མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

དམངས་ཁྲིམས་སྤྱི་བཤད།

ཡོང་ཁུངས།:མཚོ་སྲིད་ྦོད་ཡིག་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:དམངས་ཁྲིམས་བསླབ་དེབ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ལེའུ་དང་པོ།དམངས་ཁྲིམས་སྤྱི་བཤད།

ལེ་ཚན་དང་པོ།དམངས་ཁྲིམས་ཀྱི་བྱུང་བ་དང་མཚན་ཉིད།

དམངས་ཁྲིམས་ཞེས་པའི་མིང་ཚིག་འདི་ད་ལྟ་འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོས་མཉམ་དུ་བེད་སྤྱོད་བྱེད་བཞིན་ཡོད་པ་ཞིག་རེད།དམངས་ཁྲིམས་ཞེས་པ་འདིའི་འབྱུང་ཁུངས་ནི་རོ་མ་རྒྱལ་ཁབ་ཡིན་ལ།སྐབས་དེར་རོ་མ་རྒྱལ་ཁབ་ལ་ཆབ་སྲིད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་གྲོང་མིའི་སྤྱི་ཚོགས་ཀྱི་བཅའ་ཁྲིམས་གཉིས་ཡོད་དེ།དེ་ལས་གྲོང་མིའི་སྤྱི་ཚོགས་བཅའ་ཁྲིམས་དེ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་རིམ་བཞིན་དམངས་ཁྲིམས་སུ་གྱུར་བ་རེད།རང་རྒྱལ་དུ་དུས་རབས་སྔོན་མའི་ལོ་རབས་ཉི་ཤུའི་སྐབས་སུ།ཀྲུང་ཧྭ་མིན་གོ་སྲིད་གཞུང་གིས་དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་ཞེས་པ་སྒྲིག་འཛུགས་བྱས་པས།དངོས་སུ་དམངས་ཁྲིམས་ཞེས་པའི་མིང་ཚིག་འདི་བཀོལ་སྤྱོད་བྱེད་འགོ་བརྩམས་པ་རེད།

དམངས་ཁྲིམས་ཀྱི་མཚན་ཉིད་ནི་སྤྱི་དམངས་ཕན་ཚུན་བར་དང་ཁྲིམས་ཕན་ཚུན་བར།སྤྱི་དམངས་དང་ཁྲིམས་ཕན་ཚུན་བར་གྱི་རྒྱུ་ནོར་དང་མི་ལུས་འབྲེལ་བའི་འདྲ་མཉམ་སྙོམ་སྒྲིག་བྱེད་པའི་ཚད་ལྡན་ཅན་གྱི་བཅའ་ཁྲིམས་ཀྱི་སྤྱི་མིང་ཞིག་རེད།གོ་དོན་སྟེང་ནས་ང་ཚོས་ཤེས་ཐུབ་པ་ནི།དམངས་ཁྲིམས་ནི་མི་དང་མིའི་བར་དང་།ཐུན་མོང་དང་ཐུན་མོང་བར།མི་དང་ཐུན་མོང་བར་གྱི་འབྲེལ་བ་དྲ་མཉམ་སྒོས་ལེགས་སྒྲིག་བྱེད་པའི་ཚད་ལྡན་ཅན་གྱི་བཅའ་ཁྲིམས་ཤིག་རེད།

དམངས་ཁྲིམས་ཀྱིས་སྙོམས་སྒྲིག་བྱེད་ཡུལ།

སྤྱིར་བཅའ་ཁྲིམས་ཀྱིས་སྙོམས་སྒྲིག་བྱེད་ཡུལ་ནི་སྤྱི་ཚོགས་འབྲེལ་བ་ཡིན།དེ་ན་དམངས་ཁྲིམས་ཀྱི་སྙོམས་སྒྲིག་བྱེད་ཡུལ་གང་ཡིན་ཞེ་ན།སྒེར་ལ་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཡིན་ནའང་འདྲ།གཞུང་ལ་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ནའང་འདྲ།ཚང་མ་དམངས་དོན་སྤྱི་ཚོགས་འབྲེལ་བའི་ཁོངས་སུ་འདུ་བས་དམངས་ཁྲིམས་ཀྱིས་ལེགས་སྒྲིག་བྱེད་ཡུལ་ཡིན།དམངས་དོན་སྤྱི་ཚོགས་འབྲེལ་བར་རིགས་གཉིས་ཡོད་དེ།དམངས་དོན་རྒྱུ་ནོར་འབྲེལ་བ་དང་དམངས་དོན་མི་ལུས་འབྲེལ་གཉིས་ཡིན།

