མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་མང་ཚོགས་ཁྲོད་སྒྲོག་པའི་ཤེས་བྱ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-11-30  རྩོམ་པ་པོ།:ངེད་ལས་ཁུངས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཚོགས་ཆེན་གྱི་ཚོགས་ཡུན།

གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི2017ལོའི་ཟླ10ཚེས18ཉིན་ནས་ཚེས24ཉིན་བར་པེ་ཅིང་དུ་འཚོགས།

ཚོགས་ཆེན་གྱི་ལས་འགན་གཙོ་བོ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་།  མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།   ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས།   མཚོན་བྱེད་གསུམགྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་འཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ།  འཐབ་ཇུས་གསར་བ་ལག་ལེན་དོན་འཁྱོལ་བྱས་ཤིང་། འདས་པའི་ལོ་ལྔའི་རིང་གི་བྱ་བར་སྤྱི་བསྡོམས་ནན་མོ་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་སོ་སོའི་མཐུན་སྒྲིལ་གྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རིན་ཐང་ཅན་གྱི་ཉམས་མྱོང་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་། མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་།  ཕྱོགས་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་བླང་བྱ་གསར་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ་དམ་འཛིན་བྱས་ཏེ།  དུས་རབས་ཀྱི་བླང་བྱ་དང་མཐུན་པའི་བྱ་སྤྱོད་རྩ་འཛིན་དང་བྱེད་ཕྱོགས་དང་སྲིད་ཇུས་གནད་ཆེ་བ་གཏན་འབེབས་བྱུང་ཞིང།  འཐབ་ཇུས་ཀྱི་ཁྱོན་ཡོངས་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་འཆར་འགོད་དང་བཀོད་སྒྲིག་མཛད།

ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ།

ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་།འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས།

ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི།

དེ་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་།ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་དོན་གཉེར་བྱེད་རྒྱུ་དེ་ཡིན།

འདས་པའི་ལོ་ལྔའི གྲུབ་འབྲསཆེན་པོ་བཅུ།

དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།    ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ལ་ཐོད་བརྒལ་ཆེན་པོ་བྱུང་བ།དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གོམ་སྟབས་ཆེན་པོ་སྤོས་པ། བསམ་བློ་དང་རིག་གནས་འཛུགས་སྐྲུན་ལ་ཡར་རྒྱས་ཆེན་པོ་བྱུང་བ།  མི་དམངས་ཀྱི་འཚོ་བ་རྒྱུན་མ་ཆད་པར་ལེགས་བཅོས་བྱུང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡིན་པ། དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་གཏོང་བའི་རྣམ་པ་གསར་དུ་བཏོད་པ།  ཤང་ཀང་དང་། ཨོ་མིན།ཐའེ་ཝན་བཅས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། ཕྱོགས་མཐའ་ཀུན་གྱི་ཕྱི་འབྲེལ་བཀོད་པ་ཟབ་མོར་བཏིངས་པ།ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་གྲུབ་འབྲས་གཟེངས་སུ་ཐོན་པ་བཅས་སོ།།

ཆོད་གཏམ་གལ་ཆེན།

ཡུན་རིང་བོར་འབད་བརྩོན་བྱས་པར་བརྟེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བར་སྐྱོད་མགོ་ཚུགས་པ་འདི་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་རེད།

དུས་རབས་གསར་པ་འདི་ནི་སྔ་མཐུད་ཕྱི་སྐྱོང་དང་།སྔར་སོང་རྒྱུན་འཛིན་གྱིས་མ་འོངས་གསར་དུ་གཏོད་པ་དང་།ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་མུ་མཐུད་དུ་བརྩོན་ལེན་བྱེད་པའི་དུས་རབས་ཡིན་པ་དང་།  འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་འཕྲལ་མར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་པའི་དུས་རབས་དང་།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་།    བདེ་སྐྱིད་ཀྱི་འཚོ་བ་རྒྱུན་མ་ཆད་པར་བསྐྲུན་ཏེ་མི་དམངས་ཡོངས་རྫོགས་རིམ་བཞིན་ཐུན་མོང་དུ་ཕྱུག་པོར་འགྱུར་བར་བྱེད་པའི་དུས་རབས།  ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས།   རང་རྒྱལ་འཛམ་གླིང་གི་གར་སྟེགས་དང་ཉིན་བཞིན་ཉེ་བར་བསྐྱོད་པ་དང་མིའི་རིགས་ལ་བྱས་རྗེས་སྔར་ལས་རྒྱུན་ཆད་མེད་པར་འཇོག་པའི་དུས་རབས་བཅས་རེད།

དུས་རབས་གསར་བའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ།

རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བ་དེའོ།།

དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེན་ཞིག་ཡིན།   ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས།ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པར། ངེས་པར་དུ་ལས་གཞི་རླབས་པོ་ཆེ་འཛུགས་སྐྲུན་བྱེད་དགོས། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པར། ངེས་པར་དུ་བྱ་གཞག་རླབས་པོ་ཆེར་སྐུལ་སྤེལ་གཏོང་དགོས།  འཐབ་རྩོད་རླབས་པོ་ཆེ་དང་། ལས་གཞི་རླབས་པོ་ཆེ།བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ཟུང་འབྲེལ་དམ་པོ་དང་།ཕན་ཚུན་རྒྱུན་མཐུད། ཕན་ཚུན་ནུས་པ་ཐོན་རེས་བྱེད་པ་བཅས་ཀྱི་ཁྲོད་ཐག་ཆོད་རང་བཞིན་གྱི་ནུས་པ་ཐོན་བྱེད་ནི་ཏང་འཛུགས་སྐྲུན་གྱི་ལས་གཞི་རླབས་པོ་ཆེ་གསར་པ་འདི་རེད།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཐོག   གོམ་སྟབས་གཉིས་སུ་ཕྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འབྱོར་ཕྱུག  དམངས་གཙོ། དཔལ་ཡོན།  འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་ཐུབ་པར་བྱ་རྒྱུ་གཏན་འབེབས་གསལ་པོ་བྱས་པ།  

དུས་རབས་གསར་བར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན་པས།   མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་དོན་ངེས་པར་དུ་རྒྱུན་འཁྱོངས་བྱས་ནས།   མི་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་མི་དམངས་ཡོངས་རྫོགས་ཐུན་མོང་དུ་ཕྱུག་འགྱུར་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་གཏན་འབེབས་གསལ་པོ་བྱས་པ།  

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་པ་ནིཕྱོགས་ལྔ་གཞི་གཅིགཡིན་པ་དང་།འཐབ་ཇུས་ཀྱི་བཀོད་པ་ནིཕྱོགས་ཡོངས་བཞིཡིན་པ་དང་།   བགྲོད་ལམ་དང་།རིགས་པའི་གཞུང་ལུགས། ལམ་ལུགས།རིག་གནས་བཅས་ལ་གདེང་ཚོད་བརྟན་པོ་དགོས་པའི་ནན་བཤད་གཏན་འབེབས་གསལ་པོ་བྱས་པ།

ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གྱི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ་དང་།རྒྱལ་ཁབ་སྐྱོང་བའི་མ་ལག་དང་སྐྱོང་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་གཏན་འབེབས་གསལ་པོ་བྱས།

ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་པ་གཏན་འབེབས་གསལ་པོ་བྱས་པ།

དུས་རབས་གསར་པའི་འོག་དམག་དཔུང་སྟོབས་ལྡན་དུ་སྒྱུར་བའི་ཏང་གི་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་།   གཡུལ་ལས་རྒྱལ་ཐུབ་པ།  ཀུན་སྤྱོད་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་བསྐྲུན་བྱས་ནས་མི་དམངས་ཀྱི་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་བཟང་ཤོས་ཤིག་ཏུ་བསྐྲུན་རྒྱུ་ཡིན་པ་གཏན་འབེབས་གསལ་པོ་བྱས་པ།

ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་འཛུགས་པར་སྐུལ་འདེད་གཏོང་དགོས་པ་གཏན་འབེབས་གསལ་པོ་བྱས་པ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ་དང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཡིན་པ།ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་མགོ་ཁྲིད་སྟོབས་ཤུགས་ཡིན་པ།   དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་པ།ཏང་ལེགས་སྐྱོང་ཁྲོད་ཀྱི་ཆབ་སྲིད་འཛུགས་སྐྱོང་གི་གོ་གནས་གལ་ཆེན་འབུར་དུ་ཐོན་པ་བཅས་གཏན་འབེབས་གསལ་བོ་བྱས་ཡོད།  

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས།   མཚོན་བྱེད་གསུམགྱི་དགོངས་པ་གལ་ཆེན།   ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ།  མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་བ།ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས།  ངེས་པར་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་ད་དུང་རྒྱུན་མི་ཆད་པར་འཕེལ་རྒྱས་སུ་གཏོང་དགོས།

དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་འཐབ་ཇུས།

ཏང་གིས་ལས་དོན་མཐའ་དག་ལ་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་དགོས།  མི་དམངས་རང་ཁྱིམ་རང་བདག་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་བྱེད་དགོས།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱེད་དགོས།  འཕེལ་རྒྱས་གཏོང་རིམ་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་མཐའ་འཁྱོངས་བྱེད་དགོས།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མཐའ་འཁྱོངས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས། ཏང་གིས་མི་དམངས་དམག་དཔུང་ལ་མགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་བྱེད་དགོས།   རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིསདང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་མཐའ་འཁྱོངས་བྱེད་དགོས།  མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་འཛུགས་བསྐྲུན་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་མཐའ་འཁྱོངས་བྱེད་དགོས།

གོམ་སྟབས་གཉིསཀྱི་འཐབ་ཇུས།

2020ལོ་ནས2035ལོའི་བར་དུ།འབྱོར་འབྲིང་སྤྱི་ཚོགས་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།  2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ།རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ་དཔལ་ཡོན། འཆམ་མཐུ། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་བསྐྲུན་བྱེད་དགོས།

­­­ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ན་དོན་ཆེན་འདི་དག་བསྒྲུབ་དགོས།

འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ནས།    དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ།   རང་རྒྱལ་གྱི་དཔལ་འབྱོར་ནི་མྱུར་མོར་འཕར་བའི་དུས་རིམ་ནས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་རིམ་ལ་བསྒྱུར་ཡོད་པ་དང་། འཕེལ་རྒྱས་འགྲོ་སྟངས་བསྒྱུར་བ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར།  འཕར་ཚད་ཀྱི་སྒུལ་ཤུགས་བརྗེ་བ་བཅས་ཀྱི་སྒང་ཡིན་ལ།  དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ནི་འགག་སྒོ་བརྒལ་བའི་ཁ་ཚ་དགོས་གཏུག་གི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་ཡིན།

     མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ། འཛམ་གླིང་སྟེང་ཡོད་ཚད་འདྲ་མཚུངས་ཡིན་པའི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་ཞིག་མེད་པ་དང་།  ཆབ་སྲིད་ལམ་ལུགས་ནི་ངེས་ཅན་གྱི་སྤྱི་ཚོགས་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་སྲོལ་རྒྱུན་རིག་གནས་དང་ཁ་བྲལ་ནས་དོན་སྤྱི་ཙམ་གྱི་ཤན་འབྱེད་བྱས་མི་ཆོག་ལ།     གཅིག་བཀུར་གྱི་གཏན་འབེབས་ཀྱང་བྱས་མི་ཆོག་པ་མ་ཟད། ཕྱི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་ལ་འདྲ་དཔེ་རྒྱས་འགེབས་ཀྱང་བྱས་མི་ཆོག

རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དུ་བཏང་ནས།  སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བྱེད་པ།   རིག་གནས་ལ་ཚད་མཐོ་བའི་ཡིད་ཆེས་མེད་ན།  རིག་གནས་ཀྱི་དར་རྒྱས་གོང་འཕེལ་མེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་མེད་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུ་ལ་རྒྱུན་འཁྱོངས་བྱེད་དགོས་ལ། མི་རིགས་ཡོངས་ཀྱི་རིག་གནས་ཀྱི་གསར་གཏོད་དང་གསར་འཛུགས་ནུས་པར་སྐུལ་སློང་བྱས་ཏེ།  སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་བསྐྲུན་དགོས།

     དམངས་འཚོའི་འགན་སྲུང་དང་ལེགས་བཅོས་ཀྱི་སྤུས་ཚད་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱ་དགོས།  མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ་ནི་ང་ཚོ་ཏང་གི་ཐོག་མཐའ་བར་གསུམ་དུ་འགྱུར་རྒྱུ་མེད་པའི་འབད་བརྩོན་གྱི་དམིགས་འབེན་ཡིན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ནི་བླ་ན་མེད་པའི་གོ་གནས་སུ་འཇོག་དགོས་ལ།  བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེས་མང་བ་དང་ཆེས་འདྲ་མཉམ་ཡིན་པའི་སྒོ་ནས་མི་དམངས་ཡོངས་ལ་ཕན་པར་བྱེད་དགོས་ཤིང་། མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་ཡོང་བ་མངོན་འགྱུར་བྱེད་པར་དམིགས་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས།

      སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མགྱོགས་མྱུར་བཅོས་བསྒྱུར་བྱས་ཏེ།  མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ།   ང་ཚོའི་འཛུགས་སྐྲུན་བྱེད་དགོས་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་ལ། ཆེས་མང་པོའི་དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་གསར་གསར་སྐྲུན་བྱས་ཏེ་མི་དམངས་ཀྱི་ཉིན་རེར་འཕར་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་ཚིམ་པར་བྱེད་དགོས་པ་མ་ཟད།  ཆེས་མང་པོའི་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་མང་པོ་མཁོ་འདོན་བྱས་ཏེ་མི་དམངས་ཀྱི་ཉིན་རེར་འཕར་བའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་ཡང་ཚིམ་པར་བྱེད་དགོས།

     ཀྲུང་གོའི་ཁྱད་ཆོས་ཀྱི་སྟོབས་ལྡན་དམག་དཔུང་གི་ལམ་བུ་བགྲོད་པར་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།  ༢༠༢༠ལོར་ཐོན་དུས་འཕྲུལ་ཆས་ཅན་ཕལ་ཆེར་མངོན་འགྱུར་ཡོང་བ་ཁག་ཐེག་བྱ་དགོས་ལ།  ཆ་འཕྲིན་ཅན་འཛུགས་སྐྲུན་ལ་གོང་འཕེལ་ཆེན་པོ་ཐོབ་པ་དང་། འཐབ་ཇུས་ནུས་པར་འཕེལ་རྒྱས་ཆེན་པོ་ཐོབ་དགོས།  ༢༠༣༥ལོར་ཐོན་དུས་རྒྱལ་སྲུང་དང་དམག་གི་དེང་རབས་ཅན་ཕལ་ཆེར་འགྲུབ་པར་བརྩོན་ལེན་བྱ་དགོས་ལ།  དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་མཆོག་གྱུར་གྱི་དམག་དཔུང་ཞིག་ཏུ་བསྐྲུན་དགོས།

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིསཡིན་པར་རྒྱུན་འཁྱོངས་བྱས་ཏེ།  མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་བྱ་དགོས།   ང་ཚོས་མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལོ་རྒྱུས་སྐྱོ་གར་བསྐྱར་འཁྲབ་བྱེད་པར་བཟོད་སྒོམ་གཏན་ནས་མི་བྱེད། མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་འགུལ་ཡོད་ཚད་ལ་ངེས་པར་དུ་མི་དམངས་ཡོངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་ཐེབས་ལ། ང་ཚོ་ལ་འགྱུར་མེད་ཀྱི་འདོད་བློ་དང་གང་མང་གི་ཡིད་ཆེས། འདང་ངེས་ཀྱི་ནུས་ཤུགས་ཡོད་པས་རྣམ་པ་གང་ཞིག་གིཐའེ་ཝན་རང་བཙནགྱི་ཁ་བྲལ་ལྐོག་ཇུས་ཡོད་ཀྱང་ཕམ་པར་བྱེད་ཐུབ།  ང་ཚོས་མི་གང་རུང་དང་རྩ་འཛུགས་གང་རུང་། སྲིད་ཏང་གང་རུང་བཅས་ཀྱིས་དུས་གང་ཞིག་ཏུ་རྣམ་པ་གང་རུང་གིས་སྒོ་ནས་ཀྲུང་གོའི་མངའ་ཁོངས་ཀྱི་ས་ཁོངས་གང་ཞིག་ཀྲུང་གོ་ནས་ཁ་བྲལ་དུ་གཏོང་བར་གཏན་ནས་ཁས་ལེན་མི་བྱེད།

འཆམ་མཐུན་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཀྱི་ལས་དབང་གི་ཐུན་མོང་ཚོགས་པ་གྲུབ་པར་སྐུལ་འདེད་བྱ་དགོས།  ཀྲུང་གོས་རྒྱལ་ཁབ་གཞན་གྱི་ཁེ་ཕན་བློས་གཏོང་བ་ལ་བརྟེན་ནས་རང་ཉིད་འཕེལ་རྒྱས་གཏོང་བ་གཏན་ནས་མི་བྱེད་པ་དང་།  རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་ཡང་གཏན་ནས་བློས་མི་གཏོང་ལ།   མི་གང་ཞིག་ཡིན་རུང་ཀྲུང་གོར་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པའི་སྡུག་ཁུར་དུ་འཇུག་དགོས་པའི་སྟོང་བསམ་མ་བཅང་།   ཀྲུང་གོས་འགོག་སྲུང་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱེད་པ་ཡིན།  ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གང་ཞིག་ལའང་འཇིགས་སྐུལ་གཏོང་མི་སྲིད། ཀྲུང་གོ་འཕེལ་རྒྱས་ཀྱི་ཚད་གང་དང་གང་ལ་ཐོན་རུང་།  དུས་ནམ་ཡང་ཧན་འཛིན་མི་བྱེད་ལ།  ནམ་ཡིན་ཡང་རྒྱ་སྐྱེད་ཀྱི་ལས་མི་བྱེད།

       བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་དང་། ང་ཚོའི་ཏང་ལ་ངེས་པར་དུ་གནས་ཚུལ་གསར་པ་དང་མཛད་རྗེས་གསར་པ་ཡོད་དགོས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ཡུན་རིང་དུ་ལམ་ལ་གནས་ཡོད།    སྲིད་ཏང་གཅིག་དང་སྲིད་དབང་གཅིག་སྟེ།  ལས་དབང་གི་མདུན་ལམ་ནི་བློ་ཕྱོགས་གཏད་མིན་ལ་རག་ལས་པ་རེད།  མི་དམངས་མང་ཚོགས་ཀྱི་ཅི་ཞིག་ལ་ངོ་རྒོལ་བྱེད་པ་དང་།   ཅི་ཞིག་ལ་སྡང་སེམས་སྐྱེས་ན།  ང་ཚོས་མཐའ་གཅིག་ཏུ་དེ་ལ་དོགས་ཟོན་དང་དེ་ལ་དག་བཅོས་བྱ་དགོས།

       དུས་རབས་གསར་པའི་ཀྲུང་གོའི་ཁྱོད་ཆོས་ལྡན་པའི་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲས་དགོས།   མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་གནད་དོན་ཚང་མར་གཟབ་ནན་ཡིནཔའི་བྱེད་སྟངས་འཛིན་དགོས་ལ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ཚང་མར་མཐའ་གཅིག་ཏུ་དག་བཅོས་བྱ་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་བྱས་ཏེ།  སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་མ་ལག་ཚང་བའི་ཉེས་སྐྱོན་ཐེར་འདོན་དང་གོང་ཞུ་ཡི་སྟེགས་བུ་འཛུགས་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་དམ་པོའི་ངང་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་མཐུན་སྒྲིལ་བྱེད་དགོས་ལ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ།  བློ་རྩ་བརྟན་པོས་མདུན་དུ་བསྐྱོད་པ་དང་།བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དང་མེས་རྒྱལ་གཅིག་གྱུར་ལེགས་འགྲུབ། འཛམ་གླིང་འཆམ་མཐུན་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་ལོ་རྒྱུས་ཀྱི་ལས་འགན་ཆེན་མོ་གསུམ་མངོན་འགྱུར་བྱེད་ཆེད་དང་།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་ཆེན་མོར་བརྩོན་ལེན་བྱེད་པ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར།  མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཟུང་བའི་རེ་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་མུ་མཐུད་དུ་འབད་བརྩོན་བྱ་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་དོན་སྙིང་གལ་ཆེན།

       ཉེ་རབས་ནས་བཟུང་དཀའ་ཁག་མང་པོ་བརྒྱུད་པའི་ཀྲུང་ཧྭ་མི་རིགས་ཀྱིས་ཡར་འགྲེང་བ་དང་ཕྱུག་པོར་འགྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེ་བའི་འཕེལ་རྒྱས་བསུས་འོངས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་ལྡན་པའི་མདུན་ལམ་བསུས་འོངས་བས། ཚན་རིག་གི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་ཉེར་གཅིག་པའི་ཀྲུང་གོ་རུ་སྟོབས་ཤུགས་ཆེ་བའི་སྒོ་ནས་སྐྱེ་སྟོབས་ཀྱི་དཔལ་རྒྱས་སུ་བཅུག་པ་མཚོན། འཛམ་གླིང་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བས།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་གཞུང་ལུགས།  ལམ་ལུགས། རིག་གནས་བཅས་མུ་མཐུད་འཕེལ་རྒྱས་འགྲོ་བ་མཚོན་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་བསྐྱོད་པའི་འགྲོ་ལམ་རྒྱ་བསྐྱེད་པ་དང་། འཛམ་གླིང་སྟེང་གི་མྱུར་དུ་འཕེལ་རྒྱས་འགྲོ་འདོད་པ་དང་རང་ཉིད་ཀྱི་རང་བཙན་རང་བཞིན་ལ་རྒྱུན་འཁྱོངས་བྱེད་འདོད་པའི་རྒྱལ་ཁབ་དང་མི་རིགས་དག་ལ་གདམ་ག་གསར་པ་ཞིག་གནང་ཞིང་།  མི་རིགས་ཀྱི་གནད་དོན་ཐག་གཅོད་པར་ཀྲུང་གོའི་ཤེས་རིག་དང་ཀྲུང་གོའི་ཐབས་ཤེས་འབུལ་བ་རེད།

ཚོགས་ཆེན་བཅུ་དགུ་པས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དབྱེ་ཞིབ་བྱེད་དུསའགྱུར་ལྡོག་མེད་པ་གཉིསགང་ལ་ནན་གྱིས་བཤད་པ་རེད།

རང་རྒྱལ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་སྔར་བཞིན་འགྱུར་མེད་པ་དང་ཡུན་རིང་དུ་མི་འགྱུར་བར་གནས་པ་ཡིན་ལ།རང་རྒྱལ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་མེད།  

ཉེ་བའི་ལོ་འགའི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་ཕུགས་འདུན།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་གྱུར་བྱེད་པ།

ཀྲུང་གོ་གུང་ཁྲན་ཏང་གི་ཆེས་མཐོའི་ཕུགས་བསམ་དང་མཐར་ཐུག་གི་དམིགས་འབེན།

གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པ།

ཀྲུང་གོ་གུང་ཁྲན་ཏང་གི་ནམ་ཡང་བྱེད་པ་གང་གཉིས་སྒྲུབ་ཐུབ་དགོས།

ནམ་ཡང་དུས་རབས་ཀྱི་སྔོན་སྐྱོད་པ་དང་མི་རིགས་ཀྱི་གཙོ་འཁྲིད་པ་བྱེད་པ།ནམ་ཡང་མར་ཁི་སི་རིང་ལུགས་ཀྱིས་ཏང་སྐྱོང་བ་བྱེད་པ།

རླབས་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་ཏང་ཡོངས་ཀྱིས་སྟོབས་ཤུགས་གང་བཞི་ལ་ཤུགས་སྣོན་དང་སྟོབས་ཤུགས་གང་གཉིས་ལ་ཁག་ཐེག་བྱ་དགོས།

ཏང་གི་ཆབ་སྲིད་འགོ་ཁྲིད་དང་བསམ་བློའི་སྐུལ་འཁྲིད།མང་ཚོགས་རྩ་འཛུགས།སྤྱི་ཚོགས་འབོད་སྐུལ་བཅས་ཀྱི་སྟོབས་ཤུགས་བཞི་ལ་ཤུགས་སྣོན་དང་ང་ཚོ་ཏང་གི་རྟག་བརྟན་དར་རྒྱས་ཀྱི་གསོན་ཤུགས་དང་འཐབ་འཛིང་སྟོབས་ལྡན་གྱི་སྟོབས་ཤུགས་གཉིས་ལ་ཁག་ཐེག་བྱ་དགོས།

ཀྲུང་གོ་གུང་ཁྲན་ཏང་གིས་སྔར་བས་རང་འགུལ་དུ་ཡིད་རྟོན་གང་བཞི་ལ་ཤུགས་སྣོན་དགོས།  

རིང་ལུགས་དང་གཞུང་ལུགས། ལམ་ལུགས།རིག་གནས་བཅས་ཡིད་རྟོན་བཞི་ལ་ཤུགས་སྣོན་དགོས།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྤྱིའི་བཀོད་སྒྲིག་དང་འཐབ་ཇུས་བཀོད་སྒྲིག

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྤྱིའི་བཀོད་སྒྲིག་ནི་གནས་ལྔ་གཞི་གཅིག་དང་འཐབ་ཇུས་བཀོད་སྒྲིག་ནི་ཁྱོན་ཡོངས་བཞི་ཡིན་ནོ།།

ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་མོ་བྱེད་པ་སྤྱིའི་དམིགས་འབེན།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་སྟེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་དགོས།

ཁྱོན་ཡོངས་ནས་ཁྲིམས་བརྟེན་རྒྱལ་སྐྱོང་ལ་སྐུལ་འདེད་བྱེད་པ་སྤྱིའི་དམིགས་འབེན།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་དགོས།

