མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་ལག་བསྟར་སྲོལ་ཡིག

ཡོང་ཁུངས།:ཚྭ་འདམ་དྲ་བ།  སྤེལ་དུས།:2015-09-24  རྩོམ་པ་པོ།:ཚྭ་འདམ་དྲ་བ།  རྩོམ་སྒྲིག་པ།:ཀུན་གྲགས།    ཀློགས་གྲངས།:

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཡིག་ཨང294བ།

དོན་ཚན་དང་བོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྲོལ་ཡིག་འདིའི་ལྟར་དུ་རླངས་འཁོརགཤམ་དུ་ཁྲལ་འབབ་རླངས་འཁོར་ཞེས་བསྡུས་འབྲི་བྱཉོས་པའི་ལས་ཁུངས་དང་མི་སྒེར་གྱིས་རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་སྲོལ་ཡིག་ལྟར་སྤྲོད་དགོས།

དོན་ཚན་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་དང་བོའི་ནང་གི་ཉོ་སྒྲུབ་ཅེས་པ་ལས་ཉོས་པ་དང་ནང་འདྲེན།རང་གིས་ཐོན་སྐྱེད་བྱས་པ། ལེགས་སྐྱེས་སུ་ཕུལ་བ།བྱ་དགའ་ཐོབ་པའམ་ཡང་ན་རྣམ་པ་གཞན་བརྒྱུད་དེ་ཐོབ་པ་མ་ཟད་ཁྲལ་འབབ་རླངས་འཁོར་སྒེར་སྤྱོད་བྱས་པའི་སྤྱོད་ལམ་བཅས་འདུས།སྲོལ་ཡིག་འདིའི་དོན་ཚན་དང་བོའི་ནང་གི་ལས་ཁུངས་ཞེས་པ་ནི་རྒྱལ་དབང་ཁེ་ལས་དང་ཐུན་མོང་གི་ཁེ་ལས།སྒེར་གཉེར་ཁེ་ལས། མ་རྐང་ལམ་ལུགས་ཀྱི་ཁེ་ལས། ཕྱིར་ཚོང་དངུལ་གཏོང་ཁེ་ལས།ཕྱི་རྒྱལ་གྱི་ཁེ་ལས། དེ་མིན་ཁེ་ལས་གཞན་པ། དོན་ལས་ལས་ཁུངས། སྤྱི་ཚོགས་ཚོགས་པ།རྒྱལ་ཁབ་ཀྱི་ལས་ཁུངས། དམག་དཔུང་། དེ་མིན་ལས་ཁུངས་གཞན་དག་བཅས་འདུས།སྲོལ་ཡིག་འདིའི་དོན་ཚན་དང་བོའི་ནང་གི་མི་སྒེར་ནི་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་དང་དེ་མིན་མི་གཞན་དག་བཅས་འདུས།

དོན་ཚན་གསུམ་པ། རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་བསྡུ་བའི་ཁྱབ་ཁོངས་སུ་རླངས་འཁོར་དང་འཕྲུལ་རྟ།གློག་སྒུལ་འཕྲུལ་རྟ། འདྲུད་འཁོར། ཞིང་ལས་སྐྱེལ་འདྲེན་རླངས་འཁོར་བཅས་འདུས་ཤིང་།བྱེ་བྲག་ཏུ་ཁྲལ་བསྡུ་ཁྱབ་ཁོངས་སྲོལ་ཡིག་འདིའི་ཟུར་དུ་བཀོད་པའིརླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་བསྡུ་ལེན་ཁྱབ་ཁོངས་རེའུ་མིགལྟར་ལག་བསྟར་དགོས།

རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་བསྡུ་ལེན་ཁྱབ་ཁོངས་ཀྱི་བཀོད་སྒྲིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་བཅད་དེ་སྤྱི་བསྒྲགས་བྱེད་པ་ཡིན།

