིང་ངན་འགྱུར་གྱི་རྩྭ་ཐང་ལེགས་སྒྱུར་དང་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་བེད་སྤྱོད་པ་ལས།ལས་ཁུངས་དང་མི་སྒེར་གང་གིས་ཀྱང་བཀག་ཉར་དང་གཞན་སྤྱོད་བྱེད་མི་ཆོག

49 ﹑གནས་སྐབས་སུ་རྩྭ་ཐང་བཟུང་སྤྱོད་བྱས་ཚེ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གཏན་འབེབ་གང་དག་ཡིན།

གནས་སྐབས་སུ་རྩྭ་ཐང་བཟུང་སྤྱོད་ཟེར་བ་ནི་བཟོ་འགོད་འཛུགས་སྐྲུན་དང་ས་གཤིས་རྩད་ཞིབ།གནས་བསྐོར་དང་དེ་མིན་གནས་སྐབས་རང་བཞིན་གྱི་རྩྭ་ཐང་བེད་སྤྱོད་པའི་བྱ་སྤྱོད་ལ་བསྟན་པ་ཡིན།གནས་སྐབས་སུ་རྩྭ་ཐང་བཟུང་སྤྱོད་བྱས་ཛེ་ངེས་པར་དུ་གཤམ་གྱི་གཏན་འབེབ་འགའ་བརྩི་སྲུང་བྱེད་དགོས་པ་སྟེ།﹙1﹚གནས་སྐབས་སུ་རྩྭ་ཐང་བཟུང་སྤྱོད་བྱས་ཚེ་ངེས་པར་དུ་རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབ་བརྒྱུད་ནས་ཡིད་འཐད་བྱུང་དགོས་པ་མ་ཟད། གནས་སྐབས་རྩྭ་ཐང་བཟུང་སྤྱོད་ཀྱི་གན་རྒྱའང་འཇོག་དགོས།﹙2﹚གནས་སྐབས་རྩྭ་ཐང་བཟུང་སྤྱོད་ཀྱི་དུས་བཅད་ནི་ལོ་གཉིས་ལས་བརྒལ་མི་ཆོག་པ་དང་།གནས་སྐབས་བཟུང་སྤྱོད་བྱས་པའི་རྩྭ་ཐང་སྟེང་དུ་ཡུན་བརྟན་རང་བཞིན་གྱི་བཟོ་འགོད་འཛུགས་སྐྲུན་བྱེད་མི་ཆོག﹙3﹚བཟུང་སྤྱོད་ཀྱི་དུས་ཚོད་ཁ་གང་རྗེས།ས་ཞིང་མཁོ་སྤྲོད་ལས་ཁུངས་ཀྱིས་ངེས་པར་དུ་རྩྭ་ཐང་སྔོ་ཁེབས་སླར་གསོ་བྱེད་པ་མ་ཟད་དུས་ཐོག་ཏུ་ཕྱིར་སྤྲོད་བྱེད་དགོས།﹙4﹚གནས་སྐབས་སུ་རྩྭ་ཐང་བཟུང་སྤྱོད་བྱས་ཚེ་རྩྭ་ཐང་གི་རྣམ་པ་སྒྱུར་མི་ཆོག།དེས་ན་རྩྭ་ཐང་དེ་ཉིད་ཕྱུགས་འཚོ་བའི་ཞིང་སྤྱོད་ཀྱི་ས་ཞིང་རྣམ་པ་སྒྱུར་མི་ཆོག་ལ།གནས་སྐབས་སུ་བཟུང་སྤྱོད་བྱས་པའི་རྩྭ་ཐང་སློགས་ནས་འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་བྱེད་མི་ཆོག་པ་མ་ཟད།དེ་བས་ཀྱང་རྩྭ་ཐང་དེ་ཉིད་འཛུགས་སྐྲུན་བྱེད་ཡུལ་དུ་སྒྱུར་མི་ཆོག

50

གཏན་འབེབ་དང་འགལ་ཏེ་གནས་སྐབས་སུ་རྩྭ་ཐང་བཟུང་སྤྱོད་བྱས་ཚེ་ཉེས་འགན་ཇི་ལྟར་ཁུར་དགོས།

གནས་སྐབས་བཟུང་སྤྱོད་བྱས་པའི་རྩྭ་ཐང་སྟེང་དུ་ཡུན་བརྟན་རང་བཞིན་གྱི་བཟོ་འགོད་འཛུགས་སྐྲུན་བྱས་ཚེ།རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་དུས་བཅད་ལྟར་ཕྱིར་བཤིག་དགོས་པའི་ཁག་འགན་དཀྲི་དགོས།དུས་ཚོད་བརྒལ་ནས་མ་བཤིག་ཚེ།ཁྲིམས་ལྟར་བཙན་ཤེད་ཀྱིས་བཤིག་ཏུ་བཅུག་སྟེ།དེའི་འགྲོ་གྲོན་ཚང་མ་ཁྲིམས་འགལ་མཁན་གྱིས་འགན་ཁུར་དགོས།གནས་སྐབས་སུ་བཟུང་སྤྱོད་བྱས་པའི་རྩྭ་ཐང་གི་བཟུང་སྤྱོད་དུས་སྐབས་ཁ་གང་རྗེས།ས་ཞིང་སྤྱོད་པའི་ལས་ཁུངས་ཀྱིས་རྩྭ་ཐང་སྔོ་ཁེབས་སླར་གསོ་མ་བྱས་ཚེ།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་དུས་བཅད་ལྟར་སླར་གསོ་བྱེད་དགོས་པའི་ཁག་འགན་དཀྲི་དགོས།དུས་ཚོད་བརྒལ་ནས་སླར་གསོ་མ་བྱས་ཚེ།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཚབ་བྱས་ནས་སླར་གསོ་བྱས་ཏེ།དེའི་འགྲོ་གྲོན་ཚང་མ་ཁྲིམས་འགལ་མཁན་གྱིས་འགན་ཁུར་དགོས།

51﹑

རྩྭ་ཐང་སྟེང་དུ་རྩྭ་ཐང་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུ་བའི་བཟོ་འགོད་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས་ཚེ།ལས་ཁུངས་གང་གིས་ཞིབ་བཤེར་ཆོག་མཆན་འགོད་དགོས།

རྩྭ་ཐང་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ཐད་ཀར་ཞབས་འདེགས་ཞུ་བའི་བཟོ་འགོད་སྒྲིག་ཆས་འཛུགས་སྐྲུན་ནང་དུ།﹙1﹚རྩྭ་འདེབས་དང་གཟན་རྩྭ་གཟན་ཆས་ཐོན་སྐྱེད་དང་གསོག་ཉར་གྱི་སྒྲིག་ཆས།﹙2﹚ཕྱུགས་ཟོག་ལྷས་ར་དང་སྡེབ་སྦྱོར་ས་ཚིགས།བལ་འབྲེག་ས་ཚིགས།སྨན་འཁྲུད་ས།མི་ཕྱུགས་གཉིས་ཀྱི་བཏུང་ཆུའི་སྒྲིག་ཆས།﹙3﹚ཚན་ཞིབ་དང་ཚོད་ལྟ།དཔེ་སྟོན་བཅས་ཀྱི་རྟེན་གཞི།﹙4﹚རྩྭ་ཐང་མེ་འགོག་དང་ཆུ་འདྲེན་སྒྲིག་ཆས་བཅས་འདུས་ཡོད།རྩྭ་ཐང་སྟེང་དུ་རྩྭ་ཐང་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུབ་བའི་བཟོ་འགོད་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས་ཚེ།བེད་སྤྱོད་རྩྭ་ས་ཀུང་ཆིང70ལས་བརྒལ་ན།ཞིང་ལས་པུའུ་ཡིས་ཞིབ་བཤེར་ཆོག་མཆན་འགོད་དགོས།བེད་སྤྱོད་རྩྭ་ས་ཀུང་ཆིང70མན་ཆད་ལ།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རང་ཉིད་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབ་བྱས་པའི་ཞིབ་བཤེར་ཆོག་མཆན་གྱི་དབང་ཚད་གཞིར་བཟུང་སྟེ་ཞིབ་བཤེར་ཆོག་མཆན་འགོད་དགོས།

52﹑

རྒྱལ་ཁབ་ཀྱིས་གཞི་རྩའི་རྩྭ་ཐང་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ལག་ལེན་བསྟར་དགོས་དོན་ཅི་ཡིན།

རྒྱལ་ཁབ་ཀྱིས་གཞི་རྩའི་རྩྭ་ཐང་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ལག་ལེན་བསྟར་བ་ནི།བཅའ་ཁྲིམས་ཀྱི་ཐབས་ཤེས་བཀོལ་ཏེ་རྩྭ་ཐང་གཙོ་བོར་སྲུང་སྐྱོང་ཆེས་ནན་མོར་བྱས་ཏེ།རང་སྣང་གང་ཤར་གྱིས་འཐུ་བརྐོ་འདོན་བཟུང་སོགས་རྩྭ་ཐང་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་འབྱུང་བར་སྔོན་འགོག་དང་།རྩྭ་ཐང་གི་སྐྱེད་ཁམས་ཁོར་ཡུག་ལ་ད་ནས་བཟུང་གཏོར་བརླག་མི་ཐེབས་ར་འགན་སྲུང་བྱེད་པ།རྩྭ་ཐང་གི་ཕྱུགས་ལས་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོར་འཕར་སྣོན་ལ་ཕན་ཡོད་སྒོས་ཁག་ཐེག་བྱེད་པ་དེ་རེད།

53﹑

རྩྭ་ཐང་གང་དག་གཞི་རྩའི་རྩྭ་ཐང་དུ་འབྱེད་དགོས།

《རྩྭ་ཐང་བཅའ་ཁྲིམས》ཀྱི་གཏན་འབེབ་ལྟར་ན།གཤམ་གྱི་རྩྭ་ཐང་དེ་དག་གཞི་རྩྭ་ཐང་དུ་འབྱེད་དགོས་པ་སྟེ།﹙1﹚ཕྱུགས་འཚོ་ས་གཙོ་བོ།﹙2﹚རྩྭ་འབྲེག་ས﹙3﹚ཕྱུགས་ལས་ཐོན་སྐྱེད་ཀྱི་མིས་འདེབས་རྩྭ་ས་དང་རྨོ་བསྐྱུར་རྩྭ་སྐྱོང་དང་དེ་མིན་རྩྭ་ས་དང་ལེགས་སྒྱུར་དང་རྩྭ་འདེབས་རྟེན་གཞི།﹙4﹚གནམ་གཤིས་སྙོམ་སྒྲིག་དང་ཆུ་ཁུངས་གསོ་འཁྱོངས།ས་ཆུ་བརྟན་སྲུང་།རླུང་འགོག་བྱེ་འཇགས་བཅས་ལ་ཐུན་མོང་མིན་པའི་ནུས་པ་ལྡན་པའི་རྩྭ་ཐང་།﹙5﹚རྒྱལ་ཁབ་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གཙོ་གནད་སྒོས་སྲུང་སྐྱོང་བྱེད་པའི་འཚོ་གནས་ཁོར་ཡུག་དང་རྩྭ་ཐང་།﹙6﹚རྩྭ་ཐང་གི་ཚན་ཞིབ་དང་སློབ་ཁྲིད་ཚོད་ལྟའི་རྟེན་གཞི།﹙7﹚རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབ་བྱས་པའི་གཞི་རྩའི་རྩྭ་ཐང་གི་རྩྭ་ཐང་གཞན་པ་བཅས་སོ།

54﹑

ཅི་ཞིག་ལ་རྩྭ་ཐང་རང་བྱུང་སྲུང་སྐྱོང་གི་ས་ཁུལ་ཟེར།

རྩྭ་ཐང་གི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་ཚབ་བྱེད་རང་བཞིན་ལྡན་པའི་རྩྭ་ཐང་གི་རིགས་དང་གལ་འགངས་ཆེ་ཞིང་འཇིག་བྲལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གནས་སའི་ས་ཁུལ་དང་སྐྱེ་ཁམས་ཀྱི་རྩོལ་ནུས་དང་དཔལ་འབྱོར་ཚན་ཞིབ་རིན་ཐང་གལ་ཆེན་ལྡན་པའི་རྩྭ་ཐང་དེ་ཉིད་རང་བྱུང་སྲུང་སྐྱོང་གི་ས་ཁུལ་ཡིན་པ་མ་ཟད།རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབ་ལྟར་སྲུང་སྐྱོང་ནན་མོར་བྱེད་དགོས།རྩྭ་ཐང་གི་རང་བྱུང་སྲུང་སྐྱོང་ས་ཁུལ་བཙུགས་ན།རྩྭ་ཐང་ངན་འགྱུར་དང་བྱེ་འགྱུར།ཚྭ་འགྱུར་དང་བུལ་ཏོག་ཅན་དུ་འགྱུར་བ་བཅས་སྔོན་འགོག་བྱེད་པར་ཕན་ཐོགས་ལྡན་ལ།རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་།རྩྭ་ཐང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ་ལའང་ཕན་ཐོགས་ལྡན།རྒྱ་ཆེ་བའི་རོང་འབྲོག་པ་རྣམས་ཀྱིས་རང་རྟོགས་ཀྱིས་རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབ་བརྩི་སྲུང་བྱས་ཏེ།རྩྭ་ཐང་གི་རང་བྱུང་སྲུང་སྐྱོང་ས་ཁུལ་ནང་ནས་ཤིང་ནགས་གཅོད་པ་དང་།ཕྱུགས་འཚོ་བ།རི་དྭགས་རྔོན་པ།ཉ་འཛིན་པ།སྨན་འཐུ་བ།ས་རྒོད་སློག་པ།རྩྭ་སྦར་བ།གཏེར་འདོན་པ།རྡོ་སློག་པ།བྱེ་མ་བརྐོ་བ།བྱ་འགུལ་སྤེལ་བ་བཅས་གཏན་ནས་བྱེད་མི་ཆོག