ཏང་གི་དུས་རབས་གསར་བའི་དམག་དཔུང་སྟོབས་ལྡན་གྱི་དམིགས་འབེན

ཏང་གི་འཀོད་འདོམས་ལ་ཉན་པ་དང་འཐབ་འཛིང་དུ་རྒྱལ་ཁ་ལོན་པ།སྤྱོད་ལམ་ལེགས་པའི་མི་དམངས་དམག་དཔུང་བསྐྲུན་ནས་མི་དམངས་དམག་དཔུང་ནི་འཛམ་གླིང་དུ་ཆེས་ལེཊ་པོའི་དམག་དཔུང་ཞིག་ཏུ་བསྐྲུན་དགོས།

ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་བྱེད་པར་འཛུགས་སྐྲུན་གང་གཉིས་ལ་སྐུལ་དགོས།

རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་བསྐྲུན་པ་དང་འགྲོ་བ་མིའི་ཐུན་མོང་གི་ལས་དབང་བསྐྲུན་པ་གཉིས་ལ་སྐུལ་འདེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ལེགས་པའི་བཟང་ཆ

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱེད་པ་དེ་ཡིན།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལོ་རྒྱུས་ཀྱི་གོ་གནས

དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་མར་ལའེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན།ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་དང།མར་ཁི་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཆེས་གསར་བའི་གྲུབ་འབྲས།ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་གི་ཤེས་རབ་ཀྱི་ཉིང་བཅུད་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་ལ།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཆེད་དུ་འབད་བརྩོན་བྱེད་པའི་ལག་ལེན་གྱི་ཕྱོགས་སྟོན་ཡིན།ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་དགོས་པ་མ་ཟད་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས།  

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཁྲེགས་གཏོང་འཐབ་འཛིང་ཆེན་མོ་གསུམ

ཉིན་ཁ་ཆེན་མོ་དང་དབུལ་སྐྱོར་གནད་ཕིགས།འབག་བཙོག་འགོག་བཅོས་བཅས་ལ་སྔོན་འགོག་དང་གཡོལ་ཟོན་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་རྒྱལ་སྐྱོང་གི་ལས་འགན་དང་པོའཕེལ་རྒྱས།

དཔལ་འབྱོར་འཕེལ་རྒྱས་གཏོང་བར་དམིགས་ཏེ་སེལ་དགོས་པའི་དཀའ་གནད་གསུམ

འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་དཔལ་འབྱོར་སྒྲིག་གཞི་ལེགས་སྡེབ།འཕེལ་རྒྱས་ཀྱི་སྒུལ་ཤུགས་བརྗེ་བསྒྱུར་བྱེད་པ་བཅས་གསུམ་མོ།།

ཚོགས་ཆེན་བཅུ་དགུ་པར་མ་འོངས་པའི་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་སྤྱིའི་རྩ་གནད

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པ།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པར་ངེས་པར་དུ་རྒྱུན་འཁྱོངས་དགོས་པའི་བྱེད་ཐབས།

སྤུས་ཚད་དང་པོ་དང་ཕན་འབྲས་ལེགས་པ།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པར་ངེས་པར་དུ་རྒྱུན་འཁྱོངས་དགོས་པའི་གཙོ་ཐིག

མཁོ་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པར་ངེས་པར་དུ་བཅོས་བསྒྱུར་ཆེན་མོ་གང་གསུམ་ལ་སྐུལ་འདེད་བྱ་དགོས།

དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཚད།སྒུལ་ཤུགས་བཅས་གསུམ་བཅོས་བསྒྱུར་དགོས།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པར་ངེས་པར་དུ་གནས་བཞི་མཐུན་སྦྱོར་གྱི་ཐོན་ལས་མ་ལག་བསྐྲུན་དགོས།

དངོས་ཕུང་དཔལ་འབྱོར་དང་ཚད་རིག་གསར་གཏོད།དེང་རབས་དངུལ་རྩ།མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་བསྐྲུན་དགོས།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པར་ངེས་པར་དུ་དམིགས་སུ་བཟུང་ནས་བསྐྲུན་དགོས་པའི་དཔལ་འབྱོར་སྒྲིག་གཞི

ཚོང་རའི་རྐྱེན་སྲོལ་ལ་ཕན་འབྲས་ལྡན་པ་དང་གཞི་ཆུང་གཙོ་ཕུང་ལ་གསོན་ཤུགས་རྒྱས་པ།སྤྱི་ཁོག་སྙོམ་སྒྲིག་ལ་ཤུགས་རྒྱས་པ་བཅས་ཡིན།

འཕེལ་རྒྱས་ཀྱི་འདུན་མ་གསར་བ་དོན་འཁྱོལ་བྱས་ཏེ་དེང་རབས་ཅན་གྱི་དབལ་འབྱོར་མ་ལག་བསྐྲུན་པར་གཙོ་བོ་གང་དག་འདུས

མཁོ་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་མོ་བྱེད་པ་དང་གསར་གཏོད་རྣམ་པའི་རྒྱལ་ཁབ་མྱུར་བར་བསྐྲུན་ནས།ཞིང་སྡེ་དར་སྤེལ་འཐབ་ཇུས་དང་མངའ་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་མྱུར་བར་འཐུང་ཚང་དུ་བཏང་སྟེ།ཁྱོན་ཡོངས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་དགོས།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པར་དམིགས་སུ་འཛིན་སདངོས་ཕུང་དཔལ་འབྱོར་ཡིན།

དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གྱི་གཙོ་གནད

ཐོན་དབང་ལམ་ལུགས་འཐུས་ཚང་དང་རྒྱུ་ཆའི་ཚོང་ར་ཅན་གྱི་སྡེབ་བཀོད།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་བླང་བྱ

དམི་དམངས་ཀྱི་འདོན་བློ་མངོན་པ།མི་དམངས་ཀྱི་ཁེ་ཕན་ལ་ཁག་ཐེགམི་དམངས་ཀྱི་གསར་གཏོད་གསོན་ཤུགས་བསྔོག་འདོན་བཅས་བྱས་ཏེ། ལམ་ལུགས་མ་ལག་སྟེང་ནས་མི་དམངས་བདག་པོ་བྱེད་པར་ཁག་ཐེག་བྱེད་དགོས།

ཏང་གི་འགོ་ཁྲིད་དང་མི་དམངས་བདག་པོ་བྱེད་པ།ཁྲིམས་བརྟེན་རྒྱལ་སྐྱོང་བཅས་གསུམ་གྱི་འབྲེལ་བ། དངོས་ཕུང་དཔལ་འབྱོར་ཡིན།

ཏང་གི་འགོ་ཁྲིད་ནི་མི་དམངས་བདག་པོ་བྱེད་པ་དང་ཁྲིམས་བརྟེན་རྒྱལ་སྐྱོང་གི་གཞི་རྩའི་ཁག་ཐེག་ཡིན།མི་དམངས་བདག་པོ་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱེད་ཆོས་ཡིན།ཁྲིམས་བརྟན་རྒྱལ་སྐྱོང་ནི་ཏང་གི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་བྱེད་ཐབས་ཡིན།དེ་གསུམ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་རླབས་ཆེན་ལག་ལེན་ཁྲོད་གཅིག་གྱུར་བྱས་ཡོད།

དེང་རབས་ཀྱི་ཀྲུང་གོའི་སྙིང་སྟོབས་གཅིག་བསྡུས་ཀྱི་མངོན་སྟངས

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ།

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ།

རྒྱལ་ཁབ་རིམ་པའི་ཕྱོགས་ནས།   འབྱོར་ཕྱུག   དམངས་གཙོ།  དཔལ་ཡོན། འཆམ་མཐུན།

སྤྱི་ཚོགས་རིམ་པའི་ཕྱོགས་ནས།   རང་དབང་།   འདྲ་མཉམ།     དྲང་བཞག     ཁྲིམས་སྐྱོང་།

   མི་སྒེར་རིམ་པའི་ཕྱོགས་ནས།     རྒྱལ་གཅེས། ལས་བརྩོན། དྲང་རྟོན།   མཛའ་མཐུན།

སྲིད་འཛིན་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོ་འཇལ་བའི་རྒྱ་རྡོ

ཅི་ཕྱིར་འགྲོ་བ་མིའི་གནད་དོན་ཡིན་པ།

ཀྲུང་གོ་གུང་ཁྲན་ཏང་གི་ནམ་ཡང་དམ་ལྷོད་མེད་པའི་ཧུར་བརྩོན་གྱི་དམིགས་འབེན

མི་དམངས་ཀྱི་སྣེ་འཁྲིད་དེ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།

ཏང་གི་ཚོཊ་ཆེན་བཅུ་དགུ་པར་བསྟན་པའི་ངེས་པར་དུ་ཆཊ་དགོས་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུན་མ།

