མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:ཀྲུང་གོ་བོད་ཀྱི་དྲྭ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

3yOཀྲུང་གོ་བོད་ཀྱི་ད2017ལོའི་ཟླ3པའི་ཚེས15ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་འཆམ་བྱུང་བ།3yOཀྲུང་གོ་བོད་ཀྱི་དྲ་བ།

དཀར་ཆག3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་དང་པོ། གཞི་རྩའི་གཏན་འཁེལ། 3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་གཉིས་པ། རང་བྱུང་མི།    3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ།དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གཉིས་པ། ལྟ་སྐྱོང་།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གསུམ་པ།གར་སོང་ཆ་མེད་དུ་གྱུར་པ་དང་ཚེ་ལས་འདས་པ་བསྒྲགས་པ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་བཞི་པ།སྒེར་གྱི་བཟོ་ཚོང་ཁྱིམ་ཚང་དང་ཞིང་སྡེའི་འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་གསུམ་པ། ཁྲིམས་མི།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གཉིས་པ། ཁེ་གཉེར་གྱི་ཁྲིམས་མི།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གསུམ་པ། ཁེ་གཉེར་མ་ཡིན་པའི་ཁྲིམས་མི།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་བཞི་པ། དམིགས་བསལ་གྱི་ཁྲིམས་མི།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བཞི་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་ལྔ་པ། དམངས་དོན་ཁེ་དབང་།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་དྲུག་པ།དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གཉིས་པ། འདོད་བློ་བསྟན་པ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གསུམ་པ།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་བཞི་པ།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ཟུར་གཏོགས་ཆ་རྐྱེན་དང་ཟུར་གཏོགས་དུས་ཡུན།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བདུན་པ། འཐུས་ཚབ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གཉིས་པ། མངག་བཅོལ་འཐུས་ཚབ།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གསུམ་པ། འཐུས་ཚབ་བྱེད་མཚམས་འཇོག་པ།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བརྒྱད་པ། དམངས་དོན་འགན་འཁྲི།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་དགུ་པ། གཏུག་བཤེར་གོ་ཆོད་དུས་ཡུན།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བཅུ་པ། དུས་ཡུན་རྩིས་སྟངས།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བཅུ་གཅིག་པ། ཞར་བྱུང་།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་དང་པོ། གཞི་རྩའི་གཏན་འཁེལ།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དང་པོ། དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་།དམངས་དོན་འབྲེལ་བ་ལེགས་སྒྲིགསྤྱི་ཚོགས་དང་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོབ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དགོས་མཁོ་དང་མཐུན་པ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་དར་སྤེལ་དུ་གཏོང་བ་བཅས་ཀྱི་ཆེད་དུ།རྩ་ཁྲིམས་གཞིར་བཟུང་ནས། བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གཉིས་པ། དམངས་ཁྲིམས་ཀྱིས་བྱེད་པོ་འདྲ་མཉམ་ཡིན་པའི་རང་བྱུང་མིའམ་ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་བར་གྱི་མི་ལུས་འབྲེལ་བ་དང་རྒྱུ་ནོར་འབྲེལ་བ་ལེགས་སྒྲིག་བྱེད་རྒྱུ།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གསུམ་པ། དམངས་དོན་བྱེད་པོའི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་།གཞན་ད་རུང་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པས།རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་དེ་ལ་གནོད་འཚེ་གཏོང་མི་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཞི་པ། དམངས་དོན་བྱེད་པོའི་དམངས་དོན་བྱ་འགུལ་ཁྲོད་ཀྱི་བཅའ་ཁྲིམས་གོ་གནས་ཚང་མ་འདྲ་མཉམ་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ལྔ་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས།རང་འཐད་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས་པ་དང་།རང་ཉིད་ཀྱི་འདོད་བློ་ལྟར་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་འཛུགས་པ་དང་བསྒྱུར་བ།མཚམས་འཇོག་པ་བཅས་བྱེད་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དྲུག་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས།འདྲ་མཉམ་གྱི་རྩ་དོན་བརྩི་སྲུང་བྱེད་དགོས་པ་དང་།ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་ལུགས་མཐུན་གྱིས་གཏན་འཁེལ་བྱེད་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བདུན་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས།ཁ་ཏན་ཚིག་ལ་གནས་པའི་རྩ་དོན་བརྩི་སྲུང་བྱེད་དགོས་པ་དང་།དྲང་གཞག་ཟོལ་མེད་དང་ཁ་བཤད་ལག་བསྟར་བྱེད་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱད་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས།བཅའ་ཁྲིམས་དང་འགལ་མི་ཆོག་ལ་སྤྱིའི་སྒྲིག་ལམ་སྲོལ་བཟང་དང་ཡང་འགལ་མི་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དགུ་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས།ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཕན་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅུ་པ། དམངས་དོན་རྩོད་གླེང་ཐག་གཅོད་བྱེད་སྐབས།ངེས་པར་བཅའ་ཁྲིམས་ལ་བསྟུན་དགོས་པ་དང་། བཅའ་ཁྲིམས་ནང་གཏན་འཁེལ་གང་ཡང་མེད་ན།གོམས་སྲོལ་དང་བསྟུན་ཆོག་མོད། འོན་ཀྱང་སྤྱིའི་སྒྲིག་ལམ་སྲོལ་བཟང་དང་འགལ་མི་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅུ་གཅིག་པ། བཅའ་ཁྲིམས་གཞན་པའི་ནང་དུ་དམངས་དོན་ལ་འབྲེལ་བའི་དམིགས་བསལ་གྱི་གཏན་འཁེལ་ཡོད་ན།གཏན་འཁེལ་དེ་གཞིར་འཛིན་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅུ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ནང་གི་དམངས་དོན་བྱ་འགུལ་ལ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཀོལ་དགོས། བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་ཡོད་ན།གཏན་འཁེལ་དེ་གཞིར་འཛིན་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་གཉིས་པ།རང་བྱུང་མི།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ། དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅུ་གསུམ་པ། རང་བྱུང་མི་སྐྱེས་པ་ནས་བཟུང་སྟེ་ཚེ་ལས་འདས་པའི་བར་དུ།དམངས་དོན་ཁེ་དབང་གི་ནུས་པ་ཡོད་ན།ཁྲིམས་ལྟར་དམངས་དོན་ཁེ་དབང་ལོངས་སྤྱོད་བྱེད་ཆོག་པར་མ་ཟད།དམངས་དོན་འོས་འགན་འཁུར་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅུ་བཞི་པ། རང་བྱུང་མིའི་དམངས་དོན་ཁེ་དབང་གི་ནུས་པ་ཚང་མ་འདྲ་མཉམ་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅོ་ལྔ་པ། རང་བྱུང་མིའི་སྐྱེས་ཉིན་དང་འདས་ཉིན་གྱི་དུས་ཚོད་ནི།སྐྱེས་པའི་དཔང་ཡིག་དང་འདས་པའི་དཔང་ཡིག་སྟེང་གི་ཟིན་ཐོ་ལྟར་བརྩི་བ་དང་།སྐྱེས་པའི་དཔང་ཡིག་དང་འདས་པའི་དཔང་ཡིག་མེད་ན།དུད་ཐོ་སྟེང་གི་ཟིན་བཀོད་དང་ཡང་ན་ནུས་ལྡན་གྱི་ཟིན་ཐོ་གཞན་པའི་ཟིན་བཀོད་ལྟར་བརྩི་དགོས།དཔང་རྟགས་གཞན་པས་ཟིན་བཀོད་དུས་ཚོད་དེ་ནོར་ཡོད་པ་བདེན་དཔང་བྱེད་ཐུབ་ན།དཔང་རྟགས་དེས་བདེན་དཔང་བྱས་པའི་དུས་ཚོད་ལྟར་བརྩི་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅུ་དྲུག་པ། ཤུལ་ནོར་རྒྱུན་འཛིན་དང་སྦྱིན་པ་དང་ལེན་སོགས་ཀྱི་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོབ་དང་འབྲེལ་ན།མངལ་གནས་ཕྲུ་གུ་དེ་ནི་དམངས་དོན་ཁེ་དབང་གི་ནུས་པ་ཡོད་པར་ངོས་འཛིན་དགོས་མོད།འོན་ཀྱང་ཕྲུ་གུ་དེ་བཙའ་བའི་སྐབས་སུ་ཚེ་ལས་འདས་ན།དེའི་དམངས་དོན་ཁེ་དབང་གི་ནུས་པ་སྐབས་དེ་ནས་བཟུང་མེད་པར་བཟོ་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅུ་བདུན་པ། ལོ18ཡན་གྱི་རང་བྱུང་མི་ནི་དར་མ་ཡིན་པ་དང་། ལོ18མ་ལོངས་པའི་རང་བྱུང་མི་ནི་ནར་མ་སོན་པའི་མི་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅོ་བརྒྱད་པ། མི་དར་མ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན་པའི་མི་ཡིན་པས།ཁེར་རྐྱང་གིས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

ལོ16ཡན་གྱི་ནར་མ་སོན་པའི་མིས་རང་ཉིད་ཀྱི་ངལ་རྩོལ་ཡོང་སྒོ་དེ་འཚོ་བའི་ཡོང་ཁུངས་གཙོ་བོ་བྱེད་ཀྱིན་ཡོད་ན།དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན་པའི་མི་རུ་བརྩི་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཅུ་དགུ་པ། ལོ8ཡན་གྱི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་སྐབས་ཁྲིམས་བཀོད་འཐུས་མིས་འཐུས་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་བཀོད་འཐུས་ཚབ་པ་འཐད་པ་བྱུང་བ་དང་རྗེས་སུ་ཁས་ལེན་བྱེད་དགོས་མོད།འོན་ཀྱང་ཁེ་ཕན་ཐོབ་ཁོ་ཐག་ཡིན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་རིག་སྟོབས་ལ་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་རང་ཚུགས་ཀྱིས་ལག་བསྟར་བྱེད་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉི་ཤུ་པ། ལོ8མ་ལོངས་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ཡིན་པས།དེའི་ཁྲིམས་བཀོད་འཐུས་ཚབ་པས་འཐུས་ཚབ་བྱས་ཏེ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དགོས། 3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་གཅིག་པ། རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་མི་ཐུབ་པའི་ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ཡིན་པས།དེའི་ཁྲིམས་བཀོད་འཐུས་ཚབ་པས་འཐུས་ཚབ་བྱས་ཏེ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།ལོ8ཡན་གྱི་ནར་མ་སོན་པའི་མིས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་ན།གོང་གི་ཁོད་ཚན་དེའི་གཏན་འཁེལ་སྤྱོད་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་གཉིས་པ། རང་ཉིད་ཀྱི་བྱ་སྤྱོད་ཚང་མ་ལ་ཚོད་འཛིན་བྱེད་མི་ཐུབ་པའི་མི་དར་མ་ནི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་སྐབས་དེའི་ཁྲིམས་བཀོད་འཐུས་ཚབ་པས་འཐུས་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་བཀོད་འཐུས་ཚབ་པ་འཐད་པ་བྱུང་བ་དང་རྗེས་སུ་ཁས་ལེན་བྱེད་དགོས་མོད།འོན་ཀྱང་ཁེ་ཕན་ཐོབ་ཁོ་ཐག་ཡིན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་རིག་སྟོབས་དང་བསམ་བློའི་བདེ་ཐང་གནས་ཚུལ་དང་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་གསུམ་པ། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིའི་ལྟ་སྐྱོང་པ་ནི་དེའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་བཞི་པ། རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པའམ་ཡང་ན་རང་ཉིད་ཀྱི་བྱ་སྤྱོད་ཚང་མ་ལ་ཚོད་འཛིན་བྱེད་མི་ཐུབ་པའི་མི་དར་མ་ལ།དེའི་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་དང་ཡང་ན་འབྲེལ་ཡོད་རྩ་འཛུགས་ཀྱིས།མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུས་ཏེ་མི་དར་མ་དེ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ལ་ངོས་འཛིན་བྱེད་དུ་འཇུག་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཁྲིམས་ཁང་གིས་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ལ་ངོས་འཛིན་བྱས་ཟིན་པའི་མིས།རང་ཉིད་དམ་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་དང་ཡང་ན་འབྲེལ་ཡོད་རྩ་འཛུགས་བརྒྱུད་དེ་རེ་འདུན་ཞུས་ན།མི་དམངས་ཁྲིམས་ཁང་གིས་དེའི་རིག་སྟོབས་དང་བསམ་བློའི་བདེ་ཐང་སླར་གསོ་བྱུང་བའི་གནས་ཚུལ་ལ་བལྟས་ནས།མི་དར་མ་དེ་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་དང་ཡང་ན་དམངས་དོན་བྱ་སྤྱོད་ནུས་པ་ལྡན་པའི་མི་ལ་སླར་གསོ་བྱེད་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་འདིར་གཏན་འཁེལ་བྱས་པའི་འབྲེལ་ཡོད་རྩ་འཛུགས་ནི།གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་ལས་ཁུངས།བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།ཁྲིམས་ལྟར་བཙུགས་པའི་རྒན་པའི་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་ལྔ་པ། རང་བྱུང་མིས་དུད་ཐོའི་སྟེང་དུ་བཀོད་ཡོད་པའམ་ཡང་ན་ནུས་ལྡན་གྱི་ཐོབ་ཐང་ཟིན་ཐོ་གཞན་པའི་སྟེང་དུ་བཀོད་ཡོད་པའི་འདུག་གནས་དེ་ནི་སྡོད་གནས་ཡིན་ལ།དུས་རྒྱུན་གྱི་འདུག་གནས་དང་སྡོད་གནས་གཉིས་མཐུན་པ་མིན་ན།དུས་རྒྱུན་གྱི་འདུག་གནས་དེ་སྡོད་གནས་སུ་ངོས་འཛིན་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གཉིས་པ།ལྟ་སྐྱོང་།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་དྲུག་པ། ཕ་མར་ནར་མ་སོན་པའི་བུ་ཕྲུག་སྙོར་སྐྱོང་བྱེད་པ་དང་སློབ་གསོ་གཏོང་བ།སྲུང་སྐྱོབ་བྱེད་པ་བཅས་ཀྱི་འོས་འགན་ཡོད།3yOཀྲུང་གོ་བོད་ཀྱི་དྲ་བ།

ནར་སོན་ཏེ་དར་མར་གྱུར་པའི་བུ་ཕྲུག་ལ་ཕ་མར་གུས་སྐྱོང་དང་རོགས་སྐྱོར།སྲུང་སྐྱོབ་བཅས་བྱེད་རྒྱུའི་འོས་འགན་ཡོད།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་བདུན་པ། ཕ་མ་ནི་ནར་མ་སོན་པའི་བུ་ཕྲུག་གི་ལྟ་སྐྱོང་པ་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་མིའི་ཕ་མ་ཚེ་ལས་འདས་པའམ་ཡང་ན་ལྟ་སྐྱོང་ནུས་པ་མེད་ན།གཤམ་གྱི་ལྟ་སྐྱོང་ནུས་པ་ཡོད་པའི་མིས་གོ་རིམ་ལྟར་ལྟ་སྐྱོང་པའི་འགན་འཁུར་དགོས་པ་སྟེ།3yOཀྲུང་གོ་བོད་ཀྱི་དྲ་བ།

སྤོ་བོ་དང་རྨོ་མོ། ཨ་མྱེས་དང་ཨ་ཕྱི།3yOཀྲུང་གོ་བོད་ཀྱི་དྲ་བ།

གཅེན་པོ་དང་གཅེན་མོ།3yOཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་པའི་འགན་འཁུར་རྒྱུར་འཐད་པའི་མི་སྒེར་དང་རྩ་འཛུགས་གཞན་དག་བཅས་ཡིན་མོད།འོན་ཀྱང་ངེས་པར་ནར་མ་སོན་པའི་མིའི་འདུག་གནས་ཀྱི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་།ཡང་ན་དམངས་སྲིད་སྡེ་ཁག་བཅས་འཐད་པ་འབྱུང་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་བརྒྱད་པ། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་དར་མར།གཤམ་གྱི་ལྟ་སྐྱོང་ནུས་པ་ཡོད་པའི་མིས་གོ་རིམ་ལྟར་ལྟ་སྐྱོང་པའི་འགན་འཁུར་དགོས་པ་སྟེ།3yOཀྲུང་གོ་བོད་ཀྱི་དྲ་བ།

བཟའ་ཟླ།3yOཀྲུང་གོ་བོད་ཀྱི་དྲ་བ།

ཕ་མའམ་ཡང་ན་བུ་ཕྲུག3yOཀྲུང་གོ་བོད་ཀྱི་དྲ་བ།

ཉེ་མི་གཞན་དག3yOཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་པའི་འགན་འཁུར་རྒྱུར་འཐད་པའི་མི་སྒེར་དང་རྩ་འཛུགས་གཞན་དག་བཅས་ཡིན་མོད།འོན་ཀྱང་ངེས་པར་ནར་མ་སོན་པའི་མིའི་འདུག་གནས་ཀྱི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་།ཡང་ན་དམངས་སྲིད་སྡེ་ཁག་བཅས་འཐད་པ་འབྱུང་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉེར་དགུ་པ། ལྟ་སྐྱོང་བྱ་ཡུལ་གྱི་ཕ་མས་ལྟ་སྐྱོང་གི་འགན་ཁུར་ཡོད་ན།ཁ་ཆེམས་ཡི་གེ་འབྲི་བར་བརྟེན་ནས་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སུམ་ཅུ་པ། ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་པའི་མིའི་བར་དུ་གྲོས་མོལ་བྱས་ཏེ་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག་པ་དང་།གྲོས་མོལ་ལྟ་སྐྱོང་པ་གཏན་འཁེལ་བྱས་ན་ངེས་པར་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་གཅིག་པ། ལྟ་སྐྱོང་པ་གཏན་འཁེལ་བྱེད་པར་བསམ་འཆར་མི་མཐུན་པ་ཡོད་ན།ལྟ་སྐྱོང་བྱ་ཡུལ་གནས་སའི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་།ཡང་ན་དམངས་སྲིད་སྡེ་ཁག་བཅས་ཀྱིས་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག་པ་དང་།འབྲེལ་ཡོད་དོ་བདག་པ་གཏན་འཁེལ་དེ་ལ་མི་འཐད་ན།མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས་པའི་རེ་འདུན་ཞུ་ཆོག་ལ།འབྲེལ་ཡོད་དོ་བདག་པས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས་པའི་རེ་འདུན་ཞུས་ཀྱང་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་།དམངས་སྲིད་སྡེ་ཁག་བཅས་དང་ཡང་ན་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱས་ཏེ།ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་ལྟར་ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་པའི་མིའི་ཁྲོད་ནས་ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་འདིའི་ཁོད་ཚན་དང་པོའི་གཏན་འཁེལ་ལྟར་ལྟ་སྐྱོང་པ་གཏན་འཁེལ་མ་བྱས་གོང་།ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་དབང་ཆ་དང་རྒྱུ་ནོར་དབང་ཆ།གཞན་ད་རུང་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་ལ་སྲུང་སྐྱོབ་བྱེད་མཁན་མེད་ན།ལྟ་སྐྱོང་བྱ་ཡུལ་གནས་སའི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་།བཅའ་ཁྲིམས་ཁྲིམས་སྲོལ་སྟེང་གི་འབྲེལ་ཡོད་རྩ་འཛུགས་དང་ཡང་ན་དམངས་སྲིད་སྡེ་ཁག་བཅས་ཀྱིས་གནས་སྐབས་ཀྱི་ལྟ་སྐྱོང་པའི་འགན་འཁུར་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་པ་གཏན་འཁེལ་བྱས་རྗེས།རང་འདོད་ལྟར་བསྒྱུར་མི་ཆོག་པ་དང་། རང་འདོད་ལྟར་བསྒྱུར་ན།གཏན་འཁེལ་བྱས་ཡོད་པའི་ལྟ་སྐྱོང་པ་དེའི་འགན་འཁྲི་མི་ལེན་པ།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་གཉིས་པ། ཁྲིམས་ལྟར་ལྟ་སྐྱོང་པའི་ཐོབ་ཐང་ལྡན་པའི་མི་མེད་ན།དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་པའི་འགན་འཁྲི་འཁུར་དགོས་པ་དང་།ལྟ་སྐྱོང་འགན་འཁྲི་འཁུར་རྒྱུའི་ཆ་རྐྱེན་ལྡན་པའི་ལྟ་སྐྱོང་བྱ་ཡུལ་འདུག་གནས་ཀྱི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁུར་ཀྱང་ཆོག3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་གསུམ་པ། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཚང་མ་ཚང་བའི་མི་དར་མས།རང་ཉིད་ཀྱི་གཉེན་ཉེ་དང་ལྟ་སྐྱོང་པའི་འགན་འཁྲི་འཁུར་རྒྱུར་འཐད་པའི་མི་སྒེར་དང་ཡང་ན་རྩ་འཛུགས་ལ་སྔ་མོ་ནས་གྲོས་མོལ་བྱས་ཏེ།ཡིག་ཐོག་གི་རྣམ་པས་རང་ཉིད་ཀྱི་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོགགྲོས་མོལ་གཏན་འཁེལ་བྱས་པའི་ལྟ་སྐྱོང་པ་དེས་མི་དར་མ་དེའི་དམངས་དོན་བྱ་སྤྱོད་ནུས་པ་ཤོར་བའམ་ཡང་ན་ཆ་ཤས་ཤོར་བའི་སྐབས་སུ།དེར་ལྟ་སྐྱོང་བྱེད་པའི་འགན་འཁུར་དགོས།3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་བཞི་པ། ལྟ་སྐྱོང་པའི་འགན་འཁྲི་ནི་ལྟ་སྐྱོང་བྱ་ཡུལ་གྱི་ཚབ་བྱས་ཏེ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་རྒྱུ་དང་།ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་།གཞན་ད་རུང་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་པས་ཁྲིམས་ལྟར་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱས་པ་ལས་བྱུང་བའི་དབང་ཆར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་ཡིན།3yOཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་པས་ལྟ་སྐྱོང་འགན་འཁྲི་མི་འཁུར་བའམ་ཡང་ན་ལྟ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན།ངེས་པར་བཅའ་ཁྲིམས་ཀྱི་འགན་འཁུར་དགོས།  3yOཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་ལྔ་པ། ལྟ་སྐྱོང་པས་ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་ལྟར་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱེད་དགོས།ལྟ་སྐྱོང་པས་ལྟ་སྐྱོང་བྱ་ཡུལ་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་མ་གཏོགས།ལྟ་སྐྱོང་བྱ་ཡུལ་གྱི་རྒྱུ་ནོར་ཐག་གཅོད་བྱེད་མི་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་མིའི་ལྟ་སྐྱོང་པས་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱས་ན།ལྟ་སྐྱོང་བྱ་ཡུལ་གྱི་ཁེ་ཕན་དང་འབྲེལ་བའི་བློ་ཐག་གཅོད་སྐབས།ལྟ་སྐྱོང་བྱ་ཡུལ་གྱི་ལོ་ཚོད་དང་རིག་སྟོབས་ཀྱི་གནས་བབ་ལ་བལྟས་ནས།ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

