མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
སྲིད་ཇུས་ཁྲིམས་སྲོལ།
 

སྡོད་ཁང་སྤྱི་གསོག་མ་དངུལ་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲྭ་བ།  སྤེལ་དུས།:2017-09-27  རྩོམ་པ་པོ།:ངེད་ལས་ཁུངས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

སྡོད་ཁང་སྤྱི་གསོག་མ་དངུལ་ངོ་སྤྲོད་མདོར་བསྡུས།

གཅིག  ཅི་ཞིག་ལ་སྡོད་ཁང་སྤྱི་གསོག་མ་དངུལ་ཟེར།

སྡོད་ཁང་སྤྱི་གསོག་མ་དངུལ་ཞེས་པ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་དབང་ཁེ་ལས།  མཁར་གྲོང་ཐུན་མོང་གི་ཁེ་ལས།   ཕྱི་རྒྱལ་གྱི་མ་རྩ་ཁེར་འཇོག་ཁེ་ལས་དང་དེ་ལས་གཞན་གྱི་མཁར་གྲོང་ཁེ་ལས་དང་བྱ་གཞག་སྡེ་ཚན།  དམངས་གཉེར་ཁེ་ལས་མ་ཡིན་པའི་སྡེ་ཁག   སྤྱི་ཚོགས་ཚོགས་པ་བཅས་ཀྱི་ལས་ཐོག་གི་ལས་བཟོ་པས་སྤྲོད་གསོག་བྱེད་བཞིན་པའི་དུས་ཡུན་རིང་བའི་སྡོད་ཁང་གི་གསོག་དངུལ་ལ་གོ་དགོས།

གཉིས།སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་འཛུགས་པའི་དམིགས་ཡུལ་ནི་ཅི་ཡིན་ནམ།

སྡོད་ཁང་བགོ་བཤའ་རྒྱག་པའི་སྒྲིག་གཞི་འགྱུར་ལྡོག་ལ་ཕན་པ་དང་།

སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རིམ་རྩིས།  འཁོར་སྤྱོད་དང་སྒེར་གྱི་སྡོད་ཁང་བཅས་ཀྱི་དངུལ་བུན་སྐོར་གྱི་ལམ་ལུགས་འཛུགས་པར་ཕན་ཞིང་།  སྡོད་ཁང་འཛུགས་སྐྲུན་དང་འཛད་སྤྱོད་ལ་སྐུལ་འདེད་བྱེད་ཆེད་ཡིན།

ལས་བཟོ་པས་སྡོད་ཁང་འཛུགས་སྐྲུན་དང་ཉོ་དུས་སུ་དངུལ་སྤྲོད་ནུས་ཤུགས་མཐོར་འདེགས་ལ་ཕན་ཞིང་།  ལས་བཟོ་པས་སྡོད་ཁང་གསོག་དངུལ་རིམ་རྩིས་དང་དངུལ་བུན་བརྒྱུད་དེ་རང་ཉིད་ཀྱི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་པའི་དམིགས་ཡུལ་ལེགས་འགྲུབ་བྱུང་ཆེད་ཡིན་ནོ།

གསུམ།  སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩ་བའི་ཁྱད་ཆོས་ནི་ཅི་ཡིན་ནམ།

གཅིག་ནི་བཙན་ཤེད་ཀྱིས་སྤྲོད་གསོག་བྱེད་པ

གཉིས་ནི་གཅིག་གྱུར་གྱིས་གསོག་གཉེར་བྱེད་པ།

གསུམ་ནི་ཆེད་སྤྱོད་བྱེད་དགོས་པ།

བཞི། སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་གི་དངོས་ཡོད་དོན་སྙིང་ནི་ཅི་ཡིན།

གཅིག་ནི་ལས་བཟོ་པ་དང་དོ་དམ་ལྟེ་གནས་བར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་ཐད་ཀྱི་བུན་དབང་དང་བུ་ལོན་འཇལ་འགན་གྱི་འབྲེལ་བ་དང་།  དོ་དམ་ལྟེ་གནས་ཀྱིས་དོན་དངོས་སྤྲོད་གསོག་བྱས་པའི་སྡོད་ཁང་སྤྱི་གསོག་མ་དངུལ་ཁོ་ནའི་སྐྱེད་ཀ་སྐྱིན་ཚབ་འཇལ་བའི་ལས་འགན་ཡོད་པ།

གཉིས་ནི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངོས་སྤྲོད་གསོག་གྲངས་ནི་ལས་བཟོ་པས་སྡོད་ཁང་སྤྱི་གསོག་སྐྱི་དངུལ་ཡར་ཞུ་བྱས་པའི་དངུལ་གྲངས་རྩིས་རྒྱག་པའི་གཞི་འཛིན་ཞིག་ཡིན།

ལྔ། སྡོད་ཁང་སྤྱི་གསོག་མ་དངུལ་བཀོད་སྤྱོད་བྱེད་ཐབས་གང་དག་ལྡན།

སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་།

སྡོད་ཁང་སྤྱི་གསོག་མ་དངུལ་མི་སྒེར་གྱིས་སྐྱི་བ།

དྲུག ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་བྱེད་པར་གཤམ་གྱི་ཁེ་དབང་ལྡན།

སྒོར་མོ་ཁ་ཚང་རང་ཉིད་ལ་དབང་བ།   ཁྲལ་གཉིས་འཇལ་མི་དགོས་པ།

སྐྱེད་ཐོག་སྐྱེད་བརྩེགས་པ།                ༤ཆེད་སྤྱོད་བྱེད་པ།

སྐྱེད་ཀ་དམའ་བའི་དངུལ་བུན།          འདྲི་རྩད་ལྟ་རྟོག་བྱེད་པ།  

བདུན།   ལས་བཟོ་པས་སྤྲོད་གསོག་བྱས་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྐྱེད་ཀ་ཇི་ལྟར་བརྩི་དགོས་སམ།

སྡོད་ཁང་སྤྱི་གསོག་མ་དངུལ་ནི་ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཐོ་ཁོངས་ནང་དུ་གསོག་པའི་དུས་ཉིན་ནས་བཟུང་སྟེ་རྒྱལ་ཁབ་ཀྱི་སྐྱེད་ཀའི་ཚད་ལྟར་རྩིས་རྒྱག་དགོས།