འདྲ་མཉམ་དོ་བདག་བར་གྱི་རྒྱུ་ནོར་འབྲེལ་བ།

འདྲ་མཉམ་དོ་བདག་ཅེས་པ་ནི་དམངས་དོན་འབྲེལ་བར་ཞུགས་དུས་གོ་ས་འདྲ་མཉམ་ཡིན་པའི་དོ་བདག་ལ་གོ་ཞིང་།དེའི་ཁོངས་སུ་སྤྱི་དམངས་དང་ཁྲིམས་ཚན་གཉིས་ཀ་འདུ།འདི་གཉིས་ནི་བཅའ་ཁྲིམས་སྟེང་འདྲ་མཉམ་དང་རང་རྐྱ་འཕེར་བའི་དམངས་དོན་གཙོ་གཉེར་མཁན་ཡིན་པས།ཕན་ཚུན་བར་བདག་པོ་དང་བྲན་གཡོགམཐོན་པོ་དམའ་བའི་འབྲེལ་བ་མེད་པས།ཕྱོགས་སུ་ཡིན་ཡང་རང་ཉིད་ཀྱི་བསམ་ཚུལ་བཙན་གྱིས་གཞན་སྟེང་ལ་འགེལ་མི་ཆོག

དམངས་ཁྲིམས་ཀྱིས་སྙོམས་སྒྲིག་བྱེད་པའི་རྒྱུ་ནོར་འབྲེལ་བ་ཞེས་པ་ནི་མི་རྣམས་ཀྱིས་ཐོན་སྐྱེད་དང་བགོ་བཤའ།བརྗེ་རེ། འཛད་སྤྱོད་བྱེད་པའི་གོ་རིམ་ཁྲོད་གྲུབ་པའི་དཔལ་འབྱོར་གྱི་ནང་དོན་ཡོད་པའི་སྤྱི་ཚོགས་འབྲེལ་བ་ལ་གོ

རང་རྒྱལ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་རྒྱུ་ནོར་འབྲེལ་བའི་ནང་དོན་ལ་ཁྱབ་རྒྱ་ཧ་ཅང་ཆེ་མོད།ཡིན་ཡང་བཅའ་ཁྲིམས་ཀྱིས་སྙོམས་སྒྲིག་བྱེད་ཡུལ་མི་མཚུངས་པ་ལྟར་རིགས་ཆེན་པོ་གཉིས་སུ་བགར་ཆོགརིགས་གཅིག་ནི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་ལས་ཁུངས་ལས་དོན་བར་བྱུང་བའི་རྒྱུ་ནོར་འབྲེལ་བ།འདིའི་རིགས་ནི་དམངས་ཀྱིས་ལེགས་སྒྲིག་བྱེད་པའི་གྲས་མིན་པར།གཙོ་བོ་སྲིད་འཛིན་བཅའ་ཁྲིམས་དང་དཔལ་འབྱོར་བཅའ་ཁྲིམས་ཀྱིས་སྙོམ་སྒྲིག་བྱེད་དགོས།རིགས་གཞན་ཞིག་ནི་འདྲ་མཉམ་གྱི་དོ་བདག་བར་བྱུང་བའི་རྒྱུ་ནོར་འབྲེལ་བ་ཡིན་ལ།དེ་ནི་དམངས་ཁྲིམས་ཀྱིས་སྙོམས་སྒྲིག་བྱེད་པ་ཡིན།

གཉིས་པ།འདྲ་མཉམ་དོ་བདག་བར་གྱི་མི་ལུས་འབྲེལ་བ།

དམངས་ཁྲིམས་ཀྱིས་སྙོམ་སྒྲིག་བྱེད་པའི་མི་ལུས་འབྲེལ་བ་ཞེས་པ་ནི།མི་ལུས་དང་ཁ་འབྲེལ་ཐུབ་མེད་མོད།ཡིན་ཡང་ཐད་ཀར་དུ་དཔལ་འབྱོར་ནང་དོན་མེད་པའི་སྤྱི་ཚོགས་འབྲེལ་བ་ལ་གོདམངས་ཁྲིམས་ཀྱིས་སྙོམ་སྒྲིག་བྱེད་པའི་མི་ལུས་འབྲེལ་བའི་ཁོངས་སུ་མི་ལུས་ཐོབ་ཐང་ཁེ་དབང་འབྲེལ་བ་དང་དབང་ཐོབ་ཁེ་དབང་འབྲེལ་བ་གཉིས་འདུ།མི་ལུས་ཐོབ་ཐང་ཁེ་དབང་ཞེས་པ་ནི་དམངས་དོན་གཙོ་གཉེར་རང་སྟེང་ལ་དམ་དུ་འབྲེལ་བའི་ཁེ་དབང་ལས་བྱུང་བའི་འབྲེལ་བ་སྟེ།དཔེར་ན།བདེ་ཐང་ཁེ་དབང་།རུས་མིང་ཁེ་དབང་།མཚན་སྙན་ཁེ་དབང་།སྐུ་པར་ཁེ་དབང་སོགས་ཡིན།དབང་ཐོབ་ཁེ་དབང་འབྲེལ་བ་ནི་དོ་བདག་གི་ཐོབ་ཐང་ངེས་ཅན་ཞིག་ལས་བྱུང་བའི་འབྲེལ་བར་གོདཔེར་ན།ཁྲག་རྒྱུན་དང་གཉེན་སྒྲིག་འབྲེལ་བ་སོགས་ལས་བྱུང་བའི་གཉོར་སྐྱོང་ཁེ་དབང་།གསོ་སྐྱོང་ཁེ་དབང་།ལྟ་སྐུལ་ཁེ་དབང་ལྟ་བུ།རྩོམ་པ་པོ་དང་གསར་གཏོད་ཁེ་དབང་ལས་བྱུང་བའི་བརྩམས་ཆོས་ཁེ་དབང་དང་འགྲེམ་སྤེལ་ཁེ་དབང་ལྟ་བུ།

སྡེ་ཚན་གསུམ་པ།དམངས་དོན་བཅའ་ཁྲིམས་འབྲེལ་བ།

དམངས་དོན་བཅའ་ཁྲིམས་འབྲེལ་བའི་ཁོངས་སུ་རང་གཟུགས་དང་གཞན་གཟུགས།ནང་དོན།བསྒྱུར་བཅོས།རྒྱུ་རྐྱེན་གྲུབ་ཆ་ལྔ་འདུས་སྟེ། དེ་དག་ནི།

གཅིགདམངས་དོན་བཅའ་ཁྲིམས་འབྲེལ་བའི་རང་གཟུགས།

གཉིས། དམངས་དོན་བཅའ་ཁྲིམས་འབྲེལ་བའི་གཞན་གཟུགས།

གསུམ། དམངས་དོན་བཅའ་ཁྲིམས་འབྲེལ་བའི་ནང་དོན།

བཞི། དམངས་དོན་བབཅའ་ཁྲིམས་འབྲེལ་བའི་བསྒྱུར་བཅོས།

ལྔ། དམངས་དོན་བཅའ་ཁྲིམས་འབྲེལ་བ་བསྒྱུར་བཅོས་ཀྱི་རྒྱུ་རྐྱེན།

སྡེ་ཚན་བཞི་པ།དམངས་ཁྲིམས་ཀྱི་རྩ་བའི་རྩ་དོན།

དམངས་ཁྲིམས་ཀྱི་རྩ་བའི་རྩ་བའི་རྩ་དོན་ནི་དམངས་དོན་ཁྲིམས་འཛུགས་དང་ཁྲིམས་འཛིན་བྱ་བ།དམངས་དོན་བྱ་འགུལ་སོགས་ཀྱིས་ངེས་པར་བརྩི་སྲུང་བྱེད་དགོས་པའི་རྩ་བའི་རྩ་དོན་ཡིན།

རང་རྒྱལ་དམངས་ཁྲིམས་ཀྱི་རྩ་བའི་རྩ་དོན་ལ་གཤམ་གྱི་རིགས་འགའ་ཡོད་དེ།

གཅིགདམངས་དོན་བྱ་འགུལ་ཁྲོད་དོ་བདག་པའི་གོ་གནས་འདྲ་མཉམ་ཡིན་པའི་རྩ་དོན།འདྲ་མཉམ་རྩ་དོན་ནི་དངས་ཁྲིམས་ཀྱི་སྲོག་ཤིང་ལྟ་བུའི་རྩ་དོན་ཡིན་པས།འདིར་རྒྱལ་ཁབ་ཀྱིས་ཀྱང་རྒྱལ་འགལ་བྱ་མི་ཆོག

འདྲ་མཉམ་རྩ་དོན་གྱི་རེ་བ།

1.དོ་བདག་པ་སུ་ཡིན་རུང་འདྲ་མཉམ་གྱི་རྩ་དོན་འོག་ད་གཟོད་དམངས་དོན་བྱ་འགུལ་ལ་ཞུགས་པའི་ཐོབ་ཐང་ཡོད།ལས་རིགས་དང་ཐོབ་ཐང་།ལོ་ཚོད།མི་རིགས།ཆོས་ལུགས་དད་མོས་མི་འདྲ་བའམ་རྒྱུ་ནོར་ཡོད་མེད་ཀྱི་ཁྱད་པར་ལ་ལྟོས་ཏེ་དམིགས་བསལ་གྱི་དབང་ཆ་དང་གོ་གནས་སྟེར་མི་ཆོག

2དོ་བདག་པས་འདྲ་མཉམ་གྱིས་དམངས་དོན་ཁེ་དབང་ལོངས་སྤྱོད་བྱེད་པ་དང་དམངས་དོན་འོས་འགན་ལག་བསྟར་བྱེད་དགོས་པ་མ་ཟད།འོས་འགན་མེད་པའི་ཁེ་དབང་མེད་ལ།ཁེ་དབང་མེད་པའི་འོས་འགན་ཡང་མེད།

