མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

བདེ་འཇགས་དོ་དམ་སྐོར་གྱི་བཅའ་ཁྲིམས།

ཡོང་ཁུངས།:  སྤེལ་དུས།:2020-02-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

བདེ་འཇགས་དོ་དམ།

བདེ་འཇགས་དོ་དམ་ནི་སྤྱིའི་སྒྲིག་ལམ་དཀྲུག་པ་དང་སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བ། རྒྱུ་ནོར་བདག་དབང་དང་སྤྱི་ཚོགས་དོ་དམ་ལ་སོགས་པར་གནོད་པའི་བྱས་ཉེས་ལ་གོ

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།治安管理处罚

རྩ་དོན།བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས་ཀྱི་ཁྲིམས་བཀོད་རྩ་དོན།

ཁ་གཏད་ས།སྤྱིའི་སྒྲིག་ལམ་དཀྲུག་པ་དང་སྤྱིའི་བདེ་འཇགས་ལ་གནོད་འཚེ་གཏོང་བ།

ཁུངས་ལུང་།དོན་དངོས།

དཀར་ཆག

1 སྤྱིའི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས།

2 སྤྱི་པའི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས།

3 ལུས་ཁམས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས།

4 སྤྱི་ཚོགས་ཀྱི་དོན་དམ་ལ་གནོད་རྐྱེན་བཟོས་པའི་བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས།

1 སྤྱིའི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས།

དོན་ཚན་ཉེར་གསུམ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་ཉིས་བརྒྱ་མན་གཅོད་རྒྱུ། བྱས་ཉེས་ཚབས་ཅུང་ཆེ་བའི་རིགས་ལ། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག་པ་སྟེ།

(གཅིག)ལས་ཁུངས་དང་། ཚོགས་པ། ཁེ་ལས། བྱ་ལས་སྡེ་ཚན་བཅས་ཀྱི་སྒྲིག་ལམ་དཀྲུག་པའི་དབང་གིས་ལས་སྒྲུབ་དང་། ཐོན་སྐྱེད། ལས་གཉེར། སྨན་བཅོས། སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་ལ་འཆར་གཞི་ལྟར་སྤེལ་མི་ཐུབབ་པར་འགྱར་མོད་ཀྱང་གྱོང་གུད་ཚབས་ཆེན་བཟོས་མེད་པའི་རིགས་དང་།

(གཉིས)རླངས་འཁོར་སོགས་ཀྱི་འབབ་ཚུགས་དང་། གྲུ་ཁ། གནམ་གྲུ་ཐང་། ཚོང་ཁང་། སྤྱི་གླིང་། འགྲེམས་སྟོན་ཁང་ངམ་ཡང་ན་མི་མང་འཛོམས་ས་གཞན་དག་གིས་སྒྲིག་ལམ་དཀྲུག་པའི་རིགས།

(གསུམ)སྤྱི་སྤྱོད་རླངས་འཁོར་དང་། གློག་སྒུལ་རླངས་འཁོར། མེ་འཁོར། གྲུ་གཟིངས། མཁའ་འགྲུལ་འཕྲུལ་ཆས་སམ་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་གཞན་དག་གི་སྒྲིག་ལམ་དཀྲུག་རིགས།

(བཞི)འཕྲུལ་སྒུལ་འཁོར་ལོ་དང་། གྲུ་གཟིངས། མཁའ་འགྲུལ་འཕྲུལ་ཆས་དེ་བཞིན་འགྲིམ་འགྲུལ་ཡོ་བྱད་གཞན་དག་བཅས་པ་ཁྲིམས་དང་འགལ་ནས་བཀག་པའམ་ཡང་ན་བཙན་ཤེད་ཀྱི་འཛུལ་བ་དང་། ལྐོག་ཏུ་འཛུལ་བ་བཅས་ཀྱི་རྐྱེན་གྱིས་འགྲིམ་འགྲུལ་ཡོ་བྱད་རྒྱུན་ལྡན་ལྟར་འགྲོ་སྐྱོད་བྱེད་པར་གནོད་པའི་རིགས།

(ལྔ)ཁྲིམས་ལྟར་འདེམས་བསྐོ་བྱེད་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་པའི་རིགས་བཅས་ཡིན།

གོང་གསལ་ནང་གསེས་ཀྱི་བྱ་སྤྱོད་མཉམ་རུབ་ཀྱིས་བྱས་ན། གཏེ་བོ་གང་དེ་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་། སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

དོན་ཚན་ཉེར་བཞི་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་པའི་རྐྱེན་གྱིས་རིག་གནས་དང་ལུས་རྩལ་སོགས་མང་ཚོགས་ཐུགས་པའི་བྱེད་སྒོ་ཆེ་གྲས་ཀྱི་སྒྲིག་ལམ་དཀྲུག་པའི་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་ཉིས་བརྒྱ་མན་གཅོད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག་པ་སྟེ།