55 རྒྱལ་ཁབ་ཀྱིས་རྩྭ་ཐང་སློག་པར་བཀག་འགོག་བྱེད་དོན་ཅི་ཡིན།

རྩྭ་ཐང་སློག་པ་ནི་མི་ཡིས་རྩྭ་ཐང་གཏོར་བརླག་བྱེད་པའི་རྣམ་པ་ཆེས་གཙོ་བོ་ཞིག་རེད།རགས་རྩིས་བྱས་པ་ལྟར་ན།དུས་རབས20ལོ་རབས50ཚུན་ནས།རྒྱལ་ཡོངས་ནས་བསྡོམས་པས་རྩྭ་ཐང་གི་ས་རྒོད་ཧ་ལམ་ཀུང་ཆིང་ཁྲི2000བསློགས་ཡོད།རྩྭ་ཐང་ས་ཁུལ་ཡོངས་ཁྱབ་ཏུ་ཐན་པ་ཅུང་མང་བས།ཞིང་ལས་ལོ་ཏོག་འདེབས་འཛུགས་བྱེད་པར་མི་འཕྲོད་པ་དང་།རྩྭ་ཐང་བསློགས་རྗེས་མང་ཆེ་བ་ཐ་རྒོད་དུ་ལུས་ཏེ།ས་ཞིང་བྱེ་མར་འགྱུར་བ་དང་སྦྲགས།དུས་ཚོད་ཐུང་ངུ་ནང་ནས་སླར་གསོ་བྱེད་ཐུབ་ཀྱི་མ་རེད།“ལོ་གཅིག་ལོ་གཉིས་རིང་ལ་འབྲི་རྡོག་རེ་གཉིས་སྡུད།ལོ་གསུམ་ལོ་བཞིའི་རྗེས་ལ་བྱེ་མའི་ཐང་དུ་འགྱུར”ཞེས་པ་འདི་ནི་མི་སེར་རྣམས་ཀྱིས་རྩྭ་ཐང་བསློགས་པ་དེས་སྐྱེ་ཁམས་གཏོར་བརླག་བཟོས་པའི་སྣང་ཚུལ་ལ་དཔེར་བཞག་པ་རེད།རྩྭ་ཐང་བསློགས་པ་དེས་སྐྱེ་ཁམས་གཏོར་བརླག་བཟོས་པའི་སྣང་ཚུལ་ལ་དཔེར་བཞག་པ་རེད།རྩྭ་ཐང་བསློགས་པ་དེས་ཐད་ཀར་རྩྭ་ཐང་གི་རྒྱ་ཁྱོན་རིམ་བཞིན་ཇེ་ཆུང་དུ་གཏོང་བ་མ་ཟད།དུས་མཚུངས་སུ་ད་དུང་ཕྱུགས་རྩྭ་གཉིས་ཀྱི་འགལ་བ་ཇེ་ཆེར་སོང་ཐོག རྩྭ་ཐང་གཞན་པར་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བ་དང་ངན་འགྱུར་བཅས་ཀྱི་སྣང་ཚུལ་བཟོས་ཕྱིར།།སྐྱེ་ཁམས་ཁོར་ཡུག་དང་རྩྭ་ཐང་གི་ཕྱུགས་ལས་འཕེལ་རྒྱས་དང་དེ་མིན་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བཅས་ཚང་མར་ཕན་མེད་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།དེར་བརྟེན《རྩྭ་ཐང་བཅའ་ཁྲིམས》ནང་དུ་རྩྭ་ཐང་སློག་མི་ཆོག་པ་གཏན་འབེབ་གསལ་བོར་བྱས་ཡོད་པ་དེས།རྩྭ་ཐང་སློག་པའི་བྱ་སྤྱོད་ཐད་ཁུར་དགོས་པའི་བཅའ་ཁྲིམས་འགན་འཁྲིའང་གཏན་འབེབ་ནན་མོར་བྱས་ཡོད།

56 ཁྲིམས་འགལ་གྱིས་རྩྭ་ཐང་བསློགས་ཚེ་བཅའ་ཁྲིམས་ཀྱི་འགལ་འཁྲི་གང་དག་ཁུར་དགོས།《རྩྭ་ཐང་བཅའ་ཁྲིམས》ནང་གི་གཏན་འབེབ་ལྟར་ན།ཁྲིམས་འགལ་གྱིས་རྩྭ་ཐང་བསློགས་ཏེ།ཉེས་བསགས་སུ་གྱུར་ཚེ།ཉེས་བསགས་སུ་གྱུར་ཚེ།ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།ཉེས་དོན་གྱི་ཉེས་ཆད་མ་འདང་ཚེ།རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པའི་ཁག་འགན་དཀྲིས་ཏེ།དུས་བཅད་ལྟར་སྔོ་ཁེབས་སླར་གསོ་བྱེད་པ་དང་།ཁྲིམས་དང་མི་མཐུན་པའི་རྒྱུ་ནོར་དང་ཁྲིམས་འགལ་གྱི་ཐོབ་ཆ་བཅས་གཞུང་བཞེས་བྱེད་པ་མ་ཟད།ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ཆད་དང་ལྡབ་ལྔ་མན་ཆད་ཀྱི་དངུལ་ཆད་གཅོད་དགོས།ཁྲིམས་འགལ་གྱི་ཐོབ་ཆ་མེད་ཚེ།སྒོར་ཁྲི་ལྔ་མན་ཆད་ཀྱི་དངུལ་ཆད་གཅོད་དགོས།རྩྭ་ཐང་དབང་མཁན་དང་ཡང་ན་སྤྱོད་མཁན་གྱིས་གྱོང་རྒུད་བཟོས་ཚེ།ཁྲིམས་ལྟར་སྐྱིན་ཚབ་ཀྱི་འགན་འཁྲི་དགོས།

57 རྩྭ་ཐང་གང་དག་ལ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ལག་ལེན་བསྟར་དགོས།

ཕྱུགས་འཚོ་མི་ཆོག་པ་ཟེར་བ་ནི་རྩྭ་ཐང་དུ་ལོ་གཅིག་ཡན་ཆད་ཕྱུགས་འཚོ་མི་ཆོག་པ་དང་རྩྭ་ས་བེད་མི་སྤྱོད་པ་ལག་ལེན་བསྟར་བར་བསྟན་པ་ཡིན།ཕྱུགས་འཚོ་མཚམས་འཇོག་པ་ཟེར་བ་ནི་ཕྱུགས་རྩྭ་རྒྱུན་ལྡན་དང་སྐྱེ་བར་སྲུང་སྐྱོབ་བྱེད་ཆེད།དཔྱིད་དུས་ཕྱུགས་རྩྭ་སྔོ་ལོག་སྐབས་དང་སྟོན་དུས་འབྲས་བུ་སྨིན་སྐབས་རྩྭ་སར་དུས་ཚིགས་རང་བཞིན་གྱི་ཕྱུགས་འཚོ་མི་ཆོག་པར་བསྟན་པ་ཡིན།རྒྱལ་ཁབ་ཀྱིས་ངན་འགྱུར་དང་བྱེ་འགྱུར།ཚྭ་དང་བུལ་ཏོག་ཅན་དུ་འགྱུར་བ།རྡོ་རུད་དང་ཐང་ནག་ཏུ་འགྱུར་བ་ཚབས་ཆེ་བའི་རྩྭ་ཐང་དང་སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་ལ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་བཞག་པའི་ལམ་ལུགས་གཏན་འབེབ་བྱས་ཡོད།

58 རྨོ་བསྐྱུར་རྩྭ་སྐྱོང་གི་རྩྭ་སར་ཁྲིམས་ལྟར་ས་ཞིང་སྒྱུར་བཅོས་ཀྱི་འགྲོ་ལུགས་ལག་ལེན་བྱེད་པ་དང་།རྩྭ་ཐང་གི་དབང་ཚད་དཔང་ཡིག་འགྲེམ་གཏོང་བྱེད་དགོས་པའི་དོན་ཅི་ཡིན།

རྨོ་བསྐྱུར་རྩྭ་སྐྱོང་གི་རྩྭ་ས་མང་ཆེ་བ་ནི་དུས་སྐབས་མི་འདྲ་བའི་དུས་སུ་རྩྭ་ཐང་བསློགས་པ་ལས་བྱུང་བ་ཡིན་ལ།རབ་ཞིག་ནི་ཐོན་ཚད་འབྲིང་དམའི་ཞིང་ས་ཡིན།བསློགས་ཟིན་པའི་རྩྭ་ཐང་ལ་རྨོ་བསྐྱུར་རྩྭ་སྐྱོང་ལག་ལེན་བསྟར་བའི་དམིགས་ཡུལ་ནི།ས་ཆུ་ཤོང་བར་སྔོན་འགོག་དང་།སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཆབས་ཅིག་ཏུ།རྩྭ་ཐང་གི་ཕྱུགས་ལས་ཐོན་སྐྱེད་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན།དེར་བརྟེན།《རྩྭ་ཐང་བཅའ་ཁྲིམས》ནང་གི་གཏན་འབེབ་ལྟར་ན།རྨོ་བསྐྱུར་རྩྭ་སྐྱོང་གི་ལས་འགན་འགྲུབ་རྗེས།རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཚོ་གཉེར་སྡེ་ཁག་གིས་ཞིབ་དཔྱད་ཐོ་འགོད་བྱས་ཏེ།ཁྲིམས་ལྟར་ས་ཞིང་སྤྱོད་སྒོར་སྒྱུར་བཅོས་ཀྱི་འགྲོ་ལུགས་ལག་ལེན་བྱེད་པ་དང་།རྩྭ་ཐང་གི་དབང་ཚད་དཔང་ཡིག་འགྲེམ་གཏོང་བཅས་བྱེད་དགོས།

59 ﹑རྩྭ་ཐང་སྟེང་ནས་ས་རྡོ་བྱེ་གསུམ་བརྐོ་སློག་བྱས་ཚེ་གནད་དོན་གང་དག་ལ་ཡིད་འཇོག་བྱེད་དགོས།

རྩྭ་ཐང་སྟེང་ནས་ས་རྡོ་བྱེ་གསུམ་བརྐོ་སློག་བྱེད་པ་སོགས་ཀྱི་བྱ་འགུལ་བསྒྲུབས་ཚེ།གཤམ་གྱི་གནད་དོན་བཞི་ལ་ཡིད་འཇོག་བྱེད་དགོས་པ་སྟེ།﹙1﹚རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་འབུལ་བྱས་ནས་ཆོག་མཆན་ཐོབ་དགོས།གལ་ཏེ་གཏེར་སྒོ་འབྱེད་དགོས་མཁན་ཞིག་ཡིན་ན།དེ་ཡང་རྒྱལ་ཁབ་ཀྱི་གཏེར་ཁ་དོ་དམ་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འབྲེལ་ཡོད་ཀྱི་འགྲོ་ལུགས་སྒྲུབ་དགོས།﹙2﹚རྩྭ་ཐང་སྟེང་ནས་ས་རྡོ་བྱེ་གསུམ་བརྐོ་སློག་བྱེད་པ་སོགས་བྱ་འགུལ་བསྒྲུབ་པའི་ཆོག་མཆན་ཐོབ་པ་ཞིག་ཡིན་ཕྱིན།གཏན་ཁེལ་བྱས་པའི་དུས་ཚོད་དང་ས་ཁོངས་ནང་ནས།སྒྲུབ་ཆོག་པའི་འགྲོ་ལུགས་ལྟར་བརྐོ་སློག་བྱེད་པ་མ་ཟད།རྩྭ་ཐང་སྔོ་ཁེབས་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ཀྱང་སྤྱོད་དགོས།﹙3﹚མི་གཞན་པས་བེད་སྤྱོད་པའི་རྩྭ་ཐང་སྟེང་ནས་ས་རྡོ་བྱེ་གསུམ་བརྐོ་སློག་བྱེད་པ་སོགས་ཀྱི་བྱ་འགུལ་བསྒྲུབས་དགོས་ཚེ།དེ་ཡང་ཐོག་མར་རྩྭ་ཐང་བེད་སྤྱོད་མཁན་གྱིས་ཡིད་འཐད་པར་བྱེད་དགོས།﹙4﹚གཏན་འབེབ་དང་འགལ་ནས་ས་རྡོ་བྱེ་གསུམ་བརྐོ་སློག་བྱེད་པ་སོགས་ཀྱི་བྱ་འགུལ་བསྒྲུབས་ཚེ།ཉེས་འགན་ཅི་ཞིག་ཁུར་དགོས།