དོན་ཚན་བཞི་བ། རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་ནི་རིན་གོང་གཏན་ཁེལ་བྱས་པའི་ཚད་གཞིའི་བྱེད་ཐབས་ལྟར་འོས་ཁྲལ་འཇལ་བར་ལག་བསྟར་དང་འོས་ཁྲལ་རྩིས་པའི་སྤྱི་འགྲོས་ནི།

འོས་ཁྲལ་དངུལ་གྲངསཁྲལ་རྩིས་རིན་གོང་།×ཁྲལ་ཚད།

དོན་ཚན་ལྔ་བ།རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་གྱི་ཁྲལ་ཚད་ནི10ཡིན།

རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་ཚད་ཀྱི་བཀོད་སྒྲིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་བཅད་དེ་སྤྱི་བསྒྲགས་བྱེད་པ་ཡིན།

དོན་ཚན་དྲུག་པ། རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་ཀྱི་ཁྲལ་རྩིས་རིན་གོང་ནི་གནས་ཚུལ་མི་འདྲ་བ་ལྟར་གཤམ་དུ་གཏན་འབེབ་བྱས་ཡོད་པ་ལྟར་གཏན་ཁེལ་བྱ་དགོས།

གཅིགཁྲལ་འཇལ་བས་སྒེར་སྤྱོད་ཁྲལ་འབབ་རླངས་ཉོས་པའི་ཁྲལ་རྩིས་རིན་གོང་ནི་ཁྲལ་མིས་ཁྲལ་འབབ་རླངས་འཁོར་ཉོ་བར་ཚོང་བར་བྱིན་པའི་རིན་གོང་ཁ་ཚང་དང་འགྲོ་སོང་གཞན་ཡིན་ཞིང་།རིན་འཕར་ཁྲལ་འབོར་མི་འདུས།  

གཉིསཁྲལ་འཇལ་བས་ནང་འདྲེན་བྱས་པའི་སྒེར་སྤྱོད་ཁྲལ་འབབ་རླངས་འཁོར་གྱི་ཁྲལ་རྩིས་རིན་གོང་གི་སྤྱི་འགྲོས་ནི།

ཁྲལ་རྩིས་རིན་གོངསྒོ་ཁྲལ་དཔྱ་ཁྲལ་འཇལ་བའི་རིན་གོངསྒོ་ཁྲལའཛད་སྤྱོད་དཔྱ་ཁྲལ།

གསུམཁྲལ་འཇལ་བས་རང་གིས་ཐོན་སྐྱེད་བྱས་པ་དང་ལེགས་སྐྱེས་སུ་འབུལ་བ།བྱ་དགའ་རུ་ཐོབ་པའམ་རྣམ་པ་གཞན་བརྒྱུད་དེ་ཐོབ་པ་མ་ཟད་རང་གི་བཀོལ་སྤྱོད་བྱེད་པའི་ཁྲལ་འབབ་རླངས་འཁོར་གྱི་ཁྲལ་རྩིས་རིན་གོང་ནི་ཁྲལ་དོན་གཙོ་འགན་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་བདུན་པའི་གཏན་ཁེལ་ལ་གཞིག་ཏེ་ཆེས་དམའ་བའི་ཁྲལ་རྩིས་རིན་གོང་ཞིབ་གཏན་བྱེད་པ་ཡིན།

དོན་ཚན་བདུན་པ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྲལ་འབབ་རླངས་འཁོར་གྱི་ཚོང་རའི་ཆ་སྙོམས་བརྗེ་རེའི་རིན་གོང་ལ་གཞིར་བཟུང་ནས་ཁྲལ་འབབ་རླངས་འཁོར་རིགས་མི་འདྲ་བར་ཆེས་དམའ་བའི་ཁྲལ་རྩིས་རིན་གོང་གཏན་འབབ་བྱེད་པ་ཡིན།

