མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

མཚོ་ནུབ་ཁུལ་གྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་གནས་སུ་ཞུགས་པར་སྐུལ་འདེད་བྱེད་པའི་སྐོར་གྱི་དྲིས་ལན། ༼ཚན་བཤུས།༽

ཡོང་ཁུངས།:ཚྭ་འདམ་དྲ་བ།  སྤེལ་དུས།:2015-09-23  རྩོམ་པ་པོ།:ཀུན་གྲགས།  རྩོམ་སྒྲིག་པ།:ཀུན་གྲགས།    ཀློགས་གྲངས།:

༦ མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་རིགས་གསོ་སྦྱོང་དུ་ཞུགས་པར་རེ་ཞུ་ཇི་ལྟར་འབུལ་དགོས་སམ།

ལས་རིགས་གསོ་སྦྱོང་ནི་རང་ས་གནས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་འགན་ཁུར་ཏེ་རྩ་འཛུགས་ལག་བསྟར་བྱ་དགོས་ཤིང་།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རང་ས་གནས་ཀྱི་མི་དོན་ལུས་ཁུངས་སུ་སོང་ནས་ལས་རིགས་གསོ་སྦྱོང་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་གསོ་སྦྱོང་གི་རྣམ་གྲངས་འོས་མཐུན་གྱིས་གདམ་ནས་ཟབ་ཞུགས་བྱས་ཆོག

 མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་རིགས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་ལེན་ན་ཇི་ལྟར་རེ་ཞུ་ཕུལ་དགོས་སམ།

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་མཐར་ཕྱིན་པའི་ལོ་དེར་ལས་ཞུགས་ལག་རྩལ་གསོ་སྦྱོང་ངམ་ལས་བསྐྲུན་གསོ་སྦྱོང་ལ་ཞུགས་ན་གཏན་འབེབས་ལྟར་ས་གནས་ཀྱི་མི་དོན་ཅུའུ་ལ་གསོ་སྦྱོང་བྱེད་པའི་ཁ་གསབ་རོགས་དངུལ་ལེན་པའི་རེ་བ་ཞུ་ཆོགམཐར་ཕྱིན་རྗེས་གཏན་འཁེལ་ལྟར་ལས་ཤོར་ཐོ་འགོད་བྱས་ཡོད་པའི་མཐར་ཕྱིན་སློབ་མ་དེའི་རིགས་ཀྱི་གསོ་སྦྱོང་ལ་ཞུགས་ནའང་རང་ས་གནས་ཀྱི་མི་དོན་ཅུའུ་ལ་ཁ་གསབ་རོགས་དངུལ་ལེན་པའི་རེ་ཞུ་ཕུལ་ཆོག