60﹑གཏན་ཁེལ་དང་འགལ་ཏེ་རྩྭ་ཐང་སྟེང་ནས་ས་རྡོ་བྱེ་གསུམ་བརྐོ་སློག་བྱེད་པ་སོགས་ཀྱི་བྱ་འགུལ་བསྒྲུབས་ཚེ།ཉེས་འགན་ཅི་ཞིག་ཁུར་དགོས།

ཆོག་མཆན་ཐོབ་མེད་པ་དང་ཡང་ན་གཏན་ཁེལ་བྱས་པའི་དུས་ཚོད་དང་ས་ཁོངས།བརྐོ་སློག་བྱེད་སྟངས་བཅས་གཏན་ཁེལ་ལྟར་མ་བྱས་པར་རྩྭ་ཐང་སྟེང་ནས་ས་རྡོ་བྱེ་གསུམ་བརྐོ་སློག་བྱེད་པ་སོགས་ཀྱི་བྱ་འགུལ་བསྒྲུབས་དགོས་ཚེ།རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པའི་ཁག་འགན་དཀྲིས་ཏེ།དུས་བཅད་ལྟར་སྔོ་ཁེབས་སླར་གསོ་བྱེད་པ་དང་།ཁྲིམས་དང་མི་མཐུན་པའི་རྒྱུ་ནོར་དང་ཁྲིམས་འགལ་གྱི་ཐོབ་ཆ་བཅས་གཞུང་བཞེས་བྱེད་པ་མ་ཟད།ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ཆད་དང་ལྡབ་ལྔ་མན་ཆད་ཀྱི་དངུལ་ཆད་གཅོད་དགོས།ཁྲིམས་འགལ་གྱི་ཐོབ་ཆ་མེད་ཚེ།སྒོར་ཁྲི་གཉིས་མན་ཆད་ཀྱི་དངུལ་ཆད་གཅོད་ཆོག རྩྭ་ཐང་དབང་མཁན་དང་ཡང་ན་སྤྱོད་མཁན་ལ་གྱོང་རྒུད་བཟོས་ཚེ།ཁྲིམས་ལྟར་སྐྱིན་ཚབ་ཀྱི་འགན་འཁྲི་ཁུར་དགོས།

61རྩྭ་ཐང་སྟེང་དུ་ཕྱུགས་རྩྭ་དང་ཡང་ན་གཟན་ཆས་ལོ་ཏོག་འདེབས་འཛུགས་བྱས་ཚེ།རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན།བེད་སྤྱོད་བཅས་ཀྱི་འཆར་འགོད་དང་མཐུན་པར་བྱེད་དགོས་དོན་ཅི་ཡིན།

རྩྭ་ཐང་སྟེང་ནས་གནམ་གཤིས་དང་ཆུ་ཁུངས་ཀྱི་ཆ་རྐྱེན་དང་འཕྲོད་པའི་གནས་ཀྱི་ཕྱུགས་རྩྭ་དང་ཡང་ན་གཟན་རྩྭ་གཟན་ཆས་མཁོ་སྤྲོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་དང་།རང་བྱུང་རྩྭ་ཐང་སྟེང་གི་ཕྱུགས་འཚོ་བའི་ལྗིད་ཐེག་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།རྒྱལ་ཁབ་ཀྱིས་ཀྱང་དོན་དག་འདིར་བསྐུལ་བསྟོད་དང་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད།ཡིན་ནའང་རྩྭ་ཐང་སྐྱེ་ཁམས་ཀྱི་ཁོར་ཡུག་དེ་ཅུང་ཉམས་ཞན་གྱི་གནས་སུ་འགྲོ་བཞིན་ཡོད་པ་དང་།རྩྭ་ཐང་སྟེང་དུ་ཕྱུགས་རྩྭ་དང་ཡང་ན་གཟན་ཆས་ལོ་ཏོག་འདེབས་འཛུགས་བྱེད་དགོས་ཚེ།གལ་ཏེ་འདེབས་འཛུགས་བྱེད་སྐབས།གལ་ཏེ་འདེབས་ལུགས་མ་རེད་ཚེ།གཟན་ཆས་ཁ་སྣོན་གྱི་དམིགས་ཡུལ་ལ་སླེབས་དཀའ་བ་མ་ཟད།ད་དུང་རྩྭ་ཐང་བྱེ་འགྱུར་དང་ས་ཆུ་ཤོར་སྲིད་ཀྱི་རེད།ད་དུང་ས་ཆ་ཁ་ཤས་ཀྱིས་ཕྱུགས་རྩྭ་དང་ཡང་ན་གཟན་ཆས་ལོ་ཏོག་འདེབས་འཛུགས་ལ་ཁག་གཡར་ཏེ།རྩྭ་ཐང་བསློགས་ནས་འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་བྱས་མཐར།རྩྭ་ཐང་ལ་གཏོར་བརླག་ཆེན་པོ་བཟོས་ཡོད།དེར་བརྟེན།《རྩྭ་ཐང་བཅའ་ཁྲིམས》ནང་གི་གཏན་འབེབ་ལྟར་ན།རྩྭ་ཐང་སྟེང་དུ་ཕྱུགས་རྩྭ་དང་ཡང་ན་གཟན་ཆས་ལོ་ཏོག་འདེབས་འཛུགས་བྱེད་སྐབས།རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན།བེད་སྤྱོད་བཅས་ཀྱི་འཆར་འགོད་དང་མཐུན་པར་བྱེད་དགོས།རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན།བེད་སྤྱོད་བཅས་ཀྱི་འཆར་འགོད་དང་མཐུན་པར་བྱེད་དགོས།རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན།བེད་སྤྱོད་བཅས་ཀྱི་འཆར་འགོད་དེ་གནམ་གཤིས་དང་ཆུ་ཁུངས།ས་ཞིང་སོགས་ལ་བརྟག་དཔྱད་དང་རྒྱུས་ལོན་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཚན་རིག་ལྟར་སྒྲིག་བཟོ་བྱས་པ་ཡིན་ལ།རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན།བེད་སྤྱོད་བཅས་ཀྱི་རྨང་གཞི་གལ་ཆེན་དང་གཞི་འཛིན་ས་གཙོ་བོའམ་ཡིན།འཆར་གཞི་གཏན་འཁེལ་བྱས་པའི་ས་ཁོངས་ནང་ནས་ཕྱུགས་རྩྭ་དང་ཡང་ན་གཟན་ཆས་ལོ་ཏོག་འདེབས་འཛུགས་བྱས་ན།གཞི་ནས་རྩྭ་ཐང་ངན་འགྱུར་དང་ས་ཆུ་ཤོར་བར་ཕན་ནུས་སྒོས་འགོག་བཅོས་བྱེད་ཐུབ།

62རྩྭ་ཐང་སྟེང་དུ་བདག་གཉེར་རང་བཞིན་གྱི་གནས་སྐོར་བྱ་འགུལ་སྤེལ་ཚེ་གནད་དོན་གང་དག་ལ་ཡིན་འཇོག་བྱེད་དགོས།

རྩྭ་ཐང་གནས་སྐོར་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྤེལ་བྱས་ན།ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་།རོང་འབྲོག་པའི་ཡོང་སྒོ་འཕར་སྣོན།རྩྭ་ཐང་གི་རིག་གནས་དར་སྤེལ་བཅས་ཚང་མར་ནུས་པ་གལ་ཆེན་ལྡན་ཡོད་མོད།ཡིན་ནའང་གལ་ཏེ་གོ་རིམ་མེད་པའི་སྒོ་ནས་བདག་གཉེར་རང་བཞིན་གྱི་གནས་སྐོར་བྱ་འགུལ་སྤེལ་ན།རྩྭ་ཐང་འགན་གཙང་ལེན་བདག་གཉེར་མཁན་གྱི་ཁེ་ལའང་གནོད་པ་ཆེན་པོ་བཟོ་སྲིད།རྩྭ་ཐང་གནས་སྐོར་གྱི་བྱ་འགུལ་ཚད་ལྡན་ངང་སྤེལ་ཆེད།བདག་གཉེར་རང་བཞིན་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་ལས་ཁུངས་དང་ཡང་ན་མི་སྒེར་གྱིས་གཤམ་གྱི་གནད་དོན་འགལ་ལ་ཡིད་འཇོག་བྱེད་དགོས་པ་སྟེ།﹙1﹚རྩྭ་ཐང་སྟེང་དུ་བདག་གཉེར་རང་བཞིན་གྱི་གནས་སྐོར་བྱ་འགུལ་སྤེལ་ཚེ།རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན།བེད་སྤྱོད་བཅས་ཀྱི་འཆར་འགོད་དང་མཐུན་པར་བྱེད་དགོས།འཆར་འགོད་ནང་དུ་གནས་སྐོར་བྱ་འགུལ་སྤེལ་མི་ཆོག་པའི་རྩྭ་ཐང་དུ།གནས་སྐོར་བྱ་འགུལ་སྤེལ་མི་ཆོག﹙2﹚འབྲེལ་ཡོད་ཀྱི་འགྲོ་ལུགས་མ་སྒྲུབ་པའི་སྔོན་དུ།ཐོག་མར་ས་གནས་སོ་སོའི་རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་ཡིད་འཐད་བྱུང་དགོས།﹙3﹚རྩྭ་་ཐང་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་ལ།རྩྭ་ཐང་གི་སྔོ་ཁེབས་ལའང་གཏོར་བརླག་བྱེད་མི་ཆོག﹙4﹚གཏན་འབེབ་དང་འགལ་ཏེ་རང་དགར་གྱིས་རྩྭ་ཐང་སྟེང་དུ་བདག་གཉེར་རང་བཞིན་གྱི་གནས་སྐོར་བྱ་འགུལ་སྤེལ་བ་དང་།རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བརླག་བྱས་ཚེ།ཉེས་ཆད་ཁེལ་ངེས་རེད།

63 ﹑གཏན་ཁེལ་དང་འགལ་ཏེ་རང་དགར་གྱིས་རྩྭ་ཐང་སྟེང་དུ་བདག་གཉེར་རང་བཞིན་གྱི་གནས་སྐོར་བྱ་འགུལ་སྤེལ་བ་དང་།རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བརླག་བྱས་ཚེ།ཉེས་འགན་ཅི་ཞིག་ཁུར་དགོས།

《རྩྭ་ཐང་བཅའ་ཁྲིམས》ནང་གི་གཏན་ཁེལ་དང་འགལ་ཏེ།རང་དགར་གྱིས་རྩྭ་ཐང་སྟེང་དུ་བདག་གཉེར་རང་བཞིན་གྱི་གནས་སྐོར་བྱ་འགུལ་སྤེལ་བ་དང་།རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བརླག་བྱས་ཚེ།རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པའི་ཁག་འགན་དཀྲིས་ཏེ།དུས་བཅས་ལྟར་སྔོ་ཁེབས་སླར་གསོ་བྱེད་པ་དང་།ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བྱེད་པ་མ་ཟད།ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ཆད་དང་ལྡབ་གཉིས་མན་ཆད་ཀྱི་དངུལ་ཆད་གཅོད་ཆོག ཁྲིམས་འགལ་གྱི་ཐོབ་ཆ་མེད་ཚེ།རྩྭ་ཐང་གཏོར་བརླག་མི་བྱས་སྔོན་གྱི་ཆ་སྙོམས་སྤྱིའི་ཐོན་ཚད་རིན་ཐང་གི་ལྡབ་དྲུག་ཡན་ཆད་དང་ལྡབ་བཅུ་གཉིས་མན་ཆད་ཀྱི་དངུལ་ཆད་གཅོད་ཆོགསྒོར་ཁྲི་ལྔ་མན་ཆད་ཀྱི་དངུལ་ཆད་གཅོད་དགོས།རྩྭ་ཐང་དབང་མཁན་དང་ཡང་ན་སྤྱོད་མཁན་ལ་གྱོང་རྒུད་བཟོས་ཚེ།ཁྲིམས་ལྟར་སྐྱིན་ཚབ་ཀྱི་འགན་འཁྲི་ཁུར་དགོས།

64.རྩྭ་ཐང་གི་ཨ་བྲ་དང་འབུ་གནོད་ཀྱི་འགོག་བཅོས་བྱ་བར་ཤུགས་སྣོན་དགོས་དོན་ཅི་ཡིན།

རང་རྒྱལ་གྱི་རྩྭ་ཐང་ལ་འབུ་དང་ཨ་བྲའི་གནོད་འཚེ་བྱུང་བ་ཧ་ཅང་ཚབས་ཆེ་ཞིང༌། ལོ་རེར་ཨ་བྲས་རྩྭ་སའི་རྒྱ་ཁྱོན་ཧ་ལམ་ཀུང་ཆིང་ཁྲི3000ཙམ་གནོད་སྐྱོན་བཟོས་པ་དང༌།འབུ་ཡིས་ཀུང་ཆིང་ཁྲི3000ཙམ་གནོད་སྐྱོན་བཟོས་ཡོད།རྩྭ་ཐང་གི་ཨ་བྲ་དང་འབུའི་གནོད་འཚེ་ཡང་པང་བྱུང་བ་དེས།རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བརླག་ཚབས་ཆེན་བཟོས་ཏེ།རྩྭ་ཐང་ངན་འགྱུར་དང་བྱེ་འགྱུར་ཚབས་ཇེ་ཆེར་བཟོས་པ་མ་ཟད།ད་དུང་རྩྭ་ཐང་ཕྱུགས་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་ལ་ཐད་ཀར་གནོད་པ་ཐེབས་ཡོད།དེར་བརྟེན།རྩྭ་ཐང་གི་ཨ་བྲ་དང་འབུ་གནོད་ཀྱི་འགོག་བཅོས་བྱ་བར་ཤུགས་སྣོན་བྱེད་པ་དེ།རྩྭ་ཐང་གི་སྔོ་ཁེབས་ལ་སྲུང་སྐྱོབ་དང༌།སྐྱེ་ཁམས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་དགོས་མཁོ་གལ་ཆེན་ཡིན་ལ།རྩྭ་ཐང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང༌།རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་དགོས་མཁོ་གལ་ཆེན་ཡང་ཡིན།

