མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཁྲལ་དོན་ཐོ་འགོད་བྱེད་པར་སྒྲུབ་དགོས་པའི་འགྲོ་ལུགས།

ཡོང་ཁུངས།:ཁྲལ་དོན་སྲིད་ཇུས།  སྤེལ་དུས།:2015-09-23  རྩོམ་པ་པོ།:ཁྲལ་དོན་སྲིད་ཇུས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

གཅིག  ཁྲལ་དོན་ཐོ་འགོད།

ཁེ་ལས་དོན་ལས་ལས་ཁུངས་ཀྱིས་ཁྲལ་དོན་ཐོ་འགོད་བྱ་དུས་ཞོར་དུ་སྤྲོད་དགོས་པའི་རྒྱུ་ཆ།

1 ཚོང་གཉེར་ལག་ཁྱེར་དང་བསྐྱར་དཔར་གཉིས།2 ཁྲིམས་འཛིན་འཐུས་ཚབ་པའི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་གཉིས།3 ཁང་བ་གླ་བའི་གྲོས་མཆན་ཡི་གེ་དང་ཡང་ན་ཁང་སའི་འཛིན་ཡིག་གི་བསྐྱར་དཔར་གཅིག4 ཁེ་ལས་སམ་དོན་ལས་ལས་ཁུངས་བཙུགས་པའི་ཞིབ་དཔྱད་ཆོག་མཆན་བརྡ་སྦྱོར་གྱི་བསྐྱར་དཔར་གཅིག5 ཁེ་ལས་ཚབ་ཨང་དཔང་ཡིག་གི་བསྐྱར་དཔར་གཉིས།

6 ཀུང་སིའི་སྒྲིག་ཡིག་དང་ནོར་དོན་བཤེར་རྩིས་ལམ་ལུགས་ཀྱི་བསྐྱར་དཔར་གཅིག

སྒེར་གཉེར་བཟོ་ཚོང་གི་ཁྲལ་དོན་ཐོ་འགོད་བསྒྲུབ་དུས་ཞོར་དུ་སྤྲོད་དགོས་པའི་རྒྱུ་ཆ།

1 ཚོང་གཉེར་ལག་ཁྱེར་གྱི་བསྐྱར་དཔར་གཅིག2 ཁྲིམས་འཛིན་པའམ་ལས་བདག་པའི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་གཅིག  3 ཁང་བ་གླ་བའི་གྲོས་མཆན་ཡི་གེ་དང་ཡང་ན་ཁང་སའི་འཛིན་ཡིག་གི་བསྐྱར་དཔར་གཅིག

འཛིན་བྱང་ཚབ་ལེན་བསྒྲུབ་དུས་ཞོར་དུ་སྤྲོད་དགོས་པའི་རྒྱུ་ཆ།

1 ཁྲལ་དོན་ཐོ་འགོད་དཔང་ཡིག་ཟུར་དེབ་ཀྱི་བསྐྱར་དཔར།2 ལས་བསྒྲུབ་པའི་ཐོབ་ཐང་ལག་ཁྱེར་དང་བསྐྱར་དཔར་གཅིག 3 དངུལ་སྤྲོད་མཁན་ཕྱོགས་ཀྱི་ངོ་སྤྲོད་ཡི་གེ་འདོན་དགོས། ༼ངེས་པར་དུ་ལས་རྩོལ་དང་ཡང་ན་བདག་གཉེར་བྱ་འགུལ་ཕྱོགས་གཉིས་ཀྱི་མིང་དང་རྣམ་གྲངས། དུས་ཚོད། ནང་དོན། དངུལ་ལོ་སོགས་གསལ་བོར་འགོད་དགོས།༽

4 ཁང་སའི་འཛིན་ཡིག་གི་བསྐྱར་དཔར། ཁང་བ་གླ་བའི་གན་རྒྱ་དང་ཁང་བ་གླ་བའི་འཛིན་བྱང་འདོན་དགོས། བཟོ་སྐྲུན་གྱི་གན་རྒྱའི་བསྐྱར་དཔར། གན་རྒྱའི་ཁྲལ་དོན་དཔེ་རིས་བསྐྱར་དཔར་ནི་འཛུགས་སྐྲུན་སྒྲིག་སྦྱོར་བཟོ་སྐྲུན་གྱིས་འདོན་དགོས།5 གནས་ཚུལ་ཁྱད་པར་བའི་འོག་ཁྲལ་དོན་ལས་ཁུངས་ཀྱིས་བཏོན་པའི་རེ་བ་ལྟར་རྒྱུ་ཆ་གཞན་འདོན་སྤྲོད་དགོས།