ཁྲལ་འཇལ་བས་རང་སྤྱོད་དུ་ཉོས་པ་དང་ནང་འདྲེན་བྱས་པའི་ཁྲལ་འབབ་རླངས་འཁོར་ཉོས་པར་ཞུ་འབུལ་བྱས་པའི་ཁྲལ་རྩིས་རིན་གོང་ནི་རིགས་འདྲ་བའི་ཁྲལ་འབབ་རླངས་འཁོར་གྱི་ཆེས་དམའ་བའི་ཁྲལ་རྩིས་རིན་གོང་ལས་དམའ་དགོས།ཚུལ་མཐུན་གནས་ལུགས་མེད་པར་ཆེས་དམའ་བའི་ཁྲལ་རྩིས་རིན་གོང་ལྟར་རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་བསྡུ་དགོས།

དོན་ཚན་བརྒྱད་པ།རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་ཐེངས་གཅིག་ལ་བསྡུ་བ་ལག་ཏུ་བསྟར་དགོས།ཉོ་སྒྲུབ་ཁྲལ་འབབ་བསྡུ་ལེན་བྱས་ཟིན་པའི་རླངས་འཁོར་གྱིས་རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་བསྡུ་ལེན་མི་བྱ།

དོན་ཚན་དགུ་བ།རླངས་འཁོར་ཉོ་སྒྲུབ་གྱི་ཁྲལ་མི་ལེན་པ་དང་ཁྲལ་འཕྲི་འཐེན་གཤམ་གྱི་གཏན་ཁེལ་ལྟར་ལག་ཏུ་བསྟར་དགོས།

གཅིགཕྱི་རྒྱལ་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ཁང་།རྒྱལ་སྤྱིའི་རྩ་འཛུགས་ཀྲུང་གོར་བཅའ་སྡོད་བྱེད་པའི་ལས་ཁུངས་དང་།དེ་མིན་ཕྱི་འབྲེལ་མི་སྣའི་སྒེར་སྤྱོད་རླངས་འཁོར་ལ་ཁྲལ་མི་ལེན།

གཉིསཀྲུང་གོའི་མི་དམངས་བཅིང་འགྲོལ་དམག་དང་ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་པུའུ་དམག་དཔུང་གི་དམག་ཆས་ཚོང་འདྲེན་རླངས་འཁོར་གྲས་སུ་བཞག་པ་ལ་ཁྲལ་མི་ལེན།

གསུམསྒྲིག་ཆས་ཡུན་བརྟན་བཀོད་པའི་སྐྱེལ་འདྲེན་རླངས་འཁོར་མ་ཡིན་པར་ཁྲལ་མི་ལེན།

བཞིརྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲལ་མི་ལེན་པ་དང་ཁྲལ་འཕྲི་འཐེན་བྱེད་པར་གཏན་ཁེལ་མཛད་ཡོད་པའམ་གནང་ཚུལ་གཞན་དག་ལ་གཏན་ཁེལ་ལྟར་ཁྲལ་མི་ལེན་པའམ་འཕྲི་འཐེན་བྱ་དགོས།

དོན་ཚན་བཅུ་བ། ཁྲལ་འཇལ་བས་ཕྱི་རྒྱལ་དུ་ཁྲལ་འབབ་རླངས་འཁོར་གྱི་རིན་དངུལ་བསྐུར་བ་ལ་ཞུ་འབུལ་བྱས་ཉིན་ནས་བཟུང་ཀྲུང་གོའི་མི་དམངས་དངུལ་ཁང་གི་བསྒྲགས་པའི་དམངས་སྒོར་གྱི་གཞི་རྩ་ལྟར་དམངས་སྒོར་ལ་རྩིས་ནས་ཁྲལ་དངུལ་རྩིས་ལེན་བྱེད་པ་ཡིན།

དོན་ཚན་བཅུ་གཅིག་པ།རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་ནི་རྒྱལ་ཁབ་ཁྲལ་དོན་ཅུས་བསྡུ་ལེན་བྱེད་པ་ཡིན།