མི་དར་མའི་ལྟ་སྐྱོང་པས་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱེད་སྐབས།ཚད་ཆེས་མཐོན་པོའི་སྒོ་ནས་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས་པ་དང་།ལྟ་སྐྱོང་བྱ་ཡུལ་ལ་དེའི་རིག་སྟོབས་དང་སེམས་ཁམས་བདེ་ཐང་གི་གནས་ཚུལ་དང་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་རོགས་བྱེད་དགོས་པར་མ་ཟད་འགན་སྲུང་བྱེད་དགོས།ལྟ་སྐྱོང་བྱ་ཡུལ་ལ་རང་ཚུགས་ཀྱིས་བསྒྲུབ་རྒྱུའི་ནུས་པ་ཡོད་པའི་དོན་དག་ལ་ལྟ་སྐྱོང་པས་ཐེ་གཏོགས་བྱེད་མི་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་དྲུག་པ། ལྟ་སྐྱོང་པར་གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྒེར་དང་ཡང་ན་རྩ་འཛུགས་ཀྱི་རེ་ཞུ་ལྟར།དེའི་ལྟ་སྐྱོང་པའི་ཐོབ་ཐང་བླངས་ནས། དགོས་ངེས་ཀྱི་གནས་སྐབས་ལྟ་སྐྱོང་པ་བཀོད་སྒྲིག་བྱེད་དགོས་པར་མ་ཟད།ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་གཞིར་བཟུང་ནས་ཁྲིམས་ལྟར་ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་བྱ་ཡུལ་གྱི་ལུས་སེམས་བདེ་ཐང་ལ་གནོད་པའི་བྱ་སྤྱོད་ཚབས་ཆེན་བསྒྲུབས་པ།QOaཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་འགན་འཁྲི་ལག་བསྟར་བཟང་པོ་མི་བྱེད་པ་དང་།ཡང་ན་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱེད་ཐབས་མེད་པའམ།ལྟ་སྐྱོང་འགན་འཁྲིའི་ཆ་ཤས་དང་ཡང་ན་ཡོངས་རྫོགས་མི་གཞན་ལ་སྤྲད་དེ།ལྟ་སྐྱོང་བྱ་ཡུལ་ཉེན་ཁ་དང་དཀའ་ངལ་གྱི་གནས་སུ་བཅུག་པ།QOaཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་གཞན་དག་ལ་གནོད་འཚེ་ཚབས་ཆེན་བཏང་བའི་བྱ་སྤྱོད་གཞན་པ་ཡོད་པ་བཅས་སོ།།QOaཀྲུང་གོ་བོད་ཀྱི་དྲ་བ།

གཏན་འཁེལ་འདིའི་ནང་གི་འབྲེལ་ཡོད་མི་སྒེར་དང་རྩ་འཛུགས་ཀྱི་ནང་དུ།ཁྲིམས་ལྟར་ལྟ་སྐྱོང་པའི་ཐོབ་ཐང་ལྡན་པའི་མི་གཞན་པ་དང་། གཞིས་དམངས་ཨུ་ཡོན་ལྷན་ཁང་།སྡེ་དམངས་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་ལས་ཁུངས།བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།ནར་མ་སོན་པའི་མིའི་སྲུང་སྐྱོབ་རྩ་འཛུགས། ཁྲིམས་ལྟར་བཙུགས་པའི་རྒན་པའི་རྩ་འཛུགས།དམངས་སྲིད་སྡེ་ཁག་སོགས་འདུས་ཡོད།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁོད་ཚན་གོང་མའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་མི་སྒེར་དང་དམངས་སྲིད་སྡེ་ཁག་ཕུད་པའི་རྩ་འཛུགས་ཀྱིས་མི་དམངས་ཁྲིམས་ཁང་ལ་དུས་ལྟར་ལྟ་སྐྱོང་པའི་ཐོབ་ཐང་ཕྱིར་འཐེན་དགོས་པའི་རེ་འདུན་མ་ཞུས་ན།དམངས་སྲིད་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུ་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་བདུན་པ། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ལྟ་སྐྱོང་པར་སྙོར་སྐྱོང་གྲོན་དངུལ་དང་གུས་སྐྱོང་གྲོན་དངུལ།རོགས་སྐྱོར་གྲོན་དངུལ་སོགས་སྤྲོད་ཀྱིན་པའི་ཕ་མ་དང་བུ་ཕྲུགབཟའ་ཟླ་བཅས་ཀྱི་ལྟ་སྐྱོང་ཐོབ་ཐང་བླངས་ན་ཡང་།གྲོན་དངུལ་སྤྲོད་པའི་འོས་འགན་མུ་མཐུད་དུ་འཁུར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་བརྒྱད་པ། མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་ཕ་མ་དང་བུ་ཕྲུག་གི་ལྟ་སྐྱོང་ཐོབ་ཐང་བླངས་རྗེས།ལྟ་སྐྱོང་བྱ་ཡུལ་ལ་བསམ་བཞིན་དུ་ཉེས་པ་བསགས་པ་ཕུད།རང་ཉེས་འགྱོད་བཤགས་བྱེད་ཀྱིན་ཡོད་ན།རེ་འདུན་ཞུས་པ་བརྒྱུད་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་པའི་བསམ་འཆར་ངོ་མ་སྡུད་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོགགནས་ཚུལ་ལ་བལྟས་ནས་དེའི་ལྟ་སྐྱོང་པའི་ཐོབ་ཐང་སླར་གསོ་བྱེད་ཆོག་པ་དང་།མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་ལྟ་སྐྱོང་པ་དང་ལྟ་སྐྱོང་བྱ་ཡུལ་གྱི་ལྟ་སྐྱོང་འབྲེལ་བ་དེ་དུས་མཉམ་དུ་མཚམས་འཇོག་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སོ་དགུ་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།ལྟ་སྐྱོང་འབྲེལ་བ་མཚམས་འཇོག་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་བྱ་ཡུལ་གྱི་དམངས་དོན་བྱ་སྤྱོད་ནུས་པ་ཡོངས་རྫོགས་སླར་གསོ་བྱུང་བ།QOaཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་པའི་ལྟ་སྐྱོང་ནུས་པ་ཤོར་བ།QOaཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་བྱ་ཡུལ་དང་ཡང་ན་ལྟ་སྐྱོང་པ་ཚེ་ལས་འདས་པ།QOaཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་འབྲེལ་བ་མཚམས་འཇོག་དགོས་པར་འདོད་པའི་གནས་ཚུལ་གཞན་དག་བཅས་སོ།།QOaཀྲུང་གོ་བོད་ཀྱི་དྲ་བ།

ལྟ་སྐྱོང་འབྲེལ་བ་མཚམས་བཞག་རྗེས།ལྟ་སྐྱོང་བྱ་ཡུལ་ལ་སྔར་བཞིན་ལྟ་སྐྱོང་བྱེད་དགོས་ན།ངེས་པར་ཁྲིམས་ལྟར་ལྟ་སྐྱོང་པ་གཞན་པ་གཏན་འཁེལ་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གསུམ་པ། གར་སོང་ཆ་མེད་དུ་གྱུར་པའམ་ཡང་ན་ཚེ་ལས་འདས་པ་བསྒྲགས་པ།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བཞི་བཅུ་པ། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་འགོར་ན།ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་གར་སོང་ཆ་མེད་དུ་གྱུར་པར་བསྒྲག་དགོས་པའི་རེ་འདུན་བཏོན་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་གཅིག་པ། རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་པའི་ཉིན་ནི་གོ་ཐོས་གང་ཡང་མེད་པའི་ཉིན་དེ་ནས་བཟུང་རྩི་དགོས་པ་དང་།འཐབ་འཁྲུག་གི་སྐབས་སུ་གར་སོང་ཆ་མེད་དུ་གྱུར་ན།གར་སོང་ཆ་མེད་དུ་གྱུར་པའི་ཉིན་ནི་འཐབ་འཁྲུག་མཇུག་རྫོགས་པའི་ཉིན་དང་ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་གར་སོང་ཆ་མེད་དུ་གྱུར་པར་གཏན་འཁེལ་བྱས་པའི་ཉིན་དེ་ནས་བཟུང་བརྩི་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་གཉིས་པ། གར་སོང་ཆ་མེད་དུ་གྱུར་པའི་མི་དེའི་རྒྱུ་ནོར་ལ་དེའི་བཟའ་ཟླ་དང་ནར་སོན་ཏེ་དར་མར་གྱུར་ཡོད་པའི་བུ་ཕྲུགཕ་མ་བཅས་དང་ཡང་ན་རྒྱུ་ནོར་དོ་དམ་ཚབ་བྱེད་ལ་འཐད་པའི་མི་གཞན་པར་དོ་དམ་བྱེད་དུ་འཇུག་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོ་དམ་ཚབ་བྱེད་ཐད་རྩོད་གཞི་ཡོད་པ་དང་།ཁོད་ཚན་གོང་མའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་མི་མེད་པའམ་ཡང་ན་ཁོད་ཚན་གོང་མའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་མི་ལ་ཚབ་བྱེད་ནུས་པ་མེད་ན།མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་མིས་དོ་དམ་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་གསུམ་པ། རྒྱུ་ནོར་ཚབ་བྱེད་དོ་དམ་པས་གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ལ་དོ་དམ་ལེགས་པོ་བྱས་ཏེ།དེའི་རྒྱུ་ནོར་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

གར་སོང་ཆ་མེད་དུ་གྱུར་པའི་མིས་ཆད་པའི་ཁྲལ་དངུལ་ལམ་བུ་ལོན་དང་ཡང་ན་སྤྲོད་དགོས་པའི་འགྲོ་སྒོ་གཞན་དགཚབ་བྱེད་དོ་དམ་པས་གར་སོང་ཆ་མེད་དུ་གྱུར་པའི་མི་དེའི་རྒྱུ་ནོར་གྱི་ནང་ནས་སྤྲོད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ཚབ་བྱེད་དོ་དམ་པས་བསམ་བཞིན་དང་ཡང་ན་ནོར་འཁྲུལ་ཆེན་པོའི་དབང་གིས་གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ལ་གྱོང་གུན་བཟོས་ན།སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་བཞི་པ། རྒྱུ་ནོར་ཚབ་བྱེད་དོ་དམ་པས་དོ་དམ་འགན་འཁྲི་ལེགས་པོ་མ་ཁུར་པ་དང་།གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་བའམ་ཡང་ན་ཚབ་བྱེད་དོ་དམ་གྱི་ནུས་པ་ཤོར་ན།གར་སོང་ཆ་མེད་དུ་གྱུར་པའི་མི་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་བྱེད་དོ་དམ་པ་བརྗེ་དགོས་པའི་རེ་འདུན་བཏོན་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

རྒྱུ་ནོར་ཚབ་བྱེད་དོ་དམ་པར་དོན་དང་མཐུན་པའི་གནས་ལུགས་ཡོད་ན།མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་ཚབ་བྱེད་དོ་དམ་པ་བརྗེ་དགོས་པའི་རེ་འདུན་བཏོན་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཁྲིམས་ཁང་གིས་རྒྱུ་ནོར་ཚབ་བྱེད་དོ་དམ་པ་བརྗེས་ན།བརྗེས་རྗེས་ཀྱི་རྒྱུ་ནོར་ཚབ་བྱེད་དོ་དམ་པས་སྔོན་གྱི་རྒྱུ་ནོར་ཚབ་བྱེད་དོ་དམ་པར་འབྲེལ་ཡོད་རྒྱུ་ནོར་དུས་ལྟར་བརྒྱུད་སྤྲོད་བྱེད་དགོས་པར་མ་ཟད།རྒྱུ་ནོར་ཚབ་བྱེད་དོ་དམ་བྱས་པའི་གནས་ཚུལ་ཡར་ཞུ་བྱེད་དགོས་པའི་རེ་འདུན་བཏོན་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་ལྔ་པ། གར་སོང་ཆ་མེད་དུ་གྱུར་པའི་མི་དེ་ཕྱིར་ཡོང་རྗེས།ཁོ་རང་ཉིད་དང་ཡང་ན་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིའི་རེ་འདུན་ཞུས་ན།མི་དམངས་ཁྲིམས་ཁང་གིས་གར་སོང་ཆ་མེད་དུ་གྱུར་པའི་བསྒྲགས་ཡིག་ཕྱིར་འཐེན་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

གར་སོང་ཆ་མེད་དུ་གྱུར་པའི་མི་དེ་ཕྱིར་ཡོང་ན།རྒྱུ་ནོར་ཚབ་བྱེད་དོ་དམ་པར་འབྲེལ་ཡོད་རྒྱུ་ནོར་དུས་ལྟར་བརྒྱུད་སྤྲོད་བྱེད་དགོས་པར་མ་ཟད་རྒྱུ་ནོར་ཚབ་བྱེད་དོ་དམ་བྱས་པའི་གནས་ཚུལ་ཡར་ཞུ་བྱེད་དགོས་པའི་རེ་འདུན་བཏོན་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་དྲུག་པ། རང་བྱུང་མི་ལ་གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རང་བྱུང་མི་དེ་ཚེ་ལས་འདས་པར་བསྒྲག་དགོས་པའི་རེ་འདུན་བཏོན་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