གཉིས།  དམིགས་གསལ་གྱི་ཁྲལ་དོན།

༼༼བདག་གཉེར་ཁྲལ་དོན་གནས་སྐབས་སུ་སྤྱོད་པའི་སྲོལ་ཡིག༽༽གིས་གཏན་ཁེལ་ལྟར། གཤམ་གྱི་བདག་གཉེར་རྣམ་གྲངས་ལ་དམིགས་གསལ་སྟེར་བ་ཡིན།

1 ད་ཕྲུག་ཁང་། བྱིས་བཅོལ་ཁང་། རྒན་གསོ་ཁང་། དབང་བོ་སྐྱོན་ཅན་ལ་ཕན་བདེ་སྐྲུན་པའི་ལས་ཁུངས་ཀྱིས་བཏོན་པའི་གསོ་སྐྱོང་ཞབས་ཞུ་དང་གཉེན་སྒྲིག་ངོ་སྤྲོད། འདས་མཆོད་ཞབས་ཞུ། 2 དབང་བོ་སྐྱོན་ཅན་པའི་མི་སྒེར་གྱིས་སྤྱི་ཚོགས་སུ་བཏོན་པའི་ལས་རྩོལ།

3 སློབ་གྲྭ་དང་སློབ་གསོའི་ལས་ཁུངས་གཞན་དག་གིས་བཏོན་པའི་སློབ་གསོའི་ལས་རྩོལ། སློབ་མའི་ལས་རྩོལ་གྱིས་སློབ་ཡོན་འདོན་པ། སློབ་གྲྭ་དང་སློབ་གསོའི་ལས་ཁུངས་གཞན་དག་ནི་སྤྱི་བཏང་གི་སློབ་གྲྭ་དང་ལས་སྒྲུབ་ས་གནས། གྲོང་ཁྱེར་རིམ་པ་ཡན་གྱི་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་ཐོབ་ཏེ་བཙུགས་ཤིང་རྒྱལ་ཁབ་ཀྱིས་སློབ་མའི་སློབ་གཉེར་ཐོབ་ཐང་ལ་ཁས་ལེན་པའི་སློབ་གྲྭ་སོ་སོར་གོ་བ་ཡིན།

4  ཞིང་ལས་སུ་རྨོ་འདེབས་དང་ཆུ་གཏོང་བ། གནོད་འབུ་གསོད་པ། འདེབས་འཛུགས་འགན་སྲུང་དང་རོང་འབྲོག་འགན་སྲུང་དང་དེ་མིན་འབྲེལ་ཡོད་ལག་རྩལ་གསོ་སྦྱོང་གི་ལས་རིགས། སྒོ་ཟོག་དང་ཕྱུགས་ཟོག་ཆུ་གནས་སྲོག་ཆགས་ཀྱི་རྒྱུད་སྤེལ་གནད་འགོག

5 རྗེས་དྲན་ཁང་། བཤམས་སྟོན་ཁང་། རིག་གནས་ཁང་། རི་མོའི་སྒྱུ་རྩལ་ཁང་། འགྲེམ་སྟོན་ཁང་། རི་མོ་ཁང་། དཔེ་མཛོད་ཁང་། རིག་དངོས་སྲུང་སྐྱོབ་སྡེ་ཁག་གིས་སྤེལ་བའི་རིག་གནས་བྱ་འགུལ་གྱི་འཛིན་བྱང་ཡོང་སྒོ། ཆོས་རར་སྤེལ་བའི་རིག་གནས་དང་ཆོས་ལུགས་བྱ་འགུལ་སྤེལ་བའི་འཛིན་བྱང་ཡོང་སྒོ།

ནོར་སྲིད་པུའུ་དང་རྒྱལ་ཁབ་སྤྱི་ཁྱབ་ཁྲལ་དོན་ཅུས་གཟའ་ཟླའི་བར་དུ་ཁང་སའི་དབང་གཏོགས་སྤོར་བའི་འབྲེལ་ཡོད་གན་ཁྲལ་སྲིད་ཇུས་སྐོར་གྱི་བརྡ་སྦྱོར།  ནོར་ཁྲལ་ཨང[2014]4བ།

  གཉེན་སྒྲིག་གི་སྐབས་སུ་ཁང་སའི་དབང་ཆ་གཟའ་ཟླའི་མི་གཅིག་ལ་གཏོགས་དུས་ཕྱོགས་གཉིས་ལ་དབང་བའམ་ཕྱོགས་གཅིག་ལ་དབང་བར་བརྗེ་སྤོར་བྱེད་པའམ་ཡང་ན་ཁང་ས་ཕྱོགས་གཉིས་ལ་དབང་དུས་ཕྱོགས་གཅིག་ལ་དབང་བར་གཏོང་བ། ཡང་ན་ཁང་སའི་དབང་ཆ་ཕྱོགས་གཉིས་ལ་དབང་བ་ལྷན་དུ་གྲོས་བྱས་ནས་ཐོབ་སྐལ་སྤྱི་ལ་དབང་བར་བཟོ་བ་བཅས་ལ་གན་ཁྲལ་མི་དགོས།