3.དོ་བདག་པའི་དམངས་དོན་ཁེ་དབང་གི་འདྲ་མཉམ་གོ་གནས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་བཞིན་ཡོད།བཅའ་ཁྲིམས་ལག་བསྟར་བྱེད་དུས་དོ་བདག་པ་མི་འདྲ་ཡང་དམིགས་བསལ་གཞན་ཅི་ཡང་མེད།

གཉིས། རང་འཐད་དང་དྲང་བདེན། བརྗེ་རེས་དང་རིན་གོང་འདྲ་མཉམ།ཡིད་ཆེས་དང་ཡིད་རྟོན་བཅས་ཀྱི་རྩ་དོན།

གསུམ། སྤྱི་དམངས་དང་ཁྲིམས་ཚན་གྱི་ཁྲིམས་མཐུན་དམངས་དོན་ཁེ་ཕན་གྱི་རྩ་དོན།རྩ་དོན་འདིས་སྤྱི་ཚོགས་རིང་ལུགས་དམངས་ཁྲིམས་ཀྱི་རྩ་བའི་བླང་བྱ་མཚོན་པར་བྱས་ཡོད།འདིས་ཧུར་བརྩོན་སྒོས་སྤྱི་དམངས་དང་ཁྲིམས་ཚན་དམངས་དོན་བྱ་འགུལ་ལ་ཞུགས་པར་ཡར་སྐུལ་བྱེད་ཐུབ་པར་མ་ཟད།རྒྱུན་ལྡན་གྱི་དཔལ་འབྱོར་སྒྲིག་ལམ་ལ་འགེབས་སྲུང་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཚོང་རའི་འཕེལ་རྒྱས་ལའང་སྐུལ་འདེད་གཏོང་བས།དོན་སྙིང་གལ་ཆེན་ལྡན།

བཞི།རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་བརྩི་སྲུང་བྱེད་པའི་རྩ་དོན།

རྩ་དོན་འདི་ལག་ལེན་བྱེད་པའི་ཆེད་དུ།དམངས་ཁྲིམས་སྤྱི་སྲོལ་ནང་དུའང་དམངས་དོན་བྱ་འགུལ་སྤེལ་དུས་ངེས་པར་དུ་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་ལ།གལ་ཏེ་བཅའ་ཁྲིམས་སུ་གཏན་ཁེལ་མེད་ཚེ།རྒྱལ་ཁབ་ཀྱི་སྲིད་ཇུས་བརྩི་སྲུང་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད

ལྔ། སྤྱི་ཚོགས་སྤྱི་ཕན་ལ་འགེབས་སྲུང་བྱེད་པའི་རྩ་དོན།

སྤྱི་ཚོགས་སྤྱི་ཕན་ལ་འགེབས་སྲུང་བྱེད་པའི་རྩ་དོན་ནི།དོན་བདག་པ་དམངས་དོན་བྱ་འགུལ་ལ་ཞུགས་དུས་སྤྱི་ཚོགས་ཀྱི་སྤྱོད་བཟང་ལ་བརྩི་སྲུང་བྱེད་པ་ལས།སྤྱི་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་ལ་རྙོག་དྲ་བཟོ་མི་ཆོག་པར་གོ

མངོར་དྲིལ་ན།དམངས་ཁྲིམས་ནི་ང་ཚོ་མི་དམངས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་དུས་རྒྱུན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤིག་ཡིན་པས།ང་ཚོ་ངེས་པར་དུ་འདི་ལ་སློབ་སྦྱོང་བཟང་པོ་བྱས་ཏེ།ང་ཚོ་སྤྱི་དམངས་ཤིག་ཡིན་པའི་ཆ་ནས་རང་གི་ཁེ་དབང་ལག་བསྟར་བྱས་ཏེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགེབས་སྲུང་བྱེད་དགོས་ཤིང་།རང་ཉིད་ཀྱི་འོས་འགན་ལག་བསྟར་བྱས་ཏེ་རང་ཉིད་ཁྲིམས་སྲུང་མི་སྣ་ཞིག་ཏུ་འགྱུར་བར་དུས་དང་རྣམ་པ་ཀུན་ཏུ་བརྩོན་ལེན་བྱེད་དགོས་སོ།།

གོང་མ།:ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་གནད་དོན་ཐད་ཀྱི་རྩ་བའི་ལངས་ཕྱོགས་དང་སྲིད་བྱུས།

ཞོལ་མ།:སྤྱི་འགྲོས་རྩ་སྲོལ་ནས་སྤྱིའི་རྩ་དོན་བར་གྱི་ལྷང་ངེ་ས་གསར་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235