མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་གཞུང་ལམ་སྒྲིག་སྲོལ།

ཡོང་ཁུངས།:  སྤེལ་དུས།:2019-03-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

2018ལོའི་ཟླ11པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པའི་སྟེང་གྲོས་འཆམ་བྱུང་བ།

ལེའུ་དང་པོ། སྤྱིའི་དོན་ཚན།

ལེའུ་གཉིས་པ།འཆར་འགོད་དང་འཛུགས་སྐྲུན།

ལེའུ་གསུམ་པ།བདག་སྐྱོང་དང་བེད་སྤྱོད།

ལེའུ་བཞི་པ།མ་དངུལ་བསྡུ་རུབ་དང་བདག་དོམ།

ལེའུ་ལྔ་པ། ལམ་སྲིད་བདག་དོམ།

ལེའུ་དྲུག་པ།བཅའ་ཁྲིམས་འགན་འཁྲི།

ལེའུ་བདུན་པ། ཞར་བྱུང་དོན་ཚན།


ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཞིང་སྡེའི་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་སྲུང་བྱེད་པ་དང་།ཞིང་སྡེའི་གཞུང་ལམ་གྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་པར་སྐུལ་འདེད་བྱེད་པ།ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་མགྱོགས་མྱུར་སྒོས་ལག་བསྟར་བཅས་བྱ་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམསདངགཞུང་ལམ་བདེ་འཇགས་སྲུང་སྐྱོབ་ཁྲིམས་སྲོལསོགས་བཅའ་ཁྲིམས་དང་སྲིད་འཛིན་བཅའ་ཁྲིམས་གཏན་འབེབས་གཞིར་བཟུང་སྟེ།རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་སྒོས་སྒྲིག་སྲོལ་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། རང་ཞིང་གི་སྲིད་འཛིན་མངའ་ཁོངས་ཁྲོད་ཀྱི་ཞིང་སྡེའི་གཞུང་ལམ་འཆར་འགོད་དང་འཛུགས་སྐྲུན།བདག་སྐྱོང་། བེད་སྤྱོད། བདག་དོམ་བཅས་ཀྱི་ཐད་ལ་སྒྲིག་སྲོལ་འདི་ཧ་ཅང་འཚམ་པ་ཡིན།

སྒྲིག་སྲོལ་འདིའི་ཁྲོད་ཀྱི་ཞིང་སྡེའི་གཞུང་ལམ་དེ་ཞིང་སྡེའི་གཞུང་ལམ་འཆར་འགོད་ཁྲོད་བཞག་པ་མ་ཟད།གཞུང་ལམ་བཟོ་སྐྲུན་ལག་རྩལ་གྱི་ཚད་གཞི་གཞིར་བཟུང་སྟེ་རྫོང་ལམ་དང་ཤང་ལམ།སྡེ་ལམ་སོགས་དང་འབྲེལ་བའི་སྒྲིག་གཞི་ཡིན་ལ།དེའི་ཁོངས་སུ་ཞིང་སྡེའི་གཞུང་ལམ་གྱི་ཟམ་གདུང་དང་ཕུག་ལམ། གྲུ་ཁ་སོགས་ཀྱང་འདུས་ཡོད།

དོན་ཚན་གསུམ་པ། ཞིང་སྡེའི་གཞུང་ལམ་གྱི་འཕེལ་རྒྱས་དེས་ཚན་རིག་གི་འཆར་འགོད་དང་ས་བབ་ལ་བསྟུན་པ།རྒྱུ་སྤུས་ལ་ཁག་ཐེག སྐྱེ་ཁམས་ཁོར་སྲུང་། འཛུགས་སྐྲུན་བདག་དོམ་སྲུང་སྐྱོབ་བེད་སྤྱོད་བཅས་ཀྱི་རྩ་དོན་དང་མཐུན་པའི་སྒོ་ནས།སྲིད་གཞུང་གི་གཙོ་ཁྲིད་དངོས་ལག་བསྟར་བྱེད་པ་དང་ལས་རིགས་ལྟ་རྟོག་བདག་དོམ།སྡེ་ཁག་གིས་རོགས་སྒྲུབ། རིམ་པ་སོ་སོའི་འགན་འཁུར་བ།སྤྱི་ཚོགས་ཟབ་ཞུགས་བཅས་ཀྱི་བདག་དོམ་སྒྲིག་གཞི་ཤིག་ཡིན།

དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞིང་སྡེའི་གཞུང་ལམ་གྱི་འཕེལ་རྒྱས་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཁྲོད་བཞག་པ་མ་ཟད།དགོས་ངེས་ཀྱི་འཛུགས་སྐྲུན་དང་བདག་སྐྱོང་།བདག་དོམ་སོགས་ཀྱི་འགྲོ་སོང་རིན་དངུལ་དེ་ཡང་རིམ་པ་གང་དེའི་ནོར་སྲིད་སྔོན་རྩིས་ཁྲོད་དུ་བཞག་ནས།ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་དང་འཚམ་པའི་བརྟན་འཇགས་སྒྲིག་གཞི་གསར་འཛུགས་བྱས་པ་རེད།

ཞིང་ཆེན་དང་གྲོང་ཁྱེར།ཁུལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་བབ་བསྟུན་སྒོས་ཞིང་སྡེའི་གཞུང་ལམ་གྱི་མ་དངུལ་ཁ་གསབ་རོགས་སྒྲུབ་སྒྲིག་གཞི་གསར་འཛུགས་བྱས་ཏེ།ཞིང་སྡེའི་གཞུང་ལམ་གྱི་སྤྱི་ལེ་རིང་ཚད་ཁ་སྣོན་བྱེད་པ་དང་བྱ་དངོས་ཀྱི་རིན་གོང་འགྱུར་ལྡོགགོ་རིམ་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་གཞི་རྒྱུ་དང་ཟུང་འབྲེལ་སྒོས་དུས་ལྟར་ཞིང་སྡེའི་གཞུང་ལམ་གྱི་མ་དངུལ་ཁ་གསབ་རོགས་སྒྲུབ་ཚད་གཞི་སྙོམས་སྒྲིག་བྱས་ཤིང་།ཞིང་སྡེའི་གཞུང་ལམ་དེ་བདེ་ཐང་ངང་མུར་འཕེལ་ཅན་དུ་འཕེལ་རྒྱས་སུ་གཏོང་པར་སྐུལ་འདེད་བྱས་པ་རེད།

དོན་ཚན་ལྔ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་ནི་སྲིད་འཛིན་མངའ་ཁོངས་དེའི་ཁྲོད་ཀྱི་ཞིང་སྡེའི་གཞུང་ལམ་འཆར་འགོད་དང་འཛུགས་སྐྲུན།བདག་སྐྱོང་། བེད་སྤྱོད། བདག་དོམ་བཅས་བྱེད་པའི་འགན་ཁུར་མཁན་གཙོ་བོ་ཡིན་ལ། ཞིང་སྡེའི་གཞུང་ལམ་གྱི་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་ཞིང་།རྩ་འཛུགས་སྙོམས་སྒྲིག་སྒོས་འབྲེལ་ཡོད་སྡེ་ཁག་གི་ཞིང་སྡེའི་གཞུང་ལམ་བྱ་བ་དེ་འཐུས་ཚང་ཅན་དུ་བཏང་ཡོད་པ་རེད།

ཤང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་གིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་འགན་འཁྲིའི་ཁྱབ་ཁོངས་སུ་མངའ་ཁོངས་གང་དེའི་སྲིད་འཛིན་ཁྱབ་ཁོངས་ཀྱི་ཞིང་གྲོང་གི་ལམ་དང་སྡེ་བའི་ལམ་གྱི་འཛུགས་སྐྲུན།བདག་སྐྱོང་། བདག་དོམ་བཅས་ཀྱི་བྱ་བ་སྒྲུབ་དགོས་ཤིང་། ལམ་རྒྱུད་ལམ་ཐིག་ལ་འགན་ཁུར་པའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་སྡེ་བ་རིམ་པའི་གཞུང་ལམ་ལ་བདག་དོམ་བྱེད་པར་འགན་ཁུར་བའི་མང་ཚོགས་རྩ་འཛུགས་བྱས་པ་རེད།

སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གི་མཛུབ་སྟོན་འོག་སྡེ་བའི་གཞུང་ལམ་འཛུགས་སྐྲུན་བྱ་བར་རོགས་སྒྲུབ་དང་བདག་སྐྱོང་།བདག་དོམ་བྱ་བ་ལེགས་པོར་སྒྲུབ་ནས་སྡེ་ཁྲིམས་དམངས་ཆིངས་ཀྱི་གཏན་འབེབས་ཁྲོད་ལམ་ལ་དགའ་བ་དང་བདག་སྲུང་བྱེད་པའི་ནང་དོན་དར་སྤེལ་བཏང་སྟེ།སྡེ་མི་དག་གིས་རང་འགུལ་སྒོས་གཞུང་ལམ་གྱི་ཕྱིའི་རྣམ་པ་ལ་འགེབས་སྲུང་བྱེད་པའི་སློབ་གསོ་རྩ་འཛུགས་བྱ་དགོས་པ་རེད།

དོན་ཚན་དྲུག་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་ཀྱི་འཆར་འགོད་ལེགས་སྒྲིག་བྱེད་པའི་འགན་འཁྲི་དང་མཛུབ་སྟོན།ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་བྱ་བར་ལྟ་རྟོག་བྱས་པ་རེད།གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་སྲིད་འཛིན་མངའ་ཁོངས་ཀྱི་ཞིང་སྡེའི་གཞུང་ལམ་དང་འབྲེལ་བའི་བྱ་བར་མཛུབ་སྟོན་དང་ལྟ་རྟོག་བྱེད་པའི་འགན་འཁུར་རྒྱུ།

རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་རང་གི་མངའ་ཁོངས་སྲིད་འཛིན་ཁྱབ་ཁོངས་ཁྲོད་ཀྱི་ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད་དང་འཛུགས་སྐྲུན།བདག་སྐྱོང་། བེད་སྤྱོད་དང་བདག་དོམ་སོགས་ཀྱི་བྱ་བར་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད།སྤྱི་བདེ། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས། རིག་གནས་ཡུལ་སྐོར།ཞིང་ལས་ཞིང་སྡེ་སོགས་འབྲེལ་ཡོད་སྡེ་ཁག་དག་གིས་ཁྲིམས་ལྟར་ཞིང་སྡེའི་གཞུང་ལམ་གྱི་འབྲེལ་ཡོད་བྱ་བར་འགན་འཁུར་རྒྱུ།

དོན་ཚན་བདུན་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས།སྤྱི་ཚོགས་ཡོངས་ཀྱིས་ཞིང་སྡེའི་གཞུང་ལམ་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་གཏང་དགོས།

ལས་ཁུངས་དང་མི་སྒེར་སུ་ཞིག་ཡིན་རུང་ཞིང་སྡེའི་གཞུང་ལམ་དང་གཞུང་ལམ་ལས་སའི་ས་ཞིང་ལ་བབ་བསྟུན་གྱི་གཅེས་སྐྱོང་བྱས་ཏེ།ཚོད་འཛིན་དབང་ཆ་དང་གནོད་འཚེ་སྙན་ཞུ་བྱེད་པ།གནོད་འཚེ་དང་ཁྲིམས་འགལ་སྒོས་ཞིང་སྡེའི་གཞུང་ལམ་བདག་འཛིན་བྱེད་པ།གཞུང་ལམ་ལས་སའི་ས་ཞིང་དང་དེ་མིན་ཞིང་སྡེའི་གཞུང་ལམ་བདེ་འཇགས་ཀྱི་བྱ་སྤྱོད་མི་ལེགས་པའི་ཤུགས་རྐྱེན་སོགས་སྔོན་འགོག་བྱེད་དགོས།

ལེའུ་གཉིས་པ། འཆར་འགོད་དང་འཛུགས་སྐྲུན།

དོན་ཚན་བརྒྱད་པ། ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་མཐུན་ཞིང་།ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་མཁར་གྲོང་འཆར་འགོད།མངའ་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་དང་མཐུན་ཞིང་། རྒྱལ་ཁབ་ཀྱི་གཞུང་ལམ་དང་ཞིང་ཆེན་གྱི་གཞུང་ལམ།ལྕགས་ལམ། དམངས་སྤྱོད་མཁའ་ལམ།ཆུ་ཐོག་སྐྱེལ་འདྲེན་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འཆར་འགོད་དང་གྲོས་མཐུན་སྙོམས་སྒྲིག་བྱས་ཡོད།

དོན་ཚན་དགུ་པ། རྫོང་གི་གཞུང་ལམ་འཆར་འགོད་དེ་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་ལ་སྒྲིག་ཁོངས་བཟོས་ནས་རིམ་པ་གང་དེའི་མི་དམངས་སྲིད་གཞུང་གི་ཞིབ་བཤེར་གཏན་ཁེལ་བྱས་རྗེས།རིམ་པ་གོང་མའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་འགོད་དུ་འཇུག་དགོས།

ཤང་གི་གཞུང་ལམ་དང་སྡེ་བའི་གཞུང་ལམ་གྱི་འཆར་འགོད་དེ་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཤང་དང་གྲོང་རྡལ་གྱི་འབྲེལ་ཡོད་སྡེ་ཁག་ལ་གྲོས་མཐུན་རོགས་སྒྲུབ་བྱས་ཏེ་མི་དམངས་སྲིད་གཞུང་གི་སྒྲིག་ཁོངས་སུ་བཞག་སྟེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་འགོད་པར་སྙན་སེང་ཞུ་དགོས།

ཆོག་མཆན་ཐོབ་པའི་ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད་དེ་ཆོག་མཆན་ཐོབ་པའི་ལས་ཁུངས་དེའི་རིམ་པ་དང་པོའི་མི་དམངས་སྲིད་གཞུང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་ལ་སྤྲད་དེ་ཡིག་ཚགས་བཟོ་དགོས།

ཆོག་མཆན་ཐོབ་པའི་ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད་དེ་གང་འདོད་ལྟར་བཅོས་སྒྱུར་དང་སྙོམས་སྒྲིག་བྱེད་མི་རུང་ལ།གལ་ཏེ་བཅོས་སྒྱུར་དང་སྙོམས་སྒྲིག་བྱ་དགོས་ཚེ།ངེས་པར་དུ་སྔོན་གྱི་འགྲོ་ལུགས་ཇི་བཞིན་ཆོག་མཆན་སྙན་ཞུ་དང་ཡིག་ཚགས་གྲ་སྒྲིག་བྱེད་དགོས།

དོན་ཚན་བཅུ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འཆར་འགོད་དང་མཐུན་པའི་སྒོ་ནས་དམངས་ཚིས་བཅོས་སྒྱུར།སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས།

ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་དེས་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་གཞིར་བཟུང་སྟེ།རང་བྱུང་ས་བབ་ཀྱི་ཆ་རྐྱེན་དང་གཞུང་ལམ་བྱེད་ནུས་ཀྱི་དགོས་མཁོ་སོགས་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ།ལག་རྩལ་གྱི་གོ་རིམ་འོས་འཚམ་གཏན་ཁེལ་བྱས་ནས་འཛུགས་སྐྲུན་གྱི་ཚད་གཞི་རིམ་བཞིན་མཐོར་འདེགས་སུ་གཏོང་དགོས།

རྫོང་རིམ་པའི་གཞུང་ལམ་དང་ཤང་གི་གཞུང་ལམ་འཛུགས་སྐྲུན་དེ་རྒྱལ་ཁབ་དང་ཞིང་ཆེན་དེའི་འབྲེལ་ཡོད་ཚད་གཞི་ལྟར་ལག་བསྟར་བྱས་ཞིང་།སྔ་མོ་ནས་ཡོད་པའི་གཞུང་ལམ་དེར་བཅོས་སྒྱུར་དང་སྒྱུར་བཅོས་འཐུས་ཚང་ཅན་དུ་གཏོང་དགོས།

དོན་ཚན་བཅུ་གཅིག་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཞིང་སྡེའི་གཞུང་ལམ་གྱི་འཆར་འགོད།མ་དངུལ་བསྡུ་རུབ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས།ནོར་སྲིད་དངུལ་གཏོང་སོགས་ཀྱི་གཞི་རྒྱུ་གཞིར་བཟུང་སྟེ་འབྲེལ་ཡོད་སྡེ་ཁག་གི་སྒྲིག་ཁོངས་སུ་བཞག་སྟེ་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ལོ་རེའི་འཆར་གཞི་དང་།གཏན་འབེབས་བརྒྱུད་རིམ་ལ་ཆོག་མཆན་ཐོབ་རྗེས་ལག་བསྟར་རྩ་འཛུགས་བྱེད་རྒྱུ།

