མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

མཚོ་ནུབ་ཁུལ་གྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་གནས་སུ་ཞུགས་པར་སྐུལ་འདེད་བྱེད་པའི་སྐོར་གྱི་དྲིས་ལན།

ཡོང་ཁུངས།:མཚོ་ནུབ་མི་དོན་ཅུའུ།  སྤེལ་དུས།:2015-10-15  རྩོམ་པ་པོ།:ཀུན་གྲགས།  རྩོམ་སྒྲིག་པ།:ཀུན་གྲགས།    ཀློགས་གྲངས།:

༡༡  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་གྲངས་འབོར་ཆུང་བའི་དངུལ་བུན་བསྐྱི་བར་ཇི་ལྟར་རེ་བ་ཞུ་དགོས་སམ།

གྲངས་འབོར་ཆུང་བའི་དངུལ་བུན་བསྐྱི་བར་རང་མོས་ཀྱིས་རེ་ཞུ་འབུལ་བ་དང་། སྡེ་ཁུལ་གྱིས་ངོ་སྤྲོད་བྱེད་པ།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞིབ་བཤེར་བྱེད་པ། དངུལ་བུན་འགན་ལེན་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་ཏེ་འགན་ལེན་བྱེད་པ།ཚོང་དོན་དངུལ་ཁང་གི་དངུལ་བུན་ཞིབ་བཤེར་གྱི་གོ་རིམ་བརྒྱུད་པ་བཅས་བྱས་ཏེ། དངུལ་བུན་བསྐྱི་བའི་འགྲོ་ལུགས་བསྒྲུབ་པ།

༡༢ མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གང་ལ་དེ་འཚམ་གྱིས་ལས་ཞུགས་བྱེད་པར་གཟིགས་སྐྱོང་སྲིད་ཇུས་གང་དག་ཡོད།

མཐར་ཕྱིན་སློབ་མ་གང་ལ་དེ་འཚམ་གྱིས་ལས་ཞུགས་བྱེད་པར་རེ་བ་ཞུ་མཁན་ལ་རིམ་པ་སོ་སོའི་སྤྱི་བའི་ལས་ཞུགས་དང་འཇོན་མི་ཞབས་ཞུ་ལས་ཁུངས་ཀྱིས་གཏན་འབེབས་ལྟར་མི་དོན་དང་ངལ་རྩོལ་འགན་སྲུང་གི་ཚབ་སྒྲུབ་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་།སྤྱི་ཚོགས་ཉེན་འགོག་གི་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབ་དགོས།

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རང་ཡུལ་དུ་ལོག་ནས་ཞིང་ལས་ཐོན་སྐྱེད་བདག་གཉེར་དང་ཞབས་ཞུའི་ལས་རིགས་ལ་ཞུགས་མཁན་ཚོར་ལོ་གཉིས་ཀྱི་རིང་ལ་མི་རེ་ཟླ་རེར་སྒོར300ཡི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་སྟེར་དགོས།

བཞི། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་སྲིད་ཇུས་ལ་རྒྱབ་སྐྱོང་གནང་བ།

༡༣  ཅི་ཞིག་ལ་ལས་ཞུགས་ལྟ་སྦྱོང་ཟེར།

ལས་ཞུགས་ལྟ་སྦྱོང་ཞེས་པ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མཐར་ཕྱིན་སློབ་མའི་འདོད་མོས་ལྟར།རྩ་འཛུགས་བྱས་ཏེ་སྲིད་གཞུང་གིས་གཏན་འཁེལ་བྱས་ཡོད་པའི་ལས་ཞུགས་ལྟ་སྦྱོང་ལས་ཁུངས་སུ་སྦྱོང་བརྡར་དང་བྱ་བའི་ཉམས་མྱོང་བསྡུ་ལེན།ལས་ཞུགས་ནུས་པ་མཐོར་འདེགས་སུ་གཏོང་བའི་ལས་ཞུགས་ལ་སྐུལ་འདེད་རང་བཞིན་ལྡན་པའི་བྱེད་ཐབས་ཤིག་ལ་ཟེར།

༡༤  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལྟ་སྦྱོང་བྱེད་སར་ཡར་སྐུལ་གྱི་སྲིད་ཇུས་གང་དག་ཡོད།

མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2013ལོའི་ཡིག་ཆ་ཨང་149བའི་གཏན་འབེབས་ལྟར་ན།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལྟ་སྦྱོང་བྱེད་སའི་ལས་ཁུངས་ཀྱིས་ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མ་ལས་ཞུགས་ལྟ་སྦྱོང་ལ་ཞུགས་སུ་བཅུག་ནས་དུས་ཚོད་ལོངས་པ་དང་ལས་གནས་བཀོད་སྒྲིག་བྱས་པ་30%ཡན་ལ་ཐོན་པར། མི་རེ་ཟླ་རེར་སྒོར320ཡི་ཚད་གཞི་ལྟར་ལྟ་སྦྱོང་བྱེད་སའི་ལས་ཁུངས་ལ་འཚོ་བའི་ཁ་གསབ་སྟེར་བ། ལྟ་སྦྱོང་བྱེད་པའི་དུས་ཡུན་ནི་སྤྱིར་བཏང་ཟླ་གསུམ་ནས་ཟླ་བཅུ་གཉིས་རིང་ཡིན།ལྟ་སྦྱོང་ལས་ཁུངས་ཀྱིས་ལྟ་སྦྱོང་བྱེད་སའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པ་མ་ཟད།ལྟ་སྦྱོང་ལ་ཞུགས་པའི་མཐར་ཕྱིན་སློབ་མར་རྨས་སྐྱོན་སོགས་ཀྱི་ཉེན་འགོག་ཉོ་དགོས།