མཚོ་ནུབ་ཁུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གཅིག་བསྡུས།

དང་པོ།  སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བཅོལ་འཇོག་བྱ་ཡུལ།

ལས་ཁུངས།  རྒྱལ་ཁབ་ཀྱི་ལས་ཁུངས། རྒྱལ་ཁབ་ལ་དབང་བའི་ཁེ་ལས།མཁར་གྲོང་ཐུན་མོང་གི་ཁེ་ལས། ཕྱི་རྒྱལ་གྱི་ཚོང་བས་མ་དངུལ་བཞག་པའི་ཁེ་ལས། མཁར་གྲོང་སྒེར་གཉེར་ཁེ་ལས་དང་མཁར་གྲོང་ཁེ་ལས་གཞན་དགལས་དོན་ལས་ཁུངས། ཁེ་ལས་མ་ཡིན་པའི་དམངས་གཉེར་ལས་ཁུངས། སྤྱི་ཚོགས་ཀྱི་ཚོགས་པ་བཅས་སོ།།

གཉིས་པ། སྡོད་ཁང་སྤྱི་ཚོགས་མ་དངུལ་ཀྱི་ཐོ་ཁུངས་ཐོ་འགོད།

གཅིག གསར་བཙུགས་ལས་ཁུངས།སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སུ་སོང་སྟེ་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་ཐོ་འགོད་དང་ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཐོ་ཁོངས་འཛུགས་པའི་བྱེ་བྲག་གི་ལས་རིམ་ནི།

རེའུ་མིག་ལེན་པ།ལྟེ་གནས་ཀྱི་ཆེད་སྤྱོད་ལས་སྒྲོམ་ནས་སྡོད་ཁང་སྤྱི་གསོག་མ་དངུལ་བསྐུར་སྤྲོད་ལས་ཁུངས་ཀྱི་ཐོ་འགོད་རེའུ་མིག་གསུམ་ལེན་པ་དང་སྦྲགས།སྡོད་ཁང་སྤྱི་གསོག་མ་དངུལ་བསྐུར་སྤྲོད་རྩིས་དེབ་གསུམ་ལེན་དགོས།

རེའུ་མིག་སྐོང་བ།སྡོད་ཁང་སྤྱི་གསོག་མ་དངུལ་བསྐུར་སྤྲོད་ཀྱི་སྤྱིའི་མི་གྲངས་དང་བསྐུར་སྤྲོད་དངུལ་གྱི་སྡོམ་གྲངས་བཅས་པ་སྡོད་ཁང་སྤྱི་གསོག་མ་དངུལ་བསྐུར་སྤྲོད་རྩིས་དེབ་ཏུ་འཁོད་པའི་མི་གྲངས་དང་ཟླ་རེའི་བསྐུར་སྤྲོད་དངུལ་གྱི་སྡོམ་གྲངས་དང་གཅིག་མཚུངས་ཡིན་དགོས།

གཉིས་པ། ལས་ཁུངས་ཀྱིས་གཤམ་གསལ་རྒྱུ་ཆ་བསྣམས་ཏེ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱི་ཆེད་སྤྱོད་ལས་སྒྲོམ་ནས་ཐོ་ཁོངས་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས།

ལས་ཁུངས་ཀྱི་རེ་ཞུ།གཉེར་སྒྲུབ་བྱེད་མིའི་ཐོབ་ཐང་ལག་ཁྱེར། ཁྲིམས་མིའི་དབང་བཅོལ་འཛིན་ཡིག   ཁྲིམས་མིའི་ཐོབ་ཐང་ལག་ཁྱེར་བསྐྱར་དཔར་མ།

རྩ་འཛུགས་ལས་ཁུངས་ཀྱི་ཚབ་ཨང་དཔང་ཡིགལས་གཉེར་ལག་ཁྱེར། ལས་ཁུངས་ཀྱི་སྤྱི་ཐམ།

ལེགས་པར་བསྐངས་པའི་སྡོད་ཁང་སྤྱི་གསོག་མ་དངུལ་བསྐུར་སྤྲོད་ཐོ་འགོད་རེའུ་མིག་དང་སྡོད་ཁང་སྤྱི་གསོག་མ་དངུལ་བསྐུར་སྤྲོད་རྩིས་དེབ་བཅས་སོ།།

གསུམ་པ། སྡོད་ཁང་སྤྱི་གསོག་མ་དངུལ་བསྐུར་སྤྲོད་དང་གསབ་སྤྲོད།

དང་པོ།  ལས་ཁུངས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་བསྐུར་སྤྲོད་དང་གསབ་སྤྲོད་ཀྱི་སྐབས་སུ།སྡོད་ཁང་སྤྱི་གསོག་མ་དངུལ་བསྐུརགསབསྤྲོད་ཡི་གེ་འབྲི་དགོས། སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་པའི་མི་གྲངས་ལ་འགྱུར་བ་བྱུང་ན།སྡོད་ཁང་སྤྱི་གསོག་མ་དངུལ་བསྐུརགསབསྤྲོད་འགྱུར་བའི་རྩིས་དེབ་བཟོས་ཏེ་བསྐང་དགོས་ཏེ།ཟླ་སྔོན་མའི་སྤྲོད་གསོག་མི་གྲངས+ཟླ་འདིར་འཕར་བའི་མི་གྲངས།-ཟླ་འདིར་འཕྲི་བའི་མི་གྲངས།=ཟླ་འདིའི་སྤྲོད་གསོག་གྱི་མི་གྲངས།

གཉིས་པ། ལས་ཁུངས་ཀྱི་གསབ་སྤྲོད། ལས་ཁུངས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་ཆད་བྱུང་ན།ཟླ་རྗེས་མར་མཐུད་དེ་གསབ་སྤྲོད་བྱ་དགོས། དེའི་ལས་སྒྲུབ་འགྲོ་རིམ་ནི་ཟླ་དེའི་སྤྲོད་ཚུལ་དང་མཚུངས་སོ།།

གསུམ་པ། སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་པའི་དངུལ་གྲངས་ཞིབ་གཅོད།

སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་པའི་ཟླ་རེའི་དངུལ་གྲངས།=ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་མ་གྲངས།×ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་བསྡུར་ཚད+ལས་ཁུངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་བསྡུར་ཚད།