65.རྩྭ་ཐང་ནས་དུག་ཤེད་ཆེ་བ་དང་དུག་སྙིགས་མང་བ་དང་དེ་མིན་ཐེངས་གཉིས་པར་དུག་ཕོག་པར་བཟོ་སྲིད་པའི་ཞིང་སྨན་བེད་སྤྱོད་པར་བཀག་འགོག་བྱེད་དགོས་དོན་ཅི་ཡིན།

རྩྭ་ཐང་ནས་དུག་ཤེད་ཆེ་བ་དང་དུག་སྙིགས་མང་བ་བེད་སྤྱད་དེ་རྩྭ་ཐང་གི་ཨ་བྲ་དང་འབུ་གནོད་འགོག་བཅོས་བྱེད་ཀྱིན་ཡོད།ཤུལ་དུ་ལྷག་པའི་ཞིང་སྨན་དེས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་འབག་བཙོག་བཟོ་སྲིད།ཞིང་སྨན་དེ་དག་ཕྱུགས་རྩྭ་ཐོག་ཏུ་ལྷག་ན།ཕྱུགས་ཟོག་གིས་བཟོས་རྗེས་དུག་ཕོག་པའི་སྣང་ཚུལ་འབྱུང་སྲིད།ཞིང་སྨན་ཆར་ཆུ་དང་འདྲེས་ནས་ཆུ་བོའི་ནང་དུ་བཞུར་ན།མི་ཕྱུགས་གཉིས་ཀྱིས་འཐུང་རྗེས་དུག་ཕོག་པའི་སྣང་ཚུལ་ཡང་འབྱུང་སྲིད།དེ་ལས་གཞན།ཐེངས་གཉིས་པར་དུག་ཕོག་པར་བཟོ་སྲིད་པའི་ཞིང་སྨན་བེད་སྤྱོད་ཚེ། ཨ་བྲ་རྩ་མེད་གཏོང་བའི་ཆབས་ཅིག་ཏུ། ཨ་བྲའི་རང་བྱུང་དགྲ་ཡ(ཁྲ་གླག་དང་ཝ་སོགས)ལའང་དུག་ཕོག་ནས་རྐྱེན་ལམ་དུ་ཤོར་སྲིད།དེར་བརྟེན།རྒྱ་ཆེ་བའི་རོང་འབྲོག་པ་རྣམས་ཀྱིས་འབྲེལ་ཡོད་ལག་རྩལ་ཁྱབ་སྤེལ་སྡེ་ཁག་གི་མཛུབ་སྟོན་འོག་ནས་ཨ་བྲ་དང་འབུ་གནོད་འགོ་བཅོས་བྱ་བ་བསྒྲུབས་ཏེ།ཞིང་སྨན་བེད་སྤྱོད་འཆུག་པ་ལས་ཁོར་ཡུག་འབག་བཙོག་བཟོས་པའི་དོན་མི་འབྱུང་བར་བྱེད་དགོས།

66.འཕྲུལ་འགུལ་འཁོར་ལོ་རིགས་བགྲོད་ལམ་མི་བརྒྱུད་པ་རྩྭ་ཐང་སྟེང་ནས་རྒྱུགས་པར་བཀག་འགོག་བྱེད་དགོས་དོན་ཅི་རེད།

འཕྲུལ་འགུལ་འཁོར་ལོ་རིགས་བགྲོད་ལམ་མི་བརྒྱུད་པ་རྩྭ་ཐང་སྟེང་ནས་རྒྱུགས་ཚེ།རྩྭ་ཐང་སྔོ་ཁེབས་ལ་གཏོར་བརླག་ཚབས་ཆེན་བཟོ་སྲིད།ཡང་སྒོས་སུ་འཁོར་ལོ་ལྗིད་རིགས་རྩྭ་ཐང་སྟེང་ནས་རྒྱུགས་ཚེ།རྩྭ་ཐང་གི་ས་རྒྱུ་སྲ་མཁྲེགས་སུ་འགྱུར་ཏེ།སྔོ་ཁེབས་སླར་གསོ་བྱེད་དཀའ་བ་རེད།དེར་བརྟེན།《རྩྭ་ཐང་བཅའ་ཁྲིམས》ནང་དུ།འཕྲུལ་འགུལ་འཁོར་ལོ་རིགས་རྩྭ་ཐང་སྟེང་ནས་རྒྱུགས་པར་བཀག་འགོག་བྱེད་དགོས་ཞེས་གཏན་འབེབ་གསལ་བོ་བྱས་ཡོད།ཡིན་ནའང་ཉེན་འགོག་རྒུད་སྐྱོབ(རྩྭ་ཐང་མེ་གསོད་ལྟ་བུའོ)དང་འབྲོག་པ་འཚེར་སྤོ་བའི་འཕྲུལ་འགུལ་འཁོར་ལོ་རིགས་ཕུད་པའི་དུས་མཚུངས་སུ། ས་གཤིས་རྩད་གཅོད་དང་ཚན་རིག་རྟོག་ཞིབ་སོགས་བྱ་འགུལ་སྤེལ་བའི་ཁྱད་འཕགས་རང་བཞིན་ལའང་བསམ་བློ་གཏོང་དགོས། 《རྩྭ་ཐང་བཅའ་ཁྲིམས》ནང་གི་གཏན་འབེབ་ལྟར་ན།ས་གཤིས་རྩད་གཅོད་དང་ཚན་རིག་རྟོག་ཞིབ་སོགས་ཀྱི་བྱ་འགུལ་སྤེལ་བར་དངོས་གནས་བགྲོད་ལམ་མི་བརྒྱུད་པ་རྩྭ་ཐང་སྟེང་ནས་རྒྱུགས་དགོས་ཚེ།རྫོང་རིམ་པའི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་འགྲོ་སྐྱོད་ས་ཁོངས་དང་འགྲོ་སྐྱོད་ལམ་ཕྱོགས་ཀྱི་འཆར་གཞི་གོང་སྤྲོད་བྱས་ཏེ།མཐའ་གཅིག་ཏུ་ཁས་ལེན་བྱས་རྗེས་གཞི་ལག་བསྟར་བྱེད་དགོས།འདི་ལྟ་བུའི་གཏན་འབེབ་བྱེད་དོན་ནི་འཕྲུལ་འགུལ་འཁོར་ལོ་རིགས་ཀྱིས་རྩྭ་ཐང་ལ་བཟོས་པའི་གཏོར་བརླག་ཇེ་ཆུང་དུ་གཏོང་བ་དང་ཡང་ན་གཏོར་བརླག་མི་འབྱུང་བའི་ཆེད་དུ་ཡིན།

67.རྩྭ་ཐང་སྟེང་དུ་འཕྲུལ་སྒུལ་འཁོར་ལོ་གཏན་ཁེལ་ལྟར་མི་བསྐྱོད་ན་འགན་འཁྲི་ཅི་ཞིག་འཁུར་དགོས།

ཉེན་སྐྱོབ་གནོད་སེལ་དང་འབྲོག་པ་རུ་སྤོ་བའི་འཕྲུལ་སྒུལ་འཁོར་ལོ་མིན་པའི་འཁོར་ལོ་བགྲོད་ལམ་དང་བྲལ་ནས་རྩྭ་ཐང་སྟེང་བསྐྱོད་པའམ་ས་གཤིས་རྩད་གཅོད་དང་ཚན་རིག་རྟོག་ཞིབ་ལ་སོགས་པའི་བྱེད་སྒོ་སྤེལ་ནས་རྩྭ་ཐང་གི་སྤང་ཤུན་བརླག་སྐྱོན་བཏང་ན།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་སྤྱོད་ངན་སྤེལ་མཚམས་འཇོག་ཏུ་འཇུག་པ་དང༌།དུས་བཅད་ལྟར་སྤང་ཤུན་བསྐྱར་གསོ་བྱེད་དུ་འཇུག་དགོས།རྩྭ་ཐང་བརླག་སྐྱོན་མ་ཕོག་སྔོན་ལོ་གསུམ་གྱི་ཆ་སྙོམས་ཐོན་རིན་གྱི་ལྡབ་གསུམ་ཡན་ནས་དགུ་མན་གྱི་དངུལ་ཆད་བཅད་ཆོགརྩྭ་ཐང་དབང་མཁན་ནམ་སྤྱོད་མཁན་ལ་གྱོང་གུན་བཟོས་ན།ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་ཁུར་དགོས། 68.རྒྱལ་ཁབ་ཀྱིས་འདྲེ་མོ་སྐྲ་ཤད་འཚོལ་སྡུད་དང་ཕྱིར་འཚོང་བར་གཏན་འགོག་བྱེད་དགོས་དོན་ཅི་ཡིན།

འདྲེ་མོ་སྐྲ་ཤད་ནི་རང་རྒྱལ་གྱི་སྲུང་སྐྱོང་རིམ་པ་དང་པོའི་རི་སྐྱེས་རྩི་ཤིང་ཡིན་པ་དང༌། གཙོ་བོ་ཐང་རྒོད་རྩྭ་ཐང་དུ་སྐྱེ་བ་ཡིན།འདྲེ་མོ་སྐྲ་ཤད་དེ་རྒྱ་སྐད་ལས་ཕྱུག་གྱུར་ཟེར་བའི“ཧྥི་ཚའེ”དང་སྒྲ་མཐུན་པས།ས་གནས་ཁ་ཤས་དང་ལྷག་པར་དུ་ལྷོ་ཕྱོགས་ས་ཁུལ་གྱི་འཛད་སྤྱོད་བྱེད་མཁན་རྣམས་ལ་རྨོངས་དད་བསམ་བློའི་ཤུགས་རྐྱེན་ཐེབས་ནས་འདྲེ་མོ་སྐྲ་ཤད་འཛད་སྤྱོད་བྱེད་པའི་གོམས་སྲོལ་ཡོད།ཁེ་ཕན་གྱི་ཆེད་དུ།རང་རྒྱལ་གྱི་རྩྭ་ཐང་ས་ཁུལ་ཁ་ཤས་ཀྱིས་འདྲེ་མོ་སྐྲ་ཤད་འཚོལ་སྡུད་བྱེད་པའི་བྱ་འགུལ་ཅུང་ཚབས་ཆེན་ཡིན།འདྲེ་མོ་སྐྲ་ཤད་འཚོལ་སྡུད་བྱེད་པ་དེས་ཐད་ཀར་འདྲེ་མོ་སྐྲ་ཤད་ཀྱི་ཐོན་ཁུངས་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བ་མ་ཟད། ད་རུང་རྒྱ་ཁྱོན་ཆེ་བའི་རྩྭ་ཐང་ཉམས་ཞན་དུ་གྱུར་བ་དང་བྱེ་དུ་འགྱུར་བཞིན་ཡོད། རོང་འབྲོག་པའི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་ཤུགས་རྐྱེན་ཐེབས་སྲིད།དེའི་ཕྱིར།2000ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སེམས་ཐག་ཆོད་པོའི་བྱེད་ཐབས་སྤྱད་ནས།ཡིག་ཆ་གཤམ་བསྒྲགས་བྱས་ཏེ་འདྲེ་མོ་སྐྲ་ཤད་འཚོལ་སྡུད་དང་ཕྱིར་ཚོང་རྒྱག་པར་གཏན་འགོག་བྱེད་པ་དང་འདྲེ་མོ་སྐྲ་ཤད་ཀྱི་ཚོང་ར་མེད་པ་བཟོ་དགོས་པར་གཏན་ཁེལ་གསལ་པོ་བྱས་ཡོད།

69.རྒྱལ་ཁབ་ཀྱིས་ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱེད་སྐབས་འཚོལ་སྡུད་དཔང་ཡིག་གི་ལམ་ལུགས་གལག་བསྟར་བྱེད་དོན་ཅི་ཡིན།