མི་དང་རང་བྱུང་ནི་ཚེ་སྲོག་སྤྱིའི་རྟེན་འབྱུང་གི་གྲུབ་ཆ་ཡིན།འགྲོ་བ་མིས་ངེས་པར་དུ་རང་བྱུང་ལ་བརྩི་མཐོང་དང་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བསྟུན་པ།རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱ་དགོས།

ཏང་གི་ཚོཊ་ཆེན་བཅུ་དགུ་པར་བསྟན་པའི་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་མྱུར་བར་བཅོས་བསྒྱུར་དང་མཛེས་སྡུག་གི་ཀྲུང་གོ་བསྐྲུན་པའི་གཞི་རྩའི་མཛུབ་སྟོན་བསམ་བློ

གྲོན་ཆུང་དང་སྲུང་སྐྱོང་ལེགས་པོར་བྱེད་དང་རང་བྱུང་སླར་གསོ་གཙོ་བོ་ཡིན་པའི་བྱེད་ཐབས་ལ་རྒྱུན་འཁྱོངས་བྱས་ཏེ།ཐོན་ཁུངས་དང་ཁོར་ཡུག  ཐོན་ལས་སྒྲིག་གཞི།ཐོན་སྐྱེད་རྣམ་པ། འཚོ་བ་རོལ་སྟངས་བཅས་སུ་གྲོན་ཆུང་དང་སྲུང་སྐྱོང་ལྡན་པའི་རྣམ་པ་གྲུབ་ཏེ།རང་བྱུང་ལ་ལྷིང་འཇགས་དང་འཆམ་མཐུན། མཛེས་སྡུག་སྩོལ་དགོས།

ནུས་པ་བཞི་ལྡན་གྱི་དུས་རབས་གསར་བའི་གསར་བརྗེའི་དམག་མི་གསོ་སྐྱོང་དགོས

དཔའ་མཛངས་རྟུལ་ཕོད་དང་བསམ་བློའི་ཀུན་སྤྱོད་བཅས་བཞི་ལྡན་པའོ།།

དམག་མིའི་སྲོག་ཤིང་གི་འཐབ་འཛིང་སྟོབས་ཤུགས ཚན་རྩལ།

ཤང་ཀང་དང་ཨོ་མིན་དུས་ཡུན་རིང་བོའི་འཕེལ་རྒྱས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་བླང་བྱ།

ཁྱོན་ཡོངས་ནས་ཡང་དག་པའི་ངང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཤང་ཀང་བས་ཞང་ཀང་སྐྱོང་བ་དང་ཨོ་མིན་བས་ཨོ་མིན་སྐྱོང་བ།ཚད་མཐོའི་རང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱས་ཏེ།གཟབ་ནན་སྒོས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་བརྟེན་ནས་ལས་དོན་སྤེལ་བ་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་དང་འབྲེལ་ཡོད་ཀྱི་ལམ་ལུགས་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།

ཤང་ཀང་དང་ཨོ་མིན་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི ཀྲུང་གོ་གཅིག་གི་རྩ་དོན།

ཀྲུང་གོ་གུང་ཁྲན་ཏང་གིས་སྐུལ་འདེད་སྒོས་འཛུཊ་སྐྲུན་བྱེད་པའི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ།

ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་དྲང་བདེན།མཉམ་འབྲེལ་མཉམ་རྒྱལ་གྱི་འབྲེལ་བ་ཡིན།

ད་སྔའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ ཞི་བདེ་དང་འཕེལ་རྒྱས།

ཏང་ནང་ཁུལ་དུ་གནས་པའི་མི་ལེགས་པ་གསུམ་གྱི་གནད་དོན

བསམ་བློ་མི་ལེགས་པ། རྩ་འཛུགས་མི་ལེགས་པ།སྤྱོད་ལམ་མི་ལེགས་པ་བཅས་གསུམ་ཡིན།

ཏང་ལ་འཕྲད་པའི་ཉམས་ཚོད་ལེན་པ་བཞི་དང་ཉེན་ཁ་རིགས་བཞི

སྲིད་འཛིན་ལ་ཉམས་ཚོད་ལེན་པ་དང་བཅོས་བསྒྱུར་སྒོ་འབྱེད་ལ་ཉམས་ཚོད་ལེན་པ།ཚོང་རའི་དཔལ་འབྱོར་ལ་ཉམས་ཚོད་ལེན་པ།ཕྱི་ཕྱོགས་ཁོར་ཡུག་གི་ཉམས་ཚོད་ལེན་པ་བཅས་ཉེན་ཚོད་ལེན་པ་བཞི་དང་། སྙིང་སྟོབས་བག་ཉལ་གྱི་ཉེན་ཁ་དང་ནུས་པ་མི་འདང་བའི་ཉེན་ཁ།མང་ཚོགས་དང་ཁ་འབྲལ་བའི་ཉེན་ཁ། ཕན་མེད་རུ་སུངས་ཀྱི་ཉེན་ཁ་བཅས་ཉེན་ཁ་རིགས་བཞིའོ།།

ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁི་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཡིན་པའི་གཞི་རྩའི་བླང་བྱ  

ལྟ་བ་གསལ་སྟོན་སྒོས་ཆབ་སྲིད་གླེང་བ།

ཀྲུང་གོ་གུང་ཁྲན་ཏང་གི་གཞི་རྩའི་རང་བཞིན་གྱི་འཛུགས་སྐྲུན  ཆབ་སྲིད་འཛུགས་སྐྲུན།

ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ལས་འགན་དང་པོ

ཏང་ཡོངས་ཀྱིས་ཀྲུང་དབྱང་གི་བཀའ་གསུང་ལ་བཀུར་བ་དང་ཏང་ཀྲུང་དབྱང་གི་ཟིལ་ཤུགས་དང་གཅིག་གྱུར་གྱི་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པ།

ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཇེ་ལེགས་སུ་གཏོང་བའི་རང་བཞིན་བཞི

ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན།རྩ་དོན་རང་བཞིན། འཐབ་ཇུས་རང་བཞིན་བཅས་བཞིའོ།།

ཀྲུང་གོ་གུང་ཁྲན་ཏང་མིའི་གཞི་རྩའི་ཆབ་སྲིད་འོས་འགན

ཏང་ལ་བློ་བཀུར་བ་དང་ཏང་དང་སྐྱིད་སྡུག་མཉམ་མྱོང་།ཏང་གི་ཆེད་དུ་འོས་འགན་དང་ལེན་བྱེད་པ། དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པ་བཅས་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན བསམ་བློའི་འཛུགས་སྐྲུན།

ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་སྲོག་ཤིང་དང་ཆབ་སྲིད་ཀྱི་བླ་སྲོག

གུང་ཁྲན་རིང་ལུགས་ཀྱི་ཕུ་རྒྱང་རིང་བའི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན།

ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློའི་འཛུགས་སྐྲུན་གྱི་ལས་འགན་དང་པོ ཕུགས་འདུན་བརྟན་མོ་ཆཊ་པ།

ཏང་གི་ཚོགས་ཆེན་བཅུ་དགུ་པར་ཏང་ཡོངས་སུ་སྤེལ་བར་བཀོད་སྒྲིག་མཛད་པའི་བརྗོད་དོན་སློབ་གསོ

ཐོག་མའི་སེམས་འདུན་མི་བརྗེད་པར་འོས་འགན་ཡིད་ལ་བཅངས་པའི་བརྗོད་དོན་སློབ་གསོ།

ཏང་གི་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་ལ་རྒྱུན་འཁྱོངས་བྱེད་པ

ཤེས་ཡོན་གཉིས་ལྡན་དང་ཀུན་སྤྱོད་བཟང་བོར་རྒྱུན་འཁྱོངས་དང་ཡུལ་ལུང་སོ་སོའི་མི་འཇོན་ཐང་ཅན་ལ་རྒྱུན་འཁྱོངས།ལས་དོན་གཙིག་ཏུ་བཀུར་ཞིང་འདྲ་མཉམ་དྲང་བཞག་ལ་རྒྱུན་འཁྱོངས།

གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དམིགས་འབེན  

ཏང་གི་འདོན་བློ་དྲིལ་སྒྲོག་དང་ཏང་གི་ཐག་གཅོད་དོན་འཁྱོལ།  གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད།མང་ཚོགས་ལ་མཐུན་སྒྲིལ་ཡོང་བར་སྐུལ་སློང་།བཅོས་བསྒྱུར་འཕེལ་རྒྱས་ཀྱི་འཛིང་རགས་བརྟན་པོ་བསྐྲུན་པར་སྐུལ་འདེད་དགོས།

ཏང་ཀྲི་པུའི་འཁུར་བའི་འོས་འགན

ཐད་ཀར་གྱིས་ཏང་ལ་སློབ་གསོ་གཏོང་བ་དང་དོ་དམ་ལྟ་རྟོག་བྱེད་པ།མང་ཚོགས་རྩ་འཛུགས་བྱེད་པ། མང་ཚོགས་ལ་དྲིལ་སྒྲོག་བྱེད་པ།མང་ཚོགས་མཐུན་སྒྲིལ་ཡོང་བར་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་སྟེང་རུལ་སུངས་འཐབ་འཛིང་ཐད་བཏོན་པའི་བླང་བྱ

