མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ནི་ཇི་ལྟ་བུ་ཞིག་ཡིན་ནམ།

ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།  སྤེལ་དུས།:2018-09-09  རྩོམ་པ་པོ།:མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་སྒྲིག་པ།:    ཀློགས་གྲངས།:

དེ་ནི་ཏང་གི་ཚོགས་ཆེན་བཅུ་ཐེངས་དགུ་པའི་ཐོག་བཟོ་བཅོས་བརྒྱབ་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》གསར་པ་དེའི་ལེའུ་བརྒྱད་པའི་ནང་དུ་དམིགས་སུ་བཀར་ནས་དོན་ཚན་ཞེ་ལྔ་པའི་ནང་འདི་ལྟར་གསལ་པོར་བཀོད་ཡོད་དེ།

དོན་ཚན་ཞེ་ལྔ་པ། ཏང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ལས་ཀ་བྱ་རྒྱུ། ཏང་གི་ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་དང་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཉིས་བརྩེགས་འོག་ལས་ཀ་བྱ་རྒྱུ། གོང་རིམ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་སྐབས་རེའི་འགན་ཁུར་ཡུན་ཚད་ནི་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་ཡུན་ཚད་དང་འདྲ་མཚུངས་ཡིན།ཏང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྲུའུ་ཅི་རྒན་གཞོན་འདེམ་བསྐོ་བྱེད་པ་དང་སྦྲགས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུ། ཏང་གི་ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྲུའུ་ཅི་རྒན་གཞོན་འདེམ་བསྐོ་བྱེད་པ་དང་སྦྲགས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ནས་གྲོས་འཆམ་བྱུང་རྗེས་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའམ་ཡང་ན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་བསྐོ་གཞག་བྱ་རྒྱུ་ནི་དེ་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་གི་རྩ་འཛུགས་ཀྱིས་གནས་ཚུལ་དངོས་ལ་གཞིགས་ནས་ཐག་གཅོད་རྒྱུ། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་བསྐོ་གཞག་བྱ་རྒྱུ། ཏང་གི་ཀྲུང་དབྱང་དང་ས་གནས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་མངག་གཏོང་བཅའ་སྡོད་བྱ་རྒྱུ། སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་གི་མགོ་འཛིན་ནི་བཅའ་སྡོད་བྱེད་སའི་སྡེ་ཁག་གི་ཏང་གི་མགོ་ཁྲིད་རྩ་འཛུགས་ཀྱི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་རྒྱུ། ཁོང་ཚོའི་ལས་ཀར་ལས་ཁུངས་དེའི་ཏང་གི་མགོ་ཁྲིད་རྩ་འཛུགས་ཀྱིས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་པ་ཡིན་ཞེས་གསལ། །


གོང་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་སློང་།

ཞོལ་མ།:གཉེན་སྒྲིག་མ་བྱས་པར་ཕོ་མོ་མཉམ་འདུག་བྱས་ན་ཆོག་གམ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235