དོན་ཚན་བཅུ་གཉིས་པ།ཁྲལ་འཇལ་བས་ཉོ་སྒྲུབ་བྱས་པའི་ཁྲལ་འབབ་རླངས་འཁོར་དེ་ཐོ་འགོད་བྱེད་སའི་ས་གནས་ཀྱི་ཁྲལ་དོན་གཙོ་འགན་ལས་ཁུངས་ལ་ཁྲལ་འཇལ་བར་ཞུ་འབུལ་བྱ་དགོས།ཉོ་སྒྲུབ་བྱས་པ་ཐོ་འགོད་འགྲོ་ལུགས་སྒྲུབ་མི་དགོས་པའི་ཁྲལ་འབབ་རླངས་འཁོར་དེ་ཁྲལ་འཇལ་བ་སྡོད་སའི་ས་གནས་ཀྱི་ཁྲལ་དོན་གཙོ་འགན་ལས་ཁུངས་ལ་ཁྲལ་འཇལ་བར་ཞུ་འབུལ་བྱ་དགོས།

དོན་ཚན་བཅུ་གསུམ་པ།ཁྲལ་འཇལ་བས་སྒེར་སྤྱོད་ཁྲལ་འབབ་རླངས་འཁོར་ཉོ་སྒྲུབ་བྱས་པ་ཉོས་ཉིན་ནས་བཟུང་ཉིན60ནང་ཁྲལ་འཇལ་བར་ཞུ་འབུལ་བྱ་དགོས།ནང་འདྲེན་བྱས་པའི་སྒེར་སྤྱོད་ཁྲལ་འབབ་རླངས་འཁོར་དེ་ནང་འདྲེན་བྱས་པའི་ཉིན་ནས་བཟུང་ཉིན60ནང་ཁྲལ་འཇལ་བར་ཞུ་འབུལ་བྱ་དགོས།རང་གིས་ཐོན་སྐྱེད་བྱས་པ་དང་ལེགས་སྐྱེས་སུ་བླངས་པ། བྱ་དགའ་རུ་ཐོབ་པའམ་རྣམ་པ་གཞན་བརྒྱུད་དེ་ཐོབ་པ་མ་ཟད་སྒེར་སྤྱོད་བྱེད་པའི་ཁྲལ་འབབ་རླངས་འཁོར་དེ་ཐོབ་པའི་ཉིན་ནས་བཟུང་ཉིན60ནང་དུ་ཁྲལ་འཇལ་ཞུ་འབུལ་བྱ་དགོས།རླངས་འཁོར་ཉོ་སྒྲུབ་བྱས་པའི་ཁྲལ་འབབ་ཁྲལ་དངུལ་ཐེངས་གཅིག་ལ་སྤྲད་ཚར་དགོས།

དོན་ཚན་བཅུ་བཞི་བ།ཁྲལ་འཇལ་བས་སྤྱི་བདེ་རླངས་འཁོར་དོ་དམ་ལས་ཁུངས་སུ་རླངས་འཁོར་ཐོ་འགོད་འགྲོ་ལུགས་བསྒྲུབ་པའི་སྔོན་ལ།རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་སྤྲོད་དགོས།

ཁྲལ་འཇལ་བས་ཁྲལ་དོན་གཙོ་འགན་ལས་ཁུངས་ཀྱིས་བཏོན་པའི་ཁྲལ་འཇལ་ཚར་བའི་བདེན་དཔང་དང་ཁྲལ་མི་ལེན་པའི་བདེན་དཔང་བཟུང་སྟེ་སྤྱི་བདེ་རླངས་འཁོར་དོ་དམ་ལས་ཁུངས་སུ་རླངས་འཁོར་ཐོ་འགོད་བྱེད་པའི་འགྲོ་ལུགས་བསྒྲུབ་དགོས། ཁྲལ་འཇལ་ཚར་བའི་བདེན་དཔང་དང་ཁྲལ་མི་ལེན་པའི་བདེན་དཔང་མེད་པ་ལ་སྤྱི་བདེ་རླངས་འཁོར་དོ་དམ་ལས་ཁུངས་སུ་རླངས་འཁོར་ཐོ་འགོད་བྱེད་པའི་འགྲོ་ལུགས་མི་སྒྲུབ།