དོན་ཚན་བཅུ་གཉིས་པ། ཞིང་སྡེའི་གཞུང་འཛུགས་སྐྲུན་གྱི་ལས་གཞི་དེ་འབྲེལ་ཡོད་ཚད་ལྡན་གྱི་འགྲིམ་འགྲུལ་བདེ་འཇགས་སྒྲིག་གཞི་དང་འགོག་སྲུང་།ཆུ་གཤོང་བ། འགྲུལ་སྐྱེལ་རླངས་འཁོར། ལམ་རྒྱུད་རླངས་འཁོར་འདུག་སའི་ས་ཚིགས་སོགས་སྒྲིག་གཞི་གཞིར་བཟུང་སྟེ།བཟོ་སྐྲུན་གཙོ་བོའི་ཇུས་འགོད་དང་ཨར་ལས། དངུལ་གཏོང་བེད་སྤྱོད་སོགས་བྱེད་དགོས།

ཆ་རྐྱེན་ཡོད་པའི་ས་ཁུལ་དུ་ཞིང་སྡེའི་གཞུང་ལམ་དང་ཐོན་ལས་གླིང་ཁུལ།ཞིང་སྡེའི་ཡུལ་སྐོར་སོགས་ངོ་བོ་གཅིག་ཅན་གྱི་འཛུགས་སྐྲུན་དང་གསར་སྤེལ་ལ་སྐུལ་འདེད་བྱེད་དགོས།

དོན་ཚན་བཅུ་གསུམ་པ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས་ལས་བསྡུ་དངུལ་འཇོག་སྒྲིག་སྲོལ་དངོས་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་བཞི་པ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞིའི་འཆར་འགོད་དེ་ལ་དེར་འབྲེལ་གྱི་ཇུས་འགོད་ལས་ཁུངས་ཀྱིས་འགན་ལེན་བྱེད་དགོས།

ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཇུས་འགོད་ཡིག་ཆ་དེར་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་ཡོད་དགོས།

དོན་ཚན་བཅོ་ལྔ་པ། རྫོང་གི་གཞུང་ལམ་དང་ཤང་གི་གཞུང་ལམ་འཛུགས་སྐྲུན་ལས་གཞི་དེར་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ལག་བསྟར་ཆོག་མཆན་སྒྲུབ་དགོས།

སྡེ་བའི་གཞུང་ལམ་འཛུགས་སྐྲུན་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ལག་བསྟར་ཆོག་མཆན་སྒྲུབ་དགོས།

དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་བདེ་ཐང་རྒྱུ་སྤུས་གསར་འཛུགས་དང་བདེ་འཇགས་ལྟ་སྐུལ་བདག་དོམ་སྒྲིག་གཞི་གསར་འཛུགས་བྱས་ཏེ།ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་རྒྱུ་སྤུས་དང་བདེ་འཇགས་ཀྱི་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ནས་ལྟ་སྐུལ་བདག་དོམ་ཞིབ་བཤེར་བྱེད་པ།

ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་འཛུགས་སྐྲུན་ལས་ཁུངས་ཀྱིས་ཆེད་མཁས་པ་དང་མང་ཚོགས་ཀྱི་འཐུས་ཚབ་པ་ལ་སྐུལ་སློང་བྱས་ཏེ།ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་རྒྱུ་སྤུས་དང་བདེ་འཇགས་ཀྱི་ལྟ་རྟོག་བྱ་བའི་ཁྲོད་ཟབ་ཞུགས་བྱེད་པ།

དོན་ཚན་བཅུ་བདུན་པ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ལེགས་འགྲུབ་བྱུང་རྗེས།རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཞིབ་བཤེར་བྱེད་དགོས་ཤིང་།ཞིབ་བཤེར་མ་བྱས་པ་དང་ཞིབ་བཤེར་འོས་མཐུན་མིན་པ་ལ་ལས་དངུལ་སྤྲད་མི་ཆོག

ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞི་དེ་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ་ལས་ཀར་ཞིབ་བཤེར་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞི་དེ་ལོ་རེའི་འཆར་གཞི་དང་ཁ་གསབ་རོགས་དངུལ་སྲིད་ཇུས།ཚད་ལྡན་ལས་བསྡུའི་དངུལ་གཏོང་། ཨར་ལས་བདག་དོམ། རྒྱུ་སྤུས་ལྟ་ཞིབ་བདག་དོམ།མ་དངུལ་བེད་སྤྱོད།ལས་གཞི་ཞིབ་བཤེར་སོགས་ཀྱི་གནས་ཚུལ་དེ་དུས་ལྟར་སྤྱི་བསྒྲགས་བྱས་ནས་སྤྱི་ཚོགས་སྟེང་ལྟ་སྐུལ་དང་ལེན་བྱེད་དུ་འཇུག་དགོས།

དོན་ཚན་བཅུ་དགུ་པ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་འཛུགས་སྐྲུན་ལས་ཁུངས་ཀྱིས་ཡིག་ཚགས་བདག་དོམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ།བཟོ་སྐྲུན་ཡིག་ཚགས་བསྡུ་རུབ་དང་དག་སྒྲིག ཉར་ཚགས་བཅས་བྱ་དགོས།བཟོ་སྐྲུན་ཡིག་ཚགས་གསར་བཟོ་དང་ལས་གཞི་ལ་ཞིབ་བཤེར་འོས་འཚམ་ཡིན་ན་ད་བཟོད་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་ལ་སྤྲད་ནས་ཉར་ཚགས་བྱེད་དགོས།

དོན་ཚན་ཉི་ཤུ་པ། ཞིང་ཆེན་མི་དམངས་སྲིད་གཞུང་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་འཐུས་སྒོ་ཚང་བའི་ཡིད་རྟོན་དཔྱད་འཇོག་མ་ལག་གསར་འཛུགས་བྱས་ཤིང་།ཡིད་རྟོན་མཉམ་འབྲེལ་ལག་བསྟར་བྱེད་པར་སྐུལ་སློང་དང་ཡིད་ཆེས་ཤོར་བའི་མཉམ་འབྲེལ་ལ་ཆད་པ་གཅོད་དགོས།

གྲོང་ཁྱེར་དང་ཁུལ།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞི་དང་འབྲེལ་བའི་ལས་ཁུངས་ལ་ཡིད་རྟོག་དཔྱད་འཇོག་བྱས་ཏེ་དཔྱད་འཇོག་མཇུག་འབྲས་སྙན་ཞུའི་ཐད་རིམ་པ་དང་པོའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་ལ་རྩིས་སྤྲོད་བྱེད་དགོས།

ལེའུ་གསུམ་པ། བདག་སྲུང་དང་བེད་སྤྱོད།

དོན་ཚན་ཉེར་གཅིག་པ། ཞིང་སྡེའི་གཞུང་ལམ་གྱི་བདག་སྲུང་ལ་དོན་དངོས་ཆེད་ལས་ཀྱི་བདག་སྲུང་དང་མང་ཚོགས་ཀྱི་བདག་སྲུང་།ཉིན་རྒྱུན་འཚོ་བའི་བདག་སྲུང་།དེ་མིན་གཅིག་བསྡུས་ཀྱི་བདག་སྲུང་བཅས་གཞི་གཅིག་ཏུ་འབྲེལ་བའི་བྱེད་ཐབས་སྤྱད་དེ།སྟབས་ཟོནརང་བཞིན་གྱི་བདག་སྲུང་ལ་མཐོང་ཆེན་དང་ཞིང་སྡེའི་གཞུང་ལམ་དེ་ཆེས་ལེགས་པོའི་ལག་རྩལ་གྱི་རྣམ་པ་རུ་གནས་པ་ལ་ཁག་འགན་འཁུར་དགོས།

དོན་ཚན་ཉེར་གཉིས་པ། ཞིང་སྡེའི་གཞུང་ལམ་གྱི་བདག་སྲུང་དེ་ཉིན་རྒྱུན་གྱི་བདག་སྲུང་དང་བདག་སྲུང་བཟོ་སྐྲུན་རིགས་གཉིས་སུ་དབྱེ་དགོས།

རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཉིན་རྒྱུན་བདག་དོམ་དང་རྩ་འཛུགས་བྱས་ཏེ་རྫོང་གི་གཞུང་ལམ་དང་ཤང་གི་གཞུང་ལམ་ལ་བདག་དོམ་བྱེད་པའི་བཟོ་སྐྲུན་གྱི་འགན་འཁུར་དགོས།

ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཤང་གི་གཞུང་ལམ་གྱི་ཉིན་རྒྱུན་བདག་དོམ་དང་སྡེ་བའི་གཞུང་ལམ་གྱི་བདག་དོམ་རྩ་འཛུགས་བཟོ་སྐྲུན་གྱི་འགན་འཁུར་དགོས།

སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་སྡེ་བའི་གཞུང་ལམ་གྱི་ཉིན་རྒྱུན་བདག་དོམ་བྱ་བའི་འགན་འཁུར་དགོས།

མི་སྒེར་དང་ཁྱིམ་ཚང་སོ་སོའི་ལམ་རྒྱུད་ཀྱི་འགན་གཙང་ལེན་དང་རིན་གོང་བཅད་ནས་ལས་ཀ་གཙང་ལེན་བྱེད་པར་སྐུལ་སློང་བྱས་ཏེ།བྱེད་ཐབས་སྣ་མང་ལ་བརྟེན་ནས་སྡེ་བའི་གཞུང་ལམ་གྱི་བདག་དོམ་གོ་གནས་དང་ཤང་གི་གཞུང་ལམ།སྡེ་བའི་གཞུང་ལམ་བཅས་ལ་ཉིན་རྒྱུན་བདག་དོམ་གསོ་སྐྱོང་བྱེད་དགོས།

དོན་ཚན་ཉེར་གསུམ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཞིང་སྡེའི་གཞུང་ལམ་གྱི་བདག་དོམ་གྱི་སྒྲིག་ཁོངས་ལ་ལོ་རེའི་འཆར་གཞི་བཟོ་དགོས།བདག་དོམ་བཟོ་སྐྲུན་གྱི་ལོ་འཁོར་འཆར་གཞི་དེ་འགྲོ་སྐྱོད་བདེ་འཇགས་དང་སྤྱི་ཚོགས་ཀྱི་དགོས་མཁོ་སོགས་གཞི་རྒྱུའི་མ་དངུལ་བསྡུ་རུབ་བྱ་རྒྱུ་བཀོད་སྒྲིག་བྱེད་དགོས།

དོན་ཚན་ཉེར་བཞི་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་ཞིང་སྡེའི་གཞུང་ལམ་གྱི་བདག་དོམ་སྤུས་ཚད་ལ་ཞིབ་བཤེར་ཚད་ལེན་དང་དཔྱད་འཇོགཚན་རིག་གི་བདག་དོམ་བྱེད་ཐབས་དང་སྔོན་རྩིས་གཏན་ཁེལ་བྱེད་པ།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞིང་སྡེའི་གཞུང་ལམ་བདག་དོམ་རྒྱུ་སྤུས་ཚད་ལེན་ཞིབ་བཤེར་དང་དཔྱད་འཇོག་གི་མཇུག་འབྲས་དེ་ཞིང་སྡེའི་བྱ་བའི་དཔྱད་འཇོག་མ་ལག་ཁྲོད་བཞག་པ་དང་དུས་ཚོད་གཏན་ཁེལ་བྱས་ཏེ་གྲུབ་འབྲས་ལ་ཞིབ་བཤེར་སྒོས་བཟང་བསྟོད་ངན་སྨོད་ཀྱི་ལམ་ལུགས་གཟུག་དགོས།

དོན་ཚན་ཉེར་ལྔ་བ། རྫོང་གི་གཞུང་ལམ་དང་ཤང་གི་གཞུང་ལམ་གྱི་བདག་དོམ་བྱ་བའི་ཐད་ལ་འགྲིམ་འགྲུལ་ཐད་ཀྱི་འགལ་རྐྱེན་དང་བདག་དོམ་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་བདག་དོམ་སྡེ་ཁག་ལ་བརྟེན་ནས།ཉིན་ལྔའི་བར་སྔོན་དུ་སྤྱི་ཚོགས་ལ་སྤྱི་བསྒྲགས་དང་ཉེན་བརྡའི་སྒྲིག་འཛུགས་གཏན་ཁེལ་སྒོས་མཚོན་རྟགས་གཞིར་བཟུང་སྟེ།དགོས་ངེས་ཀྱི་བདེ་འཇགས་བཀག་འགོག་བྱེད་ཐབས་སྤྱད་དགོས།

ཞིང་སྡེའི་གཞུང་ལམ་དེ་བདག་དོམ་བྱ་བའི་ཐད་ལ་འགྲིམ་འགྲུལ་ཐད་འགལ་རྐྱེན་བྱུང་ན།ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཉིན་གསུམ་གྱི་ཡར་སྔོན་དུ་ལམ་རྒྱུད་ལམ་ཐིག་ཡོད་སའི་ལས་ཁུངས་དང་སྡོད་གནས་སུ་ཉེན་བརྡའི་སྒྲིག་འཛུགས་གཏན་ཁེལ་བྱས་ཏེ།མཚོན་རྟགས་གཞིར་བཟུང་ནས་དགོས་ངེས་ཀྱི་བདེ་འཇགས་སྔོན་འགོག་བྱེད་ཐབས་སྤྱད་དགོས།

དོན་ཚན་ཉེར་དྲུག་པ། རང་བྱུང་གནོད་འཚེ་དང་ཡང་ན་གཞན་པའི་དོན་རྐྱེན་གྱི་དབང་གིས་ཞིང་སྡེའི་གཞུང་ལམ་མཚམས་ཆད་པར་གྱུར་བ་དང་གནོད་འཚེ་ཚབས་ཆེན་ཐེབས་ནས་འགྲོ་སྐྱོད་བྱེད་དཀའ་བའི་དུསདོན་རྐྱེན་གློ་བུར་བ་བྱུང་སའི་མི་དམངས་སྲིད་གཞུང་གིས་དུས་ལྟར་གནོད་འཚེ་ཡི་གནས་ཚུལ་དེ་རིམ་པ་དང་པོའི་མི་དམངས་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་སྒོས།ཞིག་གསོ་དང་བསྐྱར་ལས།དེ་མིན་ཉེན་བརྡའི་མཚོན་རྟགས་གསར་འཛུགས་ཀྱིས་ལམ་ཐིག་སྐོར་ནས་འགྲོ་དགོས་ཚུལ་སྤྱི་བསྒྲགས་བྱེད་པ།

དོན་ཚན་ཉེར་བདུན་པ། ཞིང་སྡེའི་གཞུང་ལམ་བདག་དོམ་བྱ་སའི་ས་གཞི་དང་བྱེ་ཟེགས་ཐང་།དེ་མིན་བདག་དོམ་སྲུང་སྐྱོབ་ཐད་ལ་རྡོ་ཟེགས་སྔོག་འདོན་དང་རྡོ་བརྐོ་བ། ས་ལེན་པ།ཆུ་ལེན་པ་སོགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱས་ཏེ་ཐག་གཅོད་བྱ་དགོས་ཤིང་།འབྲེལ་ཡོད་འགྲོ་ལུགས་ཁྲིམས་ལྟར་བསྒྲུབ་དགོས་པ་མ་ཟད།སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཞིག་གསོའི་བྱ་བར་ཡང་འགན་འཁུར་དགོས།

དོན་ཚན་ཉེར་བརྒྱད་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་དེ་མིན་ཤང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་རྩ་འཛུགས་བྱས་ཏེ།རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་འཆར་འགོད་ཀྱི་དགོས་མཁོ་གཞིར་བཟུང་སྟེ།ས་བབ་ཡུལ་བསྟུན་གྱིས་ཞིང་སྡེའི་གཞུང་ལམ་གྱི་ལྗང་སྒྱུར་བྱ་བ་ལེགས་པོ་བསྒྲུབ་དགོས།

དོན་ཚན་ཉེར་དགུ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བབ་བསྟུན་གྱི་ཞིང་སྡེའི་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་བཏང་སྟེ་མཁར་གྲོང་གི་དངོས་འགྲུལ་སྐྱེལ་འདྲེན་ངོ་བོ་གཅིག་ཅན་དང་ཞིང་སྡེའི་དངོས་ཟོག་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས།འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཞི་རྩའི་སྤྱི་གཞུང་ཞབས་ཞུ་ཆ་སྙོམས་ཅན་དུ་གཏོང་བར་སྐུལ་འདེད་བྱེད་དགོས།