༡༥  སློབ་ཆེན་ནས་སྒོར་བུད་རྗེས་ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མ་ལས་ཞུགས་ལྟ་སྦྱོང་ལ་ཞུགས་ན་ཇི་ལྟར་བྱ་དགོས།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་སྨྱན་བྱེད་དང་། སྤྱི་བའི་ལས་ཞུགས།འཇོན་མི་ཞབས་ཞུ་ལས་ཁུངས། རླུང་བརྙན་འཕྲིན། ཚགས་པར་སོགས་གང་རུང་གི་ཐབས་ལམ་བརྒྱུད་ནས།ལས་ཞུགས་ལྟ་སྦྱོང་གི་ཆ་འཕྲིན་སྤེལ་ཏེ། ལྟ་སྦྱོང་ལས་ཁུངས་ཀྱི་མིང་དང་། ལས་གནས་ཀྱི་གྲངས་ཀདུས་ཡུན། མི་སྣའི་ཆ་རྐྱེན་སོགས་འབྲེལ་ཡོད་ནང་དོན་འགོད་དགོས། ཡང་ན་རྩ་འཛུགས་ལས་ཁུངས་དང་མཐར་ཕྱིན་སློབ་མའི་བར་ཕན་ཚུན་གདམ་གསེས་བྱེད་པའི་བྱ་འགུལ་སྤེལ་བ་བརྒྱུད།ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མ་དང་ལྟ་སྦྱོང་ལས་ཁུངས་བར་མཐུན་རྐྱེན་བསྐྲུན་དགོས།ལས་ཞུགས་བྱས་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མ་ཕྱིར་རང་ཡུལ་དུ་ལོག་ནས་རང་ས་གནས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ལ་འབྲེལ་བ་བྱས་ནས་རང་འགུལ་གྱིས་ལས་ཞུགས་ལྟ་སྦྱོང་ལ་ཞུགས་འདོད་ཀྱི་རེ་ཞུ་འབུལ་དགོས།

༡༦  སློབ་མཐར་ཕྱིན་རྗེས་ལས་ཞུགས་བྱས་མེད་པའི་སློབ་མ་ལས་ཞུགས་ལྟ་སྦྱོང་ལ་ཞུགས་པར་སྲིད་ཇུས་གང་དག་ལོངས་སྤྱོད་བྱས་ཆོག་གམ།

མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་2009ལོའི་ཡིག་ཆ་ཨང་186བའི་གཏན་འབེབས་ལྟར་ན།ལྟ་སྦྱོང་ལས་ཁུངས་ཀྱིས་ངེས་པར་དུ་དོ་དམ་ལམ་ལུགས་འཐུས་ཚང་འཛུགས་དགོས་པ་སྟེ། ལྟ་སྦྱོང་མི་སྣའི་དོ་དམ་དང་།འཚོ་བའི་རོགས་དངུལ་གཏོང་བ། ལྟ་སྦྱོང་བྱས་པའི་གནས་ཚུལ་དཔྱད་ཞིབ་དང་གསལ་འབྱེད་སོགས་འཐུས་ཚང་ཞིག་སྒྲིག་འཛུགས་བྱ་དགོས།

ལྔ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པའི་རོགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་དགོས།

༡༧  དམིགས་བསལ་རང་བཞིན་ལྡན་པའི་མང་ཚོགས་ལས་ཞུགས་བྱེད་པའི་རོགས་སྐྱོང་བྱ་བ་ཇི་ལྟར་སྤེལ་ན་བཟང་ངམ།

ལས་བྱེད་པ་མེད་པའི་ཁྱིམ་ཚང་དང་ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་། མཁར་གྲོང་གི་མ་མཐའི་འགན་སྲུང་ཁྱིམ་ཚང་།དབང་བོ་སྐྱོན་ཅན་སོགས་ལས་ཞུགས་ཐད་དཀའ་ཁག་ཡོད་པའི་མཐར་ཕྱིན་སློབ་མ་དང་གྲངས་ཉུང་མི་རིགས་ཀྱི་སློབ་མ་གཙོ་གནད་དུ་བཟུང་ནས་རོགས་སྐྱོར་བྱེད་དགོས།2015ལོ་ནས་བཟུང་། དབང་བོ་སྐྱོན་ཅན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་ཆོག་པའི་ནང་བཞག་ནས།སློབ་མཐར་ཕྱིན་པའི་ལོ་དེར་མི་རེར་སྒོར་1000གི་ལས་གནས་འཚོལ་བའི་ཁ་གསབ་རོགས་དངུལ་སྟེར་བ་དང་། ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མ་གང་ལ་དེ་འཚམ་གྱིས་ལས་ཞུགས་བྱེད་ཐུབ་པར་སྤྱི་བའི་ལས་ཞུགས་དང་འཇོན་མིའི་ཞབས་ཞུ་ལས་ཁུངས་ནས་ཐོ་འགོད་འགྲོ་ལུགས་བསྒྲུབ་རྗེས།མ་མཐའ་ཡང་ལོ་གཉིས་ཀྱི་རིང་ཐག་བཅད་ལྟར་མ་མཐའི་རྒན་གསོ་དང་སྨན་བཅོས། ལས་ཤོར་ཉེན་འགོག་སྤྲོད་པ་མ་ཟད།  དངོས་སུ་སྤྲོད་དགོས་པའི་70%ཡི་སྤྱི་ཚོགས་ཉེན་འགོག་གི་ཁ་གསབ་སྤྲོད་པ་དང་། འགྲོ་སོང་ཚང་མ་ལས་ཞུགས་ཆེད་སྤྱོད་མ་དངུལ་ལས་གཏོང་དགོས།དོན་ལས་ལས་ཁུངས་དང་རྒྱལ་དབང་ཁེ་ལས་ཀྱིས་སྤྱི་ཚོགས་ལ་ཁ་གཏད་ནས་ལས་མི་བསྡུ་སྐབས་དབང་བོ་སྐྱོན་ཅན་གྱི་མཐར་ཕྱིན་སློབ་མར་དམིགས་བསལ་སྟེར་དགོས།

༡༨  ལས་ཞུགས་ཞབས་ཞུ་ལས་ཁུངས་དང་ངལ་རྩོལ་བའི་བར་བས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྩ་འཛུགས་བྱས་ཏེ་ས་གནས་གཞན་པར་ལས་ཞུགས་བྱེད་པར་ཡར་སྐུལ་གྱི་སྲིད་ཇུས་གང་དག་ཡོད་དམ།