གར་སོང་ཆ་མེད་དུ་གྱུར་ཏེ་ལོ་བཞི་འགོར་བ།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་གཉིས་འགོར་བ།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ན།འབྲེལ་ཡོད་ལས་ཁུངས་ཀྱིས་རང་བྱུང་མི་དེ་འཚོ་གཞེས་བྱེད་མི་སྲིད་པར་བདེན་དཔང་བྱས་པ་བརྒྱུད།ཚེ་ལས་འདས་པར་བསྒྲགས་པའི་རེ་འདུན་ལ་ལོ་གཉིས་ཀྱི་དུས་ཡུན་གྱི་ཚོད་འཛིན་མི་ཐེབས་པ་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་བདུན་པ། རང་བྱུང་མི་གཅིག་ལ།ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་ཁ་ཤས་ཀྱིས་ཚེ་ལས་འདས་པར་བསྒྲགས་དགོས་པའི་རེ་འདུན་བཏོན་པ་དང་།ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་ཁ་ཤས་ཀྱིས་གར་སོང་ཆ་མེད་དུ་གྱུར་པར་བསྒྲག་དགོས་པའི་རེ་འདུན་བཏོན་པ་དེ་བཅའ་ཁྲིམས་འདིའི་གཏན་འཁེལ་ནང་གི་ཚེ་ལས་འདས་པར་བསྒྲགས་པའི་ཆ་རྐྱེན་དང་མཐུན་ན།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་བརྒྱད་པ། ཚེ་ལས་འདས་པ་བསྒྲགས་ན།མི་དམངས་ཁྲིམས་ཁང་གིས་ཚེ་ལས་འདས་པར་བསྒྲག་རྒྱུའི་ཐག་བཅད་པའི་ཉིན་དེ་ཚེ་ལས་འདས་པའི་ཉིན་མོར་ངོས་འཛིན་དགོས་པ་དང་།དོན་རྐྱེན་གྱི་དབང་གིས་གར་སོང་ཆ་མེད་དུ་གྱུར་ཏེ་ཚེ་ལས་འདས་པར་བསྒྲགས་ན།དོན་རྐྱེན་བྱུང་བའི་ཉིན་དེ་ནི་དེའི་ཚེ་ལས་འདས་པའི་ཉིན་མོར་ངོས་འཛིན་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཞེ་དགུ་པ། རང་བྱུང་མི་ཚེ་ལས་འདས་པར་བསྒྲགས་མོད།འོན་ཀྱང་ཚེ་ལས་འདས་མེད་ན། རང་བྱུང་མི་དེ་ཚེ་ལས་འདས་པར་བསྒྲགས་པའི་སྐབས་སུ་ལག་བསྟར་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པར་གནོད་པ་མི་ཐེབས་པ་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ལྔ་བཅུ་པ། ཚེ་ལས་འདས་པར་བསྒྲགས་པའི་མི་དེ་ཕྱིར་ཡོང་ན།མི་རང་ཉིད་དང་ཡང་ན་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་རེ་འདུན་ཞུས་པ་བརྒྱུད།མི་དམངས་ཁྲིམས་ཁང་གིས་ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་གཅིག་པ། ཚེ་ལས་འདས་པར་བསྒྲགས་པའི་མིའི་གཉེན་སྒྲིག་འབྲེལ་བ་ནི་ཚེ་ལས་འདས་པར་བསྒྲགས་པའི་ཉིན་དེ་ནས་བཟུང་མེད་པར་གྱུར་པ་དང་།ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱས་ན། གཉེན་སྒྲིག་འབྲེལ་བ་དེ་ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱས་པའི་ཉིན་དེ་ནས་བཟུང་རང་འགུལ་གྱིས་སླར་གསོ་བྱུང་བ་ཡིན་མོད།འོན་ཀྱང་དེའི་བཟའ་ཟླས་ཡང་བསྐྱར་གཉེན་སྒྲིག་བྱས་ཟིན་པའམ་ཡང་ན་གཉེན་འབྲེལ་ཐོ་འགོད་ལས་ཁུངས་ལ་ཡིག་ཐོག་ནས་སླར་གསོ་བྱེད་རྒྱུ་མི་འཐད་པ་གསལ་བསྒྲགས་བྱས་ཡོད་པ་ཕུད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་གཉིས་པ། ཚེ་ལས་འདས་པར་བསྒྲགས་པའི་མི་དེ་ཚེ་ལས་འདས་པར་བསྒྲགས་པའི་སྐབས་སུ།དེའི་བུ་ཕྲུག་མི་གཞན་གྱིས་ཁྲིམས་ལྟར་ཉར་གསོ་བྱས་ན།ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱས་རྗེས།མི་རང་ཉིད་འཐད་པ་བྱུང་མེད་པར་ཁ་གཡར་ཏེ་ཉར་གསོ་འབྲེལ་བ་ནུས་མེད་དུ་གཏོང་མི་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་གསུམ་པ། ཚེ་ལས་འདས་པའི་བསྒྲགས་ཡིག་ཕྱིར་འཐེན་བྱས་པའི་མི་ལ་རྒྱུན་འཛིན་བཅའ་ཁྲིམས་ལྟར་ཁོའི་རྒྱུ་ནོར་གྱི་དམངས་དོན་གཙོ་བདག་ཕྱིར་བླངས་ནས་རྒྱུ་ནོར་ཕྱིར་སློག་བྱེད་རྒྱུའི་རེ་བ་འདོན་པའི་དབང་ཆ་ཡོད་ལ།ཕྱིར་སློག་བྱེད་ཐབས་མེད་ན། འོས་འཚམ་གྱི་ཁ་གསབ་སྟེར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་གནས་ཚུལ་ངོ་མ་སྦ་གསང་བྱས་ཏེ།མི་གཞན་པ་ཚེ་ལས་འདས་པ་བསྒྲག་ཏུ་བཅུག་ནས་དེའི་རྒྱུ་ནོར་ལེན་ཐབས་བྱས་ཡོད་ན།རྒྱུ་ནོར་ཕྱིར་སློག་བྱེད་དགོས་པར་མ་ཟད་ད་རུང་དེ་ལས་བཟོས་པའི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་བཞི་པ། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་ཞིང་སྡེའི་འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་བཞི་པ། རང་བྱུང་མིས་བཟོ་ཚོང་ལས་བདག་གཉེར་བྱེད་ན།ཁྲིམས་ལྟར་སྒེར་གྱི་བཟོ་ཚོང་ཁྱིམ་ཚང་ཡིན་པར་ཐོ་འགོད་བྱེད་དགོས་པ་དང་།སྒེར་གྱི་བཟོ་ཚོང་ཁྱིམ་ཚང་གིས་ཚོང་ཁང་ལ་མིང་འདོགས་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་ལྔ་པ། ཞིང་སྡེའི་ཐུན་མོང་བདག་གཉེར་རྩ་འཛུགས་ཀྱི་ཁོངས་མིས།ཁྲིམས་ལྟར་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་བླངས་ནས།ཁྱིམ་ཚང་གི་འགན་གཙང་ལེན་བདག་གཉེར་བྱས་ན།ཞིང་སྡེའི་འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་དྲུག་པ། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་བུ་ལོན་ནི།སྒེར་གྱིས་བདག་གཉེར་བྱེད་ཀྱིན་ཡོད་ན། སྒེར་གྱི་རྒྱུ་ནོར་ལས་འགན་འཁུར་དགོས་པ་དང་།ཁྱིམ་ཚང་གིས་བདག་གཉེར་བྱེད་ཀྱིན་ཡོད་ན། ཁྱིམ་ཚང་གི་རྒྱུ་ནོར་ལས་འགན་འཁུར་དགོས།དབྱེ་བ་དགར་མི་ཐུབ་ན། ཁྱིམ་ཚང་གི་རྒྱུ་ནོར་ལས་འགན་འཁུར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ཞིང་སྡེའི་འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་གི་བུ་ལོན་ནི།ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་བྱེད་ཀྱིན་ཡོད་པའི་ཁྱིམ་ཚང་གི་རྒྱུ་ནོར་གྱིས་འགན་འཁུར་དགོས་པ་དང་།དོན་དངོས་སུ་ཞིང་ཁྱིམ་གྱི་ཁོངས་མི་ཁ་ཤས་གྱིས་བདག་གཉེར་བྱེད་ཀྱིན་ཡོད་ན།ཁོངས་མི་ཆ་ཤས་དེའི་རྒྱུ་ནོར་གྱིས་འཁུར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་གསུམ་པ།ཁྲིམས་མི།QOaཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ།སྤྱིར་བཏང་གི་གཏན་འཁེལ།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་བདུན་པ། ཁྲིམས་མི་ནི་དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོད་ལ།ཁྲིམས་ལྟར་སྒེར་ཚུགས་ཀྱིས་དམངས་དོན་ཁེ་དབང་ལོངས་སྤྱོད་དང་དམངས་དོན་འོས་འགན་འཁུར་དགོས་པའི་རྩ་འཛུགས་ཤིག་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་བརྒྱད་པ། ཁྲིམས་མི་ནི་ཁྲིམས་ལྟར་འཛུགས་དགོས་པ་ཞིག་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་ལ་རང་ཉིད་ཀྱི་མིང་དང་རྩ་འཛུགས་ལས་ཁུངས།སྡོད་གནས། རྒྱུ་ནོར་རམ་གྲོན་དངུལ་བཅས་ཡོད་དགོས།ཁྲིམས་མི་འཛུགས་པའི་བྱེ་བྲག་གི་ཆ་རྐྱེན་དང་གོ་རིམ་ནི།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་འཛུགས་ན།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས་པར་གཏན་འཁེལ་བྱས་ཡོད་ན།དེའི་གཏན་འཁེལ་ལྟར་བསྒྲུབ་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ང་དགུ་པ། ཁྲིམས་མིའི་དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ནུས་པ་ནི་ཁྲིམས་མི་བཙུགས་པ་ནས་བཟུང་བྱུང་བ་དང་།ཁྲིམས་མིའི་མཚམས་བཞག་རྗེས་མེད་པར་གྱུར་པ་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དྲུག་ཅུ་པ། ཁྲིམས་མིས་ཁོའི་རྒྱུ་ནོར་ཡོངས་རྫོགས་ལ་སྒེར་ཚུགས་ཀྱིས་དམངས་དོན་འགན་འཁྲི་འཁུར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་གཅིག་པ། བཅའ་ཁྲིམས་དང་ཡང་ན་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར།ཁྲིམས་མིའི་ཚབ་བྱས་ཏེ་དམངས་དོན་བྱ་འགུལ་སྤེལ་བའི་འགན་ཁུར་པ་ནི།ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་བཀོད་འཐུས་ཚབ་པས་ཁྲིམས་མིའི་མིང་ཐོག་ནས་དམངས་དོན་བྱ་འགུལ་སྤེལ་ན།དེའི་བཅའ་ཁྲིམས་མཇུག་འབྲས་ནི་ཁྲིམས་མིས་འཁུར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མིའི་སྒྲིག་ཡིག་དང་ཡང་ན་ཁྲིམས་མིའི་དབང་ཆའི་ལས་ཁུངས་ཀྱིས་ཁྲིམས་མི་འཐུས་ཚབ་པའི་འཐུས་ཚབ་དབང་ཆའི་ཚོད་འཛིན་ལ།བསམ་པ་བཟང་བའི་ལྟོས་བཅས་ཀྱི་མི་ལ་རྒོལ་ལན་སྤྲད་མི་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་གཉིས་པ། ཁྲིམས་བཀོད་འཐུས་ཚབ་པས་ལས་འགན་ལག་བསྟར་བྱེད་ཆེད་མི་གཞན་ལ་གནོད་འཚེ་བཏང་ན།ཁྲིམས་མིས་དམངས་དོན་འགན་འཁྲི་འཁུར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མིས་དམངས་དོན་འགན་འཁྲི་ཁུར་རྗེས།བཅའ་ཁྲིམས་དང་ཡང་ན་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར། ནོར་འཁྲུལ་ཡོད་པའི་ཁྲིམས་བཀོད་འཐུས་ཚབ་པའི་ལག་ནས་སྐྱིན་ཚབ་བདའ་འདེད་བྱེད་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་གསུམ་པ། ཁྲིམས་མིས་རང་ཉིད་ཀྱིས་བྱ་བ་སྒྲུབ་ཀྱིན་པའི་ལས་ཁུངས་གནས་ས་དེ་སྡོད་གནས་སུ་འཇོག་དགོས།ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱེད་དགོས་ན། བྱ་བ་སྒྲུབ་ཀྱིན་པའི་ལས་ཁུངས་གནས་ས་དེ་སྡོད་གནས་སུ་ཐོ་འགོད་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་བཞི་པ། ཁྲིམས་མི་ཡོད་པའི་སྐབས་སུ་ཐོ་འགོད་དོན་བྱར་འགྱུར་ལྡོག་བྱུང་ན།ཁྲིམས་ལྟར་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་བསྒྱུར་དགོས་པའི་རེ་འདུན་ཞུ་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་ལྔ་པ། ཁྲིམས་མིའི་དོན་དངོས་གནས་ཚུལ་དང་ཐོ་འགོད་གནས་ཚུལ་གཅིག་མཐུན་མིན་ན།བསམ་པ་བཟང་བའི་ལྟོས་བཅས་ཀྱི་མི་ལ་རྒོལ་ལན་སྤྲད་མི་ཆོགQOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་དྲུག་པ། ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་དང་དུས་ལྟར་ཁྲིམས་མི་ཐོ་འགོད་བྱས་པའི་འབྲེལ་ཡོད་ཆ་འཕྲིན་སྤྱི་བསྒྲགས་བྱེད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་བདུན་པ། ཁྲིམས་མི་ཟླ་སྒྲིལ་བྱས་ན།དེའི་ཁེ་དབང་དང་འོས་འགན་ནི་ཟླ་སྒྲིལ་བྱས་རྗེས་ཀྱི་ཁྲིམས་མིས་ལོངས་སྤྱོད་བྱེད་པ་དང་འཁུར་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་ཁ་གྱེས་ན།དེའི་ཁེ་དབང་དང་འོས་འགན་ནི་ཁ་གྱེས་རྗེས་ཀྱི་ཁྲིམས་མིས་འབྲེལ་ཐེབས་བུན་དབང་ལོངས་སྤྱོད་བྱེད་པ་དང་།འབྲེལ་ཐེབས་བུ་ལོན་འཇལ་བའི་འགན་འཁུར་དགོས་མོད།འོན་ཀྱང་བུན་དབང་ལོངས་སྤྱོད་བྱེད་མཁན་དང་བུ་ལོན་འཇལ་མཁན་ཐད་ནས་གཏན་འཁེལ་གཞན་པ་ཡོད་པ་ཕུད་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་བརྒྱད་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་པར་མ་ཟད།ཁྲིམས་ལྟར་རྩིས་བརྒྱབ་སྟེ་ཐོ་ཁུངས་ནས་བསུབས་ཡོད་ན། ཁྲིམས་མིའི་མཚམས་འཇོག་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་ཐོར་བ།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་མ་རྩ་བརྡིབས་པར་བསྒྲགས་པ།QOaཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་སྟེང་གཏནའ་འཁེལ་བྱས་ཡོད་པའི་རྒྱུ་རྐྱེན་གཞན་པ་བཅས་སོ། །QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་མཚམས་འཇོག་དགོས་ན།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས་པར་གཏན་འཁེལ་བྱས་ན།གཏན་འཁེལ་དེ་ལྟར་བསྒྲུབ་དགོས།QOaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་རེ་དགུ་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།ཁྲིམས་མི་ཐོར་བ་ཡིན།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མིའི་སྒྲིག་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་དུས་ཡུན་ལོན་པའམ་ཡང་ན་ཁྲིམས་མིའི་སྒྲིག་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་ཁ་ཐོར་བའི་གནས་ཚུལ་གཞན་པ་བྱུང་བ།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མིའི་དབང་ཆའི་ལས་ཁུངས་ཀྱིས་ཐོར་རྒྱུའི་ཐག་བཅད་པ།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་ཟླ་སྒྲིལ་དང་ཡང་ན་ཁ་གྱེས་པའི་དབང་གིས་ཐོར་དགོས་པ།QOaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མིས་ཁྲིམས་ལྟར་བདག་གཉེར་དཔང་ཡིག་དང་ཐོ་འགོད་དཔང་ཡིག་རྩིས་མེད་དུ་བཏང་བ་དང་།ཡང་ན་སྒོ་རྒྱག་དགོས་པའི་བཀའ་ཕབ་པའམ་ཕྱིར་བསྡུ་བྱེད་པ།QOaཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའི་གནས་ཚུལ་གཞན་པ་བཅས་སོ། །

དོན་ཚན་བདུན་ཅུ་པ། ཁྲིམས་མི་འཐོར་དགོས་པ་བྱུང་ན།ཟླ་སྒྲིལ་དང་ཡང་ན་ཁ་གྱེས་པའི་གནས་ཚུལ་ཕུད།ཞིབ་རྩིས་ཀྱི་འོས་འགན་ཁུར་པའི་མིས་དུས་ལྟར་ཞིབ་རྩིས་ཚན་ཆུང་རྩ་འཛུགས་བྱས་ཏེ་ཞིབ་རྩིས་རྒྱག་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མིའི་སྤྱི་གཉེར་པ་དང་ལས་འཛིན་པ་སོགས་ཀྱི་ལག་བསྟར་ལས་ཁུངས་དང་ཡང་ན་ཇུས་འདོན་ལས་ཁུངས་ཀྱི་ཁོངས་མི་ནི་ཞིབ་རྩིས་འོས་འགན་ཁུར་མཁན་ཡིན།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ཞིབ་རྩིས་འོས་འགན་ཁུར་པའི་མིས་དུས་ལྟར་ཞིབ་རྩིས་འོས་འགན་དང་ལེན་མ་བྱས་པར་གནོད་འཚེ་བཟོས་ན།ངེས་པར་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་།གཙོ་གཉེར་ལས་ཁུངས་དང་ཡང་ན་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་འབྲེལ་ཡོད་མི་སྣ་གཏན་འཁེལ་བྱས་ཏེ་ཞིབ་རྩིས་ཚན་ཆུང་རྩ་འཛུགས་བྱས་འོག་ཞིབ་རྩིས་རྒྱག་དགོས་པའི་རེ་བ་བཏོན་ཆོགEpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་གཅིག་པ། ཁྲིམས་མིའི་ཞིབ་རྩིས་གོ་རིམ་དང་ཞིབ་རྩིས་རྩ་འཛུགས་བྱེད་པའི་འགན་དབང་ནི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་བསྟུན་དགོས་ལ།གཏན་འཁེལ་ཅི་ཡང་མེད་ན།སྤྱོད་གོ་ཆོད་པའི་ཀུང་སིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལ་ཟུར་ལྟ་བྱེད་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་གཉིས་པ། ཞིབ་རྩིས་རྒྱག་པའི་སྐབས་སུ་ཁྲིམས་མི་ཡོད་མོད།འོན་ཀྱང་ཞིབ་རྩིས་དང་འབྲེལ་བ་མེད་པའི་བྱ་འགུལ་ནང་ཞུགས་མི་ཆོགEpBཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་ཞིབ་རྩིས་བྱས་རྗེས་ཀྱི་རྒྱུ་ནོར་ལྷག་མ་རྣམས།ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་དང་ཡང་ན་ཁྲིམས་མི་དབང་ཆའི་ལས་ཁུངས་ཀྱི་གྲོས་ཆོད་ལྟར་ཐག་གཅོད་བྱེད་དགོས་པ་དང་།བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ཞིབ་རྩིས་མཇུག་རྫོགས་པར་མ་ཟད་ཁྲིམས་མི་ཐོ་ཁོངས་ནས་གསུབ་སྐབས།ཁྲིམས་མིའི་མཚམས་འཇོག་དགོས། ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱེད་མི་དགོས་ན།ཞིབ་རྩིས་མཇུག་རྫོགས་རྗེས་ཁྲིམས་མིའི་མཚམས་འཇོག་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་གསུམ་པ། ཁྲིམས་མིའི་མ་རྩ་བརྡིབས་པར་བསྒྲགས་ན། ཁྲིམས་ལྟར་མ་རྩ་བརྡིབས་པའི་ཞིབ་རྩིས་རྒྱག་དགོས་པར་མ་ཟད།ཁྲིམས་མི་ཐོ་ཁོངས་ནས་གསུབ་སྐབས། ཁྲིམས་མིའི་མཚམས་འཇོག་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་བཞི་པ། ཁྲིམས་མིས་ཁྲིམས་ལྟར་ཡན་ལག་ལས་ཁུངས་འཛུགས་ཆོགབཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་ཡན་ལག་ལས་ཁུངས་ཐོ་འགོད་བྱེད་དགོས་པར་གཏན་འཁེལ་བྱས་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ཡན་ལག་ལས་ཁུངས་དེ་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བྱ་འགུལ་ནང་ཞུགས་པ་ལས་བྱུང་བའི་དམངས་དོན་འགན་འཁྲི་དེ་ཁྲིམས་མིས་འཁུར་དགོས་པ་དང་།ཡན་ལག་ལས་ཁུངས་དེས་དོ་དམ་བྱེད་ཀྱིན་པའི་རྒྱུ་ནོར་སྤྱད་དེ་འགན་འཁུར་ནའང་ཆོགའགན་འཁུར་བའི་ནུས་པས་མི་འདང་ན་ཁྲིམས་མིས་འཁུར་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་ལྔ་པ། འཛུགས་མཁན་གྱིས་ཁྲིམས་མིའི་ཆེད་དུ་སྤེལ་བའི་དམངས་དོན་བྱ་འགུལ་གྱི་བཅའ་ཁྲིམས་མཇུག་འབྲས་ལ་ཁྲིམས་མིས་འཁུར་དགོས་པ་དང་།ཁྲིམས་མི་བཙུགས་མེད་ན། དེའི་བཅའ་ཁྲིམས་མཇུག་འབྲས་ནི་འཛུགས་མཁན་གྱིས་འཁུར་དགོས།འཛུགས་མཁན་མི་གཉིས་ཀྱི་ཡན་ཡོད་ན།འབྲེལ་ཐེབས་བུན་དབང་ལོངས་སྤྱོད་བྱེད་ཆོག་པར་མ་ཟད་འབྲེལ་ཐེབས་བུ་ལོན་གྱི་འགན་ཡང་འཁུར་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

འཛུགས་མཁན་གྱིས་ཁྲིམས་མིའི་མིང་ཐོག་ནས་དམངས་དོན་བྱ་འགུལ་སྤེལ་བ་ལས་བྱུང་བའི་དམངས་དོན་འགན་འཁྲི་དགམི་གསུམ་པ་པོས་ཁྲིམས་མི་དང་ཡང་ན་འཛུགས་མཁན་ནང་གི་གཅིག་བདམས་ནས་འཁུར་དགོས་པའི་རེ་བ་བཏོན་ཆོགEpBཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གཉིས་པ།ཁེ་གཉེར་ཁྲིམས་མི།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་དྲུག་པ། ཁེ་སྤོགས་བླངས་ནས་མ་རྐང་འཇོག་མཁན་སོགས་ཀྱི་མ་དངུལ་གཏོང་མཁན་ལ་བགོ་བ་དེ་དམིགས་ཡུལ་དུ་བཟུང་ནས་བཙུགས་པའི་ཁྲིམས་མི་ནི་ཁེ་གཉེར་ཁྲིམས་མི་ཡིན།EpBཀྲུང་གོ་བོད་ཀྱི་དྲ་བ།

ཁེ་གཉེར་ཁྲིམས་མི་ལ་ཚད་ཡོད་འགན་འཁྲི་ཀུང་སི་དང་མ་རྐང་ཚད་ཡོད་ཀུང་སི།ཁེ་ལས་གཞན་པའི་ཁྲིམས་མི་བཅས་འདུས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་བདུན་པ། ཁེ་གཉེར་ཁྲིམས་མི་ནི་ཁྲིམས་ལྟར་ཐོ་འགོད་བྱས་ཏེ་བཙུགས་པ་ཡིན།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་བརྒྱད་པ། ཁྲིམས་ལྟར་བཙུགས་པའི་ཁེ་གཉེར་ཁྲིམས་མི་ལ།ཐོ་འགོད་ལས་ཁུངས་ཀྱིས་ཁེ་གཉེར་ཁྲིམས་མིའི་ཚོང་གཉེར་དཔང་ཡིག་སྟེར་དགོས་པ་དང་།ཚོང་གཉེར་དཔང་ཡིག་བྱིན་པའི་ཉིན་མོ་ནི་ཁེ་གཉེར་ཁྲིམས་མི་གྲུབ་པའི་ཉིན་མོ་ཡིན།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དོན་དགུ་པ། ཁེ་གཉེར་ཁྲིམས་མི་འཛུགས་ན་ངེས་པར་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་བཟོ་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱད་ཅུ་པ། ཁེ་གཉེར་ཁྲིམས་མིས་ངེས་པར་དབང་ཆའི་ལས་ཁུངས་འཛུགས་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དབང་ཆའི་ལས་ཁུངས་ཀྱིས་ཁྲིམས་མིའི་སྒྲིག་ཡིག་བཟོ་བཅོས་བྱེད་པ་དང་།ལག་བསྟར་ལས་ཁུངས་དང་ལྟ་སྐུལ་ལས་ཁུངས་ཀྱི་ཁོངས་མི་གདམ་གསེས་དང་བརྗེ་སྤོ།གཞན་ད་རུང་ཁྲིམས་མིའི་སྒྲིག་ཡིག་སྟེང་གཏན་འཁེལ་བྱས་ཡོད་པའི་འགན་དབང་གཞན་པ་བཅས་སྤྱད་ཆོགEpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་གཅིག་པ། ཁེ་གཉེར་ཁྲིམས་མིས་ངེས་པར་ལག་བསྟར་ལས་ཁུངས་འཛུགས་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ལག་བསྟར་ལས་ཁུངས་ཀྱིས་དབང་ཆའི་ལས་ཁུངས་ཀྱི་གྲོས་ཚོགས་བསྡུ་བ་དང་།ཁྲིམས་མིའི་བདག་གཉེར་འཆར་གཞི་དང་དངུལ་གཏོང་ཇུས་གཞི་འགོད་པ།ཁྲིམས་མིའི་ནང་ཁུལ་གྱི་དོ་དམ་ལས་ཁུངས་ཀྱི་སྒྲིག་བཀོད་བཟོ་བ།གཞན་ད་རུང་ཁྲིམས་མིའི་སྒྲིག་ཡིག་སྟེང་གཏན་འཁེལ་བྱས་ཡོད་པའི་འགན་དབང་གཞན་དག་ལག་བསྟར་བྱེད་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ལག་བསྟར་ལས་ཁུངས་ལ་སྤྱི་གཉེར་ཚོགས་པ་དང་ཡང་ན་ལག་བསྟར་སྤྱི་གཉེར་བྱེད་མཁན་གྱི་སྤྱི་གཉེར་པ་དང་ལག་བསྟར་སྤྱི་གཉེར་རམ་ཡང་ན་བདག་གཉེར་དོ་དམ་པས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར་ཁྲིམས་མི་འཐུས་ཚབ་པའི་འགན་འཁུར་དགོས།སྤྱི་གཉེར་ཚོགས་པ་དང་ལག་བསྟར་སྤྱི་གཉེར་བཙུགས་མེད་ན།ཁྲིམས་མིའི་སྒྲིག་ཡིག་སྟེང་གཏན་འཁེལ་བྱས་ཡོད་པའི་འགན་འཁྲི་པ་གཙོ་བོ་ནི་དེའི་ལག་བསྟར་ལས་ཁུངས་དང་ཁྲིམས་མི་འཐུས་ཚབ་པ་ཡིན།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་གཉིས་པ། ཁེ་གཉེར་ཁྲིམས་མིས་ལྟ་སྐུལ་ལས་དོན་ཚོགས་པ་དང་ཡང་ན་ལྟ་སྐུལ་ལས་དོན་སོགས་ཀྱི་ལྟ་སྐུལ་ལས་ཁུངས་འཛུགས་ན།ལྟ་སྐུལ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་རྒྱུ་ནོར་ལ་ཞིབ་བཤེར་བྱེད་དགོས་པ་དང་།ལྟ་སྐུལ་ལས་ཁུངས་ཀྱི་ཁོངས་མི་དང་མཐོ་རིམ་དོ་དམ་མི་སྣས་ཁྲིམས་མིའི་ལས་གནས་འཁུར་བའི་བྱ་སྤྱོད་ལ་ལྟ་སྐུལ།གཞན་ད་རུང་ཁྲིམས་མིའི་སྒྲིག་ཡིག་སྟེང་གཏན་འཁེལ་བྱས་ཡོད་པའི་འགན་དབང་གཞན་དག་ལག་བསྟར་བྱེད་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་གསུམ་པ། ཁེ་གཉེར་ཁྲིམས་མིའི་དངུལ་གཏོང་མཁན་གྱིས་དངུལ་གཏོང་མཁན་གྱི་དབང་ཆ་གང་འདོད་དུ་སྤྱད་དེ་ཁྲིམས་མི་དང་ཡང་ན་དངུལ་གཏོང་མཁན་གཞན་པའི་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོགདངུལ་གཏོང་མཁན་གྱི་དབང་ཆ་གང་འདོད་དུ་སྤྱད་དེ་ཁྲིམས་མི་དང་དངུལ་གཏོང་མཁན་གཞན་པ་ལ་གྱོང་གུན་བཟོས་ན།ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ཁེ་གཉེར་ཁྲིམས་མིར་མ་དངུལ་བཏང་བའི་ཁྲིམས་མིས་མ་དངུལ་གཏོང་མཁན་གྱི་རང་ཚུགས་གོ་གནས་དང་མ་དངུལ་བཏང་བའི་ཚད་ཡོད་འགན་འཁྲི་སྤྱད་དེ་གང་འདོད་དུ་ཁྲིམས་མིའི་བུན་བདག་ཁེ་ཕན་ལ་གནོད་འཚེ་གཏང་མི་ཆོགཁྲིམས་མིའི་རང་ཚུགས་ཀྱི་གོ་གནས་དང་མ་དངུལ་གཏོང་མཁན་གྱི་ཚད་ཡོད་འགན་འཁྲི་གང་འདོད་དུ་སྤྱད་དེ།བུ་ལོན་ལ་གཡོལ་བ་དང་། ཁྲིམས་མིའི་བུན་དབང་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་ན།ཁྲིམས་མིའི་བུ་ལོན་ལ་འབྲེལ་ཐེབས་འགན་འཁྲི་འཁུར་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་བཞི་པ། ཁེ་གཉེར་ཁྲིམས་མིའི་མ་རྐང་འཛིན་མཁན་དང་དོན་དངོས་ཀྱི་ཚོད་འཛིན་མཁན།སྤྱི་གཉེར། ལྟ་སྐུལ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱིས་ད་ཡོད་འབྲེལ་བ་བེད་སྤྱད་དེ་ཁྲིམས་མིའི་ཁེ་ཕན་ལ་གནོད་འཚེ་གཏང་མི་ཆོགད་ཡོད་འབྲེལ་བ་བེད་སྤྱད་དེ་ཁྲིམས་མི་ལ་གྱོང་གུན་བཟོས་ན།སྐྱིན་ཚབ་སྤྲོད་པའི་འགན་འཁྲི་འཁུར་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་ལྔ་པ། ཁེ་གཉེར་ཁྲིམས་མིའི་དབང་ཆ་ལས་ཁུངས་དང་ལག་བསྟར་ལས་ཁུངས་ཀྱིས་ཐག་བཅད་པའི་གྲོས་ཚོགས་བསྡུ་བའི་གོ་རིམ་དང་གྲོས་མོལ་བྱེད་སྟངས་སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ།ཁྲིམས་མིའི་སྒྲིག་ཡིག་བཅས་དང་འགལ་ཡོད་པའམ་ཡང་ན་གྲོས་མོལ་གྱི་ནང་དོན་ཁྲིམས་མིའི་སྒྲིག་ཡིག་དང་འགལ་ཡོད་ན། EpBཀྲུང་གོ་བོད་ཀྱི་དྲ་བ།

ཁེ་གཉེར་ཁྲིམས་མིར་མ་དངུལ་བཏང་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་གྲོས་ཆོད་འདི་ཕྱིར་འཐེན་དགོས་པའི་རེ་བ་བཏོན་ཆོག་མོད།འོན་ཀྱང་ཁེ་གཉེར་ཁྲིམས་མིའི་གྲོས་ཆོད་འདི་གཞིར་བཟུང་སྟེ་བསམ་པ་བཟང་བའི་མིའི་བར་ཆགས་པའི་དམངས་དོན་བཅའ་ཁྲིམས་འབྲེལ་བར་ཤུགས་རྐྱེན་གང་ཡང་མི་ཐེབས་པ་ཡིན།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་དྲུག་པ། ཁེ་གཉེར་ཁྲིམས་མི་བདག་གཉེར་བྱ་འགུལ་ནང་ཞུགས་ན།ཚོང་ལས་ཀུན་སྤྱོད་བརྩི་སྲུང་བྱེད་དགོས་པ་དང་།ཉོ་ཚོང་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ།སྲིད་གཞུང་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་།སྤྱི་ཚོགས་འགན་འཁྲི་འཁུར་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གསུམ་པ།ཁེ་གཉེར་མ་ཡིན་པའི་ཁྲིམས་མི།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་བདུན་པ། སྤྱི་ཕན་དམིགས་ཡུལ་དུ་འཛིན་པའམ་ཡང་ན་ཁེ་གཉེར་མ་ཡིན་པའི་དམིགས་ཡུལ་གཞན་པ་བཅངས་ནས་བཙུགས་པ་དང་།མ་དངུལ་གཏོང་མཁན་དང་འཛུགས་མཁན། ཡང་ན་ཚོགས་མི་བཅས་ལ་ཡོང་སྒོ་བགོ་རྒྱུ་མེད་པའི་ཁྲིམས་མི་ནི་ཁེ་གཉེར་མ་ཡིན་པའི་ཁྲིམས་མི་ཡིན།ཁེ་གཉེར་མ་ཡིན་པའི་ཁྲིམས་མིའི་ནང་དུ་དོན་ལས་སྡེ་ཁག་དང་སྤྱི་ཚོགས་ཚོགས་པ།ཐེབས་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུ་ལས་ཁུངས་བཅས་འདུས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་བརྒྱད་པ། ཁྲིམས་མིའི་ཆ་རྐྱེན་ཚང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ལ།སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་ཆེད་བཙུགས་པའི་ལས་དོན་སྡེ་ཁགཁྲིམས་ལྟར་ཐོ་འགོད་བྱས་ན་དོན་ལས་སྡེ་ཁག་གི་ཁྲིམས་མིའི་ཐོབ་ཐང་ཐོབ་ཡོད་པ་དང་།ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱེད་མི་དགོས་ན། བཙུགས་པའི་ཉིན་དེ་ནས་བཟུང་སྟེ། དོན་ལས་སྡེ་ཁག་གི་ཁྲིམས་མིའི་ཐོབ་ཐང་ལྡན་པ་རེད།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གྱ་དགུ་པ། དོན་ལས་སྡེ་ཁག་གི་ཁྲིམས་མིས་ལས་འཛིན་ཚོགས་པ་འཛུགས་ན།བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་པ་མ་གཏོགས།ལས་འཛིན་ཚོགས་པ་ནི་དེའི་ཇུས་འདོན་ལས་ཁུངས་ཡིན། དོན་ལས་སྡེ་ཁག་གི་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ།ཡང་ན་ཁྲིམས་མིའི་སྒྲིག་ཡིག་བཅས་ཀྱི་གཏན་འཁེལ་ལྟར་འབྱུང་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་དགུ་བཅུ་པ། ཁྲིམས་མིའི་ཆ་རྐྱེན་ཚང་ཞིང་།ཚོགས་མིའི་ཐུན་མོང་གི་འདོད་བློ་ལྟར། སྤྱི་ཕན་དམིགས་ཡུལ་དུ་འཛིན་པ་དང་ཡང་ན་ཚོགས་མིའི་ཐུན་མོང་གི་ཁེ་ཕན་སོགས་ཀྱི་ཁེ་གཉེར་དམིགས་ཡུལ་དུ་མ་བཟུང་བར་བཙུགས་པའི་སྤྱི་ཚོགས་ཚོགས་པ་ཁྲིམས་ལྟར་ཐོ་འགོད་བྱས་ན།སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་ཡོད།ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱེད་མི་དགོས་ན། བཙུགས་པའི་ཉིན་དེ་ནས་བཟུང་སྟེ།སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཐོབ་ཐང་ཡོད།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་གཅིག་པ། སྤྱི་ཚོགས་ཚོགས་པའི་ཁྲིམས་མི་འཛུགས་ན།ངེས་པར་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་བཟོ་དགོས།སྤྱི་ཚོགས་ཚོགས་པའི་ཁྲིམས་མིས་ཚོགས་མིའི་ཚོགས་ཆེན་དང་ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེན་སོགས་ཀྱི་དབང་ཆའི་ལས་ཁུངས་འཛུགས་དགོས།སྤྱི་ཚོགས་ཚོགས་པའི་ཁྲིམས་མིས་ངེས་པར་ལས་འཛིན་ཚོགས་པ་སོགས་ཀྱི་ལག་བསྟར་ལས་ཁུངས་འཛུགས་དགོས།ལས་འཛིན་མགོ་བ་དང་ཡང་ན་ཚོགས་གཙོ་སོགས་ཀྱི་འགན་འཁྲི་པས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་གཉིས་པ། ཁྲིམས་མིའི་ཆ་རྐྱེན་ཚང་ཞིང་།སྤྱི་ཕན་དམིགས་ཡུལ་དུ་བཟུང་ནས་རྒྱུ་ནོར་ཞལ་འདེབས་བྱེད་ཆེད་བཙུགས་པའི་ཐེབས་རྩ་ཚོགས་པ་དང་སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་སོགས།ཁྲིམས་ལྟར་ཐོ་འགོད་བྱས་ན།ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་ཐོབ་ཡོད།ཁྲིམས་ལྟར་བཙུགས་པའི་ཆོས་ལུགས་བྱ་འགུལ་སྤེལ་ས་ལ་ཁྲིམས་མིའི་ཆ་རྐྱེན་ཚང་ན།ཁྲིམས་མི་ཐོ་འགོད་བྱེད་རྒྱུའི་རེ་འདུན་བཏོན་ཏེ་ཞལ་འདེབས་ཁྲིམས་མིའི་ཐོང་ཐང་བླངས་ཆོགབཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་ཆོས་ལུགས་བྱ་འགུལ་སྤེལ་སར་གཏན་འཁེལ་གཞན་པ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་གསུམ་པ། ཞལ་འདེབས་ཁྲིམས་མི་འཛུགས་ན་ངེས་པར་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་བཟོ་དགོས།ཞལ་འདེབས་ཁྲིམས་མིས་ངེས་པར་ལས་འཛིན་ཚོགས་པ་དང་དམངས་གཙོ་དོ་དམ་རྩ་འཛུགས་སོགས་ཀྱི་གྲོས་ཆོད་ལས་ཁུངས་འཛུགས་དགོས་པར་མ་ཟད།ལག་བསྟར་ལས་ཁུངས་ཀྱང་འཛུགས་དགོས། ལས་འཛིན་མགོ་བ་སོགས་ཀྱི་འགན་འཁྲི་པས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དགོས།ཞལ་འདེབས་ཁྲིམས་མིས་ངེས་པར་ལྟ་སྐུལ་ལས་དོན་ཚོགས་པ་སོགས་ཀྱི་ལྟ་སྐུལ་ལས་ཁུངས་འཛུགས་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་བཞི་པ། ཞལ་འདེབས་མཁན་གྱིས་ཞལ་འདེབས་ཁྲིམས་མི་ལ་ཞལ་འདེབས་རྒྱུ་ནོར་བཀོལ་སྤྱོད་དང་དོ་དམ་གནས་ཚུལ་ལ་བརྟག་དཔྱད་བྱེད་རྒྱུའི་རེ་འདུན་གདོན་ཆོག་པར་མ་ཟད།བསམ་འཆར་དང་གྲོས་གཞི་བཏོན་ན།ཞལ་འདེབས་ཁྲིམས་མིས་དུས་ལྟར་དང་བདེན་པ་བདེན་དྲང་གི་སྒོ་ནས་ལན་འདེབས་དགོས།ཞལ་འདེབས་ཁྲིམས་མིའི་ཇུས་འགོད་ལས་ཁུངས་དང་ལག་བསྟར་ལས་ཁུངས།ཡང་ན་ཁྲིམས་བཀོད་འཐུས་ཚབ་པས་ཐག་བཅད་པའི་གོ་རིམ་དེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ།ཁྲིམས་མིའི་སྒྲིག་ཡིག་བཅས་དང་འགལ་ཡོད་པ་དང་།ཡང་ན་ཐག་བཅད་པའི་ནང་དོན་དེ་ཁྲིམས་མིའི་སྒྲིག་ཡིག་དང་འགལ་ཡོད་ན།ཞལ་འདེབས་མཁན་སོགས་ཀྱི་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་དང་ཡང་ན་གཙོ་གཉེར་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་ཐག་གཅོད་དེ་ཕྱིར་འཐེན་དགོས་པའི་རེ་བ་གདོན་ཆོག་མོད།འོན་ཀྱང་ཞལ་འདེབས་ཁྲིམས་མིའི་གྲོས་ཆོད་འདི་གཞིར་བཟུང་སྟེ་བསམ་པ་བཟང་བའི་མིའི་བར་ཆགས་པའི་དམངས་དོན་བཅའ་ཁྲིམས་འབྲེལ་བར་ཤུགས་རྐྱེན་གང་ཡང་མི་ཐེབས་པ་ཡིན།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་ལྔ་པ། སྤྱི་ཕན་དམིགས་ཡུལ་དུ་བཟུང་ནས་བཙུགས་པའི་ཁེ་གཉེར་མ་ཡིན་པའི་ཁྲིམས་མིའི་མཚམས་འཇོག་སྐབས།མ་དངུལ་གཏོང་མཁན་དང་བཙུགས་མཁན། ཚོགས་མི་བཅས་ལ་རྒྱུ་ནོར་ལྷག་མ་བགོ་བཤའ་རྒྱག་མི་ཆོགརྒྱུ་ནོར་ལྷག་མ་རྣམས་ངེས་པར་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་དང་ཡང་ན་དབང་ཆའི་ལས་ཁུངས་ཀྱི་གྲོས་ཆོད་ལྟར་སྤྱི་ཕན་དམིགས་ཡུལ་སྟེང་བཀོལ་དགོས།ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་དང་ཡང་ན་དབང་ཆའི་ལས་ཁུངས་ཀྱི་གྲོས་ཆོད་ལྟར་ཐག་གཅོད་བྱེད་ཐབས་མེད་ན།གཙོ་གཉེར་སྡེ་ཁག་གིས་མགོ་འཛིན་བྱས་ཏེ་དགོངས་དོན་མཚུངས་པའམ་ཡང་ན་འདྲ་བའི་ཁྲིམས་མི་ལ་སྤྲོད་དགོས་པར་མ་ཟད།སྤྱི་ཚོགས་སྟེང་བསྒྲག་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་བཞི་པ།དམིགས་བསལ་གྱི་ཁྲིམས་མི།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་དྲུག་པ། ས་བཅད་འདིའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་ལས་ཁུངས་ཀྱི་ཁྲིམས་མི་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི།མཁར་གྲོང་དང་ཞིང་སྡེའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི།གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མི་བཅས་ནི་དམིགས་བསལ་གྱི་ཁྲིམས་མི་ཡིན།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་བདུན་པ། རང་ཚུགས་ཀྱི་གྲོན་དངུལ་ཡོད་པའི་ལས་ཁུངས་དང་སྲིད་འཛིན་འགན་ནུས་ཁུར་ཡོད་པའི་ཁྲིམས་བཀོད་ལས་ཁུངས་ལ་བཙུགས་པའི་ཉིན་དེ་ནས་བཟུང་།ལས་ཁུངས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་པས།འགན་ནུས་ལག་ཏུ་བསྟར་བར་མཁོ་བའི་དམངས་དོན་བྱ་འགུལ་ནང་ཞུགས་ཆོགEpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་བརྒྱད་པ། ལས་ཁུངས་ཀྱི་ཁྲིམས་མི་ཕྱིར་འཐེན་པ་དང་།ཁྲིམས་མིའི་མཚམས་འཇོག་ན། དེའི་དམངས་དོན་ཁེ་དབང་དང་འོས་འགན་ནི་ལས་གནས་མཐུད་འཛིན་བྱེད་པའི་ཁྲིམས་མིས་ལོངས་སྤྱོད་བྱེད་པ་དང་འགན་འཁུར་དགོས།ལས་གནས་མཐུད་འཛིན་བྱས་པའི་ལས་ཁུངས་ལ་ཁྲིམས་མི་མེད་ན།ཕྱིར་འཐེན་བྱེད་རྒྱུའི་ཐག་བཅད་པའི་ལས་ཁུངས་ཀྱི་ཁྲིམས་མིས་ལོངས་སྤྱོད་བྱེད་པ་དང་འགན་འཁུར་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་གོ་དགུ་པ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་ཐོབ་ཐང་ལེན་དགོས།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་ཞིང་སྡེའི་ཐུང་མོང་དཔལ་འབྱོར་རྩ་འཛུགས་ཐད་གཏན་འཁེལ་གཞན་པ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་ཐམ་པ། གྲོང་ཁྱེར་དང་ཞིང་སྡེའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མིའི་ཐོབ་ཐང་ལེན་དགོས།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་གྲོང་ཁྱེར་གྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐད་གཏན་འཁེལ་གཞན་པ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།EpBཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གཅིག གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ལྡན་ན།འགན་ནུས་ལག་བསྟར་བྱེད་པར་མཁོ་བའི་དམངས་དོན་བྱ་འགུལ་གཉེར་ཆོགསྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཙུགས་མེད་ན།སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ནུས་ཚབ་སྒྲུབ་བྱེད་ཆོགEpBཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བཞི་པ།ཁྲིམས་མི་མ་ཡིན་པའི་རྩ་འཛུགས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གཉིས་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཞེས་པ་ནི་ཁྲིམས་མིའི་ཐོབ་ཐང་མེད་མོད།འོན་ཀྱང་ཁྲིམས་ལྟར་རང་ཉིད་ཀྱི་མིང་ཐོག་ནས་དམངས་དོན་བྱ་འགུལ་ལ་ཞུགས་ཆོག་པའི་རྩ་འཛུགས་ལ་གོ།p16ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་ནང་དུ་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས་དང་མ་རྩ་མཉམ་འཇོག་ཁེ་ལས།མཉམ་སྡེབ་ཁེ་ལས། ཁྲིམས་མིའི་ཐོང་ཐང་མེད་པའི་ཆེད་ལས་ཞབས་ཞུ་ལས་ཁུངས་སོགས་ཐེ།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གསུམ་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ནི་ངེས་པར་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཐོ་འགོད་བྱེད་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་མ་ཡིན་པའི་རྩ་འཛུགས་འཛུགས་སྐབས།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སྟེང་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་བཀོད་དགོས་པ་གཏན་འཁེལ་བྱས་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཞི་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་རྒྱུ་ནོར་གྱིས་བུ་ལོན་གཙང་འཇལ་བྱེད་མི་ཐུབ་ན།དེའི་མ་དངུལ་གཏོང་མཁན་དང་ཡང་ན་འཛུགས་མཁན་གྱིས་འགན་འཁྲི་ཚད་མེད་འཁུར་དགོས་ལ།བཅའ་ཁྲིམས་ནང་དུ་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ལྔ་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་མི་གཅིག་དང་ཡང་ན་མི་འགའ་གཏན་འཁེལ་བྱས་ནས་རྩ་འཛུགས་འདིའི་ཚབ་བྱེད་ཀྱིས་དམངས་དོན་བྱ་འགུལ་ནང་ཞུགས་སུ་བཅུག་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དྲུག་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།ཁྲིམས་མི་མ་ཡིན་པའི་རྩ་འཛུགས་འཐོར་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

སྒྲིག་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་རྒྱུན་མཐུད་དུས་ཡུན་ལོངས་པའམ་ཡང་ན་སྒྲིག་ཡིག་ནང་གཏན་འཁེལ་བྱས་ཡོད་པའི་འཐོར་དགོས་པའི་གནས་ཚུལ་བྱུང་བ།p16ཀྲུང་གོ་བོད་ཀྱི་དྲ་བ།

མ་དངུལ་གཏོང་མཁན་དང་འཛུགས་མཁན་གྱིས་འཐོར་རྒྱུའི་ཐག་བཅད་པ།p16ཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་གནས་ཚུལ་གཞན་དག་བཅས་སོ། །p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བདུན་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་འཐོར་ན།ངེས་པར་ཁྲིམས་ལྟར་ཞིབ་རྩིས་རྒྱག་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བརྒྱད་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ལ་ལེའུ་འདིའི་གཏན་འཁེལ་བཀོལ་སྤྱོད་བྱེད་འོས་པ་ལས་གཞན་ད་རུང་།བཅའ་ཁྲིམས་འདིའི་ལེའུ་གསུམ་པའི་ས་བཅད་དང་པོའི་འབྲེལ་ཡོད་གཏན་འཁེལ་ལའང་ཟུར་ལྟ་བྱེད་འོས།p16ཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་ལྔ་པ།དམངས་དོན་ཁེ་དབང་།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དགུ་པ། རང་བྱུང་མིའི་མི་ལུས་རང་དབང་དང་མི་གཤིས་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅུ་པ། རང་བྱུང་མིས་ཚེ་སྲོག་དབང་ཆ་དང་ལུས་པོའི་དབང་ཆ།བདེ་ཐང་དབང་ཆ། རུས་མིང་དབང་ཆ། འདྲ་པར་དབང་ཆ། མཚན་སྙན་དབང་ཆ། གཟི་བརྗིད་དབང་ཆ།གསང་བའི་དབང་ཆ། གཉེན་འབྲེལ་རང་བདག་དབང་ཆ་སོགས་ལོངས་སུ་སྤྱད་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་རུས་མིང་དབང་ཆ་དང་མཚན་སྙན་དབང་ཆ།གཟི་བརྗིད་དབང་ཆ་བཅས་ལོངས་སུ་སྤྱད་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅུ་གཅིག་པ། རང་བྱུང་མིའི་མི་སྒེར་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་མི་གཞན་གྱི་སྒེར་གྱི་ཆ་འཕྲིན་ཤེས་དགོས་ན།ཁྲིམས་ལྟར་ཐོབ་དགོས་པར་མ་ཟད་ཆ་འཕྲིན་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་ལས།མི་གཞན་གྱི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒོས་འཚོལ་སྡུད་དང་བཀོལ་སྤྱོད། ལས་སྣོན།རྐུ་ལེན་བཅས་བྱེད་མི་ཆོག་ལ།མི་གཞན་གྱི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒོས་ཉོ་འཚོང་དང་འདོན་སྤྲོད།ཡང་ན་སྤྱི་བསྒྲགས་བཅས་བྱེད་མི་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅུ་གཉིས་པ། རང་བྱུང་མི་ལ་གཉེན་འབྲེལ་དང་ཁྱིམ་ཚང་གི་འབྲེལ་བ་སོགས་ཀྱི་དབང་གིས་བྱུང་བའི་མི་ལུས་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅུ་གསུམ་པ། དམངས་དོན་བྱེད་པོའི་རྒྱུ་ནོར་ཁེ་དབང་ལ་བཅའ་ཁྲིམས་ཀྱི་འདྲ་མཉམ་སྲུང་སྐྱོབ་ཐོབ་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅུ་བཞི་པ། དམངས་དོན་བྱེད་པོས་ཁྲིམས་ལྟར་དངོས་དབང་ལོངས་སྤྱོད་བྱེད་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དངོས་དབང་ཞེས་པ་ནི་ཁེ་དབང་མི་ལ་ཁྲིམས་ལྟར་ཆེད་བཀོལ་རྒྱུ་རྫས་ཞིག་ཐད་ཀར་བཀོད་སྒྲིག་དང་གཞན་པ་ཕྱིར་འཕུད་བྱེད་པའི་དབང་ཆ་ཡོད་པ་ལ་གོ་ཞིང་།དེའི་ནང་དུ་འཛིན་དབང་དང་བཀོལ་ཁེ་དངོས་དབང་། གཏའ་འཇོག་དངོས་དབང་བཅས་འདུས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅོ་ལྔ་པ། དངོས་དབང་ལ་བརྟན་འཇགས་རྒྱུ་ནོར་དང་བརྟན་འཇགས་མ་ཡིན་པའི་རྒྱུ་ནོར་གཉིས་འདུས།བཅའ་ཁྲིམས་ནང་དུ་ཁེ་དབང་ནི་རྒྱུ་ནོར་བདག་དབང་བྱ་ཡུལ་ཡིན་པ་གཏན་འཁེལ་བྱས་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅུ་དྲུག་པ། དངོས་དབང་གི་རིགས་དང་ནང་དོན་ལ་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱེད་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅུ་བདུན་པ།སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ།བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་དབང་མཚམས་དང་གོ་རིམ་ལྟར་བརྟན་འཇགས་རྒྱུ་ནོར་དང་བརྟན་འཇགས་མ་ཡིན་པའི་རྒྱུ་ནོར་གཞུང་བསྡུ་དང་གཞུང་སྤྱོད་བྱེད་ན།དྲང་གཞག་དང་ལུགས་མཐུན་གྱི་སྒོ་ནས་ཁ་གསབ་སྟེར་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ། དམངས་དོན་བྱེད་པོས་ཁྲིམས་ལྟར་བུན་དབང་ལོངས་སྤྱོད་བྱེད་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

བུན་དབང་ཞེས་པ་ནི་གན་རྒྱ་དང་གནོད་ཐེབས་བྱ་སྤྱོད།མ་སྐུལ་དང་བླངས་ཀྱི་དོ་དམ།ཚུལ་མིན་ཡོང་སྒོ་བཅས་དང་གཞན་ད་རུང་བཅའ་ཁྲིམས་ནང་གི་གཏན་འཁེལ་གཞན་པ་བཅས་ཀྱི་དབང་གིས།ཁེ་དབང་ཡོད་པའི་མིས་དམིགས་བསལ་འོས་འགན་འཁུར་བའི་མི་ལ་བྱ་སྤྱོད་ངེས་ཅན་གྱི་དབང་ཆའི་ཆེད་དུ་བསྒྲུབ་པའམ་ཡང་ན་མི་བསྒྲུབ་པའི་རེ་འདུན་འདོན་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཅུ་དགུ་པ། ཁྲིམས་ལྟར་གྲུབ་པའི་གན་རྒྱས་དོ་བདག་པར་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉི་ཤུ་པ། དམངས་དོན་ཁེ་དབང་ལ་གནོད་འཚེ་ཐེབས་ན།གནོད་འཚེ་ཐེབས་པའི་མི་ལ་གནོད་འཚེ་བཏང་མཁན་གྱིས་གནོད་འཚེ་འགན་འཁྲི་འཁུར་དགོས་པའི་རེ་བ་འདོན་རྒྱུའི་དབང་ཆ་ཡོད།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་གཅིག་པ། ཁྲིམས་བཀོད་དང་ཡང་ན་ཁ་ཆད་ཀྱི་འོས་འགན་མེད་པར།མི་གཞན་གྱི་ཁེ་དབང་ལ་གནོད་འཚེ་མི་ཐེབས་པའི་ཆེད་དུ་དོ་དམ་བྱེད་མཁན་ལ།ཁེ་ཕན་ཐོབ་མིས་དེའི་ཆེད་དུ་བཏང་བའི་དགོས་ངེས་ཀྱི་འགྲོ་སྒོའི་སྐྱིན་ཚབ་འཇལ་དགོས་པའི་རེ་འདུན་འདོན་རྒྱུའི་དབང་ཆ་ཡོད།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་གཉིས་པ། མི་གཞན་གྱིས་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་སྒོ་ནས་ཚུལ་མིན་གྱི་ཁེ་ཕན་བླངས་ན།གྱོང་གུན་ཐེབས་པའི་མིས་དེ་ལ་ཚུལ་མིན་ཡོང་སྒོ་ཕྱིར་སློག་བྱེད་དགོས་པའི་རེ་འདུན་འདོན་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་གསུམ་པ། དམངས་དོན་བྱེད་པོས་ཁྲིམས་ལྟར་ཤེས་བྱའི་ཐོན་དབང་ལོངས་སུ་སྤྱད་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

ཤེས་བྱའི་ཐོན་དབང་ཞེས་པ་ནི་ཁེ་དབང་མིས་ཁྲིམས་ལྟར་གཤམ་གྱི་ཕྱི་རོལ་ཡུལ་གྱི་བྱ་དངོས་ལོངས་སྤྱད་ཆོག་པའི་ཆེད་དམིགས་ཁེ་དབང་ལ་གོ།p16ཀྲུང་གོ་བོད་ཀྱི་དྲ་བ།

བརྩམས་ཆོས།p16ཀྲུང་གོ་བོད་ཀྱི་དྲ་བ།

གསར་གཏོད།དངོས་བཀོལ་བྱད་གསར། ཕྱི་དབྱིབས་ཇུས་འགོད།p16ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་རྟགས།p16ཀྲུང་གོ་བོད་ཀྱི་དྲ་བ།

ས་རྒྱུས་མཚོན་རྟགས།p16ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་ལས་གསང་དོན།p16ཀྲུང་གོ་བོད་ཀྱི་དྲ་བ།

གཅིག་སྡུད་གློག་ལམ་པར་རིས་ཇུས་འགོད།p16ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་དངོས་ཀྱི་རིགས་གསར་པ།p16ཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་ཕྱི་རོལ་ཡུལ་གྱི་བྱ་དངོས་གཞན་དག་བཅས་སོ། །p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་བཞི་པ། རང་བྱུང་མིས་ཁྲིམས་ལྟར་རྒྱུན་འཛིན་དབང་ཆ་ལོངས་སུ་སྤྱད་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

རང་བྱུང་མིའི་ཁྲིམས་དང་མཐུན་པའི་སྒེར་གྱི་རྒྱུ་ནོར་དེ་ཁྲིམས་ལྟར་རྒྱུན་འཛིན་བྱས་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་ལྔ་པ། དམངས་དོན་བྱེད་པོས་ཁྲིམས་ལྟར་མ་རྐང་དབང་ཆ་དང་དངུལ་གཏོང་རང་བཞིན་གྱི་ཁེ་དབང་གཞན་དག་ལོངས་སུ་སྤྱད་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་དྲུག་པ། དམངས་དོན་བྱེད་པོས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་དམངས་དོན་ཁེ་དབང་དང་ཁེ་ཕན་གཞན་དག་ལོངས་སུ་སྤྱད་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་བདུན་པ། བཅའ་ཁྲིམས་ནང་གཞི་གྲངས་དང་དྲ་བའི་རྟོག་བཟོས་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་ཐད་གཏན་འཁེལ་གཞན་པ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་བརྒྱད་པ། བཅའ་ཁྲིམས་ནང་ནར་མ་སོན་པའི་མི་དང་རྒན་པ།དབང་པོ་སྐྱོན་ཅན། བུད་མེད།འཛད་སྤྱོད་པ་སོགས་ཀྱི་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་དམིགས་བསལ་གྱི་གཏན་འཁེལ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཉེར་དགུ་པ། དམངས་དོན་ཁེ་དབང་ནི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དང་དོན་དངོས་བྱ་སྤྱོད།བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་དོན་རྐྱེན་དང་ཡང་ན་བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་བྱེད་ཐབས་གཞན་པ་སྤྱད་དེ་འཐོབ་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སུམ་ཅུ་པ། དམངས་དོན་བྱེད་པོས་རང་ཉིད་ཀྱི་འདོད་བློ་ལྟར་དམངས་དོན་དབང་ཆ་བཀོལ་སྤྱོད་བྱེད་དགོས་ཤིང་།དེར་ཐེ་གཏོགས་བྱེད་མི་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་གཅིག་པ། དམངས་དོན་བྱེད་པོས་ཁེ་དབང་ལོངས་སྤྱོད་བྱེད་སྐབས།ངེས་པར་བཅའ་ཁྲིམས་ནང་གི་གཏན་འཁེལ་དང་དོ་བདག་པའི་ཁ་ཆད་ནང་གི་འོས་འགན་ལག་བསྟར་བྱེད་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་གཉིས་པ། དམངས་དོན་བྱེད་པོས་དམངས་དོན་ཁེ་དབང་གང་འདོད་ལྟར་ལོངས་སྤྱོད་བྱས་ཏེ།རྒྱལ་ཁབ་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་དབང་།མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་མི་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་དྲུག་པ།དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད།p16ཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ།སྤྱིར་བཏང་གི་གཏན་འཁེལ།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་གསུམ་པ། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ནི་དམངས་དོན་བྱེད་པོས་འདོད་བློ་སྟོན་པ་བརྒྱུད་དེ་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་འཛུགས་པ་དང་བསྒྱུར་བཅོས་བྱེད་པ།མཚམས་འཇོག་པ་བཅས་ཀྱི་བྱ་སྤྱོད་ཅིག་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་བཞི་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ཕྱོགས་གཉིས་སམ་ཡང་ན་ཕྱོགས་མང་པོའི་འདོད་བློ་གཅིག་གྱུར་བྱུང་བ་ལ་བརྟེན་ནས་གྲུབ་ཆོག་ལ།ཕྱོགས་གཅིག་གི་འདོད་བློ་ལ་བརྟེན་ནས་གྲུབ་ནའང་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་དང་ཡང་ན་སྒྲིག་ཡིག་གི་གཏན་འཁེལ་ལྟར་གྲོས་བསྡུར་བྱེད་སྟངས་དང་བརྡས་ཐག་གཅོད་པའི་གོ་རིམ་ལྟར་གྲོས་ཐག་བཅད་ན།གྲོས་ཐག་བཅད་པའི་བྱ་སྤྱོད་འདི་གྲུབ་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་ལྔ་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཡིག་ངོས་ཀྱི་རྣམ་པ་དང་ངག་ཐོག་གི་རྣམ་པ།ཡང་ན་རྣམ་པ་གཞན་པ་བཅས་བཀོལ་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་ཡོད་པའམ་ཡང་ན་དོ་བདག་པས་དམིགས་བསལ་གྱི་རྣམ་པ་བཀོལ་རྒྱུའི་ཁ་ཆད་བཞག་ཡོད་ན།དམིགས་བསལ་གྱི་རྣམ་པ་བཀོལ་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་དྲུག་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གྲུབ་པ་ནས་བཟུང་ནུས་པ་ལྡན་མོད།འོན་ཀྱང་བཅའ་ཁྲིམས་ནང་དུ་གཏན་འཁེལ་གཞན་པ་ཡོད་པའམ་ཡང་ན་དོ་བདག་པར་ཁ་ཆད་གཞན་པ་ཡོད་པ་འཕུད་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

བྱ་སྤྱོད་སྤེལ་མཁན་གྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་མ་བསྒྲུབ་པའམ་ཡང་ན་ཅིག་ཤོས་ཀྱི་བསམ་འཆར་སྡུད་ལེན་མ་བྱས་པར།གང་འདོད་ཀྱིས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་བསྒྱུར་བཅོས་དང་ཡང་ན་མེད་པར་བཟོ་མི་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གཉིས་པ།འདོད་བློ་བསྟན་པ།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་བདུན་པ། ཁ་བརྡའི་རྣམ་པ་བརྒྱུད་དེ་འདོད་བློ་བསྟན་ན།ལྟོས་བཅས་ཀྱི་མིས་ནང་དོན་ཤེས་པའི་དུས་དེ་ནས་བཟུང་གོ་ཆོད་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

ཁ་བརྡའི་རྣམ་པ་མ་ཡིན་པའི་སྒོ་ནས་འདོད་བློ་བསྟན་ན།ལྟོས་བཅས་ཀྱི་མི་སླེབས་པའི་དུས་དེ་ནས་བཟུང་ནུས་པ་ལྡན་པ་དང་།ཁ་བརྡའི་རྣམ་པ་མ་ཡིན་པའི་གཞི་གྲངས་གློག་འཕྲིན་གཏོང་སྟངས་སྤྱད་དེ་འདོད་བློ་བསྟན་པ་དང་།ལྟོས་བཅས་ཀྱི་མིས་དམིགས་བསལ་གྱི་མ་ལག་སྤྱད་དེ་གཞི་གྲངས་གློག་འཕྲིན་དང་ལེན་བྱེད་ན།གཞི་གྲངས་གློག་འཕྲིན་དེ་དམིགས་བསལ་མ་ལག་དེའི་ནང་དུ་ཞུགས་པ་ནས་བཟུང་ནུས་པ་ལྡན་པ་ཡིན།དམིགས་བསལ་མ་ལག་གཏན་འཁེལ་བྱས་མེད་ན།ལྟོས་བཅས་ཀྱི་མིས་གཞི་གྲངས་གློག་འཕྲིན་དེ་མ་ལག་དེའི་ནང་དུ་ཞུགས་ཟིན་པ་ཤེས་པའམ་ཡང་ན་ཤེས་འོས་པའི་དུས་དེ་ནས་བཟུང་ནུས་པ་ལྡན་པ་ཡིན།དོ་བདག་པར་གཞི་གྲངས་གློག་འཕྲིན་སྡུད་སྤྱོད་བྱེད་པའི་རྣམ་པ་ཡིས་འདོད་བློ་བསྟན་པའི་ནུས་ལྡན་དུས་ཡུན་ཐད་ཁ་ཆད་གཞན་པ་ཡོད་ན།ཁ་ཆད་དེ་དང་བསྟུན་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་བརྒྱད་པ། ལྟོས་བཅས་ཀྱི་མིས་འདོད་བློ་མ་བསྟན་ན།འདོད་བློ་བསྟན་ཚར་བའི་དུས་དེ་ནས་བཟུང་ནུས་པ་ལྡན་པ་དང་།བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་སོ་དགུ་པ། སྤྱི་བསྒྲགས་ཀྱི་རྣམ་པ་སྤྱད་དེ་འདོད་བློ་བསྟན་ན།སྤྱི་བསྒྲགས་བྱས་པའི་དུས་དེ་ནས་བཟུང་ནུས་པ་ལྡན་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བཞི་བཅུ་པ། བྱ་སྤྱོད་སྤེལ་མཁན་གྱིས་གསལ་སྟོན་དང་ཡང་ན་ཟུར་བརྡ་སྟོན་པའི་རྣམ་པ་ཡིས་འདོད་བློ་བསྟན་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

ཁ་མི་གྲགས་པ་ལ་བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པ་དང་དོ་བདག་པར་ཁ་ཆད་ཡོད་པ།ཡང་ན་དོ་བདག་པའི་བར་གྱི་ཉོ་ཚོང་གོམས་གཤིས་དང་མཐུན་སྐབས། ད་གཟོད་འདོད་བློ་བསྟན་པར་ངོས་འཛིན་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཞེ་གཅིག་པ། བྱ་སྤྱོད་སྤེལ་མཁན་གྱིས་འདོད་བློ་ཕྱིར་འཐེན་བྱེད་ཆོགའདོད་བློ་ཕྱིར་འཐེན་བྱེད་པའི་བརྡ་སྦྱོར་ནི་འདོད་བློ་བསྟན་པ་དེ་ལྟོས་བཅས་ཀྱི་མིའི་ལག་ཏུ་མ་འབྱོར་བའི་སྔོན་དང་ཡང་ན་འདོད་བློ་དང་མཉམ་དུ་ལྟོས་བཅས་ཀྱི་མིའི་ལག་ཏུ་འབྱོར་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཞེ་གཉིས་པ། ལྟོས་བཅས་ཀྱི་མིས་བསྟན་པའི་འདོད་བློ་ལ་འགྲེལ་བཤད་བརྒྱབ་ཡོད་ན།དེའི་ནང་དུ་བཀོལ་བའི་མིང་ཚིག་དང་འབྲེལ་ཡོད་དོན་ཚན།བྱ་སྤྱོད་ཀྱི་རྣམ་པ་དང་དམིགས་ཡུལ། གོམས་གཤིས་བཅས་དང་མཉམ་འབྲེལ་བྱེད་དགོས་པར་མ་ཟད།གཞན་ད་རུང་ཡིད་རྟོན་རྩ་དོན་གཞིར་བཟུང་ནས།འདོད་བློ་བསྟན་པའི་ནང་དོན་གཏན་འབེབས་བྱེད་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

ལྟོས་བཅས་ཀྱི་མིས་བསྟན་པའི་འདོད་བློ་ལ་འགྲེལ་བཤད་བརྒྱབ་མེད་ན།དེའི་ནང་དུ་བཀོལ་བའི་མིང་ཚིག་གི་ནང་དོན་མཁྲེགས་བཟུང་མི་བྱེད་པར།འབྲེལ་ཡོད་དོན་ཚན་དང་བྱ་སྤྱོད་ཀྱི་རྣམ་པ་དང་དམིགས་ཡུལ།གོམས་གཤིས་བཅས་དང་མཉམ་འབྲེལ་བྱེད་པ་དང་།ཡིད་རྟོན་གྱི་རྩ་དོན་གཞིར་བཟུང་ནས་བྱ་སྤྱོད་སྤེལ་མཁན་གྱི་འདོད་བློ་ངོ་མ་གཏན་འབེབས་བྱེད་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གསུམ་པ།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཞེ་གསུམ་པ། གཤམ་གྱི་ཆ་རྐྱེན་ནང་གི་གཅིག་ལྡན་ན།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ངེས་ཅན་ཞིག་ལྡན་པ།p16ཀྲུང་གོ་བོད་ཀྱི་དྲ་བ།

འདོད་བློ་བསྟན་པ་དོན་དངོས་དང་མཐུན་པ།p16ཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་ཤེད་རང་བཞིན་གྱི་གཏན་འཁེལ་དང་མི་འགལ་བ་དང་།སྤྱི་སྒྲིག་སྲོལ་བཟང་དང་མི་འགལ་བ་བཅས་སོ། །p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཞེ་བཞི་པ། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མིས་བསྒྲུབས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མེད།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཞེ་ལྔ་པ། དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མིས་བསྒྲུབས་པའི་ཁེ་ཕན་སྙེག་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་རིག་སྟོབས།བསམ་བློའི་བདེ་ཐང་གི་གནས་ཚུལ་བཅས་དང་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་པ་ལྡན་པ་དང་།དེས་བསྒྲུབས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གཞན་པ་ཡང་ཁྲིམས་བཀོད་འཐུས་ཚབ་པའི་བསམ་འཆར་སྡུད་ལེན་བྱེད་པ་དང་ཡང་ན་བྱུང་རྗེས་ཁས་ལེན་ཐོབ་ན་ནུས་པ་ལྡན་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

ལྟོས་བཅས་ཀྱི་མིས་ཁྲིམས་བཀོད་འཐུས་ཚབ་པར་བརྡ་སྦྱོར་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཟླ་གཅིག་གི་ནང་དུ་བྱུང་རྗེས་ཁས་ལེན་བྱེད་དགོས་པའི་སྐུལ་མ་བཏང་ཆོག་པ་དང་།ཁྲིམས་བཀོད་འཐུས་ཚབ་པས་འདོད་བློ་གང་ཡང་མ་བསྟན་ན།བྱུང་རྗེས་ཁས་ལེན་མ་བྱས་པར་ངོས་བཟུང་ཆོག དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་བྱུང་རྗེས་ཁས་ལེན་མ་བྱས་པའི་སྔོན་དུ།བསམ་པ་བཟང་བའི་ལྟོས་བཅས་ཀྱི་མི་ལ་ཕྱིར་འཐེན་བྱེད་རྒྱུའི་ཁེ་དབང་ཡོད་ལ།ཕྱིར་འཐེན་བྱེད་སྐབས་ངེས་པར་བརྡ་སྦྱོར་གྱི་རྣམ་པས་བསྒྲུབ་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཞེ་དྲུག་པ། བྱ་སྤྱོད་སྤེལ་མཁན་དང་ལྟོས་བཅས་ཀྱི་མིས་འདོད་བློ་རྫུན་མ་བསྟན་པའི་སྒོ་ནས་བསྒྲུབས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་གོ་མི་ཆོད་པ་ཡིན།p16ཀྲུང་གོ་བོད་ཀྱི་དྲ་བ།

འདོད་བློ་རྫུན་མ་བསྟན་པའི་སྒོ་ནས་སྦ་གསང་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ་དེ།འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཐག་གཅོད་དགོས།p16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཞེ་བདུན་པ། གོ་ལོག་ཚབས་ཆེན་ཐེབས་པ་ལ་བརྟེན་ནས་བསྒྲུབས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ།བྱ་སྤྱོད་སྤེལ་མཁན་གྱིས་མི་དམངས་ཁྲིམས་ཁང་དང་ཡང་ན་འདུམ་སྒྲིག་ལས་ཁུངས་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་བཏོན་ཆོགp16ཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ཞེ་བརྒྱད་པ། ཕྱོགས་གཅིག་གིས་མགོ་སྐོར་གྱི་བྱེད་ཐབས་སྤྱད་དེ།ཅིག་ཤོས་ལ་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྒྲུབ་ཏུ་བཅུག་ན།མགོ་སྐོར་ཐེབས་པའི་ཕྱོགས་ཀྱིས་མི་དམངས་ཁྲིམས་ཁང་དང་ཡང་ན་འདུམ་སྒྲིག་ལས་ཁུངས་ལ་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན་ཆོག

དོན་ཚན་བརྒྱ་དང་ཞེ་དགུ་པ། ཕྱོགས་གསུམ་པས་མགོ་སྐོར་གཏོང་བའི་བྱ་སྤྱོད་ཀྱིས།ཕྱོགས་གཅིག་གི་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དུ་བཅུག་པ་དང་།ཅིག་ཤོས་ཀྱིས་མགོ་སྐོར་ཐེབས་པ་ཤེས་པའམ་ཡང་ན་ཤེས་འོས་ན།མགོ་སྐོར་ཐེབས་པའི་ཕྱོགས་དེར་མི་དམངས་ཁྲིམས་ཁང་དང་ཡང་ན་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་རྒྱུའི་རེ་འདུན་འདོན་པའི་དབང་ཆ་ཡོད།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ལྔ་བཅུ་པ། ཕྱོགས་གཅིག་དང་ཡང་ན་ཕྱོགས་གསུམ་པས་འཇིགས་སྐུལ་བྱེད་ཐབས་སྤྱད་དེ།ཕྱོགས་གཅིག་གི་འདོད་བློ་ངོ་མ་དང་འགལ་བའི་གནས་ཚུལ་འོག་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དུ་བཅུག་ན།འཇིགས་སྐུལ་ཐེབས་པའི་ཕྱོགས་དེར་མི་དམངས་ཁྲིམས་ཁང་དང་ཡང་ན་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་རྒྱུའི་རེ་འདུན་འདོན་པའི་དབང་ཆ་ཡོད།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་གཅིག་པ།ཕྱོགས་གཅིག་གིས་ཅིག་ཤོས་དེ་ཉེན་ཁའི་གནས་སུ་ལུས་པ་དང་།དབྱེ་འབྱེད་ནུས་པ་མེད་པའི་གོ་སྐབས་བེད་སྤྱད་དེ།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་འགྲུབ་ཏུ་བཅུག་པ་དེ་འདྲ་མཉམ་ཡོང་མེད་ན།གནོད་འཚེ་ཐེབས་པའི་ཕྱོགས་དེར་མི་དམངས་ཁྲིམས་ཁང་དང་ཡང་ན་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱེད་རྒྱུའི་རེ་འདུན་འདོན་པའི་དབང་ཆ་ཡོད།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་གཉིས་པ།གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།ཕྱིར་འཐེན་བྱེད་རྒྱུའི་དབང་ཆ་མེད་པར་འགྱུར་འགྲོ་བ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

1དོ་བདག་པས་ཕྱིར་འཐེན་བྱེད་ཆོག་པ་ཤེས་པའམ་ཡང་ན་ཤེས་འོས་པའི་ཉིན་དེ་ནས་བཟུང་བའི་ལོ་གཅིག་གི་ནང་དང་།གོ་ནོར་ཚབས་ཆེན་ཐེབས་པའི་དོ་བདག་པས་ཕྱིར་འཐེན་བྱེད་ཆོག་པ་ཤེས་པའམ་ཡང་ན་ཤེས་འོས་པའི་ཉིན་དེ་ནས་བཟུང་བའི་ཟླ་གསུམ་ནང་ཕྱིར་འཐེན་དབང་ཆ་མ་སྤྱད་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོ་བདག་པར་འཇིགས་སྐུལ་ཐེབས་ན། འཇིགས་སྐུལ་མཚམས་བཞག་པའི་ཉིན་དེ་ནས་བཟུང་བའི་ལོ་གཅིག་གི་ནང་ཕྱིར་འཐེན་དབང་ཆ་མ་སྤྱད་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོ་བདག་པས་ཕྱིར་འཐེན་བྱེད་ཆོག་པ་ཤེས་རྗེས་ཕྱིར་འཐེན་དབང་ཆ་འདོར་རྒྱུའི་བསམ་ཚུལ་གསལ་པོར་བསྟན་པའམ་ཡང་ན་རང་ཉིད་ཀྱི་བྱ་སྤྱོད་སྟེང་ནས་དོར་བའི་བསམ་པ་བསྟན་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོ་བདག་པས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གྲུབ་པའི་ཉིན་དེ་ནས་བཟུང་བའི་ལོ་ལྔའི་ནང་ཕྱིར་འཐེན་དབང་ཆ་མ་སྤྱད་ན།ཕྱིར་འཐེན་དབང་ཆ་མེད་པར་གྱུར་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་གསུམ་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་འགལ་བའི་སྒོ་ནས་བཙན་ཤེད་ཀྱིས་གཏན་འཁེལ་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་མེད་ཡིན་མོད།འོན་ཀྱང་བཙན་ཤེད་ཀྱི་གཏན་འཁེལ་དེས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དེ་ནུས་མེད་དུ་གཏོང་མི་ཐུབ་པ་ཕུད་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

སྤྱིའི་སྒྲིག་ལམ་དང་ཡང་ན་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་མེད་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་བཞི་པ། བྱ་སྤྱོད་མི་དང་ལྟོས་བཅས་ཀྱི་མི་གཉིས་ཀྱིས་བསམ་ངན་གྱིས་ངན་འབྲེལ་བྱས་ཏེ།མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་མེད་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་ལྔ་པ། ནུས་མེད་དུ་བཏང་བའམ་ཡང་ན་ཕྱིར་འཐེན་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནམ་ཡང་བཅའ་ཁྲིམས་ཀྱི་གཅུན་ནུས་མེད།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་དྲུག་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཆ་ཤས་ལ་ནུས་པ་མེད་པ་དེས།ཆ་ཤས་གཞན་དག་གི་ནུས་པར་གནོད་པ་མེད་ན། ཆ་ཤས་གཞན་དག་དེར་སྔར་བཞིན་ནུས་པ་ལྡན་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་བདུན་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ནུས་པ་མེད་པའམ་ཕྱིར་འཐེན་བྱས་པ་དང་ཡང་ན་ནུས་པ་མེད་པ་གཏན་འཁེལ་བྱས་རྗེས།བྱ་སྤྱོད་མིས་བྱ་སྤྱོད་དེ་ལས་ཐོབ་པའི་རྒྱུ་ནོར་རྣམས་ངེས་པར་ཕྱིར་སློག་དགོས།ཕྱིར་སློག་བྱེད་ཐབས་མེད་པའམ་ཡང་ན་ཕྱིར་སློག་བྱེད་དགོས་དོན་མེད་ན།རིན་གོང་བཅག་ནས་སྐྱིན་ཚབ་འཇལ་དགོས།ནོར་འཁྲུལ་ཡོད་པའི་ཕྱོགས་ཀྱིས་དེའི་དབང་གིས་ཐེབས་པའི་ཅིག་ཤོས་ཀྱི་གྱོང་གུན་ལ་སྐྱིན་ཚབ་འཇལ་དགོས་པ་དང་།ཕྱོགས་གཉིས་ཀར་ནོར་འཁྲུལ་ཡོད་ན། རང་རང་གིས་འཁུར་འོས་པའི་དེ་བསྟུན་གྱི་འོས་འགན་འཁུར་དགོས།བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་བཞི་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ཟུར་གཏོགས་ཆ་རྐྱེན་དང་ཟུར་གཏོགས་དུས་ཡུན།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་བརྒྱད་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཟུར་གཏོགས་ཆ་རྐྱེན་འདོན་ཆོག་མོད།འོན་ཀྱང་དེའི་ངོ་བོའི་དབང་གིས་ཟུར་གཏོགས་ཆ་རྐྱེན་འདོན་མི་ཆོག་པ་ཕུད་དགོས།གོ་ཆོད་ཆ་རྐྱེན་བཏོན་ཡོད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཆ་རྐྱེན་དེ་འཛོམས་ཚེ་ནུས་པ་ཐོན་པ་དང་།མཚམས་འཇོག་ཆ་རྐྱེན་བཏོན་ཡོད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཆ་རྐྱེན་དེ་འཛོམས་ཚེ་ནུས་པ་མེད་པར་གྱུར་འགྲོ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་ང་དགུ་པ། ཆ་རྐྱེན་བཏོན་ཡོད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ།དོ་བདག་པས་རང་གི་ཁེ་ཕན་གྱི་ཆེད་དུ་ཆ་རྐྱེན་འཛོམ་པར་ཚུལ་མིན་གྱི་འགོག་རྐྱེན་བཟོས་ན།ཆ་རྐྱེན་འཛོམ་པར་ངོས་འཛིན་དགོས་པ་དང་། ཚུལ་མིན་སྒོས་ཆ་རྐྱེན་འཛོམ་དུ་བཅུག་ན།ཆ་རྐྱེན་མི་འཛོམ་པར་ངོས་འཛིན་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དྲུག་ཅུ་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་ཟུར་གཏོགས་དུས་ཡུན་གཏན་འཁེལ་བྱེད་ཆོག་མོད།འོན་ཀྱང་དེའི་ངོ་བོའི་དབང་གིས་ཟུར་གཏོགས་དུས་ཡུན་གཏན་འཁེལ་བྱེད་མི་ཆོག་པ་ཕུད་དགོས།གོ་ཆོད་དུས་ཡུན་གཏན་འཁེལ་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དུས་ཡུན་དེ་ལོངས་ཚེ་ནུས་པ་ཐོན་པ་དང་།མཚམས་འཇོག་དུས་ཡུན་ཡོད་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་དུས་ཡུན་དེ་ལོན་རྗེས་ནུས་པ་མེད་པར་གྱུར་འགྲོ།1Aaཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བདུན་པ།འཐུས་ཚབ།1Aaཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་དང་པོ།སྤྱིར་བཏང་གི་གཏན་འཁེལ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་གཅིག་པ། དམངས་དོན་བྱེད་པོས་འཐུས་ཚབ་པ་བརྒྱུད་དེ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་ཆོག1Aaཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་གཏན་འཁེལ་ལམ་དོ་བདག་པའི་ཁ་ཆད་དང་ཡང་ན་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ངོ་བོ་ལྟར།ངེས་པར་མི་རང་ཉིད་ཀྱིས་དངོས་སུ་ལག་བསྟར་བྱེད་དགོས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལ་འཐུས་ཚབ་བྱེད་མི་ཆོག1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་གཉིས་པ། འཐུས་ཚབ་པས་འཐུས་ཚབ་དབང་མཚམས་ཀྱི་ནང་དུ།འཐུས་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱས་ན།འཐུས་ཚབ་བྱ་ཡུལ་ལ་ནུས་པ་ཐོན་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་གསུམ་པ། འཐུས་ཚབ་ལ་མངགས་བཅོལ་འཐུས་ཚབ་དང་ཁྲིམས་བཀོད་འཐུས་ཚབ་གཉིས་འདུས།1Aaཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་གྱི་མངགས་བཅོལ་ལྟར་འཐུས་ཚབ་དབང་ཆ་བཀོལ་སྤྱོད་བྱེད་དགོས་པ་དང་།ཁྲིམས་བཀོད་འཐུས་ཚབ་པས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་འཐུས་ཚབ་དབང་ཆ་བཀོལ་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་བཞི་པ། འཐུས་ཚབ་པས་འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་འགན་འཁྲི་ཆ་ཚང་ལག་བསྟར་མ་བྱས་པར།འཐུས་ཚང་བྱ་ཡུལ་ལ་གནོད་འཚེ་བཏང་ན།ངེས་པར་དམངས་དོན་འགན་འཁྲི་འཁུར་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་པ་དང་ལྟོས་བཅས་ཀྱི་མི་གཉིས་ཀྱིས་བསམ་ངན་གྱིས་ངན་འབྲེལ་བྱས་ཏེ།འཐུས་ཚབ་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན།འཐུས་ཚབ་པ་དང་ལྟོས་བཅས་ཀྱི་མིས་ངེས་པར་འབྲེལ་ཐེབས་འགན་འཁྲི་འཁུར་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གཉིས་པ།མངགས་བཅོལ་འཐུས་ཚབ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་ལྔ་པ། མངགས་བཅོལ་འཐུས་ཚབ་པར་དབང་ཆ་བཅོལ་སྐབས་ཡིག་ངོས་ཀྱི་རྣམ་པ་སྤྱད་ཡོད་ན།དབང་ཆ་བཅོལ་བའི་མངགས་བཅོལ་ཡི་གེའི་སྟེང་དུ་འཐུས་ཚབ་པའི་མིང་ངམ་ཡང་ན་རུས་མིང་དང་།མངགས་བཅོལ་དོན་བྱ།དབང་མཚམས་དང་དུས་ཡུན་སོགས་གསལ་པོར་འབྲི་དགོས་པར་མ་ཟད་འཐུང་ཚབ་བྱ་ཡུལ་གྱིས་མིང་རྟགས་འགོད་པ་དང་ཐེལ་ཙེ་བརྒྱག་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་དྲུག་པ།མི་འགའ་ཡིས་འཐུས་ཚབ་དོན་བྱ་གཅིག་ལ་འཐུས་ཚབ་བྱས་ཡོད་ན།འཐུས་ཚབ་དབང་ཆ་མཉམ་དུ་བཀོལ་དགོས་མོད།འོན་ཀྱང་དོ་བདག་པར་ཁ་ཆད་གཞན་པ་ཡོད་པ་ཕུད་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་བདུན་པ། འཐུས་ཚབ་པས་འཐུས་ཚབ་དོན་བྱ་དེ་ཁྲིམས་དང་འགལ་འདུག་པ་ཤེས་པའམ་ཡང་ན་ཤེས་འོས་ན་ཡང་མུ་མཐུད་དུ་འཐུས་ཚབ་བྱ་སྤྱོད་ལག་བསྟར་བྱས་པ་དང་།ཡང་ན་འཐུས་ཚབ་བྱ་ཡུལ་གྱིས་འཐུས་ཚབ་པའི་འཐུས་ཚབ་བྱ་སྤྱོད་དེ་ཁྲིམས་དང་འགལ་འདུག་པ་ཤེས་པའམ་ཡང་ན་ཤེས་འོས་ན་ཡང་ཨ་ལན་སློག་པའི་བསམ་ཚུལ་ཅི་ཡང་མ་བསྟན་ན།འཐུས་ཚབ་བྱ་ཡུལ་དང་འཐུས་ཚབ་པ་གཉིས་ཀས་འབྲེལ་ཐེབས་འགན་འཁྲི་འཁུར་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་བརྒྱད་པ། འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་རང་ཉིད་ཀྱི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་མི་ཆོག་མོད།འོན་ཀྱང་འཐུས་ཚབ་བྱ་ཡུལ་དེ་འཐད་པ་བྱུང་བ་དང་ཡང་ན་རྗེས་སུ་ཁས་བླངས་པ་ཕུད་དགོས།འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་གྱི་མིང་ཐོག་ནས་རང་ཉིད་ཀྱིས་མཉམ་དུ་འཐུས་ཚབ་བྱེད་ཀྱིན་པའི་མི་གཞན་དག་གི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་མི་ཆོག་མོད།འོན་ཀྱང་འཐུས་ཚབ་བྱ་ཡུལ་གྱི་ཕྱོགས་གཉིས་ཀ་འཐད་པ་བྱུང་བ་དང་ཡང་ན་རྗེས་སུ་ཁས་བླངས་པ་ཕུད་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་རེ་དགུ་པ།འཐུས་ཚབ་པས་མངགས་བཅོལ་བརྒྱུད་སྤྲོད་བྱས་ཏེ་ཕྱོགས་གསུམ་པོར་འཐུས་ཚབ་བྱེད་དུ་འཇུག་དགོས་ན།ངེས་པར་འཐུས་ཚབ་བྱ་ཡུལ་འཐད་པ་བྱུང་བའམ་ཡང་ན་རྗེས་སུ་ཁས་ལེན་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་བརྒྱུད་སྤྲོད་བྱས་པར་འཐུས་ཚབ་བྱ་ཡུལ་འཐད་པ་བྱུང་བའམ་ཡང་ན་རྗེས་སུ་ཁས་བླངས་ན།འཐུས་ཚབ་བྱ་ཡུལ་གྱིས་འཐུས་ཚབ་དོན་བྱ་རྣམས་ཐད་ཀར་མངགས་བཅོལ་བརྒྱུད་སྤྲོད་བྱས་པའི་ཕྱོགས་གསུམ་པ་དེར་བཅོལ་ཆོག་པ་དང་།འཐུས་ཚབ་པས་ཕྱོགས་གསུམ་པའི་འདེམ་འཁུར་དང་ཡང་ན་ཕྱོགས་གསུམ་པའི་མངགས་བཅོལ་དེ་ཁོ་ནར་འགན་འཁུར་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་བརྒྱུད་སྤྲོད་བྱས་པའི་འཐུས་ཚབ་པར་འཐུས་ཚབ་བྱ་ཡུལ་གྱི་འཐད་པ་མ་བྱུང་བ་དང་རྗེས་ཀྱི་ཁས་ལེན་མ་ཐོབ་ན།འཐུས་ཚབ་པས་མངགས་བཅོལ་བརྒྱུད་སྤྲོད་བྱས་པའི་ཕྱོགས་གསུམ་པའི་བྱ་སྤྱོད་ལ་འགན་འཁྲི་འཁུར་དགོས་མོད།འོན་ཀྱང་གནས་ཚུལ་ཛ་དྲག་གི་འོག་ཏུ་འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད་ཕྱོགས་གསུམ་པར་མངགས་བཅོལ་བརྒྱུད་སྤྲོད་བྱས་པ་ཕུད་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་བདུན་ཅུ་པ།ལག་བསྟར་ཁྲིམས་མི་དང་ཡང་ན་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་ལས་འགན་ཁུར་ཡོད་པའི་ལས་བྱེད་པས།དེས་འགན་དབང་ཁྱབ་ཁོངས་ནང་གི་དོན་བྱ་ལ། ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱི་མིང་ཐོག་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱས་ན།ཁྲིམས་མི་དང་ཡང་ན་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ལ་ནུས་པ་ཐོན་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ཀྱིས་དེའི་བྱ་བའི་ལས་འགན་ལག་བསྟར་བྱེད་ཀྱིན་པའི་མི་སྣའི་འགན་དབང་ཁྱབ་ཁོངས་གི་དབང་མཚམས་ཐད་ནས།བསམ་བཟང་གི་ལྟོས་བཅས་ཀྱི་མི་ལ་དགག་ལན་སྤྲད་མི་ཆོག1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་གཅིག་པ། བྱ་སྤྱོད་མིས་འཐུས་ཚབ་དབང་ཆ་མེད་པ་དང་འཐུས་ཚབ་དབང་ཆ་ལས་བརྒལ་བ།འཐུས་ཚབ་དབང་ཆའི་མཚམས་བཞག་པ་བཅས་ཀྱི་གནས་ཚུལ་འོག སྔར་བཞིན་འཐུས་ཚབ་བྱ་སྤྱོད་ལག་བསྟར་བྱས་པ་དང་།འཐུས་ཚབ་བྱ་ཡུལ་གྱིས་རྗེས་སུ་ཁས་ལེན་མ་བྱས་ན། འཐུས་ཚབ་བྱ་ཡུལ་ལ་ནུས་པ་མ་ཐོན་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