བཞི་པ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འགྱུར་བ་སྤོ་བསྒྱུར།

གཅིག ལས་ཁུངས་ཀྱི་མི་གྲངས་ལ་སྣོན་འཕྲི་ཡོད་ན།འགྱུར་བའི་རྩིས་དེབ་བསྐང་དགོས། དཔེར་ན་ལས་ཁུངས་སུ་མི་སྤར་ཡོང་ན། མི་གྲངས་དང་དངུལ་གྲངས་འཕར་བ་བསྐང་དགོས་པ་དང་།དཔེར་ན། ལས་གནས་སྤར་བ་དང་ལས་འཁྱུར་ངལ་གསོ་བྱས་པ་སོགས་ཡིན་ན་མི་གྲངས་དང་དངུལ་གྲངས་འཕྲི་བ་བསྐང་དགོས།ལས་བཟོ་པར་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ངལ་རྩོལ་དང་མ་རྩའི་འབྲེལ་བ་མཚམས་ཆད་པ་ཡིན་ན། སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་པའི་འབྲེལ་བ་ཡང་དེར་བསྟུན་གྱིས་ཆད་པ་དང་།དེ་འཕྲོའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མ་སྐྱེད་རྣམས་སྔར་གྱི་ལས་ཁུངས་མིང་ཐོག་གི་ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཐོ་ཁོངས་སུ་ཉར་བ་དང་།ཐམ་བཀོད་བསྡུ་ཉར་ཐག་གཅོད་ཀྱིས་མ་རྩ་དང་ངལ་རྩོལ་འབྲེལ་བ་སླར་གསོ་བྱུང་ན་ཐམ་བཀྲོལ་ལྟར་ཐག་གཅོད་གནང་སྟེ་མུ་མཐུད་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་དགོས།

གཉིས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྤོ་བསྒྱུར།ལས་བཟོ་པའི་ལས་ཀར་འགྱུར་བ་བྱུང་དུས། སྔར་གྱི་ལས་ཁུངས་ཀྱིས་དེ་ལ་སྡོད་ཁང་སྤྱི་གསོག་མ་དངུལ་སྤོ་བསྒྱུར་གྱི་འགྲོ་ལུགས་བསྒྲུབ་དགོས།ལས་བཟོ་པ་ལས་ཁུངས་ལས་ལས་གནས་སྤོར་དུས། ལས་གནས་སྤོར་བའི་ཡི་གེ་དང་ཐོབ་ཐང་ལག་ཁྱེར་བསྐྱར་དཔར་མ་བསྣམས་ཏེ་ལྟེ་གནས་ནས་སྤོ་བསྒྱུར་གྱི་འགྲོ་ལུགས་བསྒྲུབ་དགོས།གལ་ཏེ་ལས་གནས་སྤོ་སའི་ལས་ཁུངས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཐོ་ཁོངས་བཟོས་མེད་ན།སྔར་གྱི་ལས་ཁུངས་ཀྱིས་ཐམ་བཀོད་བསྡུ་ཉར་གྱི་འགྲོ་ལུགས་སྒྲུབ་པ་དང་། ལས་གནས་སྤོ་སའི་ལས་ཁུངས་ལ་སྡོད་ཁངས་སྤྱི་གསོག་མ་དངུལ་གྱི་ཐོ་ཁོངས་ཡོད་སྐབས་སྤོ་བསྒྱུར་གྱི་འགྲོ་ལུགས་བསྒྲུབ་དགོས།

ལྔ་པ། སྡོད་ཁང་སྤྱི་གསོག་མ་དངུལ་གཞན་ཡུལ་དུ་སྤོ་བསྒྱུར་རྗེས་མཐུད་ཀྱི་འགྲོ་ལུགས་བསྒྲུབ་པ།

གཅིག རང་ལྟེ་གནས་སུ་སྤོ་བ།

ལས་བཟོ་པས་རང་གི་ཐོབ་ཐང་ལག་ཁྱེར་མ་ཡིག་དང་བསྐྱར་དཔར་མ།ལས་གནས་སྤོ་བའི་བཀའ་རྒྱ་བསྣམས་ཏེ་སྤྱི་གསོག་མ་དངུལ་སྤོ་ས་ནས་སྤོ་བསྒྱུར་གྱི་འགྲོ་ལུགས་བསྒྲུབ་དགོས།ལས་ཁུངས་ཀྱི་གཅིག་བསྡུས་ཀྱི་བསྒྲུབ་དགོས་པ་དང་མངག་བཅོལ་དང་ལེན་མཁན་གྱིས་གཞན་ཡུལ་དུ་སྤོ་བསྒྱུར་རྗེས་མཐུད་རེ་ཞུའི་མངག་བཅོལ་ཡི་གེ་འབྲི་དགོས།ས་གནས་སོ་སོར་མཁོ་བའི་རྒྱུ་ཆ་མི་འདྲ།

གཉིས། རང་ལྟེ་གནས་ནས་སྤོར་བ།

ལས་བཟོ་པ་སྔར་གྱི་ལས་ཁུངས་ཀྱི་སྤྱི་གསོག་མ་དངུལ་ཐོ་ཁོངས་ཐམ་བཀོད་བསྡུར་ཉར་གྱི་རྗེས་སུ་ལས་གནས་སྤོ་སའི་སྤྱི་གསོག་མ་དངུལ་བསྒྲུབ་ཆོགདགོས་ངེས་ཀྱི་རྒྱུ་ཆ་རྣམས་ལས་གནས་སྤོ་སའི་སྤྱི་གསོག་མ་དངུལ་ལྟེ་གནས་སུ་སོང་ནས་དྲི་བར་བྱ།

ཐོ་ཁོངས་སྤྲོད་གསོག་ཐོ་འགོད་ཀྱི་ལས་རིམ་དཔེ་རིས།

                                                                                         

མཚོ་ནུབ་ཁུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་འདོན་ལེན།

དང་པོ།  སྡོད་ཁང་སྤྱི་གསོག་མ་དངུལ་འདོན་ལེན་ནི་ཅི་ཞིག་ཡིན་ནམ།

དེ་ནི་ལས་བཟོ་པར་གཏན་འཁེལ་བྱས་པའི་ཆ་རྐྱེན་ལ་ལོངས་སྐབས།རང་གི་སྡོད་ཁང་སྤྱི་གསོག་མ་དངུལ་ཐོ་ཁོངས་ནང་གི་གསོག་དངུལ་འདོན་ལེན་བྱེད་ཆོག་པར་བརྗོད།

གཉིས་པ། ལས་བཟོ་པས་སྡོ་དམངས་སྤྱི་གསོག་མ་དངུལ་ཇི་ལྟར་ལེན་ནམ།

ལས་བཟོ་པས་གཏན་འཁེལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་འདོན་ལེན་གྱི་ཆ་རྐྱེན་བཞིན་ལྟེ་གནས་ལ་རེ་ཞུ་བྱེད་ཅིང་འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེ་ཡང་ཟུར་སྤྲོད་བྱ་དགོས། ལྟེ་གནས་སུ་འབྲེལ་ཡོད་རྒྱུ་ཆ་འབྱོར་བ་ན། ཞིབ་དཔྱད་ཡང་དག་པར་གནང་རྗེས་ཆ་རྐྱེན་ལ་ལོངས་པ་རྣམས་ལ་སྤྱི་གསོག་མ་དངུལ་འདོན་ལེན་གྱི་འགྲོ་ལུགས་བསྒྲུབ་དགོས་ཤིང་།སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་བརྡ་ཐོ།སྟེར་དགོས།  

གསུམ་པ། ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་འདོན་ལེན་ལ་རིགས་གང་དག་ཡོད་དམ།

གཅིག  ཆ་ཤས་འདོན་ལེན།

རང་གི་སྡོད་ཁང་ཉོ་བ་དང་བཟོ་བ།བསྐྱར་བཟོ། བཟོ་བཅོས་ཆེན་པོ་རྒྱག་དགོས་པའི་རིགས།

 ཁང་བ་ཉོས་པའི་དངུལ་བུན་འཇལ་བ།མ་སྐྱེད་ཅན།

 ལས་སྒོའི་རིན་པ་འདོན་ལེན།

བོགས་གཏོང་སྡོད་ཁང་།

ནད་གཞི་ཆེ་རིགས།དལ་བའི་མཁལ་མ་ཉམས་ཟད་ཅན།ཚབས་ཆེའི་སྐྲན་ནད། སླར་སྐྱེའི་གེགས་ཅན་གྱི་ཁྲག་ཤེད་དམའ་བ། དལ་བའི་མཆིན་ཚད་ལྕི་རིགས།མགོ་ནང་སྐྲན་ནད་ཀྱི་གཤག་བཅོས། དབང་པོ་ཆེ་རིགས་སྤོ་འཛུགས་བཅས་སོ།།

གཉིས། ཐོ་བསུབ་འདོན་ལེན།

ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་བྱས་པའི་རིགས།

ངལ་རྩོལ་ནུས་པ་ཡོངས་སུ་ཉམས་པ་མ་ཟད།རང་གི་ལས་ཁུངས་དང་ངལ་རྩོལ་འབྲེལ་བ་མཚམས་བཅད་པའི་རིགས།

ཁྱིམ་ཐོ་རང་གི་གྲོང་ཁྱེར་དང་རྫོང་ལས་སྤར་པའམ།མཁའ་ཁོངས་ལས་བརྒལ་ཏེ་གཏན་སྟོད་བྱེད་པའི་རིགས།

ལས་བཟོ་པ་ཚེ་ལས་འདས་པའམ་ཚེ་ལས་འདས་པ་བསྒྲགས་པའི་སྐབས་སུ།ལས་བཟོ་པའི་ཤུལ་འཛིན་པ་དང་ཤུལ་དངོས་གནང་སྦྱིན་བྱ་ཡུལ་གྱིསཤུལ་འཛིན་བཅའ་ཁྲིམས།ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་ཐོ་ཁོངས་ཀྱི་ཐོ་ཁོངས་གསོག་འཇོག་ལྷག་དངུལ་ལེན་ཆོག

བཞི་པ།སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ན་རྒྱུ་ཆ་གང་དག་མཁོ་འདོན་བྱེད་དགོས་སམ།

གཅིགཕྱིར་ཚོང་སྡོད་ཁང་།   ཁང་པ་ཉོ་སའི་ཁང་ཁོངས་ཅུའུ་ནས་ཉར་ཚགས་བྱས་པའི་ཁང་པ་ཉོས་པའི་གན་རྒྱ་ཡི་གེའི་མི་ཡིག་དངོས་དང་བསྐྱར་དཔར། ཐོག་མར་སྤྲད་པའི་དངུལ་གྱི་འབྱོར་ཡིག་གམ་འཛིན་ཡིག་གི་མ་ཡིག་དངོས་དང་བསྐྱར་དཔར། ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་སོགས་དགོས།

གཉིས།ལག་བརྒྱུད་ཁང་པ།   ཁང་བདག་བརྗེ་རྗེས་ཀྱི་ཁང་དབང་ལག་ཁྱེར་དང་ས་དབང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་རམ་འགུལ་མེད་བདག་དབང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་དགོས་ལ། ཉོ་ཚོང་གི་གན་ཁྲལ་འཛིན་ཡིགརིན་འཕར་དཔྱ་ཁྲལ་གྱི་འཛིན་ཡིགགི་མ་ཡིག་དངོས་དང་བསྐྱར་དཔར། འགུལ་མེད་བདག་དབང་འཛིན་ཡིག་གི་མ་ཡིག་དངོས་དང་བསྐྱར་དཔར། ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་བཅས་དགོས།

གསུམ།མ་དངུལ་སྤྱི་བསྡུས་ཁང་པ།   ཁང་པ་ཉོ་སའི་ཁང་ཁོངས་ཅུའུ་ནས་ཉར་ཚགས་བྱས་པའིམ་དངུལ་བསྡུས་ནས་ཁང་པ་ཉོ་བའི་གྲོས་མཐུན་ཡི་གེཡི་མ་ཡིག་དངོས་དང་བསྐྱར་དཔར།ཐོག་མར་སྤྲད་པའི་དངུལ་གྱི་འབྱོར་ཡིག་གམ་འཛིན་ཡིག་གི་མ་ཡིག་དངོས་དང་བསྐྱར་དཔར། ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་སོགས་དགོས།

བཞི།རང་བསྐྲུན་ཁང་པ། ཐུན་མོང་གི་ས་ཞིང་བེད་སྤྱོད་དཔང་ཡིགགི་མ་ཡིག་དངོས་དང་བསྐྱར་དཔར།ཞང་ཡན་གྱི་རྒྱལ་ཁབ་ས་ཁོངས་ཅུའུ་དང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་ཆོག་མཆན་བཀོད་པའི་བསྐྱར་སྐྲུན་རང་སྡོད་ཁང་པའི་འབྲེལ་ཡོད་ཡིག་ཆའི་མ་ཡིག་དངོས་དང་བསྐྱར་དཔར།ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་སོགས་དགོས།