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རང་འགུལ་གྱིས་ཞིང་ཆེན་ཕྱི་ནང་གི་ལས་རིགས་ལག་རྩལ་སློབ་གྲྭ་སོགས་ནས་གསོ་སྦྱོང་སྡེ་ཁག་གིས་རྩ་འཛུགས་བྱས་པའི་སློབ་སྦྱོང་དང་ཡང་ན་ལས་རིགས་མི་གཅིག་པ་འདེམས་ནས་དུས་ཡུན་ཐུང་ངུའི་ནང་ལག་རྩལ་གསོ་སྦྱོང་བྱེད་པར།སྔོན་ལ་སྤྲོད་པ་དང་རྗེས་ནས་ཁ་གསབ་སྟེར་བའི་བྱེད་ཐབས་བཀོལ་ནས་གསོ་སྦྱོང་གི་རོགས་དངུལ་སྟེར་རྒྱུ།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ལག་རྩལ་དང་ལས་བསྐྲུན་གསོ་སྦྱོང་ལ་ཞུགས་ནས་གསོ་སྦྱོང་ཚད་དང་མཐུན་པ་དང་།ལས་རིགས་ལག་རྩལ་གྱི་དམའ་རིམ་ཡན་གྱི་ལས་རིགས་ཐོབ་ཐང་དཔང་ཡིག་བླངས་ཏེ། ཟླ་དྲུག་གི་ནང་ལས་ཞུགས་བྱེད་ཐུབ་པར་ལས་རིགས་གསོ་སྦྱོང་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལྟར་100%སྟེར་བ་དང་། ཟླ་དྲུག་གི་ནང་ལས་ཞུགས་བྱེད་མ་ཐུབ་པ་དང་། དམའ་རིམ་ཡན་གྱི་ལས་རིགས་ཐོབ་ཐང་དཔང་ཡིག་བླངས་ཡོད་པར།ལས་རིགས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞིའི་80%ཡི་ཁ་གསབ་གནང་བ། ཆེད་དམིགས་ལས་རིགས་ནུས་པ་ཡོད་པའི་དཔང་ཡིག་གམ་ཡང་ན་ལས་བསྐྲུན་གསོ་སྦྱོང་གི་ཚད་མཐུན་དཔང་ཡིག་བླངས་ཡོད་པ་ལ་གསོ་སྦྱོང་གི་ཚད་གཞིའི་70%ཡི་ཁ་གསབ་སྟེར་རྒྱུའོ།།

 མཐོ་རིམ་མཐར་ཕྱིན་སློབ་མས་ལས་རིགས་ཐོབ་ཐང་དཔང་ཡིག་ཇི་ལྟར་ལེན་དགོས།

མཐོ་རིམ་མཐར་ཕྱིན་སློབ་མ་རང་གིས་ལས་རིགས་ལག་རྩལ་གསལ་འབྱེད་ལས་ཁུངས་ལ་རེ་ཞུ་ཕུལ་དགོས་ཤིང་།ལས་རིགས་ལག་རྩལ་གསལ་འབྱེད་བྱེད་ན་གཞུང་ལུགས་ཤེས་བྱའི་རྒྱུགས་ལ་ཞུགས་པ་དང་། ལག་ལེན་ནུས་པའི་དཔྱད་ཞིབ་བྱ་དགོས།རྗེས་སུ་གསལ་འབྱེད་ཚད་དང་མཐུན་པར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དེ་དང་མཐུན་པའི་ལས་རིགས་ཐོབ་ཐང་དཔང་ཡིག་གནང་ངེས།

 མཐོ་རིམ་མཐར་ཕྱིན་སློབ་མས་ལག་རྩལ་གསལ་འབྱེད་ཀྱི་ཁ་གསབ་རོགས་དངུལ་ཇི་ལྟར་རེ་ཞུ་བྱ་དགོས།  

མཚོ་སྔོན་ནོར་སྲིད་དང་མི་དོན་ཐིན་གྱི་2011ལོའི་ཡིག་ཆ་ཨང་2317པའི་གཏན་འབེབས་ལྟར་ན།མཐོ་རིམ་མཐར་ཕྱིན་སློབ་མ་སློབ་མཐར་སྟེར་བའི་ལོ་དེར་ཐོག་མར་ལག་རྩལ་གསལ་འབྱེད་བྱས་ཏེ་ལས་རིགས་ཐོབ་ཐང་དཔང་ཡིག་ཐོབ་པའམ་ཡང་ན་ཆེད་དམིགས་ལས་རིགས་ཀྱི་ནུས་པ་ལྡན་པའི་དཔང་ཡིག་ཐོབ་པར།ལག་རྩལ་གསལ་འབྱེད་པའི་ཁ་གསབ་རོགས་དངུལ་དེ་ལས་རིགས་ལག་རྩལ་གསོ་སྦྱོང་གི་ཁ་གསབ་སྟེར་བའི་བརྒྱུད་རིམ་དང་བྱེད་ཐབས་ལྟར་རོགས་དངུལ་གཏོང་རྒྱུ་དང་།རོགས་དངུལ་དེ་གསལ་འབྱེད་ལས་ཁུངས་སམ་ཡང་ན་མི་སྒེར་གྱིས་ས་གནས་ཀྱི་མི་ཤུགས་ཐོན་ཁུངས་ལས་ཁུངས་ལ་རེ་བ་ཞུ་དགོས།