དོན་ཚན་སུམ་བཅུ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིང་སྡེའི་གཞུང་ལམ་གྱི་སྐྱེལ་འདྲེན་ཞབས་ཞུའི་ཁྱབ་ཁོངས་སྒྲིག་སྲོལ་ལ་འཆར་འགོད་བྱས་ཏེ།འགྲུལ་སྐྱེལ་འཛུགས་སྐྲུན་གྱི་སྒྲིག་གཞི་དང་དངོས་ཟོག་སོགས་ཀྱི་སྒྲིག་ཆས་ལས་ཞབས་ཞུའི་བྱེད་ནུས་རིམ་བཞིན་འཐུས་ཚང་དུ་གཏོང་དགོས།

དོན་ཚན་སོ་གཅིག་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གི་ཞིང་སྡེའི་འགྲུལ་སྐྱེལ་འགྲོ་སྐྱོང་ཆ་རྐྱེན་ལ་ཞིབ་བཤེར་བྱས་ཏེ།ཞིང་སྡེའི་འགྲུལ་སྐྱེལ་བདེ་འཇགས་འཁོར་སྐྱོད་ལ་འགན་བཅོལ་བྱེད་དགོས།དེ་མིན་འགྲོ་སྐྱོད་ཆ་རྐྱེན་གྲ་སྒྲིག་གང་ལེགས་སྒོས་ཞིང་སྡེ་རུ་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་དགོས།

འགྲོ་འོང་ཅུང་ཉུང་བའི་ཁ་འཐོར་གྱི་མཐའ་འཁོར་ས་ཁུལ་དུ་ཐོག་མའི་དུས་བཅད་ལ་སྐུལ་འདེད་དང་དུས་ཚོད་ལྟར་འགྲུལ་སྐྱེལ་ཞབས་ཞུ་ལེགས་པོར་བསྒྲུབ་དགོས།

ལེའུ་བཞི་པ། མ་དངུལ་བསྡུ་རུབ་དང་བདག་དོམ།

དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བབ་བསྟུན་སྒོས་སྤྱི་གཞུང་ནོར་སྲིད་ཀྱི་མ་རྩ་བཏང་ནས་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་ནས།ཕྱོགས་གང་མང་གི་ཐད་དུ་མ་དངུལ་བསྡུ་རུབ་ཀྱིས་རོགས་སྐྱོར་བྱེད་པའི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་སྒྲིག་སྲོལ་ལག་བསྟར་བྱས་ཏེ།ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་དང་བདག་དོམ། ཚོང་གཉེར།བདག་དོམ་བཅས་ལ་འགན་བཅོལ་བྱས་པ་རེད།

དོན་ཚན་སོ་གསུམ་པ། ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་དང་བདག་སྲུང་།བེད་སྤྱོད། བདག་དོམ་བཅས་ཀྱི་མ་དངུལ་མགོ་ཁུངས་ཀྱི་ཁྱབ་ཁོངས་སུ།

དང་པོ། རྒྱལ་ཁབ་ཀྱི་ཁ་གསབ་ཆེད་སྤྱོད་མ་དངུལ།

གཉིས་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ནོར་སྲིད་རང་བཞིན་གྱི་མ་དངུལ།

གསུམ་པ། སྤྱི་ཚོགས་སྟེང་ནས་ཞལ་འདེབས་སུ་གནང་བའི་མ་དངུལ།

བཞི་པ།གོང་བཅག་དང་གཞན་འཚོང་ལས་བྱུང་བའི་ཞིང་སྡེའི་གཞུང་ལམ་གྱི་ཁེ་དབང་དང་ལམ་ཁོངས་ཐོན་ཁུངས་གསར་སྤེལ་དབང་ཆ།ལྗང་སྒྱུར་དབང་ཆ་སོགས་ཀྱི་རྣམ་པ་ལ་བརྟེན་ནས་བསྡུ་རུབ་བྱས་པའི་མ་དངུལ།

ལྔ་པ།གཏན་འབེབས་ནང་བཞིན་ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་ཐད་འགོད་རྒྱུའི་བསྡུ་རུབ་མ་དངུལ།

དྲུག་པ། ཁྲིམས་མཐུན་སྒོས་བསྡུ་རུབ་བྱས་པའི་མ་དངུལ་གཞན་དག

དོན་ཚན་སོ་བཞི་པ། ཞིང་སྡེའི་གཞུང་ལམ་གྱི་མ་དངུལ་དེ་བབ་བསྟུན་སྒོས་བཟོ་སྐྲུན་གྱི་འཕེལ་རིམ་ནང་བཞིན་དུས་ལྟར་སྤྲོད་པ་དང་རང་སྟེང་ནས་རྩིས་བཤེར་ནན་མོ་བྱེད་པ།མ་དངུལ་ཆེད་སྤྱོད་བྱེད་པ་ལས་ལས་ཁུངས་དང་མི་སྒེར་གང་གིས་ཀྱང་བདག་འཛིན་དང་གཞན་སྒྱུར་སོགས་གཏན་ནས་བྱེད་མི་རུང་།

དོན་ཚན་སོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བབ་བསྟུན་གྱི་ཞིང་སྡེའི་གཞུང་ལམ་ཐད་ཀྱི་མ་དངུལ་བདག་དོམ་ལམ་ལུགས་འཐུས་ཚང་ཞིག་གསར་འཛུགས་བྱས་ཏེ།གྲུབ་འབྲས་ཀྱི་སྔོན་རྩིས་བདག་དོམ་ལག་བསྟར་གྱིས་མ་དངུལ་གྱི་བེད་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏང་དགོས།

རྩིས་བཤེར་དང་ནོར་སྲིད་སོགས་སྡེ་ཁག་གིས་ཁྲིམས་ལྟར་ཞིང་སྡེའི་གཞུང་ལམ་གྱི་མ་དངུལ་ལ་རྩིས་བཤེར་དང་ལྟ་སྐུལ་ཞིབ་བཤེར་བྱ་བ་སོགས་བསྒྲུབ་དགོས།

ལེའུ་ལྔ་པ། ལམ་སྲིད་བདག་དོམ།

དོན་ཚན་སོ་དྲུག་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བབ་བསྟུན་སྒོས་གཤམ་གསལ་གྱི་ཚད་གཞི་ལྟར་ཞིང་སྡེ་གཞུང་ལམ་གྱི་བེད་སྤྱོད་ས་གཞིའི་ཁྱབ་ཁོངས་གཏན་ཁེལ་བྱ་རྒྱུ་རེད།

དང་པོ།ལམ་གྱི་འགྲམ་གཉིས་སུ་གྲོག་རོང་ཡོད་ན་ཁྱབ་ཁོངས་གཞན་པ་དེས་གྲོག་རོང་གི་མཚམས་ལ་རྨིད་གཅིག་གི་བྱེད་ནུས་ཐོན་པ་བྱ་དགོས།།

གཉིས་པ། ལམ་གྱི་འགྲམ་གཉིས་སུ་ཆུ་རྐ་ན་གཞན་པའི་ཁྱབ་ཁོངས་ཀྱི་ལམ་སྒྲོམ་དང་ལམ་སྲུང་འཛིང་རགས་ཕྱིར་ཕྱོགས་པའི་ཁྱབ་ཁོངས་དེ་རྨིད་གཅིག་གི་ཡན་ཡིན་དགོས།

དེ་མིན་མཐའ་མཚམས་གསལ་བོ་བྱེད་པའི་ས་བཀོལ་རྒྱུའི་ཁྱབ་ཁོངས་དེ་ལམ་འགྲམ་གྱི་མཐའ་མཚམས་ཀྱི་ཁྱབ་ཁོངས་ས་བེད་སྤྱོད་བྱེད་ས་ཡིན་དགོས།

དོན་ཚན་སོ་བདུན་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བབ་བསྟུན་སྒོས་ཁྲིམས་གཏན་འཆར་འགོད་གཏན་ཁེལ་བྱས་པའི་ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ཚོད་འཛིན་ས་ཁུལ་དུ་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ཚོད་འཛིན་ས་ཁུལ་གྱི་ཁྱབ་ཁོངས་སུ་ཞིང་སྡེའི་གཞུང་ལམ་གྱི་ལམ་སྤྱོད་ས་ཁུལ་དེའི་ཡན་གྱི་བར་ཐག་ནི་རྫོང་གི་གཞུང་ལམ་ཡིན་ན་རྨིད་བཅུ་ལས་མི་ཉུང་བ་དང་ཤང་གི་གཞུང་ལམ་ཡིན་ན་རྨིད་ལྔ་ལས་ཉུང་མི་རུང་ལ།སྡེ་བའི་གཞུང་ལམ་ཡིན་ན་རྨིད་གཅིག་ཚེག་ལྔ་ལས་མི་ཉུང་བའི་ཚད་གཞི་ལྟར་འཆར་འགོད་བྱ་དགོས།།

རྫོང་གི་གཞུང་ལམ་དང་ཤང་གི་གཞུང་ལམ་འཛུགས་སྐྲུན་གྱི་ཚོད་འཛིན་ས་ཁུལ་དེའི་ཁྱབ་ཁོངས་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་ཡོངས་ལ་སྤྱི་བསྒྲགས་བྱ་དགོས།།སྡེ་བའི་གཞུང་ལམ་གྱི་འཛུགས་སྐྲུན་ཚོད་འཛིན་ཁྱབ་ཁོངས་དེ་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་སྡེ་མི་དག་ལ་སྤྱི་བསྒྲགས་བྱ་དགོས།།

སྡེ་བ་རིམ་པའི་གཞུང་ལམ་ལ་བདག་སྲུང་དང་སྔོན་འགོག་སྲུང་སྐྱོབ་བྱེད་པ་ལས་གཞན་ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ཚོད་འཛིན་ས་ཁུལ་དེའི་ནང་ཁོངས་སུ་འཛུགས་སྐྲུན་དངོས་པོ་དང་འཛུགས་སྐྲུན་ལས་གྲུབ་པའི་བྱ་དངོས་འདྲ་མིན་སྣ་ཚོགས་གསར་འཛུགས་དང་བཅོས་སྒྲིག་སོགས་གཏན་འགོག་བྱས་ཡོད།

དོན་ཚན་སོ་བརྒྱད་པ། ལས་ཁུངས་དང་མི་སྒེར་གང་གིས་ཀྱང་རང་སྣང་གང་ཤར་སྒོས་ཞིང་སྡེའི་གཞུང་ལམ་བདག་འཛིན་དང་སྔོག་འདོན་བྱེད་མི་རུང་ལ།གནོད་འཚེ་དང་རང་སྣང་གང་ཤར་སྒོས་བཤིག་པ་དང་གཞན་སྤོར།ཞིང་སྡེའི་གཞུང་ལམ་གྱི་ཁོངས་གཏོགས་སྒྲིག་ཆས་ལ་བཅོས་སྒྲིག་སོགས་གཏན་ནས་བྱས་མི་ཆོག

དོན་ཚན་སོ་དགུ་པ། རྫོང་གི་གཞུང་ལམ་དང་ཤང་གི་གཞུང་ལམ་དུ་གཤམ་གསལ་གྱི་བྱེད་སྒོ་སྤེལ་བའི་འཛུགས་སྐྲུན་ལས་ཁུངས་ལ་དེར་བསྟུན་སྒོས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདག་དོམ་སྡེ་ཁག་གི་ཆོག་མཆན་འཐོབ་དགོས།

དང་པོ། དེ་ཡང་ལྕགས་ལམ་དང་གནམ་ཐང་། གློག་འདོན། ཆུ་བེད།བརྡ་འཕྲིན་སོགས་ཀྱི་འཛུགས་སྐྲུན་བཟོ་སྐྲུན་ཐད་གཞུང་ལམ་བདག་འཛིན་དང་སྔོག་འདོན་བྱེད་པ།གཞུང་ལམ་ས་བེད་སྤྱོད་པ་དང་གཞུང་ལམ་གྱི་ལམ་ཐིག་བཅོས་སྒྱུར་བྱ་དགོས།་པ།

གཉིས་པ། གཞུང་ལམ་ལ་ཟམ་གདུང་འཕེན་པ་དང་ཡུར་ལམ་བཟོ་བ།ཡང་ན་ལམ་གྱི་སྒྲོམ་གཞི་འཛུགས་པ། འདྲེན་སྤུགས་འཕེན་པ། གློག་སྐུད་འཐེན་པ།འོད་འགྱེད་སྐུད་ཐིག་སོགས་ཀྱི་སྒྲིག་ཆས་སྒྲིག་འཇུག་བྱ་དགོས་པ།

གསུམ་པ།གཞུང་ལམ་གྱི་བེད་སྤྱོད་ཁྱབ་ཁོངས་དང་གཞུང་ལམ་གྱི་འཛུགས་སྐྲུན་ཚོད་འཛིན་ས་ཁུལ་དུ་སྒྲོམ་གཞི་འཛུགས་པ་དང་འདྲེན་སྦུག་འཕེན་པ།གློག་སྐུད་འཐེན་པ། འོད་ནུས་སྐུད་ཐིག་སོགས་ཀྱི་སྒྲིག་ཆས་དགོས་པ།

བཞི་པ། གཞུང་ལམ་ལ་ཟམ་པ་འཕེན་པ་དང་གཞུང་ལམ་ལ་ཕུག་ལམ་བརྐོ་བ། དོང་ནང་དུ་གློག་སྐུད་དང་འོད་ནུས་སྒྲིག་ཆས་སོགས་དགོས་པ།

ལྔ་པ།གཞུང་ལམ་གྱི་སྒྲིག་འཇུག་འཕྱང་འཇུག་དང་གཞུང་ལམ་གྱི་མཚོན་རྟགས་མ་ཡིན་པ་སྒྲིག་འཇུག་བྱེད་པ།

དྲུག་པ།གཞུང་ལམ་སྟེང་དུ་ངོས་མཉམ་གྱི་གཞུང་ལམ་བསྣོལ་མཚམས་གསར་སྣོན་དང་བཅོས་སྒྲིག་བྱེད་པ།

སྡེ་བའི་གཞུང་ལམ་གྱི་སྔོན་འགྲོའི་མ་དངུལ་ཡོད་ཚད་ཀྱིས་ལས་སྐྲུན་བྱས་པའི་བྱེད་སྒོ་དེ་འཛུགས་སྐྲུན་ལས་ཁུངས་ཀྱིས་བབ་བསྟུན་སྒོས་སྔོན་ལ་འབྲེལ་ཡོད་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་དེ་མིན་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་ཡིད་འཐད་བྱུང་དགོས།

གོང་གསལ་གྱི་ཨར་ལས་བྱེད་སྒོ་དེས་ཕལ་ཆེར་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པས།བབ་བསྟུན་སྒོས་འབྲེལ་ཡོད་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་བདག་དོམ་སྡེ་ཁག་ཡིད་འཐད་བྱུང་དགོས།

དོན་ཚན་བཞི་བཅུ་པ། ཞིང་སྡེའི་གཞུང་ལམ་དང་གཞུང་ལམ་གྱི་ས་གཞིའི་ཁྱབ་ཁོངས་ཁྲོད་གཤམ་གསལ་གྱི་བྱེད་སྒོ་འདི་དག་སྤེལ་མི་རུང་།

དང་པོ། འབྲུ་རིགས་དང་བྱ་དངོས་འདྲ་མིན།འདེབས་འཛུགས་ལོ་ཏོག་སོགས་ཉི་མར་ལྡེ་བ། སྒོ་ཕྱུགས་འཚོ་སྐྱོང་བྱེད་པ།བྱ་དངོས་སོགས་མེར་བསྲེགས་པ།

གཉིས་པ། གད་སྙིགས་གང་སར་འཕོ་བ་དང་བྱ་དངོས་མང་པོ་སྤུངས་གསོག་བྱེད་པ།དེ་མིན་གཞུང་ལམ་གྱི་བདག་སྲུང་བཟོ་སྐྲུན་མ་ཡིན་པའི་རྒྱུ་ཆ་སྤུངས་པ།

གསུམ་པ།གཞུང་ལམ་གྱི་ཆུ་ཕྱིར་གཏོང་བྱེད་པའི་སྒྲིག་ཆས་ལ་ཆག་སྐྱོན་བཟོ་བའམ་ཡང་ན་གཞུང་ལམ་གྱི་ཆུ་གཏོང་ཡུར་ལམ་བེད་སྤྱོད་བྱེད་པ།

བཞི་པ། གྲོག་ཤུར་སྔོག་པ་དང་བྱེ་མ་བརྐོ་བ། རྡོ་བརྐོ་བ།ས་ལེན་པ་དང་སྟོང་ཆ་བཟོ་བ་སོགས།

ལྔ་པ།སྒྲིག་ཆས་གསར་འཛུགས་བྱེད་པ་དང་ཞིག་གསོ་ཐང་ཆེན་གསར་འཛུགས་བྱེད་པ།རླངས་འཁོར་འཁྲུད་ས་བཟོ་བ།ཆུ་སྣོན་ས་ཚིགས་དང་དེ་མིན་གཞུང་ལམ་གྱི་ཤར་གཏོང་ལ་འགལ་རྐྱེན་བཟོ་བ།

དྲུག་པ། གཞུང་ལམ་དེ་རླངས་འཁོར་གྱི་སྒོག་ཟྭའི་བྱེད་ནུས་ལ་ཞིབ་བཤེར་བྱེད་ས་དང་རླངས་འཁོར་ལ་ཚོད་ལྟ་བྱ་ཡུལ་བྱེད་པ།

བདུན་པ། གཞུང་ལམ་གྱི་ལེགས་འགྲུབ་ཆ་དང་བདེ་འཇགས།ཤར་གཏོང་བཅས་ཀྱི་བྱེད་སྒོ་ལ་ཤུགས་རྐྱེན་བཟོ་བ།

དོན་ཚན་ཞེ་གཅིག་པ། ལྕགས་ཟམ་འཁོར་ལོའི་རླངས་འཁོར་དང་ཟུར་གཏོགས་རླངས་འཁོར།དེ་ལས་གཞན་པའི་གཞུང་ལམ་གྱི་ལམ་ངོས་ལ་གནོད་འཚེ་གཏོང་བའི་ཡོ་བྱད་འཕྲུལ་ཆས་སོགས་ཞིང་སྡེའི་གཞུང་ལམ་སྟེང་དུ་འགྲོ་རྒྱུག་བྱས་མི་ཆོག

ཞིང་ལས་འཕྲུལ་ཆས་ཀྱིས་ཞིང་ནང་དུ་ལས་ཀ་བྱ་དགོས།་ན་ཞིང་སྡེའི་གཞུང་ལམ་སྟེང་ལམ་ཐག་ཐུང་ངུའི་ནང་འགྲོ་རྒྱུག་བྱ་དགོས།་པ་དང་།དམག་སྤྱོད་རླངས་འཁོར་གྱིས་ལས་འགན་ལག་བསྟར་བྱེད་པར་ཞིང་སྡེའི་གཞུང་ལམ་སྟེང་དུ་འགྲོ་རྒྱུག་བྱས་ཆོག་མོད།འོན་ཀྱང་གཞུང་ལམ་གྱི་སྔོན་འགྲོའི་འགྲོ་སོང་ལ་ཚད་བཀག་མི་ཐེབས་ན་བབ་བསྟུན་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱ་དགོས།།

དོན་ཚན་ཞེ་གཉིས་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བབ་བསྟུན་སྒོས་འབྲེལ་ཡོད་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་རྩ་འཛུགས་བྱས་ཏེ།ཞིང་སྡེའི་གཞུང་ལམ་གྱི་ལམ་ཁོངས་ཁོར་ཡུག་གི་བཅོས་སྐྱོང་ལ་ཤུགས་སྣོན་དང་ལས་སྐྲུན་ཤར་རྒྱུགས་དང་བདེ་འཇགས།སེམས་སྐྱིད། མཛེས་སྡུག་གི་ཞིང་སྡེའི་འགྲིམ་འགྲུལ་ཁོར་ཡུག་ཤིག་བསྐྲུན་དགོས།

དོན་ཚན་ཞེ་གསུམ་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བབ་བསྟུན་སྒོས་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་ལམ་སྲིད་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་སྟེ།རང་རང་གི་འགན་ནུས་ཁྱབ་ཁོངས་ཁྲོད་སྐྱེལ་འདྲེན་ཚད་ལས་བརྒལ་བའི་བྱ་སྤྱོད་ལ་ལེགས་བཅོས་དང་ཞིང་སྡེའི་གཞུང་ལམ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས།

ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ཞེ་བཞི་པ། བཅའ་ཁྲིམས་འདིའི་སྒྲིག་སྲོལ་ལ་རྒྱབ་འགལ་བྱེད་པའི་བྱ་སྤྱོད་ཀྱིས་རྫོང་གི་གཞུང་ལམ་དང་ཤང་གི་གཞུང་ལམ་ལ་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ནང་བཞིན་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་འགན་འཁུར་དགོས།

དོན་ཚན་ཞེ་ལྔ་པ། བཅའ་ཁྲིམས་འདིའི་ཁྲིམས་སྲོལ་གྱི་གཏན་འབེབས་ལ་འགལ་བའི་བྱ་སྤྱོད་ཀྱིས་ཤང་གི་གཞུང་ལམ་ལ་འབྲེལ་བ་ཡོད་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་བདག་དོམ་སྡེ་ཁག་གིས་གཤམ་གསལ་གྱི་གཏན་འབེབས་ནང་བཞིན་ཁྲིམས་ཆད་གཅོད་དགོས།

དང་པོ། སྒྲིག་སྲོལ་འདིར་འགལ་ན་སྲོལ་ཡིག་འདིའི་དོན་ཚན་སོ་བདུན་པའི་རིམ་པ་གསུམ་པའི་གཏན་འབེབས་ནང་བཞིན་ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ཚོད་འཛིན་ས་ཁོངས་སུ་འཛུགས་སྐྲུན་བྱ་དངོས་དང་བཟོ་སྐྲུན་བྱ་དངོས་གསར་འཛུགས་དང་བཅོས་སྒྱུར།རྒྱ་སྐྱེད་བཅས་བྱས་པ་ན་དུས་བཀག་ནང་དུ་གཏོར་གཤིག་གཏོང་བའི་བཀའ་བརྡ་གཏོང་བ་དང་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་དགོས།

གཉིས་པ།སྲོལ་ཡིག་འདིའི་དོན་ཚན་སོ་བརྒྱད་པའི་གཏན་འབེབས་ལ་འགལ་ན་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་པའི་བཀའ་བརྡ་གཏོང་བ་དང་སྒོར་ཁྲི3མན་གྱི་དངུལ་ཆད་གཅོད་དགོས།

གསུམ་པ།སྲོལ་ཡིག་འདིའི་དོན་ཚན་སོ་དགུ་པའི་རིམ་པ་དང་པོ་ནས་རིམ་པ་ལྔ་བའི་གཏན་འབེབས་ལ་འགལ་ཏེ།འབྲེལ་ཡོད་ལམ་སྐྲུན་ཨར་ལས་ཀྱི་ཆོག་མཆན་མེད་པར་བྱེད་སྒོ་སྤེལ་བ་ན་བཀའ་བརྡ་བཏང་སྟེ་བཅོས་སྒྱུར་བྱེད་དུ་འཇུག་པའམ་སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་གཅོད་དགོས།རིམ་པ་དྲུག་པའི་གཏན་འབེབས་ལ་འགལ་ནས་གཞུང་ལམ་གྱི་རྒྱ་བསྐྱེད་པ་དང་ངོས་མཉམ་བསྣོལ་མཚམས་ཀྱི་ཆོག་མཆན་མེད་ན་བཀའ་བརྡ་བཏང་སྟེ་བཅོས་སྒྱུར་བྱེད་པ་དང་སྒོར་ཁྲི་ལྔ་མན་གྱི་ཆད་པ་གཅོད་དགོས།

བཞི་པ། སྲོལ་ཡིག་འདིའི་དོན་ཚན་བཞི་བཅུ་པའི་གཏན་འབེབས་ལ་འགལ་ན།བཀའ་བརྡ་བཏང་སྟེ་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་པ་དང་སྔོན་གྱི་རྣམ་པ་སླར་གསོ་བྱས་ཏེ།སྒོར་སྟོང་ལྔ་མན་གྱི་དངུལ་ཆད་གཅོད་དགོས།

ལྔ་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་གཅིག་པའི་གཏན་འབེབས་ལ་འགལ་ནས་ལྕགས་ལམ་འཁོར་ལོ་ཅན་དང་ཡང་ན་གཞན་པའི་སྡེ་བའི་གཞུང་ལམ་གྱི་ངོས་སུ་གནོད་འཚེ་བཟོ་བའི་འཕྲུལ་ཆས་ཀྱི་རིགས་གང་འདོད་དུ་སྡེ་བའི་གཞུང་ལམ་སྟེང་འཁོར་རྒྱུག་བྱས་པ་ན།མྱུར་དུ་བཀའ་བརྡ་བཏང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་པ་དང་སྒོར་ཁྲི3མན་གྱི་ཆད་པ་གཅོད་དགོས།