མཚོ་སྔོན་སྲིད་གཞུང་གཞུང་ལས་ཐིན་གྱི་2013ལོའི་ཡིག་ཆ་ཨང་149བའི་གཏན་འབེབས་ལྟར་ན།ལས་ཞུགས་ཞབས་ཞུ་ལས་ཁུངས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྩ་འཛུགས་བྱས་ཏེ་ས་གནས་གཞན་པ་ནས་ལས་ཞུགས་བྱེད་དུ་བཅུག་ནས་ལོ་གཅིག་ཡན་གྱི་གན་རྒྱ་བཞག་པར།ཞིང་ཆེན་ནང་ཁུལ་དུ་མི་རེར་སྒོར་300དང་། ཞིང་ཆེན་གཞན་པ་ནས་མི་རེར་སྒོར500་ཡི་ལས་རིགས་ངོ་སྤྲོད་བྱས་རོགས་དངུལ་གཏོང་བ། ངལ་རྩོལ་བའི་ལས་དོན་བར་བས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྩ་འཛུགས་བྱས་ནས་ས་གནས་གཞན་དུ་ལས་ཞུགས་བྱས་ཏེ་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པར།ཞིང་ཆེན་ནང་ཁུལ་དུ་མི་རེར་སྒོར་100དང་། ཞིང་ཆེན་གཞན་པ་ནས་མི་རེར་200ཡི་བྱ་དགའ་གནང་བའོ།།

༡༩ མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ཞུགས་དང་ལས་ཤོར་ཐོ་འགོད་བྱེད་པའི་འགྲོ་ལུགས་ཇི་ལྟར་བསྒྲུབ་དགོས་པ་དང་།སློབ་མཐར་ཕྱིན་རྗེས་ལས་ཞུགས་བྱེད་མ་ཐུབ་ན་ལས་ཞུགས་མཛུབ་སྟོན་ལ་ཇི་ལྟར་ཞུགས་དགོས་སམ།

རིམ་པ་སོ་སོའི་སྤྱི་བའི་ལས་ཞུགས་ལས་ཁུངས་དང་འཇོན་མི་ཞབས་ཞུ་ལས་ཁུངས་ཀྱིས་ལས་ཞུགས་སྐུལ་འདེད་བཅའ་ཁྲིམས་གྱི་གཏན་ཕབ་ལྟར།ལས་ཞུགས་བྱས་ཡོད་པའི་མཐོ་རིམ་སློབ་གྲྭའི་སློབ་མར་རིན་མི་དགོས་པར་ལས་ཞུགས་ཐོ་འགོད་བྱ་དགོས་པ་མ་ཟད།གཏན་ཕབ་ལྟར་མི་དོན་དང་ངལ་རྩོལ་འགན་སྲུང་ཚབ་སྒྲུབ་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་དགོས། ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མར་གཏན་འཁེལ་ལྟར་དུ་ལས་ཤོར་ཐོ་འགོད་བྱས་ཏེ།ས་གནས་ཀྱི་ལས་ཤོར་མི་སྣའི་གྲས་སུ་བཞག་ནས་གཅིག་གྱུར་དོ་དམ་བྱས་ཏེ། ལས་ཞུགས་རོགས་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱ་དགོས།རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་དང་སློབ་གསོ་སྡེ་ཁགསློབ་ཆེན་སོ་སོས་སྔར་བས་དངོས་མིང་ལམ་ལུགས་རྨང་གཞི་ཡིན་པའི་མཐར་ཕྱིན་སློབ་མའི་ལས་ཞུགས་སྡོམ་རྩིས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མཐར་ཕྱིན་གྱི་སྔ་གཞུག་གི་ཆ་འཕྲིན་དང་ཞབས་ཞུའི་འབྲེལ་མཐུད་ལེགས་པོར་བསྒྲུབ་དགོས།

དྲུག  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་ཞབས་ཞུར་བསྐྱོད་པར་ཡར་སྐུལ་བྱེད་པའི་སྲིད་ཇུས།

༢༠  རང་ཞིང་གིས་གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་གང་དག་ལག་བསྟར་བྱེད་བཞིན་ཡོད།  

ཉེ་བའི་ལོ་འགའི་རིང་ལ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་སོ་སོའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར།རང་ཞིང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་གཞི་རིམ་ཞབས་ཞུ་རྣམ་གྲངས་བཞི་རྩ་འཛུགས་དང་ལག་བསྟར་བྱེད་བཞིན་ཡོད།  དེ་དག་ནི༼མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དག་སྡེ་བར་མངགས་པ༽༼སློབ་ཆེན་སློབ་མའི་དང་བླངས་པའི་མཚོ་སྔོན་ལྷོ་ཕྱོགས་ལ་ཞབས་ཕྱི་བྱེད་པའི་འཆར་གཞི༽སློབ་ཆེན་མཐར་ཕྱིན་སློབ་མའི་སློབ་གསོ་དང་ཞིང་ལས།སྨན་ལས་ལ་རོགས་སྐྱོར་བྱེད་པ་དང་དབུལ་སྐྱོར་བྱེད་པའི་འཆར་གཞི་དང་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་དགེ་རྒན་ལ་ཆེད་དུ་ལས་རྐང་སྒྲིག་འཛུགས་བྱེད་པའི་འཆར་གཞི་བཅས་ཡིན།

༢༡  སློབ་ཆེན་སློབ་མའི་སྡེ་དཔོན་དང་།རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག་ལ་ཁ་གསབ་སྲིད་ཇུས་གང་དག་ཡོད།

 སློབ་ཆེན་སློབ་མའི་སྡེ་དཔོན་དང་རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག་གི་ཁ་གསབ་སྲིད་ཇུས་ནི།འཚོ་བར་མི་རེར་སྒོར1650ཁ་གསབ་བྱེད་པ་དང་འགྲིམ་འགྲུལ་ལ་མི་རེར་མ་དངུལ་སྒོར་600ཁ་གསབ་བྱེད་པ། སྟེར་ཐེངས་གཅིག་གི་ལུས་ཕུང་ཞིབ་བཤེར་མ་དངུལ་སྒོར་200སྟེར་བ་དང་། དེ་དང་མཉམ་དུ་རྒན་གསོ་དང་སྨན་བཅོས། ལས་ཤོར་ཉེན་སྲུང་གི་ཁ་གསབ་ཀྱང་བྱེད་ངེས།