ཚད་བཀག་མེད་པར་ཡོངས་སུ་འཁེལ་ཞིང་བཟོད་སྒོམ་མི་བྱེད་པ་རྒྱུན་འཁྱོངས་དང་བཀག་འགོག་གཟབ་ནན་དང་ཚ་ལན་ནན་མོ་བྱིན་ཏེ་ཟིལ་ཤུགས་སྟོན་པར་རྒྱུན་འཁྱོངས།ལྐོག་ཟ་རྔམ་ལེན་མཉམ་དུ་ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས།ཏང་ནང་ཁུལ་དུ་ཁེ་ཕན་ཚོགས་ཁག་གྲུབ་པར་བཀག་འགོག་ནན་མོ་བྱ་དགོས།

ཏང་གི་ཚོགས་ཆེན་བཅུ་དགུ་སྟེང་ཏང་ཡོངས་ཀྱིས་ངེས་པར་དུ་ཤུགས་སྣོན་དགོས་པར་འབོད་སྐུལ་བྱས་པའི་ནུས་པ་རིགས་བརྒྱད

སློབ་སྦྱོང་གི་ནུས་པ་དང་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ།བཅོས་བསྒྱུར་གསར་གཏོད་ནུས་པ། ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བའི་ནུས་པ།ཁྲིམས་ལྟར་སྲིད་སྐྱོང་གི་ནུས་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ།  དམ་འཛིན་དོན་འཁྱོལ་གྱི་ནུས་པ། ཉེན་སྲུང་བཅོས་སྐྱོང་གི་ནུས་པ་བཅས་བརྒྱད་དོ།།

ཆབ་སྲིད་འགོ་ཁྲིད་ནུས་པ་ཇེ་མཐོར་གཏོང་ཚེ་རྒྱུན་འཁྱོངས་དགོས་པའི་རིག་ལམ་རིགས་ལྔ

འཐབ་ཇུས་ཀྱི་རིག་ལམ་དང་གསར་གཏོད་ཀྱི་རིག་ལམ།རྩོད་སྒྲུབ་ཀྱི་རིག་ལམ། ཁྲིམས་སྐྱོང་གི་རིག་ལམ།མཐའ་མའི་ཚད་ཐིག་གི་རིག་ལམ་བཅས་ལྔའོ།།

དམ་འཛིན་དོན་འཁྱོལ་ཇེ་ལེགས་སུ་གཏོང་བའི་ནུས་པའི་དོན་དངོས་བཞི

སྐད་ཆ་དོན་དངོས་བཤད་པ་དང་ལས་དོན་དངོས་འཇུ་འགོད་བྱེད་པ།བྱེད་ཐབས་དོན་དངོས་འདོན་པ། ཕན་འབྲས་དོན་དངོས་ཅན་ལོན་པ་བཅས་བཞིའོ།།

ཏང་གི་ཚོགས་ཆེན་བཅུ་དགུ་བས་མཐུན་སྒྲིལ་དྲག་གཏོང་ཐད་བཏོན་པའི་བླང་བྱ་ནི།

ཏང་ཡོངས་ཀྱིས་ངེས་པར་དུ་རང་འགུལ་གྱིས་ངང་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་དང་།  ཏང་དང་མི་དམངས་མང་ཚོགས་བར་ཤ་ཁྲག་ལྟ་བའི་འབྲེལ་འདྲིས་དམ་པོ་རྒྱུན་འཁྱོངས། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས་བ་དང་།   རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོར་མཐུན་སྒྲིལ་ཡོང་བར་ཤུགས་སྣོན།  མཐུན་སྒྲིལ་བྱེད་ཆོག་པའི་ཤེད་ཤུགས་ཡོད་ཚད་གཅིག་ཏུ་སྒྲིལ་དགོས་ལ། སྟོབས་ཤུགས་མཉམ་བསྡུས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་ཀྱི་བསྐྱར་དར་བཅས་འོད་སྟོང་འབར་བའི་མདུན་ལྗོངས་སུ་བསྐྱོད་དགོས།

ཏང་གི་ཚོགས་ཆེན་བཅུ་དགུ་བས་རྒྱ་ཆེ་བའི་གཞོན་ནུ་ལ་བཏོན་པའི་བླང་བྱ་ནི།

རྒྱ་ཆེ་བའི་གཞོན་ནུ་དག་གིས་ཕུགས་བསམ་ཡིད་ཆེས་བརྟན་ཞིང་བློ་སྟོབས་བསྐྱེད་དེ།   གོམ་གང་མདུན་སྤོས་ངང་དུས་རབས་ཀྱི་སྔོན་སྐྱོད་ཕོ་རྒོད་བྱེད་ཕོད་པ་དང་།  ཀྲུང་གོའི་འདུན་མ་མངོན་འགྱུར་ཁྲོད་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཁྲོད་དུ་ལང་ཚོའི་ཕུགས་འདུན་འཕུར་འཕྱོང་དང་མི་དམངས་ཀྱི་ཁེ་ཕན་ལ་བསྙེག་པའི་ཁྲོད་སྤྱིར་བཏང་མིན་པའི་མི་ཚེ་ཡི་སྙན་རྩོམ་འགོད་དགོས།

ཀྲུང་གོ་གྲུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འོས་འགན་ཆེན་མོ་གསུམ།

དེང་རབས་ཅན་གྱི་འཛུགས་སྐྲུན་ལེགས་པར་འགྲུབ་དང་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་དགོས།  འཛམ་གླིང་ཞི་བདེ་ཡོང་བར་སྲུང་སྐྱོང་དང་ཆབས་ཅིག་ཏུ་གོང་འཕེལ་འགྲོ་བར་སྐུལ་འདེད་བྱེད་པ་བཅས་སོ།

སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་སྡེ་ཁག་གི་ཁོངས་མི།

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་།  ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ལྷན་ཁང་གི་ཨུ་ཡོན་ཞི་ཅིན་ཕིང་དང་ལི་ཁོ་ཆང་།  ལི་ཀྲན་ཧྲུའུ། ཝང་དབྱང་།  ཝང་ལུའུ་ཉིང་།   ཀྲའོ་ལེ་ཅི།  ཧན་ཀྲེང་བཅས་ཡིན།

མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐབ་ཇུས།

མཉམ་འགྲོས་གཅིག་དང་སྔར་ལས་ལྷག་པ་བཞི་ཡིན་ཏེ།  དེ་ནི་རྒྱལ་ཡོངས་དང་མཉམ་འགྲོས་སྒོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་གཅིག་དང་།  སྔར་ལས་ལྷག་པའི་འབྱོར་ཕྱུག་དང་སྔར་ལས་ལྷག་པའི་འཆམ་མཐུན།  སྔར་ལས་ལྷག་པའི་མཛེས་སྡུག་ལྡན་པ་བཅས་བཞིའི་སྟེང་ནས་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱེད་རྒྱུ་དེ་ཡིན།

སྟོང་ལྔ་ཅན་གྱི་ཐོན་ལས་འདུས་འཛོམས།

སྒོར་ཁྲི་ཕྲག་ཅན་གྱི་ཐོན་ལས་འདུས་འཛོམས་དང་སྟོང་ཝ་ཕྱེ་བ་རིམ་པའི་ནུས་ཁུངས་གསར་བའི་ཐོན་ལས་འདུས་འཛོམས། སྒོར་ཁྲི་ཕྲག་ཅན་གྱི་རྒྱུ་ཆ་གསར་བའི་ཐོན་ལས་འདུས་འཛོམས།  སྒོར་ཁྲི་ཕྲག་ཅན་གྱི་མཐོ་སྒང་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འདུས་འཛོམས།ཏུན་ཕྱེ་བ་ཅན་གྱི་མ་བཅོས་རྡོ་སྣུམ་གསོག་འཇོག་དང་དེ་མིན་སྣུམ་རླངས་ཅན་སྒྱུར་གྱི་ཐོན་ལས་འདུས་འཛོམས་བཅས་ཡིན།

རྒྱུད་གཅིག་དང་ལམ་གཅིག

དར་གོས་ཚོང་ལམ་དང་དཔལ་འབྱོར་གྱི་རྒྱུད་ཡིན་ལ།  དུས་རབས་ཉེར་གཅིག་པར་ཧྲང་ཧའེ་ནི་དར་གོས་ཚོང་ལམ་ཡིན་ནོ།

འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་མོ་ལྔ།

གསར་གཏོད་དང་མཐུན་སྦྱོར།   ལྗང་མདོག སྒོ་འབྱེད།   མཉམ་སྤྱོད་བཅས་སོ།

གནས་ལྔ་གཞི་གཅིག

དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཡིན།

ཁྱོན་ཡོངས་བཞི།

 ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ།   ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་།   ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་བཅས་ཡིན།