གསུམ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རང་འགུལ་གྱིས་ལས་བསྐྲུན་དང་ལས་ཞུགས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ།

༡༠  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རང་འགུལ་གྱིས་ལས་བསྐྲུན་བྱེད་པར་དམིགས་བསལ་གྱི་སྲིད་ཇུས་གང་དག་ལོངས་སྤྱོད་བྱས་ཆོག

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2011ལོའི་ཡིག་ཆ་ཨང་16པ་དང་2008ལོའི་ཡིག་ཆ་ཨང་111པའི་གཏན་འབེབས་ལྟར་ན།རང་སྟོབས་ལས་བསྐྲུན་གྱི་ཁྲལ་བསྡུ་སྲིད་ཇུས་དང་ཡང་ན་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རང་སྟོབས་ལས་བསྐྲུན་འཛིན་ཡིག་བཀོད་པའི་ལས་ཞུགས་ལས་ཤོར་ཐོ་འགོད་འཛིན་ཡིག་བླངས་ཡོད་པའི་མཐར་ཕྱིན་སློབ་མ་དེ་མཐར་སྟེར་བའི་ལོ་དེར་སྒེར་གཉེར་ཚོང་ལས་ལ་ཞུགས་པར་ལོ་གསུམ་གྱི་ནང་སྒོར་8000ཚད་བཀག་བྱས་ཏེ་ལོ་དེ་གར་དངོས་སུ་སྤྲད་ཡོད་པའི་བདག་གཉེར་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་གྱི་ཁྲལ།སློབ་གསོའི་ཁ་སྣོན་ཁྲལ། མི་སྒེར་གྱི་ཐོབ་ཁྲལ་སོགས་ལས་རིམ་བཞིན་འཐེན་ཆོག  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རང་སྟོབས་ལས་བསྐྲུན་བྱས་པའི་ཁེ་ལས་ཆུང་བས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་དུ་ཁྲལ་བསྡུའི་ཕྱོགས་ཀྱི་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱད་ཆོག  མཐར་ཕྱིན་ནས་ལོ་གཉིས་མ་འགོར་བའི་མཐར་ཕྱིན་སློབ་མ་སྒེར་གཉེར་ཚོང་ལས་ལ་ཞུགས་ན།བཟོ་ཚོང་ལས་ཁུངས་སུ་ཐོ་འགོད་བྱས་པ་ནས་བཟུང་ལོ་གསུམ་གྱི་ནང་དུ་དོ་དམ་གྱི་རིགས་དང་ཐོ་འགོད་ཀྱི་རིགས་སོགས་སྲིད་འཛིན་ལས་དོན་རང་བཞིན་གྱི་རིན་སོགས་སྤྲོད་མི་དགོས།

   མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2013ལོའི་ཡིག་ཆ་ཨང་149བའི་གཏན་འབེབས་ལྟར་ན།ཐོག་དང་པོར་ལས་བསྐྲུན་ཚོང་གཉེར་བྱེད་པའི་མཐར་ཕྱིན་སློབ་མས་སྒོར་འབུམ་གཅིག་གི་འབོར་ཆུང་སྐྱི་དངུལ་བསྐྱི་ཆོག  མཉམ་ལས་བདག་གཉེར་བྱེད་པའམ་རྩ་འཛུགས་བྱས་ནས་ལས་ཞུགས་བྱེད་པར་མི་གཅིག་ལ་སྒོར་འབུམ་གཅིག་དང་ཡང་ན་སྒོར་འབུམ་ལས་མ་བརྒལ་བར་ལོ་གཉིས་ཀྱི་ནང་ཕྱིར་སྤྲོད་དགོས་པའི་འབོར་ཆུང་སྐྱི་དངུལ་བསྐྱི་ཆོག  མཉམ་ལས་ཚོང་གཉེར་བྱས་ཏེ་ལོ་གཉིས་ཀྱི་ཡན་འགོར་ཡོད་པར་སྐྱི་དངུལ་གྱི་འབོར་གྲངས་སྒོར་ཁྲི་100དང་དེའི་མན་བསྐྱི་ཆོག ཁེ་སྤོགས་ཆུང་བའི་ལས་གཞི་གཉེར་བའམ་ཡང་ན་མི་སྒེར་དང་མཉམ་འབྲེལ་ཚོར་གཉེར་བྱས་ཏེ་ཐོག་དང་པོར་ལས་གཞི་གཉེར་བར་དངོས་ཡོད་གཏན་ཕབ་ལྟར་སྐྱེད་ཀ་སྤྲོད་ངེས།