༢༢ གཞི་རིམ་ཞབས་ཕྱི་རྣམ་གྲངས་ཞབས་ཕྱིའི་དུས་ཚོད་འདང་རྗེས་དམིགས་བསལ་སྲིད་ཇུས་གང་དག་ལོངས་སུ་སྤྱོད་ཐུབ།

༼མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཞིང་སྡེའི་གཞི་རིམ་ཞབས་ཕྱི་རྣམ་གྲངས་ཀྱི་བྱ་བ་ལག་བསྟར་དང་མཛུབ་སྟོན་གཅིག་གྱུར་བཀོད་འདོམས་བྱེད་པའི་སྐོར་གྱི་བརྡ་སྦྱོར༽ལྟར།མི་ཤུགས་དང་སྤྱི་ཚོགས་པུའུ་ཡི་2009ལོའི་ཡིག་ཆ་ཨང་42པ་སོགས་ཀྱི་གཏན་ཁེལ་ལྟར། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྡེ་བ་ནས་ལས་འགན་བཞེས་པ་དང་རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག  སློབ་གྲྭ་ཆེན་མོའི་དང་བླངས་པས་མཚོ་སྔོན་ལྷོ་ཕྱོགས་ལ་ཞབས་ཞུ་བྱེད་པའི་འཆར་གཞི།  ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་དགེ་རྒན་ལ་དམིགས་བསལ་ལས་རྐང་སྒྲིག་འཛུགས་བྱེད་པའི་འཆར་གཞིའི་རྣམས་གྲངས་བཅས་ཞབས་ཕྱིའི་དུས་ཡུན་འདང་བའི་མཐར་ཕྱིན་སློབ་མ་དག་གིས་གཤམ་གྱི་གཟིགས་སྐྱོང་སྲིད་ཇུས་འདི་དག་ལོངས་སུ་སྤྱོད་ཐུབ།

 ༼༡༽ གཞུང་ཞབས་པ་བསྡུ་ལེན་དང་དོན་ལས་སྡེ་ཁག་ནང་མི་སྣ་བསྡུ་བའི་གཟིགས་སྐྱོང་བྱེད་ཐབས།ལོ་རེར་གཞུང་ཞབས་པ་བསྡུ་ལེན་དང་དོན་ལས་སྡེ་ཁག་གི་མི་སྣ་བསྡུ་བའི་འཆར་གཞིའི་བསྡུར་ཚད་ངེས་ཅན་བེད་སྤྱད་ནས་ཞབས་ཕྱི་དུས་ཡུན་འདང་ཡོད་པ་མ་ཟད་ཞིབ་དཔྱད་ཚད་དང་མཐུན་པའི་གཞི་རིམ་ཞབས་ཕྱིའི་རྣམ་གྲངས་ནང་ཞུགས་པའི་མི་སྣ་ལ་ཆེད་དུ་ཁ་གཏད་ནས་བསྡུ་བྱེད་པ།  གཞི་རིམ་ཞབས་ཕྱིའི་རྣམ་གྲངས་ནང་ཞུགས་པའི་མི་སྣ་ཡིན་ན་གཞན་པའི་ལས་རྐང་དུའང་མིང་ཐོ་འགོད་ཆོག

༼༢༽ སློབ་གྲྭར་རྒྱུགས་སྤྲོད་པ་དང་སློབ་འཕར་ཕྱོགས་ཀྱི་གཟིགས་སྐྱོང་སྲིད་ཇུས།  ཞབས་ཕྱིའི་དུས་ཡུན་འདང་རྗེས་ཀྱི་ལོ་གསུམ་ནང་ཞིབ་མཇུག་སློབ་མར་རྒྱུགས་སྤྲོད་ན་ཐོག་མའི་ཡིག་རྒྱུགས་ཀྱི་སྤྱིའི་སྐར་གྲངས་སྟེང་སྐར་མ་བཅུ་སྣོན་པ་དང་།ཆ་རྐྱེན་ཆ་མཚུངས་པའི་གནས་ཚུལ་འོག་སྔོན་ལ་བསྡུ་ལེན་བྱེད་ངེས། མཐོ་རིམ་ཆེད་ལས་སློབ་མ་ཡིན་ན་རྒྱུགས་གཞིར་ཞུགས་མི་དགོས་པར་ཐད་ཀར་དུ་དར་མའི་དངོས་གཞི་ལ་ཞུགས་ན་ཆོག

༼༣༽  རྒྱལ་ཁབ་ཀྱི་སློབ་ཡོན་ཁ་གསབ་དང་སློབ་རོགས་དངུལ་བུན་གཏོང་བའི་སྲིད་ཇུས།  གཞི་རིམ་རྣམ་གྲངས་སོ་སོར་ཞུགས་པའི་མཐར་ཕྱིན་སློབ་མ་དག  གཏན་ཁེལ་གྱི་ཆ་རྐྱེན་དང་མཐུན་ཚེ།  འོས་འཚམས་ཀྱིས་སློབ་དངུལ་ཁ་གསབ་དང་སློབ་རོགས་དངུལ་བུན་གྱི་སྲིད་ཇུས་ལོངས་སུ་སྤྱོད་ཆོག

 ༼༤༽ ཞབས་ཕྱི་དུས་ཡུན་འདང་རྗེས་རང་སྟོབས་ལས་སྐྲུན་བྱེད་ན་ཁྲལ་བསྡུའི་གཟིགས་སྐྱོང་དང་སྲིད་འཛིན་དོན་ལས་རང་བཞིན་གྱི་མ་དངུལ་ཉུང་བསྡུ་དང་མེད་པར་བཟོ་བ།དངུལ་བུན་ཉུང་ངུ་ལེན་པའི་འགན་ལེན་དང་སྐྱེད་ཀ་སྤྲོད་པ་སོགས་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱོད་ཆོག

༼༥༽ གཞན།  གཞི་རིམ་ལས་ཞུགས་རྣམ་གྲངས་ཞབས་ཕྱི་སོ་སོའི་དུས་ཡུན་ལྟར་ལས་ཞུགས་ལོ་ཚད་ལ་རྩིས་བརྒྱབ་ཆོག  ཞབས་ཕྱིའི་དུས་ཡུན་འདང་ནས་ཁེ་ལས་སུ་ལས་ཞུགས་བྱས་ཚེ་གཏན་ཁེལ་ལྟར་སྤྱི་ཚོགས་ཉེན་སྲུང་གི་འབྲེལ་བ་སྤྲོད་མཐུད་བྱས་ཆོག