དོན་ཚན་ཞེ་དྲུག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་ཞིང་སྡེའི་གཞུང་ལམ་གྱི་ལྟ་སྐུལ་བདག་དོམ་བྱ་བའི་འགན་འཁྲི་ཡོད་པའི་སྡེ་ཁགདེ་མིན་འབྲེལ་ཡོད་བྱ་བ་སྒྲུབ་མཁན་གྱི་མི་སྣ་སོགས་ཀྱིས་གཤམ་གསལ་གྱི་བྱ་སྤྱོད་གང་རུང་ཞིག་སྤེལ་བ་ན།ཐད་ཀར་དུ་འགན་འཁུར་བའི་བདག་དོམ་མི་སྣ་དང་གཞན་པའི་འགན་ཁུར་མི་སྣ་ཡིས་ཁྲིམས་ལྟར་ཆད་པ་གཅོད་པ་དང་ནག་ཉེས་སུ་གྲུབ་པ་ལ་ཁྲིམས་ལྟར་ཉེས་ཆད་ཀྱི་འགན་འཁུར་དུ་འཇུག་དགོས།

དང་པོ།སྡེ་བའི་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞི་དེ་བབ་བསྟུན་ལས་བསྡུ་བྱས་ཏེ་འཛུགས་སྐྲུན་བྱ་རྒྱུ་ལས་ལས་བསྡུ་བྱས་མེད་པ།

གཉིས་པ།ཁྲིམས་ལྟར་ཞིང་སྡེའི་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞིའི་རྒྱུ་སྤུས་དང་བདེ་འཇགས་ལྟ་སྐུལ་བདག་དོམ་འགན་ནུས་ལག་བསྟར་མ་བྱས་པར་རྒྱུ་སྤུས་ཐད་ལ་གནད་དོན་ཆེན་པོ་བཟོས་ཡོད་པ།

གསུམ་པ།ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་གྱི་མ་དངུལ་བདག་འཛིན་དང་སྒེར་སྡོམ། གཞན་སྤྱོད་བྱེད་པ།

བཞི་པ།དབང་ཆ་སྒེར་གཅོད་བྱས་ཏེ་རྩེད་འཇོ་ལས་ལས་འགན་མི་སྲུང་བ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ།

དོན་ཚན་ཞེ་བདུན་པ། ཞིང་སྡེའི་གཞུང་ལམ་དང་དེའི་ཁོངས་གཏོགས་སྒྲིག་ཆས་ལ་གནོད་འཚེ་བཟོས་པ་ན་བབ་བསྟུན་གྱིས་ཞིང་སྡེའི་གཞུང་ལམ་གྱི་མ་གཞིའི་ལག་རྩལ་གྱི་ཚད་གཞི་ལྟར་སླར་གསོ་བྱེད་པ་དང་ཡང་ན་གནོད་འཚེ་ཡི་ཚད་གཞི་དང་ཚད་གཞི་མི་འདྲ་བ་གཞིར་བཟུང་ནས་སྐྱིན་ཚབས་དང་ཁ་གསབ་བྱེད་དགོས།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདིའི་ཁྲོད་ཀྱི་མིང་ཚིག་འདིའི་གོ་དོན།

དང་པོ།རྫོང་གི་གཞུང་ལམ་ཞེས་པ་དེས་རྒྱལ་ཁབ་ཀྱི་གཞུང་ལམ་དང་ཞིང་ཆེན་གྱི་གཞུང་ལམ་ལས་གཞན་རྫོང་ཁག་བར་གྱི་གཞུང་ལམ་དང་དེ་མིན་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཡོད་ས་དང་ཤང་རིམ་པའི་མི་དམངས་སྲིད་གཞུང་ཡོད་ས།ཚོང་རྫས་ཀྱི་ཐོན་སྐྱེད་གཙོ་བོ་དང་གཅིག་བསྡུས་ཁ་ཐོར་རང་བཞིན་གྱི་གཞུང་ལམ་སྟོན་པ་ཡིན།

གཉིས་པ།ཤང་གི་གཞུང་ལམ་ཞེས་པ་དེས་རྫོང་གི་གཞུང་ལམ་དང་རྫོང་གི་གཞུང་ལམ་ཡན་གྱི་རིམ་པའི་གཞུང་ལམ་ལས་གཞན་པའི་ཤང་ཕན་ཚུན་བར་གྱི་གཞུང་ལམ་དང་དེ་མིན་ཤང་རིམ་པའི་མི་དམངས་སྲིད་གཞུང་ཡོད་པའི་ས་གནས་དང་སྡེ་བ་གསར་འཛུགས་བཟོ་སྐྲུན་བྱ་ཡུལ་གྱི་གཞུང་ལམ་ལ་ཟེར།

གསུམ་པ།སྡེ་བའི་གཞུང་ལམ་ཞེས་པ་དེས་ཤང་གི་གཞུང་ལམ་དང་ཤང་གི་གཞུང་ལམ་ཡན་གྱི་རིམ་པའི་གཞུང་ལམ་མ་འདུས་པའི་གསར་བཙུགས་སྡེ་བ་ཕན་ཚུན་བར་ལ་མཐུད་སྦྲེལ་བྱེད་པ།གསར་བཙུགས་སྡེ་བ་དང་རང་བྱུང་སྡེ་བ། གསར་བཙུགས་སྡེ་བ་ནས་ཕྱི་རོལ་ལ་སྦྲེལ་བའི་གཞུང་ལམ།འོན་ཀྱང་དེའི་ཁོངས་སུ་སྡེ་བའི་སྲང་ལམ་དང་ཞིང་ཚིགས་བར་གྱི་འཕྲུལ་ཆས་འགྲོ་སྐྱོད་བྱེད་སའི་གཞུང་ལམ་མི་འདུ།

བཞི་པ།ཞིང་སྡེའི་གཞུང་ལམ་གྱི་ཁོངས་གཏོགས་སྒྲིག་ཆས་ཞེས་པ་དེས་ཞིང་སྡེའི་གཞུང་ལམ་ལ་སྲུང་སྐྱོབ་དང་བདག་སྐྱོང་བྱས་ཏེ།ཞིང་སྡེའི་གཞུང་ལམ་གྱི་བདེ་འཇགས་ཤར་བགྲོད་ལ་འགན་སྲུང་བྱེད་པའི་སྒྲིག་ཆས་ཏེ་ཞིང་སྡེའི་གཞུང་ལམ་གྱི་བདག་སྲུང་དང་ཆུ་ཕྱིར་གཏོང་བ།གཅེས་སྐྱོང་། བདག་དོམ། ཞབས་ཞུ། འགྲིམ་འགྲུལ་བདེ་འཇགས།མཐོ་ཚད་ཚོད་འཛིན་དང་ཞེང་ཚད་ཚོད་འཛིན་བྱེད་པ་སོགས་ཀྱི་སྒྲིག་ཆས་ཏེ།ཆེད་ལས་རང་བཞིན་གྱི་འཛུགས་སྐྲུན་བྱ་དངོས་དང་བཟོ་སྐྲུན་བྱ་དངོས་དག་ལ་ཟེར།

ལྔ་པ།ལག་རྩལ་གྱི་གནས་བབ་ལེགས་པོ་ཞེས་པ་དེས་གཞུང་ལམ་རང་སྟེང་གི་དངོས་ལུགས་ཀྱི་རྣམ་པར་མཐུན་པའི་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞིའི་དགོས་མཁོ་སྟེ།དེའི་ཁོངས་སུ་ལམ་ངོས་ཀྱི་ངོས་སྙོམས་དང་ལམ་འགྲམ་གྱི་ཚད་གཞི། རི་ངོས་ཀྱི་བདེ་བགྲོད་སོགས་འབྲེལ་ཡོད་སྒྲིག་ཆས་ལེགས་པོ་ལ་ཟེར།

དྲུག་པ།ཉིན་རྒྱུན་བདག་སྲུང་ཞེས་པ་དེས་ཉིན་རྒྱུན་སྐོར་ཞིབ་དང་ཉིན་རྒྱུན་བདག་སྲུང་།ཉིན་རྒྱུན་ཞིག་གསོ་བྱེད་པ་སྟེ།བཟོ་སྐྲུན་བདག་སྲུང་གིས་བདག་སྲུང་སྔོན་འགོག་དང་སླར་གསོ། བདག་སྐྱོང་།ཆེད་སྤྱོད་བདག་སྐྱོང་དང་བབ་བསྟུན་བདག་སྲུང་བྱེད་པ་ལ་ཟེར།

དོན་ཚན་ཞེ་དགུ་པ། སྲོལ་ཡིག་འདི་ནི2019ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།།

གོང་མ།:ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་བསམ་འཆར་འགའ་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར།

ཞོལ་མ།:ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག ཚོད་སྤྱོད

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235