(གཅིག)ཚོགས་རར་ཨུ་ཚུགས་ཀྱིས་འཛུལ་བའི་རིགས་དང་།

(གཉིས)གཏན་འབེབས་དང་འག་ལ་ནས་ཚོགས་རའི་ནང་ཤོག་སྦག་གམ་དངངོས་རྫས་གཞན་དག་ལ་མེ་སྦར་བའི་རིགས།

(གསུམ)བརྙས་བཅོས་དང་ཟུར་ཟའི་ཡི་གེ་ལ་སོགས་པའི་དངོས་རྫས་བཤམས་པའི་རིགས།

(བཞི)ཤན་འབྱེད་པ་དང་། ལུས་རྩལ་པའམ་ཡང་ན་ལས་བྱེད་མི་སྣ་གཞན་དག་བཅས་ལ་རུབ་ཁ་རྒྱག་པའི་རིགས།

(ལྔ)ཚོགས་རའི་ནང་གི་དངོས་རྫས་གང་བྱུང་དུ་གཡུག་པ་དང་བཀག་འགོག་བྱས་ཀྱང་ཁར་མི་ཉན་པའི་རིགས།

(དྲུག)མང་ཚོགས་ཞུགས་པའི་བྱེད་སྒོ་ཆེ་གྲས་ཀྱི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད་གཞན་དག་བཅས་ཡིན།

ལུས་རྩལ་འགྲན་བསྡུར་གྱི་སྒྲིག་ལམ་དཀྲུག་པའི་དབང་གིས་བཀག་ཉར་གྱི་ཆད་པ་ཕོག་པའི་རིགས་ལ། དུས་མཚུངས་སུ་དེ་ཉིད་ཟླ་གྲངས་བཅུ་གཉིས་རིང་དུ་ལུས་རྩལ་དོ་རར་རིགས་གཅིག་པའི་འགྲན་བསྡུར་ལྟ་བར་འགྲོ་མི་ཆོག་པའི་འགན་དཀྲི་ཆོག གཏན་འབེབས་དང་འགལ་ནས་ལུས་རྩལ་དོ་རར་འཛུལ་བ་ཡིན་ན། རང་ས་ནས་བཙན་ཤེད་ཀྱིས་ཕྱིར་འདོན་བྱེད་དགོས།

དོན་ཚན་ཉེར་ལྔ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག བྱས་ཉེས་ཅུང་ཆུང་ན། ཉིན་ལྔ་མན་གྱི་བཤག་ཉར་རམ་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག་པ་སྟེ།

(གཅིག)དཀྲོག་གཏམ་བཤད་པ་དང་། འཇིགས་པ་དང་། འགོས་ནད། ཉེན་ཟོན་བཅས་པའི་གནས་ཚུལ་རྫུན་ཞུ་བྱས་པའམ་ཡང་ན་བྱེད་ཐབས་གཞན་པར་བརྟེན་ནས་སྤྱི་པའི་སྒྲིག་ལམ་བསམ་གཟས་ནས་དཀྲུག་པའི་རིགས།

(གཉིས)འབར་གས་དང་། དུག་སྐྱོན། འགྱེད་འཕྲོ། རུལ་བསླད་བཅས་ཀྱི་རང་བཞིན་ལྡན་པའི་དངོས་རྫས་རྫུན་མའམ་ཡང་ན་འགོས་ནད་ཀྱི་ནད་རྒྱུ་ལ་སོགས་པའི་དངོས་རྫས་ཉེན་ཁ་ཅན་རྫུས་མ་བཟུང་ནས་སྤྱིའི་སྒྲིག་ལམ་དཀྲུག་པའི་རིགས།

(གསུམ)མེ་མདའ་བརྒྱག་རྒྱུ་དང་། འབར་གས་གཏོང་རྒྱུ། དངོས་རྫས་ཉེན་ཅན་གཏོར་རྒྱུ་བཅས་ཀྱི་ཁ་ཤོབ་བཤད་ནས་སྤྱིའི་སྒྲིག་ལམ་དཀྲུག་རིགས་བཅས་ཡིན།

དོན་ཚན་ཉེར་དྲུག་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག ཉེས་ཚབས་ཅུང་ཆེ་བའི་རིགས་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ཆིག་སྟོང་མན་བཅད་ཆོག་པ་སྟེ།

(གཅིག)ཁ་མཐུན་དཔུང་བསྒྲིལ་གྱིས་འཛིང་རེས་བྱས་རིགས་དང་།

(གཉིས)སྐྱེ་བོ་གཞན་པ་འདེད་པ་དང་བཙན་བཀག་བྱས་རིགས།

(གསུམ)སྤྱི་སྒེར་གྱི་རྒྱུ་ནོར་ཧམ་ལེན་དང་བཙན་འཕྲོག་གམ་ཡང་ན་གང་འདོད་དུ་གཏོར་བརླག་དང་འཛིན་བཟུང་བྱས་རིགས།