ལྔ།བཤིག་སྤོའི་བཀོད་སྒྲིག་ཁང་པ།   ལས་ཁག་བཙུགས་པའི་ཞུས་ལན་ཡིག་ཆ་དང་བསྐྱར་དཔར་དགོས་ལ།ཁང་པ་ཡོད་སའི་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཐོ་འགོད་ཉར་ཚགས་བྱས་པའིབཤིག་སྤོ་བཀོད་སྒྲིག་གི་གྲོས་མཐུན་ཡི་གེཡི་མ་ཡིག་དངོས་དང་།བླངས་པའི་དུས་ཚད་ནི་ཁང་པ་ཉོ་པའི་བཤིག་སྤོའི་གྲོས་མཐུན་ཡི་གེ་བཞག་པའི་ཉིན་ནས་བཟུང་ཁང་རྩེག་མཐོན་པོར་ལོ་གསུམ་དང་། དམའ་སར་ལོ་གཅིག་ལ་ཕན་ནུས་ལྡན། ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་སོགས་དགོས།

དྲུགལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ།   ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་ལས་འཁྱུར་ངལ་གསོ་བྱས་པའི་ཞུས་ལན་ཡིག་ཆའམ་ལས་འཁྱུར་ལག་ཁྱེར་དང་། ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་སོགས་དགོས།

བདུན། ངལ་རྩོལ་འབྲེལ་བ་མཚམས་བཞག་པ།   ངལ་རྩོལ་འབྲེལ་བ་མཚམས་བཞག་པའི་དཔང་ཡིག་གམ་ལས་ཁུངས་དང་ངལ་རྩོལ་འབྲེལ་བ་སེལ་བའི་ཡིག་ཆའི་མ་ཡིག་དངོས་དང་བསྐྱར་དཔར། ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་སོགས་དགོས།

བརྒྱད།སྤྱི་གསོག་དངུལ་གྱི་ཚོང་ལས་དངུལ་ཁང་གི་དངུལ་བུན་འཇལ་བ།  དངུལ་ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་དང་གཉེན་སྒྲིག་དཔང་ཡིག་གི་མ་ཡིག་དངོས་དང་བསྐྱར་དཔར་རེ་རེ་དང་།  དངུལ་སྐྱིའི་གན་རྒྱའིཡང་ན་དངུལ་བུན་གན་རྒྱམ་ཡིག་དངོས་དང་། བསྐྱར་དཔར་རེ་རེ།   གཡར་འཛིན་གན་རྒྱའིཡང་ན་དངུལ་བུན་བདེན་དཔངམ་ཡིག་དངོས་དང་བསྐྱར་དཔར་རེ་རེ། དངུལ་འཇལ་བའི་ཞིབ་ཐོ།སྟེང་དུ་དངུལ་ཁང་ལས་སྒོའི་ཐམ་ག་རྒྱག་པདངུལ་བུན་གྱི་ལྷག་ཚད་གསལ་པོར་འབྲི་བ། དངུལ་འཇལ་བའི་བྱང་བུ་འཛིན་མཁན་གྱི་མིང་དང་དངུལ་བྱང་ཨང་གྲངས།  ཐོ་འགོད་དངུལ་ཁང་གི་བདེན་དཔང་ཡི་གེ་གཅིགསྟེང་དུ་དངུལ་ཁང་ལས་སྒོའི་ཐམ་ག་རྒྱག་པབཅས་དགོས།

དགུ  སྤྱི་གསོག་དངུལ་གྱི་དངུལ་བུན་སྐྱིན་ཚབ་འཇལ་བ། ལྟེ་གནས་ནས་སྐོང་འབྲི་བྱས་པའི་སྔོན་ལ་དངུལ་སྐྱིན་འཇལ་བའི་རེ་ཞུ་དང་ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་སོགས་དགོས།

བཅུ།བོགས་གཏོང་།  བཟའ་ཟླ་ཕན་ཚུན་གྱི་ཐོབ་ཐང་ལག་ཁྱེར་དང་གཉེན་སྒྲིག་དཔང་ཡིགཁེར་རྐྱང་གི་ཁེར་རྐྱང་ཡིན་པའི་བདེན་དཔང་སྟོན་དགོས བྱ་བ་ལས་སའི་ཁང་ཁོངས་སྡེ་ཁག་གི་སྡོད་ཁང་མེད་པའི་བདེན་དཔང་འདོན་དགོས།བཟའ་ཟླ་ཕན་ཚུན་སྡོད་ཁང་མེད་པའི་བདེན་དཔང

བཅུ་གཅིག  གཞིས་ལས་གྲོན་དངུལ། ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར་དགོས།   གསལ་བཤད།སྡོད་ཁང་དངུལ་བུན་གྱི་གཏའ་འཇོག་མེད་པ

བཅུ་གཉིས། ནད་གཞི་ཚབས་ཆེན།  རིམ་པ་གསུམ་པའི་གོ་རིམ་ཨང་དང་པོའི་ཡན་ཆད་ཀྱི་སྨན་ཁང་གིས་ཁས་ལེན་པའི་སྨན་ཁང་དུ་བསྡད་པའི་ནད་ཐོ་ཤོག་གྲངས་མགོ་མའི་མ་ཡིག་དངོས་དང་བསྐྱར་དཔར། སྨན་བཅོས་འགན་སྲུང་ལས་ཁུངས་ནས་ཁས་ལེན་པའི་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་བསྡོམས་རྩིས་ཀྱི་ཞིབ་ཐོ་དང་ལེན་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར།ནད་གཞི་ཚབས་ཆེན་ནི། མཁལ་ནུས་ཉམས་ཟད་ཀྱི་རྒྱུན་ནད།གཅིན་དུག་ནདསྐྲན་ནད་ཚབས་ཆེན།སླར་སྐྱེ་བར་གེགས་རང་བཞིན་གྱི་ཁྲག་ཞན་པ། མཆིན་ཚད་ལྕི་རིགས་རྒྱུན་ནད། མགོ་སྐྲན་གཤག་བཅོས་བྱས་པ། དབང་པོ་སྤོ་འཛུགས་ཆེན་པོ

བཅུ་གསུམ།འཆི་བ།  ཤི་བའི་བདེན་དཔང་ཡི་གེའི་མ་ཡིག་དངོས་དང་བསྐྱར་དཔར་རམ་ ཁྱིམ་ཐོ་བསུབས་པའི་བདེན་དཔང་མ་ཡིག་དངོས་དང་བསྐྱར་དཔར།  ཁྲིམས་བཀོད་ཤུལ་འཛིན་མི་སྣའི་གཞུང་དཔང་ཡི་གེའི་མ་ཡིག་དངོས་དང་བསྐྱར་དཔར། ཚབ་སྒྲུབ་མི་སྣའི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དངོས་དང་བསྐྱར་དཔར།  ཁྲིམས་བཀོད་ཤུལ་འཛིན་མི་སྣའི་དངུལ་ཁང་གི་དུས་སྒོ་ངེས་མེད་ཀྱི་བཅོལ་འཛིན།དངུལ་བྱང

དངུལ་ལེན་པའི་བརྒྱུད་རིམ་དཔེ་རིས།


མཚོ་ནུབ་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱིས་དངུལ་བུན་ལེན་པ།

དང་པོ།གནས་ཚུལ་ཅི་ཞིག་གི་འོག་ཏུ་སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་དངུལ་བུན་རེ་ཞུ་བྱས་ཆོག་གམ།

    སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་གི་འོས་འགན་ལག་བསྟར་བྱེད་པའི་ལས་བཟོ་པས་རང་ལ་བདག་དབང་ཡོད་པའི་སྡོད་ཁང་བསྐྲུན་པའམ་ཉོ་བ་ཡིན་ན།གཏན་འཁེལ་ལྟར་སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་དངུལ་བུན་ལེན་པར་རེ་ཞུ་བྱས་ཆོག

གཉིས་པ།ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་དངུལ་བུན་གྱི་སྤྱོད་ཡུལ་གང་ཡིན་ནམ།

   སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་དངུལ་བུན་གྱི་སྤྱོད་ཡུལ་ནི་ངེས་པར་དུ་ཆེད་དངུལ་ཆེད་སྤྱོད་ཡིན་དགོས་ལ། ལས་བཟོ་པས་རང་ལ་བདག་དབང་ཡོད་པའི་རང་ཉིད་ཀྱི་སྡོད་ཁང་ཉོ་པའམ་བསྐྲུན་པ། བསྐྱར་གསོ། ཞིག་གསོ་ཆེན་པོ་བྱེད་པ་དེ་ལས་མི་འདའ་བ་རེད།

གསུམ་པ།ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་དངུལ་བུན་ལེན་པའི་རྩ་དོན་གང་ཡིན་ནམ།

    སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱིས་དངུལ་བུན་ལེན་པ་ལ་ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་བྱེད་པའི་ཁེ་དབང་དང་འོས་འགན་འདྲ་མཚུངས་ཡིན་པའི་རྩ་དོན་ལག་བསྟར་བྱེད་དགོས།

བཞི་པ།ལས་བཟོ་པས་སུ་ལ་སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་དངུལ་བུན་རེ་ཞུ་བྱེད་དགོས་སམ།

   ལས་བཟོ་པས་དངུལ་བུན་ལེན་དུས་ཐད་ཀར་དུ་ཡུལ་དེའི་དོ་དམ་ལྟེ་གནས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་དངུལ་བུན་ལེན་པའི་རེ་ཞུ་བྱས་ཆོག

ལྔ་པ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ནི་ལས་བཟོ་པ་མི་སྒེར་ལ་དགེ་མཚན་ཅི་ཞིག་ཡོད་དམ།

     གཅིག་ནི་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་གསོག་བྱེད་པའི་ལས་བཟོ་པར་སྡོད་ཁང་སྤྱི་གསོག་མ་དངུལ་ལས་དངུལ་བུན་མ་དངུལ་སྡུད་པ་བརྒྱུད་ནས་སྡོད་ཁང་ཐག་གཅོད་བྱེད་པའི་ཐབས་ལམ་མཁོ་སྤྲོད་བྱེད་པ་ཞིག་ཡིན།

གཉིས་ནི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཀའི་ཚད་ཅུང་དམའ་ལ། ལས་བཟོ་པའི་སྡོད་ཁང་ཉོ་བའི་དངུལ་གཏོང་སྤྲོད་བྱེད་ནུས་མཐོར་འདེགས་བཏང་ཡོད།

གསུམ་ནི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཕན་ཚུན་རོགས་རེས་རང་བཞིན་མངོན་འགྱུར་བྱས་ཡོད།

དྲུག་པ། སྡོད་ཁང་སྤྱི་གསོག་དངུལ་ལས་མི་སྒེར་གྱི་དངུལ་བུན་རེ་ཞུ་བྱེད་པར་ཆ་རྐྱེན་གང་དག་འཛོམས་དགོས་སམ།

གཅིགདོ་དམ་ལྟེ་གནས་སུ་སྡོད་ཁང་སྤྱི་གསོག་དངུལ་ཆེད་ཉར་དངུལ་བྱང་བཙུགས་ཡོད་དེ།གཏན་ཁེལ་ལྟར་ཟླ་རེར་སྡོད་ཁང་སྤྱི་གསོག་མ་དངུལ་ཟླ ༦ ཡན་ལ་འདང་ཚད་སྤྲོད་དགོས་པར་མ་ཟད།ཡིད་རྟོན་ཡོད་པ་དང་ཆད་ལྷག་མེད་པ། བཀག་ཉར་མི་བྱ་བ་དང་གསོག་ཉར་ཚད་ལྡན་མིན་པ་བཅས་ཀྱི་སྣང་ཚུལ་ཡོད་མི་རུང་།

གཉིསདངུལ་བུན་རེ་ཞུ་པར་དམངས་དོན་སྤྱོད་ལམ་ནུས་པ་ལྡན་པར་མ་ཟད་གཏན་ཁེལ་གྱི་ལས་རིགས་དང་དཔལ་འབྱོར་ཡོང་འབབ་ཡོད་པ་དང་དུས་ལྟར་སྐྱི་དངུལ་མ་རྩ་སྤྲོད་པའི་ནུས་པ་ལྡན་ལ།སྡོད་ཁང་ཉོ་བའི་གན་རྒྱ་དང་འབྲེལ་ཡོད་རྒྱུ་ཆ་གཞན་དག་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་དང་འཚམ་དགོས།

བདུན་པ། དངུལ་བུན་རེ་ཞུས་པས་གཤམ་གསལ་གྱི་རྒྱུ་ཆ་དག་གྲ་སྒྲིག་བྱ་དགོས།

གཅིགཚོང་དོན་སྡོད་ཁང་གི་སྐྱི་དངུལ།

སྐྱི་དངུལ་པ་དང་བཟའ་ཟླའི་སྤྱི་དམངས་ཐོབ་ཐང་ལག་ཁྱེར་དང་གཉེན་སྒྲིག་དཔང་ཡིག་སོ་སོའི་མ་ཡིག་དང་བསྐྱར་དཔར༤རེ་དགོས།མི་རྐྱང་གི་བདེན་དཔང་དང་ཡང་ན་གཉེན་ཐོར་དཔང་ཡིག་གི་མ་ཡིག་དང་བསྐྱར་དཔར༢རེ་སྤྲོད་དགོས།

སྐྱི་དངུལ་པའི་ཟླ་ཕོགས་ཀྱི་བྱང་བུ་དང་ཁྱོ་ཤུག་གི་སྤྱི་གསོག་དངུལ་སྤྲད་པའི་བདེན་དཔང༢དང་གསར་གཏོད་ཚོང་ལས་ཀྱི་དཔང་ལྔའི་བསྐྱར་དཔར༢རེ་སྤྲོད་དགོས།

སྡོད་ཁང་ཐོན་སྐྱེད་སྲིད་འཛིན་དོ་དམ་སྡེ་ཁག་ཏུ་ཐོ་འགོད་ཚགས་ཉར་བྱས་པའི་སྒེར་ཉོས་སྡོད་ཁང་གིཚོང་ལས་སྡོད་ཁང་ཉོས་པའི་གན་རྒྱམ་ཡིག༤རེ་སྤྲོད་དགོས།ཟི་ལིང་དུ༥རེ་སྤྲོད་དགོས།

སྡོད་ཁང་འཚོང་བའི་ལས་ཁུངས་ཀྱིས་ནོར་དོན་ཐམ་ག་བརྒྱབ་པའི་སྔོན་སྤྲོད་ཁང་གླ20%ལས་མི་དམའ་བའི་དཔང་ཡིག་གི་མ་ཡིག་དང་བསྐྱར་དཔར༤རེ་སྤྲོད་དགོས།

ཁྱོ་ཤུག་གི་ཡིད་རྟོན་སྙན་ཞུ༢ རེ་སྤྲོད་དགོས། ཀྲུང་གོའི་མི་དམངས་དངུལ་ཁང་ནས་འདོན་དགོས།

གཉིས།ལག་བརྒྱུད་སྡོད་ཁང་གི་སྐྱི་དངུལ།

སྐྱི་དངུལ་པ་ཁྱོ་ཤུག་གི་སྤྱི་དམངས་ཐོང་ཐང་ལག་ཁྱེར་དང་གཉེན་སྒྲིག་དཔང་ཡིག་གི་མ་ཡིག་དང་བསྐྱར་དཔར༤རེ་སྤྲོད་དགོས།མི་རྐྱང་གི་བདེན་དཔང་དང་ཡང་ན་གཉེན་ཐོར་དཔང་ཡིག་གི་མ་ཡིག་དང་བསྐྱར་དཔར༢རེ་སྤྲོད་དགོས།

སྐྱི་དངུལ་པའི་ཟླ་ཕོགས་ཀྱི་བྱང་བུ་དང་ཁྱོ་ཤུག་གི་སྤྱི་གསོག་མ་དངུལ་སྤྲད་པའི་བདེན་དཔང༢ རེ་སྤྲོད་དགོས།

ཁག་བདག་བརྗེས་པའི་རྗེས་ཀྱིབདག་དབང་སྒུལ་མེད་དཔང་ཡིགགམསྡོད་ཁང་དབང་བའི་དཔང་ཡིགདངརྒྱལ་དབང་ས་གཞི་བེད་སྤྱོད་དཔང་ཡིགབཅས་ཀྱི་མ་ཡིག་དང་བསྐྱར་དཔར༤རེ་སྤྲོད་དགོས།

ཐོང་ཐང་ལྡན་པའི་དཔྱད་ལེན་ཀུང་སིས་བཏོན་པའི་དཔྱད་ལེན་སྙན་ཞུའི་མ་ཡིག༤རེ་སྤྲོད་དགོས།ཟི་ལིང་དུ༥ རེ་སྤྲོད་དགོས།

ཁྱོ་ཤུག་གི་ཡིད་རྟོན་སྙན་ཞུ ༢ རེ་སྤྲོད་དགོས།ཀྲུང་གོའི་མི་དམངས་དངུལ་ཁང་ནས་འདོན་དགོས།

ཉེ་འབྲེལ་སྡོད་ཁང་གཏའ་འཇོག་གམ་ཤ་ཉེ་ལ་སྡོད་ཁང་ཉོ་ཚེ། དགོས་མཁོ་ཁྱིམ་ཚང་གི་ཁྱིམ་ཐོའི་མ་ཡིག་དང་ཁྱིམ་ཐོའི་བདེན་དཔང་གི་བསྐྱར་དཔར༤རེ་སྤྲོད་དགོས། སྡོད་ཁང་བདག་དབང་བརྗེ་བའི་ཁྲོད་དུ་བྱུང་བའི་སྡོད་ཁང་དབང་ཆ་སྒུལ་མེད་བཙོང་འཛིན་དང་བརྗེ་རེས་འོས་ཁྲལ་དཔང་ཡིག་གི་མ་ཡིགཁྲལ་འཇལ་ཟླ་ཚེ་ལོ་གཅིག་གི་ནང་ཡིན་དགོསདང་བསྐྱར་དཔར༤རེ་སྤྲོད་དགོས།

གསལ་བཤད།

མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སྡོད་ཁང་ཉོ་བ།

སྐྱི་དངུལ་པས་གཏན་ཁེལ་ལྟར་ཟླ་རེ་བཞིན་བསྟུད་མར་སྤྱི་གསོག་མ་དངུལ་ཁ་ཚང་ཟླ་དྲུག་ཡན་ལ་སྤྲད་པ།ཟླ་དྲུག་ནང་དུ་འདུསཁེ་ལས་སུ་ཁྱོ་ཤུག་གི་ལོ་ཕྱེད་ཀྱི་ཟླ་ཕོགས་ཐོབ་ཚད་དང་ལས་བསྡུ་གན་རྒྱ་འདོན་དགོས།

ལྟེ་གནས་འདི་རུ་སྤྱི་གསོག་དངུལ་མ་སྤྲད་པས་དངུལ་ཁང་དང་ཡང་ན་སྤྱི་གསོག་ལྟེ་གནས་སུ་ལས་སྒོའི་ཐམ་ག་བརྒྱབ་པའི་གསོག་ཉར་བདེན་དཔང་དང་སྤྲད་པའི་ཞིབ་ཕྲའི་རེའུ་མིག་རེ་རེ་འདོན་དགོས།

གསུམ། གནས་གཞན་དུ་སྐྱི་དངུལ་སྐྱི་བ།

སྐྱི་དངུལ་པས་སྡོད་ཁང་སྤྱི་གསོག་མ་དངུལ་གནས་གཞན་དུ་སྤྲད་པའི་དཔང་ཡིག་དང་སྤྲད་པའི་ཞིབ་ཕྲའི་རེའུ་མིག་འདོན་དགོས།སྡོད་ཁང་ཉོ་སའི་ས་གནས་སུ་བྱེ་བྲག་གི་སྐྱི་དངུལ་དོན་དག་རྩད་གཅོད་དགོས།

སྡོད་ཁང་ཐོན་སྐྱེད་སྲིད་འཛིན་དོ་དམ་སྡེ་ཁག་ཏུ་ཐོ་འགོད་ཚགས་ཉར་བྱས་པའི་སྒེར་ཉོས་སྡོད་ཁང་གིཚོང་དོན་སྡོད་ཁང་ཉོ་བའི་གན་རྒྱའིམ་ཡིག༤རེ་སྤྲོད་པའམཟི་ལིང་དུ༥རེ་སྤྲོད་དགོས། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱིབདག་དབང་སྒུལ་མེད་དཔང་ཡིགགམསྡོད་ཁང་དབང་བའི་དཔང་ཡིགདངརྒྱལ་དབང་ས་གཞིའི་བེད་སྤྱོད་དཔང་ཡིགབཅས་སྤྲོད་དགོས། ཐོང་ཐང་ལྡན་པའི་ཀུང་སིས་བཏོན་པའི་སྡོད་ཁང་དཔྱད་ལེན་སྙན་ཞུའི་མ་ཡིག༤རེ་སྤྲོད་དགོས། ཟི་ལིང་དུ༥རེ་སྤྲོད་དགོས།

སྐྱི་དངུལ་པ་ཁྱོ་ཤུག་གི་སྤྱི་དམངས་ཐོང་ཐང་ལག་ཁྱེར་དང་གཉེན་སྒྲིག་དཔང་ཡིག་གི་མ་ཡིག་དང་བསྐྱར་དཔར༤རེ་སྤྲོད་དགོས།མི་རྐྱང་གི་བདེན་དཔང་དང་ཡང་ན་གཉེན་ཐོར་དཔང་ཡིག་གི་མ་ཡིག་དང་བསྐྱར་དཔར༢རེ་སྤྲོད་དགོས།

སྐྱི་དངུལ་པའི་ཟླ་ཕོགས་ཀྱི་བྱང་བུ་དང་ཁྱོ་ཤུག་གི་སྤྱི་གསོག་མ་དངུལ་སྤྲད་པའི་བདེན་དཔང༢རེ་སྤྲོད་དགོས།

ཁྱོ་ཤུག་གི་ཡིད་རྟོན་སྙན་ཞུ༢རེ་སྤྲོད་དགོས།ཀྲུང་གོའི་མི་དམངས་དངུལ་ཁང་ནས་འདོན་དགོས།

སྐྱི་དངུལ་པས་གཏན་ཁེལ་ལྟར་ཟླ་རེ་བཞིན་བསྟུད་མར་སྤྱི་གསོག་དངུལ་ཁ་ཚང་ཟླ་དྲུག་ཡན་ལ་སྤྲད་པ།ཟླ་དྲུག་ནང་དུ་འདུསཁེ་ལས་སུ་ཁྱོ་ཤུག་གི་ལོ་ཕྱེད་ཀྱི་ཟླ་ཕོགས་ཐོབ་ཚད་དང་ལས་བསྡུ་གན་རྒྱ་འདོན་དགོས།

བརྒྱད་པ།སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྐྱི་དངུལ་ཁེ་སྤོགས་ཀྱི་ཚད་ག་འདྲ་ཡིན་ནམ།

སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྐྱི་དངུལ་ཁེ་སྤོགས་ཚད་ཀྱི་འགྱུར་བ་ནི་ཀྲུང་གོའི་མི་དམངས་དངུལ་ཁང་གི་གཏན་ཁེལ་ལྟར་ལག་བསྟར་དགོས།སྐྱི་དངུལ་དུས་ཡུན་ལོ་གཅིག་གི་ནང་དུལོ་གཅིག་འདུསཁྲིམས་གཏན་ཁེ་སྤོགས་བརྗེ་བསྒྱུར་དང་འཕྲད་ཚེ་མུ་མཐུད་དུ་གན་རྒྱའི་ཁེ་སྤོགས་ཚད་ལྟར་ལག་བསྟར་དགོས།སྐྱི་དངུལ་དུས་ཡུན་ལོ་གཅིག་ཡན་ཡིན་པ་ཁྲིམས་གཏན་ཁེ་སྤོགས་བརྗེ་བསྒྱུར་དང་འཕྲད་ཚེ། ལོ་རྗེས་མའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་འོས་འཚམ་གྱི་ཁེ་སྤོགས་རིམ་པ་ལྟར་ཁེ་སྤོགས་གསར་བའི་ཚད་ལག་བསྟར་བྱ་དགོས།

ད་སྔ་ལག་བསྟར་བྱེད་མུས་སུ་ཡོད་པའི་ཁེ་སྤོགས་ཚད་ནི་ལོ་ལྔ་ཡན་གྱི་སྐྱི་དངུལ་ཁེ་སྤོགས་ཚད་ནི3.25%དང་ལོ་ལྔ་མན་གྱི་ཁེ་སྤོགས་ཚད་ནི2.75%ཡིན།

སྐྱི་དངུལ་རྒྱུ་རིམ་དཔེ་རིས།

གོང་མ།:མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་ཞིབ་ཕྲའི་ལག་བསྟར།

ཞོལ་མ།:བུ་ལོན་འདེད་སྐབས་ཀྱི་མཉམ་འཇོག་བྱེད་དགོས་ས་འགའ།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235