བདུན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དམག་ནང་དུ་ཞུགས་པར་སྐུལ་སློང་བྱེད་པའི་སྲིད་ཇུས།

༢༣ མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དམག་སྐུལ་དང་ལེན་གྱི་དམག་ནང་ཞུགས་ན་གཟིགས་སྐྱོང་སྲིད་ཇུས་གང་དག་ལོངས་སྤྱོད་བྱས་ཆོག

 མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་འོས་འགན་དམག་སྐུལ་ནང་ཞུགས་ཚེ།སྔོན་ལ་མིང་ཐོ་འགོད་པ་དང་ནང་དུ་བསྡུ་བ། ལུས་ཕུང་ཞིབ་བཤེར་དང་སྲིད་བཤེར། སྔོན་ལ་ཞིབ་བཤེར་བྱས་ན་དམག་ནང་དུ་ལེན་པའི་དམིགས་བསལ་ཡོད་པ་མ་ཟད།སྔོན་ལ་འདེམ་གསེས་བཀོལ་སྤྱོད་བྱེད་པ་དང་། སློབ་གྲྭ་ཞུགས་པ་དང་སློབ་རིམ་འཕར་བའི་ཕྱོགས་ལ་དམིགས་བསལ་བྱེད་པ།  སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་གྱི་སློབ་ཡོན་རོགས་དངུལ་ལོངས་སུ་སྤྱོད་པ།ལས་ཞུགས་དང་རོགས་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཅས་ལོངས་སུ་སྤྱོད་ཆོག

 ༢༤ མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དམག་སྐུལ་དང་ལེན་ལ་དམིགས་བསལ་གྱི་སྲིད་ཇུས་ཞེས་པ་གོ་བ་ཇི་ལྟར་ལེན་དགོས།

རྫོང་རིམ་པ་དམག་སྐུལ་སྡེ་ཁག་གི་དམག་བསྡུ་གྲོས་ཚོགས་བསྡུས་ནས་དམག་བསྡུ་བྱ་བར་ཞིབ་བཤེར་བྱེད་དུས།  ལུས་ཕུང་ཞིབ་བཤེར་དང་སྲིད་ཞིབ་བྱས་ནས་ཚད་མཐུན་བྱུང་བའི་མཐོ་རིམ་སློབ་གྲྭའི་སློབ་སྐབས་དུས་འདིའི་མཐར་ཕྱིན་སློབ་མ་ཡིན་ན་སྔོན་ལ་བསྡུ་བའི་ཆོག་མཆན་བཀོད་ཆོག  ཆ་རྐྱེན་འདྲ་མཉམ་ཡིན་པའི་གནས་ཚུལ་འོག མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡིན་པའི་དམག་མི་དག་དམག་དཔོན་ལ་བསྐོ་བ་དང་ལག་རྩལ་ལས་རྐང་སོགས་ལ་བཀོད་སྒྲིག་བྱེད་ན་དམིགས་བསལ་ཡོད།  སྤྱིར་བཏང་གི་དངོས་གཞིའི་སློབ་རིམ་དང་དེ་དང་འདྲ་བའི་ཡོན་ཚད་ཀྱི་ཐོབ་ཐང་ཡོད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་དམག་མི་ཡིན་པ་དང་སྔོན་ཐོན་གྱི་ཆ་རྐྱེན་ཚང་ན་སྤྱི་ཁྱབ་པུའུ་ཡི་འབྲེལ་ཡོད་གཏན་ཁེལ་ལྟར་ཐད་ཀར་དུ་དམག་དཔོན་ལ་བསྐོས་ཆོག  འབྲེལ་ཡོད་ཞིབ་ཕྲའི་གཏན་ཁེལ་དག་དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་གིས་བཏོན་པའི་ཡིག་ཆ་ལྟར་ལག་བསྟར་བྱེད་དགོས།

༢༥མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དམག་སྐུལ་དང་ལེན་བྱས་ན་སློབ་ཡོན་ཁ་གསབ་དང་སློབ་རོགས་དངུལ་བུན་སྐྱི་བའི་ཚད་གཞི་ག་འདྲ་ཡིན།

ནོར་སྲིད་པུའུ་དང་སློབ་གསོ་པུའུ། སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་མར་བཏོན་པའི༼དམག་སྐུལ་དང་ལེན་བྱས་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་གྱི་རོགས་སྐྱོར་དངུལ་བུན་སྐྱི་བའི་སྐོར་གྱི་གནས་སྐབས་བྱེད་ཐབས་ཀྱི་བརྡ་སྦྱོར༽ལྟར།ནོར་སྲིད་དང་སློབ་གསོ་པུའུ་ཡི་2009ལོའི་ཡིག་ཨང་35བས་གཏན་ཁེལ་བྱས་ཡོད། རྒྱལ་ཁབ་ཀྱིས་དམག་སྐུལ་དང་ལེན་བྱེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལོའི་སློབ་སྐབས་རེ་ལ་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཆེས་མཐོ་བ་སྒོར་6000ཡིན། སློབ་མཐར་ཕྱིན་པའི་སློབ་མའི་སློབ་གྲྭའི་ནང་སློབ་གཉེར་བྱེད་པའི་སྐབས་སུ་ལོ་རེར་སྤྲོད་པའི་སློབ་ཡོན་དང་ཡང་ན་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱེད་ཀའི་མ་དངུལ་སྒོར་6000ཡན་ལ་བུད་ནས།  ལོ་རེར་སྒོར་6000གྱི་ཚད་གཞི་ལྟར་ཁ་གསབ་དང་ཚབ་སྤྲོད་བྱེད་དགོས། གལ་ཏེ་སྒོར་6000ལས་ཉུང་ན། སློབ་ཡོན་དང་རྒྱལ་ཁབ་གྱི་སློབ་རོགས་དངུལ་བུན་གྱི་སྐྱེད་ཀ་མཐོ་བའི་རྩ་དོན་ལྟར་ཁ་གསབ་དང་ཚབ་སྤྲོད་བྱེད་དགོས།