(བཞི)བསྙད་རྐོ་ཟིང་སློང་གི་བྱ་སྤྱོད་གཞན་དག་བཅས་ཡིན།

དོན་ཚན་ཉེར་བདུན་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ཆིག་སྟོང་མན་བཅད་ཆོག་པ་དང་། ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག་པ་སྟེ།

(གཅིག)སྐྱེ་བོ་གཞན་པ་སྒྲིག་འཛུགས་དང་། ངན་བསླབ། འཇིགས་སྐུལ། བསླུ་བྲིད། ངན་སྐུལ་བཅས་བྱས་ནས་ཆོས་ལོག་དང་། རྨོངས་དད་ཚོགས་པའི་བྱེད་སྒོར་ཞུགས་སུ་བཅུག་པའམ་ཡང་ན་ཆོས་ལོག་དང་། རྨོངས་དད་ཚོགས་པ། རྨོངས་དད་བཅས་ཀྱི་བྱ་སྤྱད་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ་དང་། སྐྱེ་བོ་གཞན་གྱི་ལུས་ཁམས་བདེ་ཐང་ལ་གནོད་པའི་རིགས་དང་།

(གཉིས)ཆོས་ལུགས་དང་། རླུང་སྒོམ་གྱི་མིང་རྫུན་མ་འཁྱེར་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ་དང་། སྐྱེ་བོ་གཞན་གྱི་ལུས་ཁམས་བདེ་ཐང་ལ་གནོད་པའི་བྱ་སྤྱོད་སྤེལ་པའི་རིགས་བཅས་ཡིན།

དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་སྐུད་མེད་གློག་འཕྲིན་གྱི་གལས་སྒོ་འཆར་གཞི་ཅན་སྤེལ་བར་རྐང་བཙུགས་ནས་འགོག་རྐྱེན་བཟོས་པའམ་ཡང་ན་འཆར་ཅན་འཁོར་སྐྱོད་བྱེད་པའི་སྐུད་མེད་གློག་འཕྲིན(ས་ཚིགས)ལ་གནོད་པ་ཡོད་པའི་འགོག་རྐྱེན་བྱུང་ཞིང་། འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གི་ས་གསལ་སྟོན་བྱས་པའི་རྗེས། བྱེད་ཐབས་ནུས་ལྡན་སྤྱད་ནས་མེད་པར་བཟོ་རྒྱུའི་ཁས་ལེན་བྱས་མེད་པའི་རིགས་ལ། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་། ཉེས་ཚབས་ཆེ་རིགས་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བར་བཀག་ཉར་བྱ་རྒྱུ།

དོན་ཚན་ཉེར་དགུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་མན་ཉར་བྱ་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་སྟེ།

(གཅིག)རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་རྩིས་འཁོར་བརྡ་འཕྲིན་མ་ལག་ནང་བཙན་འཛུལ་བྱས་ནས་གནོད་སྐྱོན་བཟོས་པའུ་རིགས་དང་།

(གཉིས)རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་རྩིས་འཁོར་བརྡ་འཕྲིན་མ་ལག་གི་བཀོལ་ནུས་བསུབ་པ་དང་། བཟོ་བཅོས། ཁ་སྣོན། གནོད་སྐྱོན་བཅས་བཏང་བའི་དབང་གིས་རྩིས་འཁོར་བརྡ་འཕྲིན་མ་ལག་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་མི་ཐུབ་པར་བསྒྱུར་བའི་རིགས།

(གསུམ)རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་རྩིས་འཁོར་བརྡ་འཕྲིན་མ་ལག་གི་ཉར་སྒྲུབ་སྐྱེལ་གསུམ་གྱི་གཞི་གྲངས་དང་བཀོལ་སྤྱོད་ཀྱི་གོ་རིམ་བསུབ་པ་དང་། བཟོ་བཅོས། ཁ་སྣོན་བཅས་བྱས་རིགས།

(བཞི)རྩིས་འཁོར་གྱི་ནད་དུག་ལ་སོགས་པའི་གཏོར་སྐྱོན་ནུས་པའི་གོ་རིམ་རྐང་བཙུགས་ནས་བཟོ་པ་དང་རྩིས་འཁོར་གྱི་བརྡ་འཕྲིན་མ་ལག་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་པར་གནོད་རིགས་བཅས་ཡིན།

2 སྤྱི་པའི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས།

དོན་ཚན་སུམ་ཅུ་པ། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས། འབར་གས་དང་། དུག་སྐྱོན། འགྱེད་འཕྲོ། རུལ་བསླད་བཅས་ཀྱི་དངོས་རