མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
སྲིད་ཇུས་ཁྲིམས་སྲོལ།
 

སྤྱི་འགྲོས་རྩ་སྲོལ་ནས་སྤྱིའི་རྩ་དོན་བར་གྱི་ལྷང་ངེ་ས་གསར་པ།

ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

དམངས་ཁྲིམས་སྤྱིའི་རྩ་དོན་གྱིས་དམངས་ཁྲིམས་སྤྱི་འགྲོས་རྩ་སྲོལ་ནང་གཏན་འཁེལ་བྱས་ཡོད་པའི་གཞི་རྩའི་ལམ་ལུགས་དང་སྤྱིར་བཏང་རང་བཞིན་གྱི་སྒྲིག་ལམ་བསྡུ་ལེན་བྱས་པ་དང་མཉམ་དུ།ཁ་གསབ་དང་འཐུས་ཚང་། འཕེལ་རྒྱས་བཅས་སུ་བཏང་ཡོད།evMཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས15ཉིན།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོནལ་གྲོས་འཆམ་བྱུང་བ་དང་།དེས་དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་གི་སྤྱིའི་རྩ་དོན་ཆགས་ཟིན་པ་མཚོན་ཡོད།evMཀྲུང་གོ་བོད་ཀྱི་དྲ་བ།

1986ལོའི་དམངས་ཁྲིམས་སྤྱི་འགྲོས་རྩ་སྲོལ་ནས་ད་ལྟའི་དམངས་ཁྲིམས་སྤྱིའི་རྩ་དོན་བར་ཡིག་འབྲུ་འགའ་ཡི་འགྱུར་ལྡོག་བྱུང་བའི་རྒྱབ་ཏུ་ཁྲིམས་འཛུགས་འདུ་ཤེས་སམ་བསམ་བློའི་འགྱུར་ལྡོག་དང་ལམ་ལུགས་གསར་སྐྲུན་གྱི་འཕེལ་རྒྱས་སྦས་ཡོད་ལ།དམངས་ཁྲིམས་སྤྱིའི་རྩ་དོན་ལ་ལྷང་ངེ་ས་གསར་པ་གང་དག་ཡོད་ཅེ་ན།གསར་འགོད་པས་རྒྱལ་ཡོངས་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུའུ་ཙེ་ལིན་དང་།རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རེན་གཞོན་པ་ལུའི་ཀྲུང་མའེ།ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་དབྱི་བཅས་ལ་བཅར་འདྲི་བྱས་པ་སྟེ།evMཀྲུང་གོ་བོད་ཀྱི་དྲ་བ།

གཅིགསྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་གན་རྒྱ་ནུས་མེད་དུ་གྱུར་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་དང་པོ། དམངས་ཁྲིམས་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་།དམངས་དོན་འབྲེལ་བ་ལེགས་སྒྲིག སྤྱི་ཚོགས་དང་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོབ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་འཕེལ་རྒྱས་དགོས་མཁོ་དང་མཐུན་པ།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་དར་སྤེལ་དུ་གཏོང་བ་བཅས་ཀྱི་ཆེད་དུ།རྩ་ཁྲིམས་གཞིར་བཟུང་ནས། བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན།evMཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱད་པ།དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས།བཅའ་ཁྲིམས་དང་འགལ་མི་ཆོག་ལ་སྤྱི་སྒྲིག་སྲོལ་བཟང་དང་ཡང་འགལ་མི་ཆོགevMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལསུའུ་ཙེ་ལིན་གྱིས་བཤད་རྒྱུར། དམངས་ཁྲིམས་སྤྱིའི་རྩ་དོན་གྱི་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དུས་རབས་ཀྱི་བརྗོད་གཞི་དང་དོན་དངོས་ཀྱི་དགོས་མཁོ་མངོན་པར་མཚོན་ཡོད།དེའི་ནང་དུ་གསལ་བསྒྲགས་རང་བཞིན་གྱི་གཏན་འཁེལ་ཡོད་པར་མ་ཟད་བྱེ་བྲག་གི་གཏན་འཁེལ་ཡང་ཡོད་པ་སྟེ།དཔེར་ན་དོན་ཚན་བརྒྱ་དང་ང་གསུམ་པའི་ནང་དུ།སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་མེད་ཡིན་པར་གཏན་འཁེལ་བྱས་ཡོད་པ་ནང་བཞིན་རེད།གལ་ཏེ་དོ་བདག་པས་བཞག་པའི་གན་རྒྱའི་ནང་ཀུན་སྤྱོད་དང་འགལ་བའི་ནང་དོན་ཡོད་ན།གན་རྒྱའི་དོན་ཚན་དེ་ནི་ནུས་མེད་ཡིན།evMཀྲུང་གོ་བོད་ཀྱི་དྲ་བ།

གཉིས། ལྗང་མདོགནི་གཞི་རྩའི་རྩ་དོན་དུ་གྱུར་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་དགུ་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས།ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཕན་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལལུའི་ཀྲུང་མའེ་ཡིས་བཤད་རྒྱུར།མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དུས་རབས21པར་ཞུགས་རྗེས་ཀྱི་ཉིན་རེ་བཞིན་འཕྲད་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་པས།ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པཡི་ལྗང་མདོག་གི་རྩ་དོན་འདི་དམངས་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དུ་འཇོག་དགོས།གསར་སྐྲུན་ཆེན་པོ་འདི་ལ་དུས་རབས21པའི་ཁྱད་ཆོས་མངོན་གསལ་ལྡན། དོན་དངོས་སུ་བཤད་ན།དོན་ཚན་བརྒྱ་དང་དོན་དགུ་པའི་ནང་དུ་དམངས་དོན་འགན་འཁྲིའི་འཁུར་སྟངས་ཁྲོད། སྔོན་གྱི་གནས་བབ་སླར་གསོ་བྱེད་དགོས་པཡི་དོན་ཚན་འདི་ཡོད། དེའི་ནང་དོན་ནི་ཁོར་ཡུག་ལ་གཏོར་བརླག་གཏོང་མཁན་གྱིས་སྔོན་གྱི་གནས་བབ་སླར་གསོ་བྱེད་པའི་རྣམ་པ་ཡིས་དམངས་དོན་འགན་འཁྲི་འཁུར་ཆོགའདི་ནི་ལྗང་མདོག་རྩ་དོན་གྱི་བྱེ་བྲག་གི་མཚོན་སྟངས་ཡིན།evMཀྲུང་གོ་བོད་ཀྱི་དྲ་བ།

གསུམ།སྐྱེས་པ་ནས་ཚེ་ལས་འདས་རག་གི་བར་དུ་སྲུང་སྐྱོབ་བྱེད་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་བཅུ་དྲུག་པ།ཤུལ་ནོར་རྒྱུན་འཛིན་དང་སྦྱིན་པ་དང་ལེན་སོགས་ཀྱི་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོབ་དང་འབྲེལ་ན།མངལ་གནས་ཕྲུ་གུ་དེ་ནི་དམངས་དོན་ཁེ་དབང་གི་ནུས་པ་ཡོད་པར་ངོས་འཛིན་དགོས་མོད།འོན་ཀྱང་ཕྲུ་གུ་དེ་བཙའ་བའི་སྐབས་སུ་ཚེ་ལས་འདས་ན།དེའི་དམངས་དོན་ཁེ་དབང་གི་ནུས་པ་སྐབས་དེ་ནས་བཟུང་མེད་པར་བཟོ་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་བརྒྱད་པ།སྔོན་གཤེགས་དཔའ་བོ་སོགས་ཀྱི་མིང་དང་འདྲ་པར། མཚན་སྙན།གཟི་བརྗིད་བཅས་ལ་གནོད་འཚེ་བཏང་བ་དང་།སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་ན།ངེས་པར་དུ་དམངས་དོན་འགན་འཁྲི་འཁུར་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལཝང་དབྱིས་བཤད་རྒྱུར།དམངས་ཁྲིམས་ཀྱིས་སྐྱེས་པ་ནས་ཚེ་ལས་འདས་རག་བར་དུ་མི་ལ་ཐུགས་ཁུར་བྱེད་ཀྱིན་པར་མ་ཟད།མི་ཚེ་གང་པོར་བསྟར་ལ་བརྒྱུས་ཤིང་། ད་རུང་མ་སྐྱེས་སྔོན་དང་འདས་པའི་རྗེས་སུ་ཡུན་བསྲིངས་ཡོད།མ་སྐྱེས་པའི་སྔོན་གྱི་མངལ་གནས་སྐབས་སུ།དེའི་ཤུལ་ནོར་རྒྱུན་འཛིན་དང་སྦྱིན་པ་དང་ལེན་སོགས་ཀྱི་ཁེ་ཕན་ལ་དམངས་ཁྲིམས་སྤྱིའི་རྩ་དོན་གྱིས་སྲུང་སྐྱོབ་བྱེད་པ་ཡིན།དཔེར་ན། མངལ་གནས་ཕྲུ་གུའི་ཚེ་ལས་འདས་པའི་ཕའི་ཤུལ་ནོར་བགོ་བཤའ་རྒྱག་སྐབས།མངལ་གནས་ཕྲུ་གུ་དེར་སྐལ་ཡོད་པ་ཡིན་ལ། མི་ཚེ་ལས་འདས་རྗེས་ཡང་། དེའི་མིང་དང་འདྲ་པར།མཚན་སྙན། གཟི་བརྗིད་བཅས་ལ་སྔར་བཞིན་སྲུང་སྐྱོབ་ཐོབ་པ་ཡིན།མངོན་སུམ་འཚོ་བའི་ཁྲོད།སྔོན་གཤེགས་དཔའ་བོའི་མིང་དང་འདྲ་པར། མཚན་སྙན།གཟི་བརྗིད་བཅས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཚམས་རེར་འབྱུང་བཞིན་ཡོད་ལ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བའི་དབང་གིས།སྤྱི་དམངས་ཀྱིས་ཚུར་སྣང་དྲག་པོ་བྱས་པའི་གནས་ཚུལ་ཡང་མཚམས་རེར་འབྱུང་བཞིན་ཡོད།དེའི་རྐྱེན་གྱིས་དམངས་ཁྲིམས་སྤྱིའི་རྩ་དོན་གྱི་ནང་དུ་གནོད་འཚེ་བཏང་བའི་བྱ་སྤྱོད་འདིའི་རིགས་ལ་ངེས་པར་དམངས་དོན་འགན་འཁྲི་འཁུར་དགོས་པ་གཏན་འཁེལ་བྱས་ཡོད།evMཀྲུང་གོ་བོད་ཀྱི་དྲ་བ།

བཞི།ལོ་བརྒྱད་ལ་བུད་རྗེས་རང་ཚུགས་ཀྱིས་དངོས་པོ་ཉོས་ཆོག་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་བཅུ་དགུ་པ། ལོ8མན་གྱི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་སྐབས་ཁྲིམས་བཀོད་འཐུས་མིས་འཐུས་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་བཀོད་འཐུས་ཚབ་པ་འཐད་པ་བྱུང་བ་དང་རྗེས་སུ་ཁས་ལེན་བྱེད་དགོས་མོད།འོན་ཀྱང་ཁེ་ཕན་ཐོབ་ཁོ་ཐག་ཡིན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་རིག་སྟོབས་ལ་མཐུན་པའི་དམངས་དོན་བྱ་སྤྱོད་རང་ཚུགས་ཀྱིས་ལག་བསྟར་བྱེད་ཆོགevMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལཝང་དབྱིས་བཤད་རྒྱུར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།རང་རྒྱལ་བྱིས་པའི་ཤེས་རྟོགས་ཆུ་ཚད་ལོ30སྔོན་གྱི་དམངས་ཁྲིམས་སྤྱི་འགྲོས་རྩ་སྲོལ་གཏན་འཁེལ་བྱས་པའི་སྐབས་ལས་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པ་དང་།རང་ཚུགས་ཀྱི་འདུ་ཤེས་ཀྱང་སྔར་ལས་དྲག་པ་རེད། བྱིས་པའི་རང་ཚུགས་ཀྱི་འདོད་བློ་ལ་བརྩི་འཇོག་བྱས་ཏེ།བྱིས་པ་འོས་འཚམ་གྱིས་སྤྱི་ཚོགས་འཚོ་བར་ཞུགས་པ་དང་མཉམ་དུ།ཉོ་ཚོང་གི་སྒྲིག་ལམ་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད།དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིའི་ལོ་ཚོད་འོས་འཚམ་གྱིས་ཇེ་དམའ་རུ་གཏོང་དགོས།ལོ8ཡན་གྱི་ནར་མ་སོན་པའི་མིས་འོས་འགན་གང་ཡང་མེད་པའི་སྦྱིན་པ་དང་ལེན་བྱེད་ཆོག་ལ།འབྲི་དེབ་ཉོ་བ་དང་སློབ་ཡོན་སྤྲོད་པ།དཔེ་ཆ་གཡར་བ་སོགས་ཀྱི་ཁོའི་ལོ་ཚོད་དང་རིག་སྟོབས་ལ་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་ཆོགevMཀྲུང་གོ་བོད་ཀྱི་དྲ་བ།

ལྔ།ཁ་ཆེམས་ཡི་གེའི་སྟེང་དུ་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་ཉེར་དགུ་པ། ལྟ་སྐྱོང་བྱ་ཡུལ་གྱི་ཕ་མས་ལྟ་སྐྱོང་གི་འགན་ཁུར་ཡོད་ན།ཁ་ཆེམས་ཡི་གེ་འབྲི་བར་བརྟེན་ནས་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག evMཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་སུམ་ཅུ་པ།ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་པའི་མིའི་བར་དུ་གྲོས་མོལ་བྱས་ཏེ་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག་པ་དང་།གྲོས་མོལ་གྱིས་ལྟ་སྐྱོང་པ་གཏན་འཁེལ་བྱས་ན་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་ངེས་པར་བརྩི་འཇོག་བྱེད་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལསུའུ་ཙེ་ལིན་གྱིས་བཤད་རྒྱུར། ཁ་ཆེམས་ཡི་གེ་བྲིས་ནས་ལྟ་སྐྱོང་པ་གཏན་འཁེལ་བྱེད་པདངགྲོས་མོལ་བྱས་ཏེ་ལྟ་སྐྱོང་པ་གཏན་འཁེལ་བྱེད་པནི་དམངས་ཁྲིམས་སྤྱིའི་རྩ་དོན་གྱི་གསར་སྐྲུན་ཆེན་མོ་ཞིག་རེད།ཕ་མར་ནད་གཞི་བྱུང་བའི་སྐབས་སུ།ཁ་ཆེམས་ཡི་གེ་བྲིས་ནས་ལྟ་སྐྱོང་པ་གཏན་འཁེལ་བྱེད་པའི་རྣམ་པ་ཡིས།ནར་མ་སོན་པའི་བུ་ཕྲུག་གི་ལྟ་སྐྱོང་བཀོད་སྒྲིག་བྱེད་ན།བྱིས་པའི་བདེ་ཐང་དང་འཚར་ལོངས་ལ་ཕན་པ་རེད།དེང་སྐབས་གཉེན་ཐོར་བའི་གནས་ཚུལ་ཧ་ཅང་མང་བས། ཕ་མ་གཉིས་ཀ་གཉེན་འཐོར་སྐབས།གྲོས་མོལ་བྱས་ཏེ་ནར་མ་སོན་པའི་བུ་ཕྲུག་ལ་སུས་ལྟ་སྐྱོང་བྱེད་རྒྱུ་གཏན་འཁེལ་བྱེད་ཆོག་མོད།འོན་ཀྱང་ངེས་པར་བྱིས་པའི་འདོད་བློ་དང་བསྟུན་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

དྲུགསྡེ་དམངས་ཨུ་ཡོན་ལྷན་ཁང་ཡང་དམིགས་བསལ་གྱི་ཁྲིམས་མི་ཡིན་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་གོ་དྲུག་པ།ས་བཅད་འདིའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་ལས་ཁུངས་ཀྱི་ཁྲིམས་མི་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི།མཁར་གྲོང་དང་ཞིང་སྡེའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི།གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མི་བཅས་ནི་དམིགས་བསལ་གྱི་ཁྲིམས་མི་ཡིན།evMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལལུའི་ཀྲུང་མའེ་ཡིས་བཤད་རྒྱུར།ཁྲིམས་མི་ལ་ཁེ་གཉེར་གྱི་ཁྲིམས་མི་དང་ཁེ་གཉེར་མ་ཡིན་པའི་ཁྲིམས་མི།དམིགས་བསལ་གྱི་ཁྲིམས་མི་བཅས་སུ་དབྱེ་བ་དེ་ནི་དམངས་ཁྲིམས་སྤྱིའི་རྩ་དོན་གྱི་ལྷང་ངེ་ས་ཆེན་པོ་ཞིག་ཡིན་པས།དམངས་ཁྲིམས་སྤྱི་འགྲོས་རྩ་སྲོལ་དང་མི་མཐུན་ས་ཆེན་པོ་ཡོད།དེའི་ནང་གིདམིགས་བསལ་གྱི་ཁྲིམས་མིནི་དམངས་ཁྲིམས་སྤྱིའི་རྩ་དོན་གྱི་གསར་སྐྲུན་ཆེན་པོ་ཞིག་ཡིན།རང་རྒྱལ་ལ་མཚོན་ན། སྲིད་གཞུང་ལས་ཁུངས་དང་སྡེ་བའི་ཨུ་ཡོན་ལྷན་ཁང་།གཞིས་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཕྱི་རོལ་ལ་གན་རྒྱ་འཇོག་པའི་གནས་ཚུལ་ཧ་ཅང་མང་བས།གལ་ཏེ་དེ་ཚོར་ཁྲིམས་མིའི་གོ་གནས་མ་བསྩལ་ན། ཁོ་ཚོ་དམངས་དོན་བྱ་འགུལ་ཁྲོད་ཞུགས་པར་མི་ཕན་ཞིང་།ཉོ་ཚོང་གི་སྒྲིག་ལམ་དང་བདེ་འཇགས་ཐད་ལའང་གཏན་འཁེལ་མིན་པའི་རང་བཞིན་མང་པོ་བཟོས་ཡོང་།དེ་བས། དམིགས་བསལ་གྱི་ཁྲིམས་མིཡི་ལམ་ལུགས་འདི་ཇུས་འགོད་བྱེད་པར་བརྟེན་ནས།རྩ་འཛུགས་ཀྱི་ཁྲིམས་མིའི་གོ་གནས་འདི་དག་བསྩལ་ན།ཁོ་ཚོ་ཁྲིམས་ལྟར་དམངས་དོན་བྱ་འགུལ་ནང་ཞུགས་ཏེ།སྒེར་ཚུགས་ཀྱིས་འགན་འཁྲི་འཁུར་བར་ཕན་པ་རེད།evMཀྲུང་གོ་བོད་ཀྱི་དྲ་བ།

བདུན།སྒེར་གྱི་ཆ་འཕྲིན་ལ་ཁྲིམས་འགལ་ཉོ་ཚོང་བྱེད་མི་ཆོག་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་བརྒྱ་དང་བཅུ་གཅིག་པ།རང་བྱུང་མིའི་མི་སྒེར་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན།རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་མི་གཞན་གྱི་སྒེར་གྱི་ཆ་འཕྲིན་ཤེས་དགོས་ན།ཁྲིམས་ལྟར་ཐོབ་དགོས་པར་མ་ཟད་ཆ་འཕྲིན་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་ལས།མི་གཞན་གྱི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒོས་འཚོལ་སྡུད་དང་བཀོལ་སྤྱོད།ལས་སྣོན།རྐུ་ལེན་བཅས་བྱེད་མི་ཆོག་ལ། མི་གཞན་གྱི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒོས་ཉོ་འཚོང་དང་འདོན་སྤྲོད།ཡང་ན་སྤྱི་བསྒྲགས་བཅས་བྱེད་མི་ཆོགevMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལཝང་དབྱིས་བཤད་རྒྱུར།ཆ་འཕྲིན་གྱི་དུས་སྐབས་འདི་ལ་སྒེར་གྱི་ཆ་འཕྲིན་བདེ་འཇགས་གནད་དོན་ཉིན་རེ་བཞིན་འབུར་ཐོན་ཡིན་ལ།རྗེན་འཚོལདང་སྒེར་གྱི་ཆ་འཕྲིན་ཕྱི་རུ་ཤོར་བའི་དབང་གིས་དྲ་བ་དང་གློག་འཕྲིན་སྟེང་ནས་མགོ་སྐོར་གཏོང་མཁན་ཧ་ཅང་མང་བས།སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས།དམངས་ཁྲིམས་སྤྱིའི་རྩ་དོན་གྱི་གཏན་འཁེལ་འདིས།སྒེར་གྱི་ཆ་འཕྲིན་ཐོབ་དགོས་ན་ངེས་པར་ཁྲིམས་མཐུན་ཡིན་དགོས་པ་ནན་གྱིས་བསྟན་ཡོད་ལ།བདེ་འཇགས་ལ་ངེས་པར་ཁག་ཐེག་བྱས་ཏེ།སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་ཐད་ལམ་ལུགས་ཀྱི་བཀོད་སྒྲིག་བྱས་པ་དང་།སྤྱི་ཚོགས་གནད་དོན་ལ་ཨ་ལན་བྱིན་ཡོད་པས།འདི་ནི་དམངས་དོན་ཁྲིམས་འཛུགས་ཀྱི་ཡར་རྒྱས་ཤིག་ཡིན།evMཀྲུང་གོ་བོད་ཀྱི་དྲ་བ།

བརྒྱད།རྟོག་བཟོས་རྒྱུ་ནོར་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་བརྒྱ་དང་ཉེར་བདུན་པ།བཅའ་ཁྲིམས་ནང་གཞི་གྲངས་དང་དྲ་བའི་རྟོག་བཟོས་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་ཐད་གཏན་འཁེལ་གཞན་པ་ཡོད་ན།གཏན་འཁེལ་དེ་དང་བསྟུན་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལསུའུ་ཙེ་ལིན་གྱིས་བཤད་རྒྱུར།ན་གཞོན་རྣམས་དྲ་བའི་རོལ་རྩེད་ལ་ཞུགས་སྐབས།དྲ་བའི་རྟོག་བཟོས་རྒྱུ་ནོར་འབྱུང་བ་རེད།དེར་དྲ་བའི་བར་སྟོང་དུརིན་ཐངལྡན་ཞིང་།ཁ་ཤས་ཀྱིས་ད་རུངཉོ་ཚོངབྱེད་ཆོག་པས།མངོན་སུམ་འཚོ་བའི་ཁྲོད་ཀྱི་རྒྱུ་ནོར་དུ་གྱུར་པ་རེད།evMཀྲུང་གོ་བོད་ཀྱི་དྲ་བ།

རྒྱུ་ནོར་འདིའི་རིགས་ལ་སྲུང་སྐྱོབ་བྱེད་དགོས་མིན་གྱི་ཐད་ནས།སྔོན་ཆད་རྩོད་གཞི་དྲག་པོ་བྱུང་མྱོང་མོད།འོན་ཀྱང་གཞི་གྲངས་དང་དྲ་བའི་རྟོག་བཟོས་རྒྱུ་ནོར་གྱི་རིགས་སྣ་ཇེ་མང་ནས་ཇེ་མང་དང་གྲངས་འབོར་ཇེ་ཆེར་སོང་བ་དང་བསྟུན་ནས།དེར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་སྔར་ལས་མང་བ་རེད།དམངས་ཁྲིམས་སྤྱིའི་རྩ་དོན་གྱིས་སྒོ་འབྱེད་རང་བཞིན་རྒྱུན་འཁྱོངས་བྱས་ཏེ།བཅའ་ཁྲིམས་སྟེང་རྒྱུ་ནོར་འདི་དག་ལ་སྲུང་སྐྱོབ་བྱེད་དགོས་པའི་གཏན་འཁེལ་ཡོད་ན།གཏན་འཁེལ་དེར་བསྟུན་དགོས་པ་གསལ་པོ་བྱས་ཡོད།དེ་ལྟར་བྱས་ན།མ་འོངས་པའི་ཁྲིམས་འཛུགས་ཐད་བར་སྟོང་ཆེན་པོ་བཞག་ཡོད་པར་མ་ཟད།གཞི་གྲངས་དང་དྲ་བའི་རྟོག་བཟོས་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་ཐད་གོང་གནས་ཁྲིམས་ལུགས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས།evMཀྲུང་གོ་བོད་ཀྱི་དྲ་བ།

དགུ། མི་བཟང་བཅའ་ཁྲིམསཀྱིས་བདེན་མཐོང་དཔའ་སྐྱེད་བྱེད་པར་སྲུང་སྐྱོབ་བྱེད་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་བརྒྱ་དང་གྱ་གསུམ་པ།མི་གཞན་གྱི་དམངས་དོན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གནོད་འཚེ་ཐེབས་ན།གནོད་འཚེ་གཏོང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་།ཁེ་ཕན་ཐོབ་མཁན་གྱིས་ཚད་མཐུན་གྱི་སྐྱིན་ཐབ་འཇལ་ཆོག གནོད་འཚེ་གཏོང་མཁན་མེད་པའམ་གནོད་འཚེ་གཏོང་མཁན་བྲོས་པ།ཡང་ན་གནོད་འཚེ་གཏོང་མཁན་ལ་དམངས་དོན་འགན་འཁྲི་འཁུར་བའི་ནུས་པ་མེད་པ་དང་།གནོད་འཚེ་ཐེབས་མཁན་གྱིས་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ན།ཁེ་ཕན་ཐོབ་མཁན་གྱིས་ཚད་མཐུན་གྱི་སྐྱིན་ཚབ་འཇལ་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གྱ་བཞི་པ།རང་འཐད་སྒོས་ཛ་དྲག་རོགས་སྐྱོར་བྱེད་པ་ལས་རོགས་སྐྱོར་བྱ་ཡུལ་ལ་གནོད་འཚེ་བཏང་ན།རོགས་སྐྱོར་བྱེད་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལཝང་དབྱིས་བཤད་རྒྱུར།དོན་ཚན་འདི་གཉིས་ལམི་བཟང་བཅའ་ཁྲིམསཟེར་ཞིང་། ཐད་ཀར་དེང་སྐབས་ཀྱི་སྤྱི་ཚོགས་གནད་དོན་ལ་ཁ་གཏད་ཡོད།evMཀྲུང་གོ་བོད་ཀྱི་དྲ་བ།

དེང་སྐབས།ཡིད་རྟོན་མེད་པ་དང་འགན་སྲུང་བྱེད་ཚད་ཀྱིས་མི་འདང་བའི་དབང་གིས།བདེན་མཐོང་དཔའ་སྐྱེད་བྱེད་མི་ཐུབ་པ་དང་མི་བཟང་པོ་ཞིག་བྱེད་དཀའ་བའི་གནད་དོན་གྱིས་མི་རྣམས་ལ་དཀའ་ངལ་མང་པོ་བཟོས་ཡོད།དོན་ཚན་འདི་གཉིས་ཀྱིས་མི་རྣམས་ཀྱི་སེམས་ཁྲལ་བསལ་ཡོད་དེ།ཕྱོགས་གཅིག་ནས་དོན་བཟང་བསྒྲུབས་པ་ལས་རང་ཉིད་ལ་གྱོང་གུན་ཐེབས་ན།ཁེ་ཕན་ཐོབ་མཁན་གྱི་ལག་ནས་སྐྱིན་ཚབ་བླངས་ཆོག་པ་དང་།ཕྱོགས་གཞན་ཞིག་ནས་དོན་བཟང་སྒྲུབ་སྐབས་རོགས་སྐྱོར་ཐོབ་མཁན་ལ་གྱོང་གུན་བཟོས་ན།ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་མི་དགོས་པ་རེད།དེ་བས་མི་མང་པོར་དོན་བཟང་བསྒྲུབ་པའི་སྐུལ་སློང་བྱེད་ཐུབ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅུ།གཏུག་བཤེར་གོ་ཆོད་དུས་ཡུན་ལོ་གསུམ་ལ་ཡུན་བསྲིངས་པ།evMཀྲུང་གོ་བོད་ཀྱི་དྲ་བ།

བཅའ་ཁྲིམས་ཀྱི་དོན་ཚནདོན་ཚན་བརྒྱ་དང་གྱ་བརྒྱད་པ། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་རེ་འདུན་ཞུ་བའི་གཏུག་བཤེར་གོ་ཆོད་དུས་ཡུན་ནི་ལོ་གསུམ་ཡིན་ལ།བཅའ་ཁྲིམས་སྟེང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་དང་བསྟུན་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

དོན་ཚན་བརྒྱ་དང་གོ་གཅིག་པ།ནར་མ་སོན་པའི་མི་ལ་འདོད་ཆགས་འཆལ་རྩེད་ཀྱི་གནོད་འཚེ་ཐེབས་པར་སྐྱིན་ཚབ་འཇལ་རྒྱུའི་རེ་འདུན་ཞུ་བའི་གོ་ཆོད་དུས་ཡུན་ནི།གནོད་འཚེ་ཐེབས་མཁན་ལོ་བཅོ་བརྒྱད་ལ་བུད་པའི་ཉིན་དེ་ནས་བཟུང་བརྩི་དགོས།evMཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པའི་གསལ་འགྲེལལུའི་ཀྲུང་མའེ་ཡིས་བཤད་རྒྱུར།དམངས་ཁྲིམས་སྤྱིའི་རྩ་དོན་སྟེང་སྤྱིར་བཏང་གི་གཏུག་བཤེར་གོ་ཆོད་དུས་ཡུན་ལོ་གཉིས་ནས་ལོ་གསུམ་ལ་ཇེ་རིང་དུ་བཏང་ཡོད་པས།ཁེ་དབང་སྲུང་སྐྱོབ་བྱེད་པར་ཕན་པ་རེད།མངོན་སུམ་འཚོ་བའི་ཁྲོད།གཏུག་བཤེར་གོ་ཆོད་དུས་ཡུན་བརྒལ་བའི་དབང་གིས་བུ་ལོན་ལེན་དཀའ་བའི་གནས་ཚུལ་ཧ་ཅང་མང་བས།ཡིད་རྟོན་མི་རུང་བའི་མི་ལ་བར་སྟོང་ཆེན་པོ་བསྐྲུན་ཡོད།གཏུག་བཤེར་གོ་ཆོད་དུས་ཡུན་ཇེ་རིང་དུ་བཏང་བ་དེས།གོ་ཆོད་དུས་ཡུན་ལས་བརྒལ་བའི་དབང་གིས་གཏུག་བཤེར་གོ་སྐབས་ཤོར་བའི་གནས་ཚུལ་ལ་གཡོལ་ཐུབ།ནར་མ་སོན་པའི་མི་ལ་འདོད་ཆགས་འཆལ་རྩེད་ཀྱི་གནོད་འཚེ་ཐེབས་པའི་གཏུག་བཤེར་གོ་ཆོད་དུས་ཡུན་ཐད་དམིགས་བསལ་གྱི་གཏན་འཁེལ་བྱས་ཡོད་པས།ཁོ་ཚོའི་ཁེ་དབང་སྲུང་བ་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་པ་ཡོད།།  

གོང་མ།:དམངས་ཁྲིམས་སྤྱི་བཤད།

ཞོལ་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235