ལྟོས་བཅས་ཀྱི་མིས་འཐུས་ཚབ་བྱ་ཡུལ་ལ་བརྡ་སྦྱོར་འབྱོར་བའི་ཉིན་དེ་ནས་བཟུང་བའི་ཟླ་གཅིག་གི་ནང་རྗེས་སུ་ཁས་ལེན་བྱེད་དགོས་པའི་སྐུལ་མ་བཏང་ཆོགའཐུས་ཚབ་བྱ་ཡུལ་གྱིས་ཨ་ལན་གང་ཡང་མ་བྱིན་ན།ཁས་མ་བླངས་པར་ངོས་འཛིན་དགོས།བྱ་སྤྱོད་མིས་ལག་བསྟར་བྱས་པའི་བྱ་སྤྱོད་དེ་རྗེས་སུ་ཁས་ལེན་མ་བྱེད་པའི་སྔོན་ལ།བསམ་བཟང་གི་ལྟོས་བཅས་ཀྱི་མི་ལ་ཕྱིར་འཐེན་བྱེད་རྒྱུའི་དབང་ཆ་ཡོད་ལ།ཕྱིར་འཐེན་བྱེད་སྐབས་ངེས་པར་བརྡ་སྦྱོར་གཏོང་བའི་བྱེད་ཐབས་སྤྱོད་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

བྱ་སྤྱོད་མིས་ལག་བསྟར་བྱས་པའི་བྱ་སྤྱོད་རྗེས་སུ་ཁས་ལེན་མ་བྱས་ན།བསམ་བཟང་གི་ལྟོས་བཅས་ཀྱི་མི་ལ་བྱ་སྤྱོད་མིས་བུ་ལོན་ལག་བསྟར་བྱེད་པའམ་ཡང་ན་ཁོར་ཐེབས་པའི་གྱོང་གུན་ལ་བྱ་སྤྱོད་མིས་སྐྱིན་ཚབ་འཇག་དགོས་པའི་རེ་འདུན་འདོན་རྒྱུའི་དབང་ཆ་ཡོད་མོད།འོན་ཀྱང་སྐྱིན་ཚབ་ཀྱི་ཁྱབ་ཁོངས་ནི་འཐུས་ཚབ་བྱ་ཡུལ་གྱིས་རྗེས་སུ་ཁས་ལེན་བྱེད་སྐབས་ལྟོས་བཅས་ཀྱི་མིར་ཐོབ་པའི་ཁེ་ཕན་ལས་བརྒལ་མི་རུང་།1Aaཀྲུང་གོ་བོད་ཀྱི་དྲ་བ།

ལྟོས་བཅས་ཀྱི་མིས་བྱ་སྤྱོད་མི་ལ་འཐུས་ཚབ་བྱེད་རྒྱུའི་དབང་ཆ་མེད་པ་ཤེས་པའམ་ཡང་ན་ཤེས་འོས་ན།ལྟོས་བཅས་ཀྱི་མི་དང་བྱ་སྤྱོད་མི་གཉིས་ཀྱིས་རང་རང་གི་ནོར་འཁྲུལ་ལ་འགན་འཁུར་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་གཉིས་པ།བྱ་སྤྱོད་མིས་འཐུས་ཚབ་དབང་ཆ་མེད་པ་དང་འཐུས་ཚབ་དབང་ཆ་ལས་བརྒལ་བ།འཐུས་ཚབ་དབང་ཆའི་མཚམས་བཞག་པ་བཅས་ཀྱི་གནས་ཚུལ་འོག སྔར་བཞིན་འཐུས་ཚབ་བྱ་སྤྱོད་ལག་བསྟར་བྱས་པ་དང་།ལྟོས་བཅས་ཀྱི་མི་དེ་བྱ་སྤྱོད་མི་ལ་འཐུས་ཚབ་དབང་ཆ་ཡོད་པར་ཡིད་ཆེས་པའི་གནས་ལུགས་ཡོད་ན།འཐུས་ཚབ་བྱ་སྤྱོད་དེར་ནུས་པ་ལྡན་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

ས་བཅད་གསུམ་པ།འཐུས་ཚབ་བྱེད་མཚམས་འཇོག་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་གསུམ་པ།གཤམ་གྱི་གནས་ཚུལ་གྲས་ཀྱི་གཅིག་ལྡན་ན།མངགས་བཅོལ་འཐུས་ཚབ་ཀྱི་མཚམས་བཞག་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་དུས་ཡུན་ལོན་པའམ་ཡང་ན་འཐུས་ཚབ་ལས་དོན་མཇུག་རྫོགས་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་བྱ་ཡུལ་གྱིས་མངགས་བཅོལ་མི་དགོས་པར་བཟོས་པའམ་ཡང་ན་འཐུས་ཚབ་པས་མངགས་བཅོལ་དགོངས་ཞུ་ཕུལ་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་པའི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཤོར་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་པ་དང་ཡང་ན་འཐུས་ཚབ་བྱ་ཡུལ་ཚེ་ལས་འདས་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་པ་དང་ཡང་ན་འཐུས་ཚབ་བྱ་ཡུལ་གྱི་ཁྲིམས་མིའམ་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་མཚམས་བཞག་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་བཞི་པ། འཐུས་ཚབ་བྱ་ཡུལ་ཚེ་ལས་འདས་རྗེས།གཤམ་གྱི་གནས་ཚུལ་གྲས་ཀྱི་གཅིག་ལྡན་ན།མངགས་བཅོལ་འཐུས་ཚབ་པས་ལག་བསྟར་བྱས་པའི་འཐུས་ཚབ་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་པས་འཐུས་ཚབ་བྱ་ཡུལ་ཚེ་ལས་འདས་པ་མི་ཤེས་པའམ་ཡང་ན་ཤེས་མི་འོས་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་བྱ་ཡུལ་གྱི་རྒྱུན་འཛིན་པས་ཁས་བླངས་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དབང་ཆ་བཅོལ་སྐབས་འཐུས་ཚབ་དབང་ཆ་དེ་འཐུས་ཚབ་ལས་དོན་མཇུག་རྫོགས་རྗེས་མཚམས་འཇོག་དགོས་པ་གསལ་པོར་བཀོད་ཡོད་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་བྱ་ཡུལ་ཚེ་ལས་མ་འདས་གོང་ལག་བསྟར་བྱས་ཟིན་པ་དང་།འཐུས་ཚབ་བྱ་ཡུལ་གྱི་རྒྱུན་འཛིན་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་མུ་མཐུད་དུ་འཐུས་ཚབ་བྱེད་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་བྱ་ཡུལ་གྱི་ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་མཚམས་བཞག་ན།གོང་གི་གཏན་འཁེལ་དེ་སྤྱོད་པར་འཚམ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་ལྔ་པ། གཤམ་གྱི་གནས་ཚུལ་གྲས་ཀྱི་གཅིག་ལྡན་ན།ཁྲིམས་བཀོད་འཐུས་མིའི་མཚམས་བཞག་པ་ཡིན།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་བྱ་ཡུལ་ལ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོངས་རྫོགས་ཐོབ་པའམ་ཡང་ན་སླར་གསོ་བྱུང་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་པའི་དམངས་དོན་བྱ་སྤྱོད་ནུས་པ་ཤོར་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འཐུས་ཚབ་པ་དང་ཡང་ན་འཐུས་ཚབ་བྱ་ཡུལ་ཚེ་ལས་འདས་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའི་གནས་ཚུལ་གཞན་དག1Aaཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བརྒྱད་པ།དམངས་དོན་འགན་འཁྲི།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་དྲུག་པ། དམངས་དོན་བྱེད་པོས་བཅའ་ཁྲིམས་ནང་གི་གཏན་འཁེལ་དང་དོ་བདག་པའི་ཁ་ཆད་ལྟར།དམངས་དོན་འོས་འགན་ལག་བསྟར་བྱེད་པ་དང་དམངས་དོན་འགན་འཁྲི་འཁུར་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་བདུན་པ། མི་གཉིས་ཡན་གྱིས་ཁྲིམས་ལྟར་སྐབས་བབ་ཀྱི་འགན་འཁྲི་འཁུར་དགོས་པར།འགན་འཁྲིའི་ཆེ་ཆུང་ཐག་གཅོད་བྱེད་ཐུབ་ན།རང་རང་གིས་དེ་བསྟུན་གྱི་འགན་འཁྲི་འཁུར་དགོས་པ་དང་།འགན་འཁྲི་ཆེ་ཆུང་ཐག་གཅོད་བྱེད་མི་ཐུབ་ན།ཆ་སྙོམས་ཀྱིས་འགན་འཁྲི་འཁུར་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་བརྒྱད་པ།མི་གཉིས་ཡན་གྱིས་ཁྲིམས་ལྟར་འབྲེལ་ཐེབས་འགན་འཁྲི་འཁུར་དགོས་ན།ཁེ་དབང་མི་ལ་འབྲེལ་ཐེབས་འགན་འཁྲི་མི་ཁ་ཤས་དང་ཡང་ན་ཡོངས་རྫོགས་ཀྱིས་འགན་འཁྲི་འཁུར་དགོས་པའི་རེ་འདུན་འདོན་པའི་དབང་ཆ་ཡོད།1Aaཀྲུང་གོ་བོད་ཀྱི་དྲ་བ།

འབྲེལ་ཐེབས་འགན་འཁྲི་མིའི་འགན་འཁྲི་འཁུར་ཚད་དེ་རང་རང་གི་འགན་འཁྲིའི་ཆེ་ཆུང་ལྟར་ཐག་གཅོད་དགོས་པ་དང་།འགན་འཁྲི་ཆེ་ཆུང་ཐག་གཅོད་མི་ཐུབ་ན། ཆ་སྙོམས་ཀྱིས་འཁུར་དགོས།དོན་དངོས་ཀྱི་འགན་འཁྲི་འཁུར་བའི་ཚད་དེ་རང་ཉིད་ཀྱི་འགན་འཁྲིའི་ཚད་ལས་བརྒལ་བའི་འབྲེལ་ཐེབས་འགན་འཁྲི་མི་ལ།འབྲེལ་ཐེབས་འགན་འཁྲི་མི་གཞན་དག་གི་ལག་ནས་འདེད་རྒྱུའི་དབང་ཆ་ཡོད།1Aaཀྲུང་གོ་བོད་ཀྱི་དྲ་བ།

འབྲེལ་ཐེབས་འགན་འཁྲི་ནི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པ་དང་ཡང་ན་དོ་བདག་པས་ཁ་ཆད་འཇོག་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དོན་དགུ་པ། དམངས་དོན་འགན་འཁྲི་འཁུར་ཐབས་ལ་གཙོ་བོ་འདི་དག་ཡོད་དེ།1Aaཀྲུང་གོ་བོད་ཀྱི་དྲ་བ།

གནོད་འཚེ་གཏོང་མཚམས་འཇོག་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

འགོག་རྐྱེན་མེད་པར་བཟོ་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

ཉེན་ཁ་མེད་པར་བཟོ་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

རྒྱུ་ནོར་ཕྱིར་སློག་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

གནས་བབ་སླར་གསོ་བྱེད་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

ཞིག་གསོ་དང་བསྐྱར་ལས།ཡང་ན་བརྗེ་སྤོ་བཅས་བྱེད་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

མུ་མཐུད་དུ་ལག་བསྟར་བྱེད་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

གྱོང་གུན་ལ་སྐྱིན་ཚབ་འཇལ་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཆད་དང་འགལ་བའི་སྐྱིན་ཚབ་དངུལ་སྟེར་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

གནོད་འཚེ་མེད་པར་བཟོ་བ་དང་མཚན་སྙན་སླར་གསོ་བྱེད་པ།1Aaཀྲུང་གོ་བོད་ཀྱི་དྲ་བ།

དགོངས་དག་ཞུ་བ།1Aaཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ནང་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་གཏན་འཁེལ་བྱས་ཡོད་ན།དེའི་གཏན་འཁེལ་ལ་བསྟུན་དགོས།1Aaཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་འདིའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་དམངས་དོན་འགན་འཁྲི་འཁུར་བའི་བྱེད་སྟངས་ནི།ཁེར་རྐྱང་གིས་སྤྱད་ཆོག་ལ། མཉམ་དུ་སྤྱད་ནའང་ཆོག

དོན་ཚན་བརྒྱ་དང་བརྒྱད་ཅུ་པ། འགོག་ཐབས་མེད་པའི་དབང་གིས་དམངས་དོན་འོས་འགན་འཁུར་མ་ཐུབ་ན།དམངས་དོན་འགན་འཁྲི་འཁུར་མི་དགོས་པ་དང་། བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

འགོག་ཐབས་མེད་པའི་དབང་གིས་ཤེས་པ་ནི་སྔོན་དཔག་བྱེད་མི་ཐུབ་པ་དང་།གཡོལ་ཐབས་མེད་པར་མ་ཟད་སེལ་ཐབས་བྲལ་བའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་ལ་གོ།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་གཅིག་པ། ལུགས་མཐུན་འགོག་སྲུང་གི་དབང་གིས་གྱོང་གུན་བཟོས་ན།དམངས་དོན་འགན་འཁྲི་འཁུར་མི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

ལུགས་མཐུན་འགོག་སྲུང་ཚད་ལས་བརྒལ་བའི་དབང་གིས།དགོས་མེད་ཀྱི་གྱོང་གུན་བཟོས་ན།ལུགས་མཐུན་འགོག་སྲུང་བྱེད་མཁན་གྱིས་ཚད་མཐུན་གྱི་དམངས་དོན་འགན་འཁྲི་འཁུར་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་གཉིས་པ། འཕྲལ་མྱུར་ཉེན་ཁར་གཡོལ་ཆེད་གྱོང་གུན་བཟོས་ན།ཉེན་ཁ་བཟོ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