གྲོང་ཚོ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ནི།  

གྲོང་ཚོ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ནི2017ལོའི་ཟླ10བའི་ཚེས18ཉིན་ལ་བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ནང་བཏོན་པ་ཡིན་ལ།   ཞིང་ལས་དང་ཞིང་སྡེ། ཞིང་བ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་རྩ་བ་རང་བཞིན་གྱི་གནད་དོན་ཡིན་ལ།   ནམ་ཡང་ངེས་པརཞིང་གསུམགྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གཙོ་ཆེན་ལས་འགངས་ཆེན་དུ་འཛིན་དགོས།

གཞི་རྩའི་རྩ་དོན་བཞི།

 ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཐབས་ལམ་རྒྱུན་སྐྱོངས་བ་དང་།  ངེས་པར་དུ་མི་དམངས་དམངས་གཙོ་ནི་སྲིད་དང་སྒེར་འཛིན་ཡིན་པར་རྒྱུན་འཁྱོངས། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པར་རྒྱུན་འཁྱོངས།  ངེས་པར་དུ་མར་ལེའི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་བཅས་ལ་རྒྱུན་འཁྱོངས་བྱེད་པ་བཅས་སོ།

ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ།

1953ལོའི་ཟླ12ལ་ཀྲུང་གོའི་སྲིད་གཞུང་དང་རྒྱ་གར་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱིས་ལྷ་སའི་ས་གནས་ཀྱི་འབྲེལ་བའི་གནད་དོན་ལ་གྲོས་མོལ་བྱས་ཤིང་།  ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱ་གར་འཐུས་མི་ཚོགས་པ་མཇལ་འཕྲད་གནངས་དུས་སུ་ཐོག་དང་པོར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་པ་ཡིན་ལ། དེ་ནི་ཕན་ཚུན་བར་བདག་དབང་དང་མངའ་ཁོངས་ཆ་ཚང་ཡིན་པར་བརྩི་འཇོག་བྱེད་པ་དང་།  ཕན་ཚུན་བཙན་གནོད་མི་བྱེད་པ།  ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ།  འདྲ་མཉམ་ཟུང་ཕན།  ཞིབ་བདེ་མཉམ་གནས་བཅས་ཡིན།

སྤྱི་སྤྱོད་རིག་གནས་ཞབས་ཞུ་ནི།

དེ་ནི་སྲིད་གཞུང་གི་སྤྱི་སྤྱོད་ཞབས་ཞུའི་བརྗོད་བྱ་གཙོ་བོ་ལ་གོ་བ་ཡིན་པ་དང་།  སྲིད་གཞུང་སྡེ་ཁག་ནི་གཙོ་ཡིན་པའི་སྤྱི་སྤྱོད་སྡེ་ཁག་གིས་འདོན་སྤྲོད་དང་སྤྱི་དམངས་ཀྱི་གཞི་རྩའི་རིག་གནས་འཚོ་བའི་དབང་ཆ་འགན་སྲུང་བྱེད་པ་དེ་དམིགས་ཡུལ་དང་། སྤྱི་དམངས་ལ་སྤྱི་སྤྱོད་རིག་གནས་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལམ་ལུགས་དང་མ་ལག་གི་སྤྱི་མིང་ཡིན། སྤྱི་སྤྱོད་རིག་གནས་ཞབས་ཞུའི་སྒྲིག་ཆས་དང་།  ཐོན་ཁུངས་དང་ཞབས་ཞུའི་བརྗོད་བྱ།   དེ་མིན་འཇོན་མི་དང་མ་དངུལ།  ལག་རྩལ་དང་སྲིད་ཇུས་འགན་སྲུང་གི་ནང་རྐྱེན་སོགས་ཕྱོགས་ཀྱི་བརྗོད་བྱ་འདུས་བ་ཡིན།

དབུལ་ཐར་མཁྲེགས་གཏོར་དམག་འཐབ་ནི།

2015ལོའི་ཟླ11པའི་ཚེས27ཉིན་ནས28བར།  ཀྲུང་གོ་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ནི་པེ་ཅིན་ནས་བསྡུས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའམ།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་བྱས་པ་ལྟར་ན་དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་བསྒྱུར།  རིམ་གྱིས་མཉམ་དུ་ཕྱུག་འགྱུར་བྱུང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ།  དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འོས་འགན་གཙོ་བོ་ཡིན། ཁྱོན་ཡོངས་ནི་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་ཁས་བླང་བའི་བརྗིད་ཉམས་ཀྱི་དམ་བཅའ་དང་།   དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཀྱི་དུང་བརྡ་རྒྱབ་ཟིན་ལ།ཡུས་ཀུང་གིས་རི་བོ་སྤོ་བའི་བློ་ཐག་ཆོད་ཡོད་ལ། དམིགས་འབེན་དམ་བཟུང་དང་དཀའ་སྒྲུབ་དངོས་སྒྲུབ་བཅས་ལས། མཐའ་གཅིག་ཏུ་དབུལ་ཐར་མཁྲེགས་གཏོར་ལས་རྒྱལ་ཁ་ལེན་པའི་སེམས་ཐག་བཅད་དེ། 2020ལོར་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་བསྙེགས་པར་ཁག་ཐེག་བྱས་ཡོད།

དུས་སྐབས་གསར་བའི་ཕུལ་བྱུང་ལས་བཟོ་བའི་ཚད་གཞི་ནི།

ཡིད་ཆེས་བརྟན་ཞིང་དམངས་ཆེད་དུ་ཞབས་ཞུ་སྒྲུབ་པ། སྲིད་བརྩོན་དངོས་གཉེར།  དྲང་གཞག་སྤྱོད་གཙང་ཡིན་པ་བཅས་སོ།

ཀྲུང་དབྱང་གི་གཏན་འཁེལ་བརྒྱད།

དེ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་དང་མང་ཚོགས་བར་འབྲེལ་བ་ཇེ་དམ་དུ་གཏོང་བའི་སྐོར་གྱི་གཏན་འཁེལ་ཡིན་ལ། ནན་བཤད་བྱས་པ་ལྟར་ན་བརྟག་དཔྱད་ཞིབ་འཇུག་ལེགས་བསྒྱུར་དང་།  གྲོས་ཚོགས་དང་བྱ་འགུལ་སྙིང་བསྡུས། ཕྱི་རྒྱལ་དུ་འཚམས་འདྲི་ཞུ་བའི་བྱ་འགུལ་ཚུལ་ལྡན་ཅན་དང་།   ཉེན་སྲུང་བྱ་བ་ལེགས་གཏོང་།  གསར་འགྱུར་འགོད་འགྲེམ་ལེགས་གཏོང་། ཡིག་དེབ་སྤེལ་ཚུལ་གཟབ་ནན་ཏུ་གཏོང་བ་དང་།  ཧུར་བརྩོན་གྲོན་ཆུང་གྱི་ལག་ལེན་ནན་མོ་བྱེད་པ་བཅས་སོ།

སྟག་སྦྲང་མཉམ་གསོད་བྱེད་པ།

ཞི་ཅིན་ཕིང་གིས་བསྟན་དོན་ལས་སྟག་དང་སྦྲང་མ་ནི་མཉམ་གསོད་བྱེད་པར་རྒྱུན་སྐྱོང་དགོས་ལ།འགོ་ཁྲིད་ལས་བྱེད་པས་ཆིངས་ཡིག་དང་ཁྲིམས་ལ་འགལ་བའི་གྱོད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས།མང་ཚོགས་ཀྱི་མཐའ་འཁོར་དུ་བྱུང་བའི་ཚུལ་མིན་གྱི་སྤྱོད་ཚུལ་དང་ངན་རུལ་གྱི་གནད་དོན་ཡང་ཐག་གཅོད་ནན་མོ་བྱ་དགོས།

ཞིང་གསུམ་གནད་དོན།

ཞིང་ལས་ཐོན་སྐྱེད་ཀྱི་གནད་དོན་དང་ཞིང་སྡེའི་རྗེས་ལུས་གནད་དོན།  ཞིང་བའི་ཁེ་དབང་འགན་སྲུང་དང་ཞིང་བའི་ཡོང་སྒོ་འཕར་བའི་གནད་དོན།  

དབུལ་སྐྱོར་ཆེན་པོའི་ཆགས་སྟངས།

སྤྱི་ཚོགས་ལས་རིགས་ཁག་གིས་དབུལ་སྐྱོལ་ལ་དོ་སྣང་དང་དབུལ་སྐྱོར་ལ་རྒྱབ་སྐྱོར།   དབུལ་སྐྱོར་ནང་དུ་ཞུགས་པ་བཅས་བྱེད་དགོས་ལ།   ནུས་ཤུགས་ཡོད་རྒུས་ཆེད་དོནདམིགས་བསལདབུལ་སྐྱོར་དང་ལས་རིགསསྡེ་ཁགདབུལ་སྐྱོར།   སྤྱི་ཚོགས་ཀྱིསྤྱི་དམངསདབུལ་སྐྱོར་ཀྱི་གནས་གསུམ་གཞི་གཅིགགི་དབུལ་སྐྱོར་ཆེན་པོའི་ཆགས་སྟངས་གྲུབ་དགོས།  

དབུལ་ཕོངས་རྫོང་གི་ཞྭ་མོ་འཕུད་པ།  

སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་བསྟན་དོན།   ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་སྟེང་དུརང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་་དབུལ་ཐར་ཚད་གཞི་ནི་ཞིང་བའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་ནི2010ལོའི་འགྱུར་མེད་རིན་གོང་སྡོམ་རྩིས་ལྟར་སྒོར2300ཡིནསྡེ་བའི་དབུལ་ཕོངས་མི་གྲངས་དབུལ་ཐར་མངོན་འགྱུར་བྱུང་དགོས།  དབུལ་ཕོངས་རྫོང་ཡོངས་རྫོགས་ཀྱིས་ཞྭ་མོ་འཕུད་པ་དང་།   ས་ཁུལ་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་དགོས།  

ནུབ་རྒྱུད་གསར་སྤེལ་ཆེན་པོ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་སྲིད་གཞུང་གི་སྲིད་ཇུས་ཞིག་ཡིན་ཞིང་། དམིགས་ཡུལ་ནིཤར་རྒྱུད་མཚོ་འགྲམ་ས་ཁུལ་གྱི་ལྷག་ཡོད་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་དེ།  ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་བ་དང་རྒྱལ་སྲུང་སྲ་བརྟན་དུ་གཏོང་བར་སྤྱོད་དགོས།

གཞི་རྩའི་ཞིང་ས་ཡུན་རིང་ཡིན་པ།

གཞི་རྩའི་ཞིང་ས་ལ་ཡུན་རིང་རང་བཞིན་གྱི་སྲུང་སྐྱོང་བྱེད་པ་ལག་བསྟར་བྱ་དགོས།   2008ལོའི་ཀྲུང་གུང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་སུ་ཐེངས་གསུམ་སྟེང་བཏོན་པའི་དོན་སྤྱི་ནི།    གཞི་རྩའི་ཞིང་ས་ཡུན་རིངནི་ཅི་འདྲའི་གནས་ཚུལ་འོག་ཏུའང་སྤྱོད་སྒོ་ནམ་ཡང་འགྱུར་མི་རུང་ལ།   བྱེད་སྟངས་གང་འདྲ་ཞིག་གི་སྟེང་ནས་ཀྱང་གཞི་རྩའི་ཞིང་ས་གཞན་ལ་བཀོད་སྤྱོད་བྱེད་མི་རུང་།  

ས་ཞིང་འགན་གཙང་ལེན་གྱི་སྲིད་ཇུས།  

ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ཁྲོད་དུ་གསལ་བོ་བཏོན་པ་སྟེ།   ཐེངས་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚོད་ལོན་རྗེས་ཡང་བསྐྱར་ལོ30ལ་བཀོད་སྤྱོད་བྱས་ཆོག  

ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་ཕྱོགས་གྱི་ཡིག་འབྲུ་ཉི་ཤུ།  

ཐོན་སྐྱེད་འཕེལ་རྒྱས།  འཚོ་བ་འབེལ་པོ།  ཞིང་སྡེའི་ཀུན་སྤྱོད་ཚུལ་མཐུན།   སྡེ་བའི་རྣམ་པ་གཙངདག  དམངས་གཙོའི་དོ་དམ།  

ཞིང་ཆེན་སྲིད་ཨུའི131གི་སྤྱི་ཁོག་བླང་བྱ།

མཉམ་འགྲོས་གཅིགདང་ཧུར་བརྩོན་གྱིསཁུལ་གསུམའཛུགས་བསྐྲུན་བྱེད་པ། མཐོ་སྒང་གཅིགབཞེངས་བསྐྲུན་བཅས་ཡིན་ཏེ།  མཉམ་འགྲོས་གཅིགནི་ཀྲུང་དབྱང་གི་བཏོན་པའི་ཚད་གཞི་དང་བླང་བྱ་ངེས་འཛིན་བྱེད་པ་དང།   2020ལོར་རྒྱལ་ཡོངས་དང་མཉམ་དུ་འགྲོས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཁག་ཐེག་བྱེད་པ་དེ་ཡིན།   ཧུར་བརྩོན་གྱིསཁུལ་གསུམནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་འགོག་བསྐྲུན་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་བསྐྱོད་ཁུལ་འཛུགས་པ།   འཕེལ་རྒྱས་ཀྱི་འཕོ་འགྱུར་རྣམ་པ་ཇེ་མགྱོགས་སུ་གཏོང་བ་དང་འཁོར་སྐྱོད་དཔལ་འབྱོར་གྱི་འཕེལ་རྒྱས་སྔོན་བསྐྱོད་ཁུལ་བསྐྲུན་པ་དེ་ཡིན།   དམངས་འཚོ་ལེགས་བཅོས་འབུར་དུ་ཐོན་པ་དང་མི་སེམས་གོང་བུ་གཅིག་ཏུ་འགྲིལ་ནས།  མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་བསྐྲུན་པ་དེ་ཡིན།    མཐོ་སྒང་གཅིག་ནི་ཏང་གི་སྤྱོད་ཚུལ་ལེགས་པོར་དར་སྤེལ་བྱས་ནས་མཚོ་སྔོན་སྙིང་སྟོབས་མཐོ་སྒང་བཞེངས་པ་དེ་ཡིན།།  

ཁུལ་ཨུའི2456སྤྱི་ཁོག་བླང་བྱ་ནི།

ཐོག་མ་གཉིས་དང་བཅོས་བསྒྱུར་རིམ་སྤར་བཞི།     གསོ་སྤེལ་འཛུགས་བསྐྲུན་ལྔ།   གཞི་རྩའི་འཛུགས་བསྐྲུན་དྲུག་བྱེད་པ་བཅས་ཡིན།ཐོག་མ་གཉིསནི་ཞིང་ཆེན་ཡོངས་སུ་ཐོག་མར་སྤྱི་ཡོངས་ཀྱི་དབུལ་ཐར་དང་ཐོག་མར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པ་དེ་ཡིན།   བཅོས་བསྒྱུར་རིམ་སྤར་བཞིནིཚྭ་མཚོའི་རྫས་འགྱུར་དང་སྣུམ་རླངས་རྫས་འགྱུར། རྡོ་སོལ་རྫས་འགྱུར།  ལྕགས་རིགས་བཞུ་བ་སོགས་སྲོལ་རྒྱུན་ཐོན་སྐྱེད་ཆེན་པོ་བཞི་བཅོས་བསྒྱུར་རིམ་སྤར་དུ་སྐུལ་འདེད་གཏོང་བ་དེ་ཡིན།       གསོ་སྤེལ་འཛུགས་བསྐྲུན་ལྔ་ནི་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ།  ལས་རྣམ་གསར་བ།   སྐྱེ་དངོས་ཁྱད་ལྡན།   དེང་རབས་ཞབས་ཞུ་སོགས་གསར་དར་ཐོན་སྐྱེད་ཆེན་པོ་ལྔ་འབད་བརྩོན་གྱིས་གསོ་སྤེལ་བྱེད་པ་དེ་ཡིན།   གཞི་རྩའི་འཛུགས་བསྐྲུན་དྲུག་ནི་རྒྱལ་ཁབ་གྱི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ།   ནུས་ཁུངས་གསར་བའི་ཐོན་སྐྱེད་ཚོད་ལྟའི་རྟེན་གཞི། ཞིང་ཆེན་ཡོངས་སུ་གྲོང་དང་གྲོང་རྡལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཚོད་ལྟའི་ཁུལ།   ནུབ་དང་ལྷོ་ཡི་ཕྱོགས་ལ་བཀག་འགོག་གྱི་སྒོ་འབྱེད་བྱེད་པ།  མཚོ་སྔོན་སྙིང་སྟོབས་ཀྱི་ཚྭ་འདམ་མཐོ་སྒང་བཅས་གཞི་རྩའི་འཛུགས་བསྐྲུན་གཅིག་གྱུར་འཆར་འགོད་བྱེད་དགོས་སོ།  



ཞོལ་མ།:མཚོ་ནུབ་ཁུལ་གྱི་སྡེ་བའི(སྡེ་ཁུལ)སྐབས་བརྗེ་འདེམས་བསྐོའི“གཏན་འགོག་བཅུའི”སྒྲིག་ཁྲིམས་ཀྱི་བླང་བྱ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235