ཁྲལ་དོན་ལས་ཁུངས་ཀྱིས་སྤྱི་བདེ་རླངས་འཁོར་དོ་དམ་ལས་ཁུངས་ལ་ཁྲལ་འཇལ་བའི་རླངས་འཁོར་ཉོ་སྒྲུབ་ཁྲལ་འབབ་སྤྲད་པའི་གནས་ཚུལ་མྱུར་བར་གསལ་བསྒྲགས་བྱ་དགོས།སྤྱི་བདེ་རླངས་འཁོར་དོ་དམ་ལས་ཁུངས་ཀྱིས་དུས་བཅད་ལྟར་ཁྲལ་དོན་ལས་ཁུངས་ལ་རླངས་འཁོར་ཐོ་འགོད་བྱས་པའི་གནས་ཚུལ་གསལ་བསྒྲགས་བྱ་དགོས།

ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་འཇལ་བས་གཏན་ཁེལ་ལྟར་རླངས་འཁོར་ཉོ་སྒྲུབ་བྱས་པའི་ཁྲལ་འབབ་མ་སྤྲད་པ་ཤེས་ཚེ།གསབ་སྤྲོད་བྱེད་པར་བཀའ་ཕབ་པའི་དབང་ཆ་ཡོད། ཁྲལ་འཇལ་བས་ཁྲལ་སྤྲོད་དང་ལེན་མ་བྱས་ཚེ།ཁྲལ་དོན་ལས་ཁུངས་ཀྱིས་སྤྱི་བདེ་རླངས་འཁོར་དོ་དམ་ལས་ཁུངས་ལ་རླངས་འཁོར་གྱི་ཨང་བྱང་གནས་སྐབས་སུ་ལེན་པར་བརྡ་གཏོང་དགོས།

དོན་ཚན་བཅོ་ལྔ་བ། ཁྲལ་མི་ལེན་པ་དང་འཕྲི་འཐེན་བྱས་པའི་རླངས་འཁོར་གཞན་ལ་ཚོང་བའམ་བཀོལ་གཏོང་བརྗེ་བ་སོགས་ཀྱི་རྒྱུ་རྐྱེན་ནི་ཁྲལ་མི་ལེན་པ་དང་འཕྲི་འཐེན་བྱེད་པའི་ཁྱབ་ཁོངས་སུ་མི་གཏོགས།རླངས་འཁོར་བདག་གཉེར་བརྗེ་བའི་འགྲོ་ལུགས་མ་སྒྲུབ་སྔོན་དང་ཡང་ན་རླངས་འཁོར་གྱི་ཐོ་འགོད་བརྗེ་བའི་འགྲོ་ལུགས་སྒྲུབ་པའི་སྔོན་དུ་རླངས་འཁོར་ཉོ་སྒྲུབ་བྱས་པའི་ཁྲལ་འཇལ་དགོས།

དོན་ཚན་བཅུ་དྲུག་པ།རླངས་འཁོར་གྱི་ཉོ་སྒྲུབ་ཁྲལ་འབབ་བསྡུ་ལེན་དོ་དམ་ནིཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲལ་འབབ་བསྡུ་ལེན་དོ་དམ་བཅའ་ཁྲིམསདང་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབ་ལྟར་ལག་བསྟར་བྱ་དགོས།

དོན་ཚན་བཅུ་བདུན་པ།སྲོལ་ཡིག་འདི2001ལོའི་ཟླ1བའི་ཚེས1ཉིན་ནས་བཟུང་ལག་བསྟར་དགོས།

གོང་མ།:མཚོ་ནུབ་ཁུལ་གྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་གནས་སུ་ཞུགས་པར་སྐུལ་འདེད་བྱེད་པའི་སྐོར་གྱི་དྲིས་ལན།

ཞོལ་མ།:ཁྲལ་དོན་ཐོ་འགོད་བྱེད་པར་སྒྲུབ་དགོས་པའི་འགྲོ་ལུགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235