ཉེན་ཁ་དེ་རང་བྱུང་རྒྱུ་རྐྱེན་གྱིས་བསླངས་ན།འཕྲལ་མྱུར་ཉེན་ཁར་གཡོལ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས་པར།ཁ་གསབ་འོས་འཚམ་བྱིན་ན་ཆོགmhLཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་མྱུར་ཉེན་ཁར་གཡོལ་བའི་ཐབས་ལམ་མི་འགྲིག་པའམ་ཡང་ན་ཚད་ལས་བརྒལ་བའི་དབང་གིས།དགོས་མེད་ཀྱི་གྱོང་གུན་བཟོས་ན།འཕྲལ་མྱུར་ཉེན་ཁར་གཡོལ་མཁན་གྱིས་ཚད་མཐུན་གྱི་དམངས་དོན་འགན་འཁྲི་འཁུར་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་གསུམ་པ། མི་གཞན་གྱི་དམངས་དོན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གནོད་འཚེ་ཐེབས་ན།གནོད་འཚེ་གཏོང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་།ཁེ་ཕན་ཐོབ་མཁན་གྱིས་ཚད་མཐུན་གྱི་སྐྱིན་ཚབ་འཇལ་ཆོགགནོད་འཚེ་གཏོང་མཁན་མེད་པའམ་གནོད་འཚེ་གཏོང་མཁན་བྲོས་པ།ཡང་ན་གནོད་འཚེ་གཏོང་མཁན་ལ་དམངས་དོན་འགན་འཁྲི་འཁུར་བའི་ནུས་པ་མེད་པ་དང་།གནོད་འཚེ་ཐེབས་མཁན་གྱིས་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ན།ཁེ་ཕན་ཐོབ་མཁན་གྱིས་ཚད་མཐུན་གྱི་སྐྱིན་ཚབ་འཇལ་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་བཞི་པ། རང་འཐད་སྒོས་ཛ་དྲག་རོགས་སྐྱོར་བྱས་པ་ལས་རོགས་སྐྱོར་བྱ་ཡུལ་ལ་གནོད་འཚེ་བཏང་ན།རོགས་སྐྱོར་བྱེད་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་ལྔ་པ། སྔོན་གཤེགས་དཔའ་བོ་སོགས་ཀྱི་མིང་དང་འདྲ་པར།མཚན་སྙན།གཟི་བརྗིད་བཅས་ལ་གནོད་འཚེ་བཏང་བ་དང་།སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་ན།ངེས་པར་དམངས་དོན་འགན་འཁྲི་འཁུར་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་དྲུག་པ། དོ་བདག་པ་ཕྱོགས་གཅིག་གི་ཁ་ཆད་དང་འགལ་བའི་བྱ་སྤྱོད་ཀྱིས།ཅིག་ཤོས་ཀྱི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་ན།གནོད་འཚེ་ཐེབས་མཁན་ལ་གདམ་གསེས་ཀྱིས་ཁ་ཆད་དང་འགལ་བའི་འགན་འཁྲི་དང་ཡང་ན་གནོད་འཚེ་བཏང་བའི་འགན་འཁྲི་འཇལ་དགོས་པའི་རེ་འདུན་ཞུ་རྒྱུའི་དབང་ཆ་ཡོད།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་བདུན་པ། དམངས་དོན་བྱེད་པོས་བྱ་སྤྱོད་གཅིག་གི་དབང་གིས་དམངས་དོན་འགན་འཁྲི་དང་།སྲིད་འཛིན་འགན་འཁྲི།ཉེས་དོན་འགན་འཁྲི་བཅས་མཉམ་དུ་འཁུར་དགོས་ན།སྲིད་འཛིན་འགན་འཁྲི་དང་ཉེས་དོན་འགན་འཁྲི་འཁུར་བ་ཡིས་དམངས་དོན་འགན་འཁྲི་འཁུར་བར་གནོད་པ་མི་བྱེད་ལ།དམངས་དོན་བྱེད་པོའི་རྒྱུ་ནོར་གྱིས་མི་འདང་ན།དམིགས་བསལ་གྱིས་དམངས་དོན་འགན་འཁྲི་འཁུར་བར་སྤྱོད་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་དགུ་པ། གཏུག་བཤེར་གོ་ཆོད་དུས་ཡུན།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་བརྒྱད་པ། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་རེ་འདུན་ཞུ་བའི་གཏུག་བཤེར་གོ་ཆོད་དུས་ཡུན་ནི་ལོ་གསུམ་ཡིན་ལ།བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་བྱས་ཡོད་ན། གཏན་འཁེལ་དེ་ལ་བསྟུན་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

གཏུག་བཤེར་གོ་ཆོད་དུས་ཡུན་ནི་ཁེ་དབང་ཡོད་པའི་མིས་རང་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་ཐེབས་པ་ཤེས་པའམ་ཤེས་འོས་པ་དང་ཡང་ན་འོས་འགན་ཡོད་པའི་ཉིན་དེ་ནས་བཟུང་བརྩི་དགོས།བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས་མོད།འོན་ཀྱང་ཁེ་དབང་ལ་གནོད་འཚེ་ཐེབས་པའི་ཉིན་དེ་ནས་བཟུང་སྟེ་ལོ་ཉི་ཤུ་བརྒལ་ན།མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོབ་མི་བྱེད་པ་ཡིན།དམིགས་བསལ་གྱི་གནས་ཚུལ་ཡོད་ན།མི་དམངས་ཁྲིམས་ཁང་གིས་ཁེ་དབང་ཡོད་པའི་མིའི་རེ་འདུན་ལྟར་ཡུན་བསྲིང་ཆོགmhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་དགུ་པ། དོ་བདག་པས་བུ་ལོན་སྐོར་གཅིག་ཐེངས་འགར་དབྱེ་ནས་སྐྱིན་ཚབ་འཇལ་རྒྱུའི་ཐག་བཅད་ན།གཏུག་བཤེར་གོ་ཆོད་དུས་ཡུན་ནི་ཐེངས་ཆེས་རྗེས་མ་སྤྲད་ཚར་བའི་ཉིན་དེ་ནས་བཟུང་བརྩི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་དགུ་བཅུ་པ།དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིས་དེའི་ཁྲིམས་བཀོད་འཐུས་ཚབ་པའི་རེ་ཞུ་དབང་ཆའི་གཏུག་བཤེར་གོ་ཆོད་དུས་ཡུན་ནི།ཁྲིམས་བཀོད་འཐུས་ཚབ་པ་དེའི་འཐུས་ཚབ་མཚམས་བཞག་པའི་ཉིན་དེ་ནས་བཟུང་སྟེ་བརྩི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་གཅིག་པ། ནར་མ་སོན་པའི་མི་ལ་འདོད་ཆགས་འཆལ་རྩེད་ཀྱི་གནོད་འཚེ་ཐེབས་པར་སྐྱིན་ཚབ་འཇལ་རྒྱུའི་རེ་འདུན་ཞུ་བའི་གོ་ཆོད་དུས་ཡུན་ནི།གནོད་འཚེ་ཐེབས་མཁན་ལོ་བཅོ་བརྒྱད་ལ་བུད་པའི་ཉིན་དེ་ནས་བཟུང་བརྩི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་གཉིས་པ། གཏུག་བཤེར་གོ་ཆོད་དུས་ཡུན་ལོངས་ན།འོས་འགན་ཡོད་པའི་མིས་འོས་འགན་མི་འཁུར་བའི་དག་འབུད་བྱེད་ཆོགmhLཀྲུང་གོ་བོད་ཀྱི་དྲ་བ།

གཏུག་བཤེར་གོ་ཆོད་དུས་ཡུན་ལོངས་རྗེས།འོས་འགན་མི་ལག་བསྟར་བྱེད་པར་འཐད་ན།གཏུག་བཤེར་དུས་ཡུན་ལོངས་པར་ཁ་གཡར་ཏེ་དག་འབུད་བྱེད་མི་ཆོག་པ་དང་། འོས་འགན་མིས་རང་འཐད་སྒོས་ལག་བསྟར་བྱས་ཟིན་ན།ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་མི་ཆོགmhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་གསུམ་པ། མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་གོ་ཆོད་དུས་ཡུན་གྱི་གཏན་འཁེལ་དེ་རང་འགུལ་སྒོས་བཀོལ་སྤྱོད་བྱེད་མི་ཆོགmhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་བཞི་པ། གཏུག་བཤེར་གོ་ཆོད་དུས་ཡུན་མ་ལོངས་པའི་སྔོན་གྱི་ཟླ་དྲུག་གི་ནང་།གཤམ་གྱི་བཀག་རྐྱེན་འདི་དག་གི་དབང་གིས་རེ་ཞུ་དབང་ཆ་ལག་བསྟར་བྱེད་མ་ཐུབ་ན།གཏུག་བཤེར་གོ་ཆོད་དུས་ཡུན་གྱི་མཚམས་བཞག་པ་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

འགོག་ཐབས་མེད་པའི་རྒྱུ་རྐྱེན།mhLཀྲུང་གོ་བོད་ཀྱི་དྲ་བ།

དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ལ་ཁྲིམས་བཀོད་འཐུས་ཚབ་པ་མེད་པ་དང་།ཡང་ན་ཁྲིམས་བཀོད་འཐུས་ཚང་པ་ཤི་བའམ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཤོར་བ་དང་།ཡང་ན་འཐུས་ཚབ་དབང་ཆ་ཤོར་བ།mhLཀྲུང་གོ་བོད་ཀྱི་དྲ་བ།

རྒྱུན་འཛིན་བྱེད་མགོ་བརྩམས་རྗེས་ད་རུང་རྒྱུན་འཛིན་མཁན་དང་ཡང་ན་རྒྱུ་ནོར་དོ་དམ་མཁན་གཏན་འཁེལ་བྱས་མེད་པ།mhLཀྲུང་གོ་བོད་ཀྱི་དྲ་བ།

དབང་ཆ་ཡོད་པའི་མི་དེ་འོས་འགན་ཡོད་པའི་མི་དང་ཡང་ན་མི་གཞན་པས་ཚོད་འཛིན་བྱེད་པ།mhLཀྲུང་གོ་བོད་ཀྱི་དྲ་བ།

དབང་ཆ་ཡོད་པའི་མིས་རེ་ཞུ་དབང་ཆ་ལག་བསྟར་བྱེད་པར་བཀག་རྐྱེན་ཐེབས་པའི་གནས་ཚུལ་གཞན་པ།mhLཀྲུང་གོ་བོད་ཀྱི་དྲ་བ།

གོ་ཆོད་དུས་ཡུན་མཚམས་འཇོག་པའི་རྒྱུ་རྐྱེན་མེད་པར་བཟོས་པ་ནས་བཟུང་བའི་ཟླ་དྲུག་འགོར་ན།གཏུག་བཤེར་གོ་ཆོད་དུས་ཡུན་ལོངས་པ་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་ལྔ་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།གཏུག་བཤེར་གོ་ཆོད་དུས་ཡུན་གྱི་མཚམས་ཆད་པ་ཡིན།མཚམས་ཆད་པ་དང་འབྲེལ་ཡོད་གོ་རིམ་མཚམས་བཞག་པ་ནས་བཟུང་སྟེ།གཏུག་བཤེར་གོ་ཆོད་དུས་ཡུན་བསྐྱར་དུ་བརྩི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དབང་ཆ་ཡོད་པའི་མིས་འོས་འགན་ཡོད་པའི་མི་ལ་ལག་བསྟར་བྱེད་དགོས་པའི་རེ་འདུན་ཞུས་པ།mhLཀྲུང་གོ་བོད་ཀྱི་དྲ་བ།

འོས་འགན་ཡོད་པའི་མི་དེ་འོས་འགན་ལག་བསྟར་བྱེད་པར་འཐད་པ།mhLཀྲུང་གོ་བོད་ཀྱི་དྲ་བ།

དབང་ཆ་ཡོད་པའི་མིས་གཏུག་བཤེར་བྱེད་པའམ་ཡང་ན་འདུམ་སྒྲིག་བྱེད་རྒྱུའི་རེ་འདུན་ཞུས་པ།mhLཀྲུང་གོ་བོད་ཀྱི་དྲ་བ།

གཏུག་བཤེར་བྱེད་པའམ་འདུམ་སྒྲིག་བྱེད་རྒྱུའི་རེ་འདུན་ཞུས་པ་དང་འདྲ་མཚུངས་ཀྱི་ནུས་པ་ཡོད་པའི་གནས་ཚུལ་གཞན་དག་བཅས་སོ།།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་དྲུག་པ། གཤམ་གྱི་རེ་ཞུ་དབང་ཆ་འདི་དག་གཏུག་བཤེར་གོ་ཆོད་དུས་ཡུན་གྱི་གཏན་འཁེལ་ཐད་བཀོལ་ན་མི་འོས་པ་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

གནོད་འཚེ་གཏོང་མཚམས་འཇོག་པ་དང་བཀག་རྐྱེན་མེད་པར་བཟོ་བ།ཉེན་ཁ་མེད་པར་བཟོ་བ་བཅས་ཀྱི་རེ་ཞུ།mhLཀྲུང་གོ་བོད་ཀྱི་དྲ་བ།

གཏན་འཇགས་དངོས་དབང་དང་ཐོ་འགོད་བྱས་ཟིན་པའི་གཏན་འཇགས་མ་ཡིན་པའི་དངོས་དབང་གི་དབང་ཆ་ཡོད་པའི་མིས་རྒྱུ་ནོར་ཕྱིར་སློག་བྱེད་དགོས་པའི་རེ་འདུན་ཞུ་བ།mhLཀྲུང་གོ་བོད་ཀྱི་དྲ་བ།

སྙོར་སྐྱོང་གྲོན་དངུལ་དང་གུས་སྐྱོང་གྲོན་དངུལ།རོགས་སྐྱོང་གྲོན་དངུལ་བཅས་སྟེར་དགོས་པའི་རེ་འདུན་ཞུ་བ།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་བདུན་པ། གཏུག་བཤེར་གོ་ཆོད་དུས་ཡུན་གྱི་བརྩི་སྟངས་དང་མཚམས་འཇོག་པ།མཚམས་ཆད་པ་བཅས་ཀྱི་དོན་བྱ་ཡོངས་རྫོགས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་བསྒྲུབ་པ་ལས།དོ་བདག་པའི་ཁ་ཆད་ནི་ནུས་མེད་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

དོ་བདག་པས་གཏུག་བཤེར་གོ་ཆོད་དུས་ཡུན་ཐད་ཀྱི་ཁེ་ཕན་སྔོན་དཔག་སྒོས་དོར་ན་ནུས་མེད་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་བརྒྱད་པ། བཅའ་ཁྲིམས་སྟེང་འདུམ་སྒྲིག་གོ་ཆོད་དུས་ཡུན་ཐད་གཏན་འཁེལ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས་པ་དང་། གཏན་འཁེལ་ཅི་ཡང་མེད་ན།གཏུག་བཤེར་གོ་ཆོད་དུས་ཡུན་གྱི་གཏན་འཁེལ་དང་བསྟུན་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་དགུ་པ། བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའམ་ཡང་ན་དོ་བདག་པས་ཁ་ཆད་བཞག་ཡོད་པའི་ཕྱིར་འཐེན་དབང་ཆ་དང་མེད་པར་བཟོ་བའི་དབང་ཆ་སོགས་ཀྱི་དབང་ཆ་ཡོད་པའི་སྐབས་སུ།བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་ཡོད་པ་མ་གཏོགས།དབང་ཆ་ཡོད་པའི་མིས་དབང་ཆ་ཡོད་པ་ཤེས་པའམ་ཡང་ན་ཤེས་འོས་པའི་ཉིན་དེ་ནས་བཟུང་བརྩི་དགོས་པ་ལས།འབྲེལ་ཡོད་གཏུག་བཤེར་གོ་ཆོད་དུས་ཡུན་མཚམས་བཞག་པ་དང་མཚམས་ཆད་པ། ཇེ་རིང་དུ་བཏང་བ་སོགས་ཀྱི་གཏན་འཁེལ་སྤྱོད་མི་འཚམ།དབང་ཆའི་དུས་ཡུན་ལོངས་རྗེས།ཕྱིར་འཐེན་དབང་ཆ་དང་མེད་པར་བཟོ་བའི་དབང་ཆ་སོགས་ཀྱང་མེད་པར་འགྲོ་བ་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བཅུ་པ། དུས་ཡུན་བརྩི་ཐབས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉིས་བརྒྱ་ཐམ་པ། དམངས་ཁྲིམས་ནང་བརྗོད་ཀྱིན་པའི་དུས་ཡུན་ནི་སྤྱི་ལོའི་ལོ་ཟླ་ཚེས་གྲངས་དང་དུས་ཚོད་ལྟར་བརྩི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉིས་བརྒྱ་དང་གཅིག ལོ་ཟླ་ཚེས་གྲངས་ལྟར་བརྩི་བའི་སྐབས་སུ།མགོ་རྩོམ་པའི་ཉི་མ་དེ་མི་བརྩི་བར་ཕྱི་ཉིན་ནས་བཟུང་བརྩི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚོད་ལྟར་བརྩི་བའི་སྐབས་སུ།བཅའ་ཁྲིམས་སྟེང་གི་གཏན་འཁེལ་དང་ཡང་ན་དོ་བདག་པའི་ཁ་ཆད་བཞག་ཡོད་པའི་དུས་ཚོད་ལྟར་བརྩི་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉིས་བརྒྱ་དང་གཉིས་པ། ལོ་ཟླ་ལྟར་དུས་ཡུན་བརྩི་སྐབས།དུས་ཡུན་ལོངས་པའི་ཟླ་བ་དེའི་ཁ་གཏད་ཉིན་མོ་ནི་དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་ཡིན་པ་དང་།ཁ་གཏད་ཉིན་མོ་མེད་ན།ཟླ་མཇུག་གི་མཇུག་མཐའི་ཉིན་མོ་ནི་དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉིས་བརྒྱ་དང་གསུམ་པ། དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་དེ་ཁྲིམས་བཀོད་ཀྱི་ངལ་གསོའི་ཉིན་མོར་ཁེལ་ཡོད་ན།ཁྲིམས་བཀོད་ཀྱི་ངལ་གསོ་ཉིན་མོ་ལོངས་པའི་ཉིན་དེ་ནས་དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོ་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

དུས་ཡུན་གྱི་ཆེས་མཇུག་མཐའི་ཉིན་མོའི་མཚམས་འཇོག་པའི་དུས་ཡུན་ནི་དུས་ཚོད་ཉེར་བཞི་ཡིན།བྱེད་སྒོའི་དུས་ཚོད་དང་ཁེལ་ཡོད་ན།བྱེད་སྒོའི་བྱ་འགུལ་མཚམས་འཇོག་པའི་དུས་ཚོད་དེ་ནི་མཚམས་འཇོག་པའི་དུས་ཚོད་ཡིན།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉིས་བརྒྱ་དང་བཞི་པ། དུས་ཡུན་བརྩི་ཐབས་ནི་བཅའ་ཁྲིམས་འདིའི་གཏན་འཁེལ་དང་བསྟུན་དགོས་མོད།འོན་ཀྱང་བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་པའམ་ཡང་ན་དོ་བདག་པར་ཁ་ཆད་གཞན་པ་ཡོད་པ་ཕུད་དགོས།mhLཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བཅུ་གཅིག་པ། ཞར་བྱུང་།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉིས་བརྒྱ་དང་ལྔ་པ། དམངས་ཁྲིམས་ནང་བརྗོད་ཀྱིན་པའིཡནདངམན།” “ནངདངཚད་ལོངས།སོགས་ཀྱི་ནང་དུ་གྲངས་ཀ་དེ་ཉིད་འདུས་པ་དང་། མི་ལོངས་པདངབརྒལ་བ།”“དེ་ལས་འདས་པསོགས་ཀྱི་ནང་དུ་གྲངས་ཀ་དེ་ཉིད་མི་ཐེ།mhLཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་ཉིས་བརྒྱ་དང་དྲུག་པ། བཅའ་ཁྲིམས་འདི2017ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

གོང་མ།:སྤྱི་འགྲོས་རྩ་སྲོལ་ནས་སྤྱིའི་རྩ་དོན་བར་གྱི་ལྷང་ངེ་ས་གསར་པ།

ཞོལ་མ།:རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུའུ་ཡི་བཀའ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235