ནོར་སྲིད་པུའུ་དང་རྒྱལ་ཁབ་སྤྱི་ཁྱབ་ཁྲལ་དོན་ཅུས་མི་སྒེར་གྱིས་དངུལ་རྩའི་ཚོང་རྫས་གཉེར་བའི་ཁྲལ་མི་ལེན་པའི་སྲིད་ཇུས་སྐོར་གྱི་བརྡ་སྦྱོར།ནོར་ཁྲལ་ཨང[2009]111བ།  མི་སྒེར་གྱི་རིན་ཚབ་མེད་པའི་རྒྱུ་ནོར་དང་ས་ཞིང་གི་བཀོལ་དབང་། གཤམ་གྱི་གནས་ཚུལ་གྲས་སུ་གཏོགས་པར་ལས་གཉེར་ཁྲལ་མི་ལེན་པ་ཡིན།  ༼གཅིག༽གཉེན་ཐོར་གྱི་རྒྱུ་ནོར་བགོ་བ།

༼གཉིས༽ རིན་ཚབ་མེད་པའམ་གཟའ་ཟླ། ཕ་མ། བུ་བུ་མོ། ཨ་མྱེས་རྨོ་བོ། སྒྱུག་པོ་སྒྱུག་མོ། ཚ་བོ་ཚ་མོ། གཅེན་གཅུང་། ༼གསུམ༽རིན་ཚབ་མེད་པ་དང་དེ་ལ་ཐད་ཀར་དུ་གསོ་སྐྱོང་གི་འགན་ལེན་པ། ༼བཞི༽ཁང་སའི་དབང་ཆ་ཡོད་མཁན་ཡོངས་ཚེ་ལས་འདས་ཚེ། ཁྲིམས་ལ་རྟེན་ནས་ཁང་ས་དབང་མཁན་ནམ་རྒྱུན་འཛིན་དབང་ཆ་བླངས་ཡོད་པ་དང་རྒྱུན་འཛིན་པ་ཡིན་པའི་ཁ་ཆེམས་བཞག་ཡོད་མཁན།

ནོར་སྲིད་པུའུ་དང་རྒྱལ་ཁབ་སྤྱི་ཁྱབ་ཁྲལ་དོན་ཅུས་མི་སྒེར་གྱིས་རིན་ཚབ་མེད་པར་ཁང་ས་དབང་བ་དང་འབྲེལ་བའི་མི་སྒེར་གྱི་ཐོབ་འོས་དཔྱ་ཁྲལ་གནད་དོན་སྐོར་གྱི་བརྡ་སྦྱོར། ནོར་ཁྲལ་ཨང[2009]78བ།

གཤམ་གནས་ཚུལ་ཡོད་པའི་ཁང་སའི་ཐོན་དབང་རིན་ཚབ་མེད་པ་ལ་དོ་བདག་པ་ཕྱོགས་གཉིས་ལ་མི་སྒེར་གྱི་ཐོབ་ཁྲལ་མི་ལེན།

༼གཅིག༽ རིན་ཚབ་མེད་པའམ་གཟའ་ཟླ། ཕ་མ། བུ་བུ་མོ། ཨ་མྱེས་རྨོ་བོ། སྒྱུག་པོ་སྒྱུག་མོ། ཚ་བོ་ཚ་མོ། གཅེན་གཅུང་། ༼གཉིས༽ ཁང་སའི་ཐོན་དབང་ཡོད་མཁན་ཡོངས་ཀྱི་ཁང་སའི་ཐོན་དབང་རིན་ཚབ་མེད་པའམ་དེ་ལ་གསོ་སྐྱོང་གི་འགན་ལེན་མཁན།

༼གསུམ༽ཁང་སའི་དབང་ཆ་ཡོད་མཁན་ཡོངས་ཚེ་ལས་འདས་ཚེ། ཁྲིམས་ལ་རྟེན་ནས་ཁང་ས་དབང་མཁན་ནམ་རྒྱུན་འཛིན་དབང་ཆ་བླངས་ཡོད་པ་དང་རྒྱུན་འཛིན་པ་ཡིན་པའི་ཁ་ཆེམས་བཞག་ཡོད་མཁན།

གོང་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་ལག་བསྟར་སྲོལ་ཡིག

ཞོལ་མ།:མཚོ་ནུབ་ཁུལ་གྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་གནས་སུ་ཞུགས་པར་སྐུལ་འདེད་བྱེད་པའི་སྐོར་གྱི་དྲིས་ལན། ༼ཚན་བཤུས།༽

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235