ཤིང་མངར་དང་མཚེ་ལྡུམ་ནི་རང་རྒྱལ་གྱི་སྲུང་སྐྱོང་རིམ་པ་གཉིས་པའི་རི་སྐྱེས་རྩི་ཤིང་ཡིན། ཤིང་མངར་དང་མཚེ་ལྡུམ་ག་བྱེ་འཇགས་ཀྱི་ནུས་པ་གལ་ཆེན་ལྡན་པ་དང༌།དུས་མཚུངས་སུ་སྨན་སྤྱོད་རིན་ཐང་ཅུང་མཐོན་པོའང་ལྡན།ཤིང་མངར་དང་མཚེ་ལྡུམ་གོ་རིམ་མེད་པའི་སྒོ་ནས་འཚོལ་སྡུད་བྱས་ན།ཤིང་མངར་དང་མཚེ་ལྡུམ་རྩྭའི་ཐོན་ཁུངས་ཉམས་པ་བཟོ་བ་དང་སྨན་རྫས་ལས་རིགས་སྐྱོན་བྲལ་ངང་འཕེལ་བར་ཤུགས་རྐྱེན་བཟོ་བ་མ་ཟད།ད་རུང་རྩྭ་ཐང་གི་སྐྱེ་ཁམས་ཁོར་པུག་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང༌།རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད།ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་དང་དོ་དམ་བྱེད་པར་ཤུགས་སྣོན་པ་དང༌།ཤིང་མངར་དང་མཚེ་ལྡུམ་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་དང་བསྟུད་མར་བེད་སྤྱོད་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཆེད་དུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱས་དོན།རྒྱལ་ཁབ་ཀྱིས་ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱེད་སྐབས་འཚོལ་སྡུད་དཔང་ཡིག་གི་ལམ་ལུགས་ལག་བསྟར་བྱེད་དགོས། ཞིང་ལས་པུའུ་ཡིས་ཆེད་དུ《ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་དང་དོ་དམ་བྱེད་ཐབས》གཏན་འབེབས་བྱས་ཏེ། ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱ་འགུལ་ཁྲིམས་ལྟར་ཚད་ལྡན་དུ་བཏང་བ་དང༌། ཚུང་རོང་དང་མེ་ཏོག་གངས་ལྷ།དབྱར་རྩྭ་དགུན་འབུ་སོགས་རྩྭ་ཐང་གི་རི་སྐྱེས་རྩི་ཤིང་གཞན་པ་འཚོལ་སྡུད་དང་དོ་དམ་བྱེད་པའི་ཐད་ལའང་བྱེད་ཐབས་འདི་ལྟར་ལག་བསྟར་བྱེད་དགོས་པར་གཏན་ཁེལ་བྱས་ཡོད།

70.ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་དཔང་ཡིག་སྒྲུབ་པའི་རེ་འདུན་ཅི་ལྟར་ཞུ་དགོས།

ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱེད་པའི་རེ་སྡུན་ཞུ་བའི་སྡེ་ཚན་དང་མི་སྒེར་གྱིས་ངེས་པར་དུ་ཞིང་ཆེན་རིམ་པའི་རྩྭ་ཐང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གཅིག་གྱུར་གྱིས་དཔར་བཟོ་བྱེད་པའི་འཚོལ་སྡུད་ཞིབ་བཤེར་མཆན་འགོད་རེའུ་མིག་འབྲི་དགོས་པ་དང༌། འཚོལ་སྡུད་བྱེད་སའི་རྫོང་རིམ་པའི་རྩྭ་ཐང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བསམ་འཆར་བཀོད་རྗེས།ཞིང་ཆེན་རིམ་པའི་རྩྭ་ཐང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འཚོལ་སྡུད་དཔང་ཡིག་སྒྲུབ་པའི་རེ་འདུན་ཞུ་དགོས།ཞིང་ཆེན་རིམ་པའི་རྩྭ་ཐང་གི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ས་གནས་དེའི་ལོ་འཁོར་འཚོལ་སྡུད་འཆར་གཞི་ལྟར་འཚོལ་སྡུད་དཔང་ཡིག་སྟེར་དགོས།འཚོལ་སྡུད་དཔང་ཡིག་ཐོག་ངེས་པར་དུ་དཔང་ཡིག་འཛིན་མཁན་གྱི་ལོ་འཁོར་འཚོལ་སྡུད་གྲངས་ཚད་དང་འཚོལ་སྡུད་ས་ཆ།འཚོལ་སྡུད་དུས་ཡུན།འཚོལ་སྡུད་བྱེད་སྟངས་བཅས་གསལ་འགོད་བྱེད་དགོས།འཚོལ་སྡུད་དཔང་ཡིག་གི་ནུས་ཡོད་དུས་ཡུན་ནི་ལོ་གཅིག་ཡིན། 71.ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱེད་སྐབས་གནད་དོན་གང་དག་ལ་དོ་སྣང་བྱེད་དགོས།

ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་དཔང་ཡིག་ཁྲིམས་ལྟར་བླངས་རྗེས། འཚོལ་སྡུད་བྱེད་སྐབས་ད་དུང་གཤམ་གྱི་གནད་དོན་གསུམ་ལ་དོ་སྣང་བྱེད་དགོས་ཏེ། (1)འཚོལ་སྡུད་བྱ་འགུལ་དེ་ཁོངས་གཏོགས་ས་ཆའི་ཁྱབ་ཁོངས་ནང་དུ་ཚོད་འཛིན་བྱེད་དགོས་པ་དང༌། མི་གཞན་པར་བེད་སྤྱོད་དབང་ཆའམ་འགན་གཙང་ལེན་བདག་གཉེར་དབང་ཆ་ལྡན་པའི་རྩྭ་ཐང་དུ་ཁྲིམས་དང་འགལ་ནས་ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱེད་མི་ཆོག་ལ། མཐའ་མཚམས་རྩོད་གླེང་བྱུང་བའི་རྩྭ་ཐང་ཐོག་འཚོལ་སྡུད་ཀྱང་བྱེད་མི་ཆོག (2)ངེས་པར་དུ་འཚོལ་སྡུད་དཔང་ཡིག་ཐོག་གཏན་ཁེལ་བྱས་པའི་དུས་ཚོད་དང་ས་ཆ། རྣམགྲངས།གྲངས་ཚད།འཚོལ་སྡུད་ཡོ་བྱད་དང་བྱེད་ཐབས་བཅས་ལྟར་འཚོལ་སྡུད་བྱེད་དགོས་པ་དང༌།ཞིང་ཆེན་རིམ་པའི་རྩྭ་ཐང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱས་པའི་འཚོལ་སྡུད་བྱེད་མི་ཆོག་པའི་དུས་ཡུན་ནང་འཚོལ་སྡུད་བྱེད་མི་ཆོག་པའི་དུས་ཡུན་ནང་འཚོལ་སྡུད་བྱ་འགུལ་སྤེལ་མཚམས་འཇོག་དགོས། (3)ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱེད་སྐབས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་དོ་སྣང་བྱེད་དགོས། “འཚོལ་སྡུད་དང་གསོ་སྤེལ་ཟུང་འབྲེལ་བྱེད་པ་དང་བསྟུད་མར་བེད་སྤྱོད་བྱེད་པའི”རྩ་དོན་ལྟར་གསར་སྒྱུར་བསྐྱར་རྒྱས་ཀྱི་བྱ་བ་ལེགས་སྒྲུབ་བྱེད་དགོས།ཤིང་མངར་རྐོ་སྐབས་ངེས་པར་དུ་རང་བྱུང་གི་ས་རིམ་ལྟར་རྐོ་བའི་ཞོར་དུ་ཁོད་སྙོམས་བཟོ་དགོས།མཚེ་ལྡུམ་འབྲེག་སྐབས་རྩབ་ནས་བྲེགས་མི་ཆོགངེས་པར་དུ་མཚེ་ལྡུམ་གྱི་རྩ་བ་མི་བརླག་པར་ཁག་ཐེག་བྱེད་དགོས་པ་ལས། ཡང་བསྐྱར་སྐྱེ་བར་གནོད་རྐྱེན་བྱེད་མི་ཆོག

72.གཏན་ཁེལ་དང་འགལ་ནས་ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བརླག་པར་བཟོས་ན་འགན་འཁྲི་ཅི་ཞིག་འཁུར་དགོས།

《རྩྭ་ཐང་གི་བཅའ་ཁྲིམས》དང《ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་དང་དོ་དམ་བྱེད་ཐབས》སོགས་བཅའ་ཁྲིམས་དང་སྒྲིག་སྲོལ་གྱི་གཏན་ཁེལ་དང་འགལ་ནས། ཤིང་མངར་དང་མཚེ་ལྡུམ་འཚོལ་སྡུད་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བརླག་པར་བཟོས་ན།རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ཐང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འཚོལ་སྡུད་དཔང་ཡིག་ཕྱིར་འཐེན་པ་མ་ཟད།ད་རུང་སྤང་ཤུན་བསྐྱར་གསོ་བྱེད་དུ་འཇུག་པ་དང༌། སྤང་ཤུན་བསྐྱར་གསོ་མ་བྱས་ན།འབྲེལ་ཡོད་སྡེ་ཚན་དང་མི་སྒེར་དམིགས་འཛུགས་བྱས་ཏེ་སྤང་ཤུན་བསྐྱར་གསོ་བྱེད་པའི་ཚབ་བྱེད་པ་དང༌།མཁོ་བའི་གྲོན་དངུལ་དེ་འགན་ཁུར་པས་འཁུར་དགོས།ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་གསུམ་མན་གྱི་དངུལ་ཆད་བཅད་ཆོགའོན་ཀྱང་དངུལ་ཆད་ཆེས་མཐོན་པོ་སྒོར་ཁྲི་ཚོ་གསུམ་ལས་བརྒལ་མི་རུང༌།

73.རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣས་ལྟ་སྐུལ་དང་ཞིབ་བཤེར་གྱི་འགན་འཁྲི་ལག་བསྟར་བྱེད་སྐབས་བྱེད་ཐབས་སྤྱོད་དབང་གང་དག་ཡོད།

རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣས་ལྟ་སྐུལ་དང་ཞིབ་བཤེར་གྱི་འགན་འཁྲི་ལག་བསྟར་བྱེད་སྐབས་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དབང་ཡོད་པ་སྟེ། (1)ཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་མི་སྒེར་གྱིས་རྩྭ་ཐང་དབང་ཁོངས་ལ་འབྲེལ་བ་ཡོད་པའི་ཡིག་ཆ་དང་དཔྱད་ཡིག་འདོན་སྤྲོད་བྱས་ནས་ཀློག་བཤེར་རམ་འདྲ་བཟོ་བྱ་རྒྱུའི་བླང་བྱ་འདོན་པ་དང༌། (2)ཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་མི་སྒེར་གྱིས་རྩྭ་ཐང་དབང་ཁོངས་སོགས་ཀྱི་གནད་དོན་ལ་གསལ་བཤད་བྱ་རྒྱུའི་བླང་བྱ་འདོན་པ། (3)ཁྲིམས་འགལ་གནས་ཚུལ་བྱུང་སར་བསྐྱོད་ནས་པར་རྒྱག་དང༌། བརྙན་ལེན། རྩད་ཞིབ་ཐིག་ལེན་བཅས་བྱེད་དགོས། (4)ཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་མི་སྒེར་གྱིས་རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་སྤེལ་མཚམས་བཞག་ནས་ཁྲིམས་བཀོད་འོས་འགན་སྒྲུབ་ཏུ་འཇུག་རྒྱུ་བཅས་སོ།

74.རྩྭ་ཐང་གི་ལྟ་སྐུལ་དོ་དམ་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་སྐབས་རོང་འབྲོག་པས་རམ་འདེགས་ཅི་ལྟར་བྱེད་དགོས།

རྩྭ་ཐང་གི་ལྟ་སྐུལ་དོ་དམ་མི་སྣ་ནི་རྩྭ་ཐང་གི་བློ་དཀར་སྲུང་མཁན་ཡིན་ལ། རྩྭ་ཐང་སྲུང་སྐྱོང་དང་རོང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆེད་ལས་རུ་ཁག་ཀྱང་ཡིན། རྩྭ་ཐང་གི་ལྟ་སྐུལ་དོ་དམ་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་སྐབས། རོང་འབྲོག་པས་ཧུར་ཐག་གིས་རྒྱབ་སྐྱོར་དང་རམ་འདེགས་བྱེད་དགོས་པ་ལས། རྩྭ་ཐང་གི་ལྟ་སྐུལ་དོ་དམ་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་བཀག་འགོག་བྱེད་མི་རུང༌།

75.སྡེ་ཚན་དང་ཡང་ན་མི་སྒེར་གྱིས་རྩྭ་ཐང་གི་ཁྲིམས་འཛིན་བྱ་བ་འགལ་རྐྱེན་བཟོས་ན་འགན་འཁྲི་ཅི་ཞིག་རྩད་གཅོད་དགོས།

དྲག་ཤུགས་ཀྱིས་འཇིགས་སྣང་སྐུལ་བའི་བྱེད་ཐབས་སྤྱད་དེ་རྩྭ་ཐང་གི་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་འགལ་རྐྱེན་བཟོས་པར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་གཏན་ཁེལ་ལྟར་ནག་ཉེས་བསགས་ན། གཞུང་དོན་སྒྲུབ་པར་གནོད་སྐྱེལ་བའི་ཉེས་བསགས་ལྟར་ཁྲིམས་ལྟར་ཉེས་དོན་སྐོར་གྱི་འགན་འཁྲི་རྩད་གཅོད་དགོས། ཉེས་དོན་ཆད་གཅོད་ཀྱི་ཚད་གཞིར་མ་བསླེབས་ན། སྤྱི་བདེ་ལས་ཁུངས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཆད་གཅོད་བཅའ་ཁྲིམས》ལྟར་བདེ་འཇགས་དོ་དམ་ཐད་ཀྱི་ཆད་པ་གཅོད་དགོས།

76.རྩྭ་ཐང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་བྱ་བ་སྒྲུབ་མཁན་གྱིས་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པ་དང་འགན་དབང་ཅི་དགར་གྱིས་བེད་སྤྱད་པ། རྩྭ་ཐང་ལ་བལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་མ་བྱས་ན་འགན་འཁྲི་ཅི་ཞིག་འཁུར་དགོས།《རྩྭ་ཐང་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན། རྩྭ་ཐང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་བྱ་བ་སྒྲུབ་མཁན་གྱིས་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པ་དང་འགན་དབང་ཅི་དགར་གྱིས་བེད་སྤྱད་པ། རྩྭ་ཐང་ལ་བལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་མ་བྱས་པའམ་ཁྲིམས་འགལ་གྱི་བྱ་སྤྱོད་མཐོང་ན་ཞིབ་གཅོད་མ་བྱས་པར། མཐའ་འབྲས་ཚབས་ཆེན་བྱུང་བ་དང་ནག་ཉེས་བསགས་ན་ཁྲིམས་ལྟར་ཉེས་དོན་སྐོར་གྱི་འགན་འཁྲི་རྩད་ཅགོད་དགོས། ཉེས་དོན་ཆད་གཅོད་ཀྱི་ཚད་གཞིར་མ་བསླེབས་ན། སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས།

77.རོང་འབྲོག་པའི་རྩྭ་ཐང་གི་ཁྲིམས་འཛིན་སྡེ་ཁག་གིས་ཆད་པ་བཅད་པ་དང་ལེན་མ་བྱས་ན་ཐག་གཅོད་ཅི་ལྟར་བྱེད་དགོས།

ཐོག་མར་རྩྭ་ཐང་གི་ཁྲིམས་འཛིན་བྱ་སྤྱོད་སྤེལ་བའི་གོང་རིམ་སྲིད་འཛིན་ལས་ཁུངས་སམ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་ཁེལ་བྱས་པའི་སྲིད་འཛིན་ལས་ཁུངས་ལ་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ཆོག བསྐྱར་གྲོས་དང་ལེན་མ་བྱས་ན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས》གཞིར་བཟུང་སྟེ། མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག རོང་འབྲོག་པའི་ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་ཆོག་ལས། སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་མ་ཞུས་ནའང་ཆོག འོན་ཀྱང་གཏུག་བཤེར་གོ་རིམ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས》ཀྱི་གཏན་ཁེལ་དང་མཐུན་དགོས་པ་དང༌། གཏུག་བཤེར་དོན་ཚན་དེ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞི་དང་ལེན་བྱེད་པའི་ཁྱབ་ཁོངས་སུ་གཏོགས་དགོས།

78.རོང་འབྲོག་པའི་རིམ་པ་གང་ཞིག་གི་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་དགོས།

རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་བྱེ་བྲག་གི་སྲིད་འཛིན་བྱ་སྤྱོད་སྤེལ་བ་དང་ལེན་མ་བྱས་ན། རེ་འདུན་ཞུ་མཁན་གྱིས་བདམས་ཏེ་སྡེ་ཁག་དེའི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ཆོག་ལ། གོང་རིམ་གཙོ་གཉེར་སྡེ་ཁག་ལ་སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ནའང་ཆོག དཔེར་ན། རྫོང་ག་གེ་མོའི་ཕྱུགས་ལས་ཅུའུ་ཡིས་སྲིད་འཛིན་ཐོག་གི་ཆད་གཅོད་གཏན་ཁེལ་བྱེད་པ་དང་ལེན་མ་བྱས་ན། རྫོང་མི་དམངས་སྲིད་གཞུང་ལ་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ཆོག་ལ། གྲོང་ཁྱེར་ཕྱུགས་ལས་ཅུའུ་ལ་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ནའང་ཆོག རྩྭ་ཐང་ལྟ་ཞིབ་ལས་ཁུངས་ཀྱིས་བྱེ་བྲག་གི་སྲིད་འཛིན་བྱ་སྤྱོད་སྤེལ་བ་དང་ལེན་མ་བྱས་ན། ཐད་ཀར་རྩ་འཛུགས་དེ་དོ་དམ་བྱེད་པའི་སྲིད་གཞུང་དང་ཡང་ན་སྲིད་གཞུང་བྱ་བའི་སྡེ་ཁག་ལ་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ཆོག དཔེར་ན། རྫོང་རྩྭ་ཐང་ལྟ་ཞིབ་ས་ཚིགས་ཀྱིས་ཆད་གཅོད་གཏན་ཁེལ་བྱེད་པ་དང་ལེན་མ་བྱས་ན། རྫོང་མི་དམངས་སྲིད་གཞུང་དང་ཡང་ན་རྫོང་ཕྱུགས་ལས་ཅུའུ་ལ་སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ཆོག

79.རོང་འབྲོག་པས་རིམ་པ་གང་ཞིག་གི་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱེད་དགོས།

རོང་འབྲོག་པས་ཐོག་མར་ཆད་གཅོད་གཏན་ཁེལ་བྱས་པའི་སྲིད་འཛིན་ལས་ཁུངས་གནས་ཡུལ་གྱི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས། དཔེར་ན་རྫོང་རྩྭ་ཐང་ལྟ་ཞིབ་ས་ཚིགས་དང་ཡང་ན་རྫོང་ཕྱུགས་ལས་ཅུའུ་ཡིས་ཆད་གཅོད་གཏན་ཁེལ་བྱེད་པ་དང་ལེན་མ་བྱས་ན། རྫོང་དེའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས། བསྐྱར་གྲོས་བྱས་པ་བརྒྱུད་ནས་སྔོན་གྱི་ཆད་གཅོད་གཏན་ཁེལ་བསྒྱུར་ན། བསྐྱར་གྲོས་ལས་ཁུངས་གནས་ཡལ་གྱི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ནའང་ཆོག

80.རོང་འབྲོག་པས་སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་བའི་དུས་ཡུན་ཅི་ཙམ་ཡིན།

རོང་འབྲོག་པས་བྱེ་བྲག་གི་ཆད་གཅོད་བྱ་སྤྱོད་ཀྱིས་དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བར་ངོས་འཛིན་བྱས་ན། ཆད་གཅོད་བྱ་སྤྱོད་དེ་ཤེས་པའི་ཉིན་ནས་བཟུང་ཉིན60ནང་དུ་སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་ཆོག་མོད། འོན་ཀྱང་བཅའ་ཁྲིམས་ཀྱིས་རེ་འདུན་ཞུ་བའི་དུས་ཡུན་ཉིན60ལས་བརྒལ་བར་གཏན་ཁེལ་བྱས་པ་ལས་གཞན། འགོག་ཐབས་མེད་པའི་འགལ་རྐྱེན་དང་ཡང་ན་ལུགས་མཐུན་གྱི་རྒྱུ་རྐྱེན་གཞན་པ་དབང་གིས་ཁྲིམས་བཀོད་དུས་ཡུན་འགོར་འགྱང་བྱས་ན། རེ་འདུན་ཞུ་བའི་དུས་ཡུན་དེ་འགལ་རྐྱེན་སེལ་བའི་ཉིན་ནས་བཟུང་མུ་མཐུད་དུ་བརྩི་དགོས།

81、རོང་འབྲོག་པས་སྲིད་འཛིན་གཏུག་བཤེར་བྱེད་པའི་དུས་ཡུན་ཅི་ཙམ་ཡིན།

རོང་འབྲོག་པས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ན།བྱེ་བྲག་གི་ཆད་གཅོད་བྱ་་སྤྱོད་སྤེལ་བར་ཤེས་པའི་ཉིན་ནས་བཟུང་ཟླ་དསུམ་ནང་དུ་གཏུག་བཤེར་བྱེད་དགོས།བཅའ་ཁྲིམས་ཀྱིས་ཟུར་དུ་གཏན་ལ་ཕབ་པ་ལས་གཞན།གཏུག་བཤེར་བྱེད་སྐབས་སྔོན་གྱི་ཆད་གཅོད་གཏན་ཁེལ་ལག་བསྟར་བྱེད་མཚམས་འཇོག་མི་ཆོག།

82、སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་བ་དང་སྲིད་འཛིན་གཏུག་བཤེར་བྱེད་པ་གཉིས་ཆབས་ཅིག་ཏུ་སྒྲུབ་ཆོག་དམ།

སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་བ་དང་སྲིད་འཛིན་གཏུག་བཤེར་བྱེད་པ་གཉིས་ཆབས་ཅིག་ཏུ་སྒྲུབ་མི་ཆོག སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུས་རྗེས།སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་རྒྱུ་དང་ལེན་བྱས་ན།ཁྲིམས་བཀོད་སྲིད་འཛིན་བསྐྱར་གྲོས་བྱེད་པའི་དུས་ཡུན་ནང་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱེད་མི་རུང་།མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱས་རྗེས།མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཐག་གཅོད་རྒྱུ་དང་ལེན་བྱས་ན།སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་འདུན་ཞུ་མི་རུང་།

83、གལ་ཏེ་རོང་འབྲོག་པར་ཡིག་སྐུལ་ངོ་གཏུག་གི་རེ་འདོད་ཡོད་ན་རིམ་པ་གང་ཞིག་གི་སྡེ་ཁག་ལ་འདོན་དགོས།

ཡིག་སྐུར་ངོ་གཏུག་གི་དོན་ཐག་གཅོད་རྒྱུ་དང་ལེན་དང་ཐག་གཅོད་བྱེད་པའི་ཐད་ནས་ཁོངས་གཏོགས་ས་ཆའི་དོ་དམ་དང་རིམ་པ་ཕྱེས་ནས་འགན་ཁུར་བྱེད་པ་དང་།སུས་གཙོ་སྐྱོང་བྱས་ན་དེས་འགན་ཁརུ་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།དེའི་ཕྱིར།རོང་འབྲོག་པར་ཡིག་སྐུར་ངོ་གཏུག་གི་རེ་འདོད་ཡོད་ན།རིམ་པ་དེ་གའམ་གོང་རིམ་ལས་ཁུངས་ལ་འདོན་དགོས།གལ་ཏེ་ཡིག་སྐུར་ངོ་གཏུག་གི་དོན་དག་ཐག་གཅོད་རྒྱུ་དང་ལེན་བྱས་པའམ་ཐག་གཅོད་བྱེད་བཞིན་ཡོད་པ་དང་།ཡིག་སྐུར་ངོ་གཏུག་བྱེད་མཁན་གྱིས་ཀྱང་དོན་དངོས་དང་རྒྱུ་མཚན་གཅིག་པ་ལྟར་གོང་རིམ་ལས་ཁུངས་ལ་ཡིག་སྐུར་ངོ་གཏུག་གི་དོན་དག་བཏོན་ན།གོང་རིམ་ལས་ཁུངས་ཀྱིས་ཐག་གཅོད་རྒྱུ་དང་ལེན་རྒྱུ་མིན།

84、རོང་འབྲོག་པས་ཡིག་སྐུར་ངོ་གཏུག་གི་དོན་དག་འདོན་སྐབས་རྣམ་པ་གང་ཞིག་སྤྱོད་དགོས།

རོང་འབྲོག་པས་ཡིག་སྐུར་ངོ་གཏུག་གི་དོན་དག་འདོན་སྐབས་སྑྱིར་བཏང་དུ་ཡིག་ཐོག་རྣམ་པ་སྤྱོད་དགོས།དཔེར་ན་བསྐུར་ཡིག་དང་གློག་རྡུལ་སྦྲག་རྫས།བརྙན་སྐྱེལ་སོགས་ལྟ་བུ།ཡིག་སྐུར་ངོ་གཏུག་བྱེད་མཁན་གྱིས་ཉེས་འདོན་གྱི་རེ་འདུན་ཞུས་ན།ད་རུང་ཡིག་སྐུར་ངོ་གཏུག་བྱེད་མཁན་གྱི་རུས་མིང་དང་སྡོད་གནས།རེ་འདུན།དོན་དངོས།རྒྱུ་མཚན་བཅས་གསལ་འགོད་བྱེད་དགོས།འབྲེལ་ཡོད་ལས་ཁུངས་ཀྱིས་ཁ་ཐོག་རྣམ་པ་སྤྱད་དེ་ཞུས་པའི་རེ་འདུན་ལ་གཞིགས་ནས།ཡིག་སྐུར་ངོ་གཏུག་བྱེད་མཁན་གྱི་རུང་མིང་དང་སྡོད་གནས།རེ་འདུན།དོན་དངོས།རྒྱུ་མཚན་བཅས་ཐོ་འགོད་བྱེད་དགོས།

85、རོང་འབྲོག་པས་ཡིག་སྐུར་ངོ་གཏུག་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་ཅི་ཡིན།

རོང་འབྲོག་པས་ཡིག་སྐུར་ངོ་གཏུག་གི་དོན་ཚན་འདོན་སྐབས་དོན་དངོས་ཡིན་དགོས་པ་དང་།དེས་འདོན་སྤྲོད་བྱས་པའི་དཔྱད་གཞིའི་ནང་དོན་གྱི་དོན་དངོས་རང་བཞིན་ལ་འགན་ཁུར་བ་ལས།དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱེད་མི་རུང་བ་དང་།མི་གཞན་པར་སྙོན་འཛུགས་ཞུ་གཏུག་དང་ནག་མེད་ཉེས་འགེལ་བྱེད་མི་རུང་།གལ་ཏེ་དོན་དངོས་རྫུན་བཟོ་དང་འཁྱོག་བཤད།མི་གཞན་པར་སྙོན་འཛུགས་ཞུ་གཏུགནག་མེད་ཉེས་འགེལ་བཅས་བྱས་ཏེ་ནག་ཉེས་བསགས་ན།ཉེས་དོན་གྱི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་དགོས།ད་རུང་ནག་ཉེས་སུ་གྱུར་མེད་ན།སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།རོང་འབྲོག་པས་ཡིག་སྐུར་ངོ་གཏུག་བྱེད་པའི་བརྒྱུད་རིམ་ཁྲོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས་པ་ལས།ལས་ཁུངས་ཀྱི་གཞུང་ལས་སྒྲུབ་སའི་མཐའ་སྐོར་དང་མི་ཚོགས་འདུ་སར་ཁྲིམས་དང་འགལ་ནས་བསྡུས་རུབ་དང་བསྐོར་བཀག་བྱེད་མི་རུང་།གཞུང་ལས་སྒྲུབ་པར་འགྲོ་བའི་རླངས་འཁོར་འགོག་པའམ་འགྲིམ་འགྲུལ་བཀག་འགོག་བྱེད་མི་རུང་།ཉེན་ཅན་དངོས་རྫས་དང་རྩིས་སྤྲོད་དོ་དམ་གྱི་ཡོ་བྱད་འཁྱེར་་མི་རུང་།རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བ་སྒྲུབ་མཁན་ལ་བརྙས་བཅོས་དང་ཉེས་རྡུང་།འཇིགས་སྐུལ་བཅས་བྱེད་པའམ་མི་གཞན་པའི་མི་ལུས་རང་དབང་ཁྲིམས་འགལ་ཚོད་འཛིན་བྱེད་མི་རུང་།ཡིག་སྐུར་ངོ་གཏུག་པར་སྣེ་ལེན་ཡུལ་དུ་རང་སོར་འཇོག་པ་དང་ཟིང་ཆ་སློང་བའམ་ཡིག་སྐུར་ངོ་གཏུག་པར་སྣེ་ལེན་ཡུལ་དུ་འཚོ་བའི་ཐད་རང་དོན་རང་སྒྲུབ་བྱེད་མི་ཐུབ་པའི་མི་ཟུར་དུ་དོར་མི་རུང་།མི་གཞན་པས་ཡིག་སྐུར་ངོ་གཏུག་བྱེད་པར་ངན་སྐུལ་དང་འབྲེལ་གཏུག བཙན་ཤེད།རྒྱུ་ནོར་གྱིས་སླུ་བྲིད།ལྐོག་འཛིན་བཅས་བྱེད་མི་རུང་བའམ་ཡིག་སྐུར་ངོ་གཏུག་གི་མིང་གཡར་ནས་སྐབས་བསྟུན་རྒྱུ་ནོར་འཕྲོག་ལེན་བྱེད་མི་རུང་།

86、རོང་འབྲོག་པས་འདྲི་རྟོག་གི་རྣམ་པ་བཀོལ་ནས་ཡིག་སྐུར་ངོ་གཏུག་གི་དོན་ཚན་འདོན་སྐབས་གནད་དོན་གང་དག་ལ་དོ་་སྣང་བྱེད་དགོས།

རོང་འབྲོག་པས་འདྲི་རྟོག་གི་རྣམ་པ་བཀོལ་ནས་ཡིག་སྐུར་ངོ་གཏུག་གི་དོནཚན་བཏོན་ན།འབྲེལ་ཡོད་ལས་ཁུངས་ཀྱིས་བཙུགས་པའམ་དམིགས་འཛུགས་བྱས་པའི་སྣེ་ལེན་ཡུལ་དུ་སོང་ནས་འདོན་དགོས།མི་མང་པོས་འདྲི་རྟོག་གི་རྣམ་པ་བཀོལ་ནས་ཐུན་མོང་གི་ཡིག་སྐུར་ངོ་གཏུག་གི་དོན་ཚན་བཏོན་ན།འཐུས་མི་འདེམས་སྒྲུག་བྱེད་དགོས་པ་དང་།འཐུས་མིའི་མི་གྲངས་དེ་མི5ལས་བརྒལ་མི་རུང་།

87、རྩྭ་ཐང་གི་མེ་ཟོན་ལ་དོ་སྣང་བྱེད་དགོས་དོན་ཅི་ཡིན།

གལ་ཏེ་རྩྭ་ཐང་ལ་མེ་སྐྱོན་བྱུང་ན།ཕྱུགས་ཟོག་བསྲེགས་ནས་ཤི་སླ་བ་དང་ཐ་ན་མི་སྣ་ཡང་ཤི་རྨས་བྱུང་བ་དང་།སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་ཡུད་ཙམ་ཞིག་ཏུ་བརླགས་པར་བཅུག་ནས།མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཏེ།འབྲོག་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་དང་འབྲོག་པའི་ཡོང་སྒོ་མུ་མཐུད་ཇེ་མང་དུ་གཏོང་བར་ཤུགས་རྐྱེན་ཚབས་ཆེན་བཟོ་བ་དང་།ཐ་ན་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལའབ་འཇིགས་སྐུལ་ཐེབས་སྲིད།དེའི་ཕྱིར།ངེས་པར་དུ་རྩྭ་ཐང་གི་མེ་ཟོན་ལ་གཙིགས་འཛིན་བྱེད་དགོས།

88、རྩ྄་ཐང་ལ་མེ་སྐྱོན་འབྱུང་བའི་རྒྱུ་མཚན་གཙོ་བོ་གང་དག་ཡོད།

རྩྭ་ཐང་ལ་མེ་སྐྱོན་འབྱུང་བའི་རྒྱུ་མཚན་ཧ་ཅང་མང་བ་དང་།གཙོ་བོ་ཐོན་སྐྱེུད་ཐད་མེ་སྤྱོད་པ་དང་བྱེས་སུ་དྲོད་ལེན་པ་དང་ཟ་མ་སྐོལ་བ།ཐལ་སྙིགས་འཕོ་པ།འཕྲུལ་སྒུལ་རླངས་འཁོར་ལས་མེ་སྟག་ཤོར་བ།ཐ་མག་རོ་ཏོ་གང་བྱུང་དུ་དབྱུག་པ།དུར་མཆོད་སྦྱིན་སྲེགམེ་རྩེད་རྩེས་པ་སོགས་མིས་བཟོས་པའི་རྒྱུ་མཚན་ཡིན།མེ་ཤོར་བའི་རྒྱུ་མཚན་གྱི90﹪ཡན་ཟིན་ཡོད།དེའི་ཕྱིར།རྩྭ་ཐང་གི་མེ་ཟོན་ས་ཁུལ་གཙོ་བོའི་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་ལྡན་རང་བཞིན་གྱི་རྩྭ་ཐང་གི་མེ་ཟོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རྩ་འཛུགས་བྱས་ཏེ།སྤྱི་དམངས་ཀྱི་རྩྭ་ཐང་གི་མེ་ཟོན་འདུ་ཤེས་མཐོར་འདེགས་གཏོང་དགོས།སྤྱི་ཚོགས་ལས་རིགས་ཁག་སོ་སོས་རྩྭ་ཐང་གི་མེ་ཟོན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།གཏན་ཁེལ་ལྟར་རང་རྟོགས་ཀྱིས་མེ་ཁུངས་བེད་སྤྱོད་བྱས་ཏེ་རྩྭ་ཐང་གི་མེ་སྐྱོན་མངོན་མེད་རྐྱེན་ངན་ཅི་ཐུབ་ཀྱིས་ཇེ་ཉུང་དུ་གཏོང་དགོས།

89、གལ་ཏེ་རོང་འབྲོག་པས་རྩྭ་ཐང་དུ་མེ་མཐོང་ན་སུ་ལ་ཞུབ་འབུལ་བྱེད་དགོས།

གལ་ཏེ་རོང་འབྲོག་པས་རྩྭ་ཐང་དུ་མེ་མཐོང་ན།དུས་ཐོག་ཏུ་ཁ་པར་ཨང་གྲངས“110”བཏང་སྟེ་ཉེན་བརྡ་སྐྱེལ་བ་མ་ཟད།ད་དུང་ས་གནས་དེ་གའི་མི་དམངས་སྲིད་གཞུང་དང་ཡང་ན་རྩྭ་ཐང་གི་མེ་ཟོན་གཙོ་གཉེར་སྡེ་ཁག་ལ་དུས་ཐོག་ཏུ་ཞུ་འབུལ་བྱེད་པར་ཞུ་དགོས།

90、རྩྭ་ཐང་གི་མེ་ཟོན་བྱ་བའི་ཐད་བརྩི་སྲུང་བྱེད་དགོས་པའི་བྱ་བའི་བྱེད་ཕྱོགས་ནི་ཅི་ཞིག་ཡིན།

རྩྭ་ཐང་གི་མེ་ཟོན་བྱ་བའི་ཐད་སྔོན་འགོག་གཙོ་བྱེད་པ་དང་།མེ་ཟོན་མེ་གསོད་ཟུང་འབྲེལ་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱེད་དགོས།

91、སྡེ་ཁག་གང་ཞིག་གིས་རྩྭ་ཐང་གི་མེ་ཟོན་བྱ་བ་གཙོ་གཉེར་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་ཟོན་བྱ་བར་གཙོ་གཉེར་བྱེད་དགོས།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་རྩྭ་ཐང་གི་མེ་ཟོན་གཙོ་སྐྱོང་སྡེ་ཁག་གིས་རང་གི་སྲིད་འཛིན་ས་ཁོངས་ནང་གི་རྩྭ་ཐང་གི་མེ་ཟོན་བྱ་བ་གཙོ་སྐྱོང་བྱེད་དགོས།རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་པས་རང་རང་གི་འགན་ཁུར་ཁྱབ་ཁོངས་ནང་རྩྭ་ཐང་གི་མེ་ཟོན་བྱ་བ་ལེགས་པོར་བསྒྲུབ་དགོས།གཙོ་གནད་རྩྭ་ཐང་གི་མེ་ཟོན་ཁུལ་གྱི་རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གིས་རྩྭ་ཐང་གི་མེ་སྐྱོན་སྐབས་བསྟུན་ཐག་གཅོད་འཆར་གཞིའི་གཏན་ཁེལ་གཞིར་བཟུང་ནས།རྩྭ་ཐང་གི་མེ་ཟོན་བཀོད་འདོམས་པུའུ་བཙུགས་ཏེ་རིམ་པ་དེའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་གི་མེ་གསོད་ཁྲོད་ཀྱི་འགན་འཁྲི་ལག་བསྟར་བྱེད་ཆོག

92、རྩྭ་ཐང་བདག་གཉེར་བེད་སྤྱོད་བྱེད་མཁན་ལ་རྩྭ་ཐང་གི་མེ་ཟོན་འགན་འཁྲི་གང་དག་ཡོད།

རྩྭ་ཐང་གི་ཞིང(འབྲོག)ར་དང་བཟོ་གཏེར་ཁེ་ལས།ཐོན་སྐྱེད་བདག་གཉེར་སྡེ་ཚན།བཅའ་སྡོད་དམངག་དཔུང་སྡེ་ཚན།རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་སྡེ་ཚན།ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་ཀྱིས་རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་དང་རྩྭ་ཐང་གི་མེ་ཟོན་གཙོ་གཉེར་སྡེ་ཁག་གི་མཛུབ་སྟོན་འོགརྩྭ་ཐང་གི་མེ་ཟོན་འགན་ཁུར་ལམ་ལུགས་དངོས་འབེབས་བྱ་རྒྱུ་དང་།མེ་ཁུངས་དོ་དམ་ལ་ཤུགས་སྣོན་པ།མེ་སྐྱོན་མངོན་མེད་རྐྱེན་ངན་སེལ་བ།རང་གི་སྡེ་ཚན་གྱི་རྩྭ་ཐང་གི་མེ་ཟོན་བྱ་བ་ལེགས་སྒྲུབ་བྱེད་དགོས།ལྕགས་ལམ་དང་གཞུང་ལམ།གློག་ཤུགས།འཕྲིན་གཏོང་སྐུད་ལམ།རྡོ་སྣུམ་སོལ་རླངས་སྦུག་ལམ་སོགས་བདག་གཉེར་སྡེ་ཚན་གྱིས་དེའི་རྩྭ་ཐང་གི་མེ་ཟོན་འགན་ཁུར་ཁུལ་ནང་དུ་མེ་ཟོན་བྱེད་ཐབས་དངོས་འབེབས་བྱས་ཏེ།རྩྭ་ཐང་མེ་སྐྱོན་འབྱུར་བར་སྔོན་འགོག་བྱེད་དགོས།རྩྭ་ཐང་འགན་གཙང་ལེན་བདག་གཉེར་བྱེད་པའི་མི་སྒེར་གྱིས་འགན་གཙང་ལེན་བདག་གཉེར་བྱས་པའི་རྩྭ་ཐང་གི་མེ་ཁུངས་དོ་དམ་ལ་ཤུགས་སྣོན་པ་དང་།མེ་སྐྱོན་མངོན་མེད་རྐྱེན་ངན་སེལ་ལ།རྩྭ་ཐང་གི་མེ་ཟོན་འོས་འགན་ལག་བསྟར་བྱེད་དགོས།

93、རྩྭ་ཐང་གི་མེ་ཟོན་དུས་སྐབས་ནང་མེ་ཟོན་ཁུལ་གྱིས་བྱེས་སུ་མེ་སྤྱོད་པའི་དོ་དམ་ལ་ཤུགས་སྣོན་ཅི་ལྟར་གཏོང་དགོས།

རྩྭ་ཐང་གི་མེ་ཟོན་དུས་སྐབས་ནང་ཐོན་སྐྱེད་བྱ་འགུལ་སྤེལ་བའི་དགོས་མཁོ་དབང་གིས་རྩྭ་ཐང་ཐོག་བྱེས་སུ་མེ་སྤྱོད་པར།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་འགོད་དགོས།མེ་སྤྱོད་སྡེ་ཚན་ནམ་མི་སྒེར་གྱིས་མེ་ཟོན་བྱེད་ཐབས་ལག་བསྟར་བྱས་ཏེ་མེ་ཤོར་བར་སྔོན་འགོག་བྱེད་དགོས།འཚོ་བའི་དགོས་མཁོ་དབང་གིས་རྩྭ་ཐང་ཐོག་མེ་སྤྱོད་པར།བདེ་འཇགས་ཀྱི་ས་གནས་བདམས་ནས་མེ་ཟོན་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་།མེ་བཀོལ་རྗེས་མེ་ལྷག་རྦད་དེ་གསོད་དགོས།གོང་གི་གནས་ཚུལ་ལས་གཞན།རྩྭ་ཐང་གི་མེ་ཟོན་དུས་སྐབས་ནང་རྩྭ་ཐང་ཐོག་བྱེས་སུ་མེ་སྤྱོད་པར་གཏན་འགོག་བྱེད་དགོས།

94、རྩྭ་ཐང་གི་མེ་ཟོན་རྩིས་སྤྲོད་དོ་དམ་སྐབས་སུ་མེ་ཟོན་རྩིས་སྤྲོད་དོ་དམ་ས་ཁུལ་གྱིས་བྱེས་སུ་མེ་སྤྱོད་པའི་དོ་དམ་ལ་ཤུགས་སྣོན་ཅི་ལྟར་གཏོང་དགོས།།

རྩྭ་ཐང་གི་མེ་ཟོན་རྩིས་སྤྲོད་དོ་དམ་དུས་སྐབས་ནང་བྱེས་སུ་མེ་སྤྱོད་པར་གཏན་འགོག་བྱེད་དགོས།རྩྭ་ཐང་གི་མེ་སྐྱོན་སློང་ཐུབ་པའི་བྱེས་མིན་མེ་སྤྱོད་པར།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་དང་ཡང་ན་རྩྭ་ཐང་གི་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་རྩིས་སྤྲོད་དོ་དམ་དམ་བླང་བྱ་ལྟར་དོ་དམ་ནན་མོ་བྱེད་དགོས།རྩྭ་ཐང་གི་མེ་ཟོན་རྩིས་སྤྲོད་དོ་དམ་ས་ཁུལ་དུ་ཡོང་བའི་འཁོར་ལོ་རིགས་ལ།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་གནང་བའི་རྩྭ་ཐང་གི་མེ་ཟོན་ལམ་ཡིག་ལེན་པ་མ་ཟད།ད་དུང་མེ་ཟོན་རྩིས་སྤྲོད་དོ་དམ་དང་ལེན་བྱེད་དགོས།

95、ཆོག་མཆན་མ་བཀོད་པར་རྩྭ་ཐང་ཐོག་བྱེས་སུ་མེ་སྤྱོད་པའམ་འབར་གཏོར་དང་རྩད་ཞིབ།ཨར་ལས་རྒྱག་པ་སོགས་བྱ་འགུལ་སྤེལ་བའི་བྱ་སྤྱོད་ལ་ཆད་པ་ཅི་ལྟར་གཅོད་དགོས།

ཆོག་མཆན་མ་བཀོད་པར་རྩྭ་ཐང་ཐོག་བྱེས་སུ་མེ་སྤྱོད་པའམ་འབར་གཏོར་དང་རྩད་ཞིབ།ཨར་ལས་རྒྱག་པ་སོགས་བྱ་འགུལ་སྤེལ་བའི་བྱ་སྤྱོད་ལ།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་།མེ་ཟོན་བྱེད་ཐབས་ལག་བསྟར་བྱེད་པ་མ་ཟད།ད་དུང་དུས་བཅད་ལྟར་འབྲེལ་ཡོད་འགྲོ་ལུགས་རྗེས་འགྲིམ་བྱས་ཏེ།འབྲེལ་ཡོད་འགན་ཁུར་མི་སྣར་སྒོར2000ཡན་ཆད་ནས5000མན་ཆད་བར་གྱི་དངུལ་ཆད་གཅོད་པ་དང་།འབྲེལ་ཡོས་འགན་ཁུར་སྡེ་ཚན་ལ་སྒོར5000ཡན་ཆད་ནས་ཁྲི་ཚོ2མན་ཆད་བར་གྱི་དངུལ་ཆད་གཅོད་དགོས།

96、རྩྭ་ཐང་གི་མེ་ཟོན་ལམ་ཡིག་མ་བླངས་ཏེ་རྩྭ་ཐང་གི་མེ་ཟོན་རྩིས་སྤྲོད་དོ་དམ་ས་ཁུལ་དུ་འགྲོ་བའི་བྱ་སྤྱོད་ལ་ཆད་པ་ཅི་ལྟར་གཅོད་དགོས།

རྩྭ་ཐང་གི་མེ་ཟོན་ལམ་ཡུག་མ་བླངས་པར་རྩྭ་ཐང་གི་མེ་ཟོན་རྩིས་སྤྲོད་དོ་དམ་ས་ཁུལ་དུ་འགྲོ་བའི་བྱ་སྤྱོད་ལ།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་།མེ་ཟོན་བྱེད་ཐབས་ལག་བསྟར་བྱེད་པ་མ་ཟད།ད་དུང་དུས་བཅད་ལྟར་འབྲེལ་ཡོད་འགྲོ་ལུགས་རྗེས་འགྲིམ་བྱས་ཏེ།འབྲེལ་ཡོད་འགན་ཁུར་མི་སྣར་སྒོར2000ཡན་ཆད་ནས5000མན་ཆད་བར་གྱི་དངུལ་ཆད་གཅོད་པ་དང་།འབྲེལ་ཡོད་འགན་ཁུར་སྡེ་ཚན་ལ་སྒོར5000ཡན་ཆད་ནས་ཁྲི་ཚོ2མན་ཆད་བར་གྱི་དངུལ་ཆད་གཅོད་དགོས།

97、

རྩྭ་ཐང་གི་མེ་ཟོན་དུས་སྐབས་ནང་རླངས་འཁོར་ཁ་ལོ་བའམ་རླངས་འཁོར་དུ་སྡོད་པའི་མི་སྣས་རང་དགར་གྱིས་རྩྭ་ཐང་དུ་ཐ་མག་རོ་ཏོ་སོགས་མེ་སོན་དབྱུག་པའི་བྱ་སྤྱོད་ལ་ཆད་པ་ཅི་ལྟར་གཅོད་དགོས།

རྩྭ་ཐང་གི་མེ་ཟོན་དུས་སྐབས་ནང་རླངས་འཁོར་ཁ་ལོ་བའམ་རླངས་འཁོར་དུ་སྡོད་པའི་མི་སྣས་རང་དགར་གྱིས་རྩྭ་ཐང་དུ་ཐ་མག་རོ་ཏོ་སོགས་མེ་སོན་དབྱུགས་ན།སྒོར200ཡན་ཆད་ནས2000མན་ཆད་བར་གྱི་དངུལ་ཆད་གཅོད་དགོས།

98、རྩྭ་ཐང་གི་མེ་ཟོན་དུས་སྐབས་ནང་རྩྭ་ཐང་དུ་ལས་ཀ་ལས་པ་དང་སྐྱོད་པའི་འཕྲུལ་སྒུལ་འཁོར་ལོའི་སྟེང་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་མ་བྱས་པའམ་མེ་སྐྱོན་མངོན་མེད་རྐྱེན་ངན་གནས་ཡོད་པའི་བྱ་སྤྱོད་ལ་ཆད་པ་ཅི་ལྟར་གཅོད་དགོས།

རྩྭ་ཐང་གི་མེ་ཟོན་དུས་སྐབས་ནང་རྩྭ་ཐང་དུ་ལས་ཀ་ལས་པ་དང་སྐྱོད་པའི་འཕྲུལ་སྒུལ་འཁོར་ལོའི་སྟེང་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་མ་བྱས་པའམ་མེ་སྐྱོན་མངོན་མེད་རྐྱེན་ངན་གྱི་སྤྱོད་བྱུང་ན།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་།མེ་ཟོན་བྱེད་ཐབས་ལག་བསྟར་བྱས་ཏེ་མེ་སྐྱོན་མངོན་མེད་རྐྱེན་ངན་སེལ་བ་མ་ཟད།འབྲེལ་ཡོད་འགན་ཁུར་མི་སྣར་སྒོར200ཡན་ཆད་ནས2000མན་ཆད་བར་གྱི་དངུལ་ཆད་གཅོད་པ་དང་།འབྲེལ་ཡོད་འགན་ཁུར་སྡེ་ཚན་ལ་སྒོར2000ཡན་ཆད་ནས་ཁྲི་ཚོ2མན་ཆད་བར་གྱི་དངུལ་ཆད་གཅོད་དགོས།མེ་ཟོན་བྱེད་ཐབས་གཏན་ནས་ལག་བསྟར་མི་བྱེད་པ་དང་མེ་སྐྱོན་མངོན་མེད་རྐྱེན་ངན་སེལ་ཐབས་མ་བྱས་ན།རྫོང་རིམ་པ་ཡན་ཆད་ཀྱི་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་མེ་ཟོན་བྱེད་ཐབས་ལག་བསྟར་བྱེད་པའི་ཚབ་བྱས་ཏེ་མེ་སྐྱོན་མངོན་མེད་རྐྱེན་ངན་སེལ་བ་དང་།མཁོ་བའི་གྲོན་དངུལ་དེ་ཁྲིམས་འགལ་སྡེ་ཚན་ནམ་མི་སྒེར་གྱིས་འཁུར་དགོས།

99、《རྩྭ་ཐང་མེ་ཟོན་སྲོལ་ཡི》གི་གཏན་ཁེལ་དང་འགལ་ནས།རྩྭ་ཐང་དུ་ཐོན་སྐྱེད་བདག་གཉེར་བྱེད་པའི་སྡེ་ཚན་གྱིས་རྩྭ་ཐང་མེ་ཟོན་འགན་ཁུར་ལམ་ལུགས་མ་བཙུགས་པའམ་དངོས་འབེབས་མ་བྱས་ན་ཆད་པ་གང་དག་གཅོད་དགོས།

《རྩྭ་ཐང་མེ་ཟོན་སྲོལ་ཡི》གི་གཏན་ཁེལ་དང་འགལ་ཏེ།རྩྭ་ཐང་དུ་ཐོན་སྐྱེད་བདག་གཉེར་བྱེད་པའི་སྡེ་ཚན་གྱིས་རྩྭ་ཐང་མེ་ཟོན་འགན་ཁུར་ལམ་ལུགས་མ་བཙུགས་པའམ་དངོས་འབེབས་མ་བྱས་ན།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་འཇུག་པ་དང་།འབྲེལ་ཡོད་འགན་ཁུར་སྡེ་ཚན་ལ་སྒོར5000ཡན་ཆད་ནས་ཁྲི་ཚོ2མན་ཆད་བར་གྱི་དངུལ་ཆད་གཅོད་དགོས།

100、རྩྭ་ཐང་གི་མེ་ཉེན་སྔོན་བརྡ་ཅི་ལྟར་རྒྱག་དགོས།རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་ཟོན་གཙོ་གཉེར་སྡེ་ཁག་དང་གནམ་གཤིས་གཙོ་གཉེར་ལས་ཁུངས་ཀྱིས་རྩྭ་ཐང་གི་མེ་ཉེན་སྔོན་སྒྲོག་སྔོན་བརྡ་ལམ་ལུགས་མཉམ་འཛུགས་བྱེད་དགོས།གནམ་གཤིས་གཙོ་གཉེར་ལས་ཁུངས་ཀྱིས་རྩྭ་ཐང་གི་མེ་ཟོན་དགོས།མཁོ་དངོས་གཞིར་བཟུང་སྟེ་རྩྭ་ཐང་གི་མེ་ཉེན་གནམ་གཤིས་རིམ་པ་སྔོན་སྒྲོག་དང་ཁྱབ་སྒྲོག་བྱ་བ་ལེགས་སྒྲུབ་བྱེད་དགོས།གསར་འགྱུར་བར་སྨྱན་གྱིས་དུས་ཐོག་ཏུ་རྩྭ་ཐང་གི་མེ་ཉེན་གནམ་གཤིས་རིམ་པ་སྔོན་སྒྲོག་བྱེད་དགོས།

གོང་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ཞོལ་མ།:འགྲིམ་འགྲུལ་བྱུར་རྐྱེན་གྱི་སྐྱིན་ཚབ་འཇལ་ཐབས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235