མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

༄༅མཚོ་ནུབ་ཁུལ་གྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་གནས་སུ་ཞུགས་པར་སྐུལ་འདེད་བྱེད་པའི་སྐོར་གྱི་དྲིས་ལན།

ཡོང་ཁུངས།:ཚྭ་འདམ་དྲ་བ།  སྤེལ་དུས།:2015-09-11  རྩོམ་པ་པོ།:ཡིག་སྒྱུར་བ། ཀུན་གྲགས།  རྩོམ་སྒྲིག་པ།:ཀུན་གྲགས།    ཀློགས་གྲངས།:

གཅིག མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁེ་ལས་སུ་ལས་ཞུགས་བྱེད་པར་སྐུལ་འདེད་བྱེད་པའི་སྐོར་གྱི་སྲིད་ཇུས།

༡ རྒྱལ་དབང་ཁེ་ལས་ཀྱིས་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་པར་སྲིད་ཇུས་ཀྱི་རོགས་སྐྱོར་གང་དག་ཡོད་དམ།

མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2013ལོའི་ཡིག་ཨང149བའི་གཏན་འབེབས་ལྟར་ན།རྒྱལ་དབང་ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཅིག་བསྡུ་ལེན་བྱས་ཏེ་ལོ་གཅིག་ཡན་གྱི་གན་རྒྱ་བཞག་པར།ལོ་གཉིས་ཀྱི་ནང་ལས་ཁུངས་ཀྱིས་སྤྲོད་དགོས་པའི་མ་མཐའི་རྒན་གསོ་དང་སྨན་བཅོས། ལས་ཤོར་ཉེན་འགོག་བཅས་ཀྱི་ཁ་གསབ་སྤྲོད་རྒྱུ་མ་ཟད།མི་རེར་སྒོར་སྟོང་གཅིག་གི་བྱ་དགའ་སྟེར་རྒྱུ།

 ཁེ་ལས་ཆུང་འབྲིང་གིས་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་པར་སྲིད་ཇུས་ཀྱི་རོགས་སྐྱོར་ག་འདྲ་ཡོད་དམ།

མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2009ལོའི་ཡིག་ཨང46བ་སྟེ། སྔར་བས་རང་ཞིང་གི་སྤྱིར་བཏང་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོརལས་ཁེ་ལས་ཀྱིས་གསར་བསྡུ་བྱས་པའི་མཐར་ཕྱིན་སློབ་མར་གསོ་སྦྱོང་བྱེད་ན་འབྲེལ་ཡོད་གཏན་འཁེལ་ལྟར་སྲིད་གཞུང་གིས་གསོ་སྦྱོང་རོགས་དངུལ་གཏོང་ངེས།ས་གནས་ནོར་སྲིད་ཀྱིས་ཁེ་ལས་ཆུང་འབྲིང་ལ་འཕེལ་རྒྱས་རོགས་དངུལ་སྟེར་ན་ངེས་པར་དུ་མཐར་ཕྱིན་སློབ་མས་ལས་བཟོ་བའི་བརྒྱ་ཆའི་བཅོ་ལྔའི་ཡན་ཟིན་པའི་ཁེ་ལས་ལ་དམིགས་བསལ་སྟེར་དགོས།ངལ་རྩོལ་པ་མང་བའི་ཁེ་ལས་ཀྱིས་མཐར་ཕྱིན་ལས་ཤོར་སློབ་མ་དང་མཁར་གྲོང་ལས་ཤོར་མི་སྣ་བསྡུ་ལེན་བྱས་ནས་ལས་བཟོ་བའི་སྤྱི་གྲངས་ཀྱི་བརྒྱ་ཆའི་སུམ་ཅུའི་ཡན་ཟིན་པར།སྒོར་ས་ཡ་གཉིས་ཀྱི་འབོར་ཆུང་དངུལ་བུན་གྱི་རོགས་སྐྱོར་ལོངས་སུ་སྤྱད་ཆོག

ཁེ་ལས་ཆུང་བ་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་ལེན་བྱས་ན་རོགས་སྐྱོར་དང་སྐུལ་འདེད་ཀྱི་སྲིད་ཇུས་ག་འདྲ་ཡོད་དམ།

མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2013ལོའི་ཡིག་ཨང་149བའི་གཏན་འབེབས་ལྟར་ན།ཁེ་ལས་ཆུང་བ་དང་སྤྱི་དབང་མ་ཡིན་པའི་ཁེ་ལས་ཀྱིས་ལས་རྐང་གཅིག་བསྣན་ཏེ་སློབ་ཆེན་མཐར་ཕྱིན་སློབ་མ་རེ་བསྡུ་ལེན་དང་གན་རྒྱ་ལོ་གཅིག་ཡན་བཞག་ན་མི་རེར་སྒོར་1000གི་བྱ་དགའ་སྟེར་བ་མ་ཟད།རྒན་གསོ་དང་སྨན་བཅོས།ལས་ཤོར་ཉེན་འགོག་ཁ་གསབ་བཅས་ཀྱི་རོགས་དངུལ་ལོ་བཞི་ལ་རྒྱུན་བསྲིང་ཆོག

མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2013ལོའི་ཡིག་ཆ་ཨང་146པ་སྟེ། ལས་ཞུགས་བྱས་མེད་པའི་ཆེད་སྦྱོང་མཐར་ཕྱིན་སློབ་མར་ཆེད་དུ་དམིགས་པའི་ལས་ཞུགས་གསོ་སྦྱོང་བཟོ་སྐྲུན་དང་2013ལོའི་གསོ་སྦྱོང་བྱ་བ་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆརལྟར་ན།ཁེ་ལས་ཆུང་གྲས་ཀྱིས་ཆེད་སྦྱོང་སློབ་མ་བསྡུ་ལེན་བྱེད་པ་དང་ལོ་གཅིག་ཡན་གྱི་གན་རྒྱ་འཇོག་པ།འབོར་ཆུང་སྐྱི་དངུལ་བསྐྱི་བའི་ཆ་རྐྱེན་ལྡན་པར། མི་རེ་བསྡུ་ལེན་བྱས་ན་སྒོར་ཁྲི10ཡི་དངུལ་བུན་བསྐྱི་བའི་རེ་ཞུ་བྱས་ཆོག་པ་མ་ཟད། ལོ་གཉིས་ཀྱི་རིང་ནོར་སྲིད་ཀྱི་བུན་སྐྱེད་ཁ་གསབ་ལོངས་སྤྱོད་བྱས་ཆོག

ཁེ་ལས་ཆུང་འབྲིང་དུ་ལས་ཞུགས་བྱེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་སྲིད་ཇུས་གང་དག་ལོངས་སྤྱོད་བྱས་ཆོག་གམ།

མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2013ལོའི་ཡིག་ཆ་ཨང་149བའི་གཏན་འབེབས་ལྟར་ན།ཁེ་ལས་ཆུང་འབྲིང་དུ་ལས་ཞུགས་བྱེད་པའི་མཐར་ཕྱིན་སློབ་མས་རྒྱལ་དབང་ཁེ་ལས་དང་དོན་ལས་ལས་ཁུངས་ཇི་བཞིན་ཆེད་ལས་ལག་རྩལ་གྱི་ལས་གནས་གོ་མིང་དཔྱད་བསྡུར་གཏན་འབེབས་བྱས་ཆོག་པ་དང་།ཚན་རིག་ཞིབ་འཇུག་ལས་གཞིའི་འགྲོ་གྲོན་ཡང་རེ་ཞུ་བྱེད་པ་སོགས་ཀྱི་བྱེད་སྟངས་ལོངས་སྤྱོད་བྱེད་ཆོག

གཉིས། ལས་ཞུགས་བྱས་མེད་པའི་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གསོ་སྦྱོང་སྲིད་ཇུས་ལག་བསྟར་བྱེད་པ།

༥ ཆེད་དམིགས་གསོ་སྦྱོང་ལ་ཞུགས་པའི་དཀའ་ཁག་ཅན་གྱི་ཆེད་སྦྱོང་སློབ་གྲྭའི་མཐར་ཕྱིན་སློབ་མས་སྲིད་ཇུས་གང་དག་ལོངས་སྤྱོད་བྱས་ཆོག་གམ།

མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2013ལོའི་ཡིག་ཆ་ཨང་146པའི་གཏན་འབེབས་ལྟར་ན།རོང་འབྲོག་ཁུལ་དང་མཁར་གྲོང་། ཞང་གྲོང་གི་དབུལ་ཕོངས་ཁྱིམ་ཚང་། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ནས་ཐོན་པའི་ཆེད་སྦྱོང་མཐར་ཕྱིན་སློབ་མ་གསོ་སྦྱོང་ལ་ཞུགས་པར།སྔར་ཡོད་ཀྱི་གཏན་འཁེལ་ལྟར་གསོ་སྦྱོང་ཁ་གསབ་རོགས་དངུལ་སྟེར་བ་མ་ཟད། གསོ་སྦྱོང་གི་དུས་ཡུན་ལྟར་མི་རེ་ལ་ཉིན་རེར་སྒོར་20ཡི་འཚོ་བའི་ཁ་གསབ་སྟེར་རྒྱུ། ཞིང་ཆེན་ནང་ཁུལ་ནས་ཁུལ་གཞན་པར་གསོ་སྦྱོང་ལ་ཞུགས་པར་སྒོར་300ཡི་འགྲུལ་གླ་དང་འདུག་གླ་སྟེར་བ་དང་། ཞིང་ཆེན་ཕྱི་ཕྱོགས་ལ་གསོ་སྦྱོང་དུ་འགྲོ་བར་ཐེངས་གཅིག་ལ་སྒོར་800ཡི་འགྲུལ་གླ་དང་འདུག་གླའི་ཁ་གསབ་སྟེར་ངེས།

གོང་མ།:ས་ཞིང་བདག་གཉེར་ཁེ་དབང་གཞན་ལ་སྤྲད་ཆོག་གམ།

ཞོལ་མ།:གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235