  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ཁེ་ལས་ཐོ་འགོད་བྱེད་ན་ཐོག་མར་མ་རྩ་མེད་པའི་སྒོ་ནས་ཁེ་ལས་ཐོ་འགོད་བྱས་ཆོག་ཅིང་།རྗེས་སུ་བདག་གཉེར་བྱས་ཆོག་པའི་དཔང་ཡིག་བླངས་པ་ནས་བཟུང་ལོ་གཉིས་ཀྱི་ནང་དུ་ཐོ་འགོད་མ་རྩ་འཕྲོད་ན་ཆོགདེ་མ་ཟད་རང་གི་ཁྱིམ་ཚང་གི་སྡོད་ཁང་དང་གཞན་ལས་གླས་པའི་ཁང་བ།  གནས་སྐབས་ཀྱི་ཚོང་དོན་ཁང་བ་སོགས་ལས་བསྐྲུན་བདག་གཉེར་བྱེད་སར་བཀོལ་ཆོག

 མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་2015ལོའི་ཡིག་ཆ་ཨང་54བ་ལས། མཁར་གྲོང་སྡོད་དམངས་ལས་འགན་སྲུང་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་མཐར་ཕྱིན་སློབ་མ་ལ་སློབ་མཐར་ཕྱིན་པའི་ལོ་དེར་ལས་གནས་འཚོལ་བའི་ཁ་གསབ་རོགས་དངུལ་མི་རེར་སྒོར་1000ཡིན།  ལས་བསྐྲུན་ལེགས་འགྲུབ་བྱུང་ནས་ལོ་གཅིག་གི་ཡན་ལ་རྒྱུན་ལྡན་ཚོང་གཉེར་བྱེད་མཁན་ལ་སྒོར་10000བྱ་དགའ་གནང་རྒྱུའོ།། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་2015ལོའི་ཡིག་ཆ་ཨང་75བའི་གཏན་འབེབས་ལྟར་ན། ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མས་ཞིང་ཕྱུགས་ལས་ཀྱི་མཉམ་ལས་ཁང་འཛུགས་པའམ་སྣེ་ཁྲིད་བྱེད་པར་ལོ་གསུམ་གྱི་ནང་དུ་མི་རེར་སྒོར1000གི་འཚོ་བའི་ཁ་གསབ་སྟེར་བ་དང་། རྒན་གསོ་དང་སྨན་བཅོས། ལས་ཤོར་ཉེན་འགོག་བཅས་ཀྱི་སྤྲོད་དངུལ་གྱི་70%ཡི་སྤྱི་ཚོགས་འགན་སྲུང་ཁ་གསབ་སྟེར་རྒྱུ།

གོང་མ།:ཁྲལ་དོན་ཐོ་འགོད་བྱེད་པར་སྒྲུབ་དགོས་པའི་འགྲོ་ལུགས།

ཞོལ་མ།:ས་ཞིང་བདག་གཉེར་ཁེ་དབང་གཞན་ལ་སྤྲད་ཆོག་གམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235