༢༦མཐོ་རིམ་སློབ་གསོའི་སློབ་རིམ་ཡོད་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ཞིག་ཡིན་ན་སློབ་འཕར་དང་སློབ་གྲྭར་རྒྱུགས་སྤྲོད་པའི་དམིགས་བསལ་སྲིད་ཇུས་གང་དག་ལོངས་སྤྱོད་བྱས་ཆོག  

༼༡༽ སྲིད་ཁྲིམས་སློབ་གྲྭའི་གཞི་རིམ་སྤྱི་བདེ་དང་ཞིབ་དཔྱོད།ཁྲིམས་ཁང་བཅས་ལ་ཁ་གཏད་ནས་ལས་རྐང་སྟེང་སློབ་མ་བསྡུ་བའི་རྒྱུགས་ལ་ཞུགས་ན། ཆ་རྐྱེན་འདྲ་མཉམ་ཡིན་པའི་གནས་ཚུལ་འོག་སྔོན་ལ་བསྡུ་ལེན་བྱས་ཆོག་པ་མ་ཟད་བསྡུར་ཚད་ངེས་ཅན་ཞིག་གི་ཆེད་དུ་དམག་ཁོངས་ནས་ཕྱིར་བུད་པའི་མཐར་ཕྱིན་སློབ་མ་བསྡུ་བའི་རེའུ་མིག་བཀོད་དགོས།

༼༢༽  དམག་ཁོངས་ནས་ཕྱིར་བུད་ནས་ལོ་གསུམ་གྱི་ནང་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་ལེན་བྱེད་པའི་གཅིག་གྱུར་གྱི་རྒྱུགས་གཞི་ལ་ཞུགས་ན།ཐོག་མའི་རྒྱུགས་གཞིའི་སྤྱིའི་སྐར་གྲངས་སྟེང་སྐར་10བསྣོན་པ།

༼༣༽ བྱས་རྗེས་རིམ་པ་གཉིས་པ་དང་དེའི་ཡན་བཞག་པའི་དམག་མི་ཞིག་ཡིན་ན་དམག་ཁོངས་ནས་ཕྱིར་བུད་རྗེས་ཞིབ་འཇུག་སློབ་མ་བསྡུ་བའི་ཐོག་མའི་རྒྱུགས་གཞིར་ཞུགས་མི་དགོས།

༼༤༽ མཐོ་རིམ་ལས་རིགས་སློབ་མའི་ཡོན་ཚད་ཡོད་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ཞིག་ཡིན་ན་རྒྱུགས་ལ་ཞུགས་མི་དགོས་པར་ཐད་ཀར་དར་མའི་དངོས་གཞིའི་སློབ་གྲྭར་ཞུགས་ཆོག་ལ་ཡང་ན་༼འཆར་གཞི་དང་ཆེད་ལས་ནས་དངོས་གཞི་ལ་འཕར་བའི་རྒྱུགས།ཆེད་དུ་བསྡུ་ལེན་བྱེད་པ་བཅས༽ཞིབ་བཤེར་བྱས་པ་བརྒྱུད་བརྒྱ་ཆའི་30ཚད་གཞི་ལྟར་སྤྱིར་བཏང་གི་དངོས་གཞིའི་སློབ་གྲྭར་ཞུགས་ཆོག

༢༧མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དམག་ཁོངས་ནས་ཕྱིར་བུད་རྗེས། སྤྱིར་བཏང་གི་མཐོ་རིམ་སློབ་གྲྭའི་ལོ་དེར་མཐར་ཕྱིན་པའི་སློབ་མ་ལྟར། ལས་ཁུངས་ནང་བསྡུ་བའི་འགྲོ་ལུགས་དགསྔོན་ལ་སློབ་གཉེར་བྱས་པའི་སློབ་གྲྭ་ལ་ཡང་བསྐྱར་ལས་ཞུགས་མིང་ཐོ་འགོད་པའི་འཛིན་ཡིག་ཡར་ཞུ་བྱས་ཆོག༼དམག་ཁུངས་ནས་བུད་པའི་ལོ་དེའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་ཕྱིར་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་བར་ཡར་ཞུ་བྱེད་དགོས།༽ཁྱིམ་ཐོ་དང་ཡིག་ཚགས་ལྷན་དུ་སྤོར་དགོས།༼ཁོངས་གཏོགས་གྲོང་ཁྱེར་གྱི་འབྲེལ་ཡོད་གཏན་ཁེལ་ལྟར་ལག་བསྟར་བྱེད་དགོས།༽ས་གནས་སྤྱི་བའི་ལས་ཞུགས་དང་ཤེས་ལྡན་མི་སྣ་ཞབས་ཕྱིའི་སྡེ་ཁག་ནས་ལས་གནས་སྒྲུབ་པ་དག་གིས་གཏན་ཁེལ་ལྟར་རིན་མི་དགོས་པར་སྤྱི་བའི་ལས་ཞུགས་དང་ཤེས་ལྡན་མི་སྣ་ཞབས་ཕྱིའི་ནང་ཞུགས་ཆོག  ཁྱིམ་ཐོ་ཡོད་སའི་ཞིང་ཆེན་རིམ་པའི་མཐར་ཕྱིན་སློབ་མ་ལས་ཞུགས་མཛུབ་སྟོན་སྡེ་ཁག་དང་ཡང་ན་སྔོན་གྱི་སློབ་གཉེར་བྱེད་སའི་སློབ་གྲྭའི་སྒྲུབ་པའི་མཐར་ཕྱིན་སློབ་མའི་ལས་གཞི་གདན་ཞུ་གྲོས་ཚོགས་ལ་ཞུགས་ཚེ་བརྡ་འཕྲིན་འདོན་སྤྲོད་དང་གནད་ས་མཚམས་སྦྱོར།ལས་ཞུགས་མཛུབ་སྟོན་སོགས་ལས་ཞུགས་ཞབས་ཕྱི་ལོངས་སྤྱོད་བྱས་ཆོག

བརྒྱད།  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས་གཞན་དག

༢༨  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མི་དོན་ཡིག་ཚགས་ཇི་ལྟར་དོ་དམ་བྱེད་དགོས།

༼འགྲོ་འོང་མི་འབོར་གྱི་མི་དོན་ཡིག་ཚགས་དོ་དམ་བྱེད་པའི་གནས་སྐབས་གཏན་ཁེལ༽ལྟར། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ཡིག་ཚགས་དོ་དམ་གྱི་དབང་ཚད་ཡོད་པའི་སྡེ་ཁག་དང་དོན་ལས་སྡེ་ཁགརྒྱལ་དབང་ཁེ་ལས་ནས་ལས་ཞུགས་བྱས་ན། ལས་ཁུངས་ཀྱིས་ཐད་ཀར་དང་ལེན་དང་ཡིག་ཚགས་དོ་དམ་བྱེད་ངེས།ཡིག་ཚགས་དོ་དམ་དབང་ཚད་མེད་པའི་ལས་ཁུངས་ནང་ལས་ཞུགས་བྱས་ན། ས་གནས་སྤྱི་བའི་ལས་ཞུགས་དང་ཤེས་ལྡན་མི་སྣ་ཞབས་ཕྱི་སྡེ་ཁག་གིས་ཡིག་ཚགས་དོ་དམ་སོགས་འགན་ཁུར་ནས་མི་དོན་ཚབ་སྒྲུབ་ཀྱི་ཞབས་ཕྱི་བསྒྲུབ་དགོས།མཐོ་རིམ་སློབ་གྲྭའི་སློབ་མཐར་ཕྱིན་སློབ་མ་སློབ་མཐར་ཕྱིན་ནའང་ལས་ཞུགས་བྱས་མེད་ཚེ། ཡིག་ཚགས་སློབ་གྲྭའི་གཅིག་གྱུར་སྒོས་ཁྱིམ་ཐོ་ཡོད་སའི་ས་གནས་ཀྱི་སྤྱི་བའི་ལས་ཞུགས་དང་ཤེས་ལྡན་མི་སྣ་ཞབས་ཞུའི་སྡེ་ཁག་ལ་སྤྲད་ནས་དོ་དམ་བྱེད་དུ་འཇུག་དགོས།ཡིག་ཚགས་མི་སྒེར་ནས་དོ་དམ་བྱེད་མི་ཆོག

༢༩མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མི་དོན་ཇི་ལྟར་ཚབ་སྒྲུབ་བྱེད་དགོས།

ཤེས་ལྡན་མི་སྣའི་ཚོང་རའི་དོ་དམ་གཏན་ཁེལ་གྱི་འབྲེལ་ཡོད་གཏན་ཁེལ་ལྟར། མི་དོན་ཚབ་སྒྲུབ་བྱེད་པའི་བྱེད་ཐབས་ལ་ལས་ཁུངས་ཀྱི་ཐུན་མོང་གི་མངག་བཅོལ་ལྟར་ཚབ་སྒྲུབ་དང་ཡང་ན་མི་སྒེར་གྱི་མངག་བཅོལ་ལྟར་ཚབ་སྒྲུབ་བྱས་ཆོགམངག་བཅོལ་ལྟར་སྣ་མང་ཚབ་སྒྲུབ་བྱེད་པ་དང་ཡང་ན་མངག་བཅོལ་ལྟར་སྣ་གཅིག་ཚབ་སྒྲུབ་བྱེད་པ།ལས་ཁུངས་ཀྱི་མི་སྣ་ཡོངས་ཀྱི་མངག་བཅོལ་ལྟར་ཚབ་སྒྲུབ་དང་། ཡང་ན་མི་སྣ་ཁ་ཤས་ཀྱི་མངག་བཅོལ་ལྟར་ཚབ་སྒྲུབ་བྱས་ཆོགལས་ཁུངས་ཀྱི་མི་དོན་ཚབ་སྒྲུབ་མངག་བཅོལ་བྱེད་དུས། ངེས་པར་དུ་ཚབ་སྒྲུབ་སྡེ་ཁག་ལ་གོ་ཆོད་པའི་དཔང་ཡིག་དང་དེའི་མངག་བཅོལ་ཡི་གེ་འདོན་སྤྲོད་བྱས་ནས་མངག་བཅོལ་ཚབ་སྒྲུབ་ཀྱི་རྣམ་གྲངས་གཏན་ཁེལ་བྱེད་དགོས།ཚབ་སྒྲུབ་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས། ཚབ་སྒྲུབ་སྡེ་ཁག་དང་མངག་བཅོལ་ལས་ཁུངས་བར་མི་དོན་ཚབ་སྒྲུབ་གྱི་གན་རྒྱའི་ཡི་གེ་འགོད་དགོས་ལ།ཕྱོགས་གཉི་གའི་དབང་ཆ་དང་འོས་འགན་མངོན་གསལ་བྱས་ཏེ་མི་དོན་ཚབ་སྒྲུབ་ཀྱི་འབྲེལ་བ་གཏན་འབེབ་བྱེད་དགོས།

༣༠མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ཇི་ལྟར་མི་བཀོལ་ལས་ཁུངས་བར་ངལ་རྩོལ་གྱི་གན་རྒྱའི་ཡི་གེ་འཇོག་དགོས།

ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ཀྱི་དོན་ཚན་བདུན་པའི་གཏན་ཁེལ་བྱས་པ་ལྟར།མི་བཀོལ་ལས་ཁུངས་མི་སྣ་བཀོལ་སྤྱོད་བྱས་པའི་ཉིན་ནས་བཟུང་ངལ་རྩོལ་པའི་བར་ལ་ངལ་རྩོལ་གྱི་འབྲེལ་བ་བཟུང་ཡོད།དོན་ཚན་བཅུ་བའི་གཏན་ཁེལ་ལྟར། ངལ་རྩོལ་གྱི་འབྲེལ་བ་བཙུགས་རྗེས་ཡིག་ངོས་ནས་ངལ་རྩོལ་གན་རྒྱ་འཇོག་དགོས།  ངལ་རྩོལ་གྱི་འབྲེལ་བ་བཙུགས་རྗེས་དུས་དང་མཉམ་དུ་ཡིག་ངོས་ནས་ངལ་རྩོལ་གན་རྒྱ་བཞག་མེད་ན།མི་སྣ་བཀོལ་སྤྱོད་བྱས་ཉིན་ནས་བཟུང་ཟླ་གཅིག་གི་དུས་ཡུན་ནང་ཡིག་ངོས་ནས་ངལ་རྩོལ་གན་རྒྱ་འཇོག་དགོས།  མི་བཀོལ་ལས་ཁུངས་དང་ངལ་རྩོལ་མི་སྣའི་བར་མི་སྣ་བཀོལ་བའི་སྔོན་ལ་ངལ་རྩོལ་གན་རྒྱ་འཇོག་དགོས།ངལ་རྩོལ་འབྲེལ་བ་དེ་མི་སྣ་བཀོལ་བའི་ཉིན་དེ་ནས་བཟུང་འཛུགས་དགོས། དོན་ཚན་བརྒྱད་པའི་གཏན་ཁེལ།  མི་བཀོལ་ལས་ཁུངས་༼ཁེ་ལས་དང་སྒེར་གཉེར་དཔལ་འབྱོར་རྩ་འཛུགས།དམངས་གཉེར་ཁེ་ལས་མ་ཡིན་པའི་སྡེ་ཁག་སོགས་རྩ་འཛུགས།༽ངལ་རྩོལ་པ་བསྡུ་ལེན་བྱེད་དུས། ངེས་པར་དུ་ངལ་རྩོལ་པ་ལ་དོན་དངོས་ཀྱི་གནས་ཚུལ་ལྟར་བྱ་བའི་ནང་དོན་དང་བྱ་བའི་ཆ་རྐྱེན།བྱ་བའི་ས་གནས། ལས་རིགས་ཀྱི་ཉེན་ཁ། བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ། ངལ་རྩོལ་ཐོབ་ཆ།དེ་མིན་ངལ་རྩོལ་པ་ལ་གནས་ཚུལ་གཞན་དག་རྒྱུས་ལོན་བྱེད་དགོས་པའི་རེ་བ་བཏོན་དགོས། མི་བཀོལ་ལས་ཁུངས་ཀྱི་ངལ་རྩོལ་པ་ལ་ངལ་རྩོལ་གན་རྒྱའི་བར་ཐད་ཀར་འབྲེལ་བ་ཡོད་པའི་མ་མཐའི་གནས་ཚུལ་རྒྱུས་ལོན་བྱེད་པའི་དབང་ཆ་ཡོད་ལ།ངལ་རྩོལ་པ་ལ་ངེས་པར་དུ་དོན་དངོས་ལྟར་གསལ་བཤད་བྱེད་དགོས།

དོན་ཚན་དགུ་བའི་གཏན་ཁེལ། མི་བཀོལ་ལས་ཁུངས་ཀྱི་ངལ་རྩོལ་པ་བསྡུ་ལེན་བྱེད་ན།ངལ་རྩོལ་པའི་སྡོད་དམངས་ཐོབ་ཐང་ལག་འཁྱེར་དང་གཞན་པའི་དཔང་ཡིག་བཀག་ཉར་བྱེད་མི་ཆོག  ངལ་རྩོལ་པ་ལ་འགན་ལེན་འདོན་སྤྲོད་དང་དེ་མིན་གཞན་པའི་མིང་གཡར་ནས་ངལ་རྩོལ་པའི་ལག་ནས་རྒྱུ་ནོར་ལེན་མི་ཆོག

 ༣༡  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ངལ་རྩོལ་མི་དོན་གྱི་རྩོད་གླེང་ཇི་ལྟར་ཐག་གཅོད་བྱེད་དགོས།

ངལ་རྩོལ་མི་དོན་ཕྱོགས་ཀྱི་རྩོད་གླེང་བྱུང་ན་གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་ཆོག་ལ།དོ་བདག་པས་གྲོས་མོལ་བྱ་འདོད་མེད་པ་དང་ཡང་ན་གྲོས་མོལ་བྱས་ཤིང་ཐག་གཅོད་མ་ཐུབ་ཚེ། བར་འདུམ་སྡེ་ཁག་ལ་ཡར་ཞུ་བྱས་ནས་བར་འདུམ་བྱེད་པའི་རེ་བ་བཏོན་ཆོགབར་འདུམ་བྱེད་མི་འདོད་པ་དང་བར་འདུམ་བྱས་ནས་གོ་མ་ཆོད་པ་དང་། ཡང་ན་བར་འདུམ་གྲོས་འཆམ་བྱུང་ན་ལག་བསྟར་མི་བྱེད་པ་ཡོད་ཚེ།ངལ་རྩོལ་མི་དོན་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ནས་འདུམ་གཅོད་བྱེད་དགོས་པའི་རེ་བ་བཏོན་ཆོགའདུམ་གཅོད་ལ་ཡིད་འཐད་མ་བྱུང་ན་ཁྲིམས་ལུགས་ལས་གཞན་པའི་གཏན་ཁེལ་ཡོད་ན་མ་གཏོགས།   མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག

མི་བཀོལ་ལས་ཁུངས་ཀྱི་ངལ་རྩོལ་འགན་སྲུང་བཅའ་ཁྲིམས་དང་ཁྲིམས་སྲོལ།སྒྲིག་སྲོལ་གྱི་གནས་ཚུལ་དང་འགལ་ན། མཐོ་རིམ་སློབ་མཐར་ཕྱིན་པའི་སློབ་མས་མི་དོན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ལ་ཡར་ཞུ་དང་གཏུག་བཤེར་བྱས་ཆོག  ངལ་རྩོལ་འགན་སྲུང་ལྟ་སྐུལ་སྡེ་ཁག་གིས་ཁྲིམས་ལྟར་དང་ལེན་བྱས་ནས་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་དག་ཐེར་དང་ཐག་གཅོད་བྱ་དགོས།

གོང་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རྒན་པའི་ཁེ་དབང་འགན་སྲུང་བྱེད་པའི་སྐོར་གྱི་བཅའ་ཁྲིམས།

ཞོལ་མ།:མཚོ་ནུབ་ཁུལ་གྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་གནས་སུ་ཞུགས་པར་སྐུལ་འདེད་བྱེད་པའི་སྐོར་གྱི་དྲིས་ལན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235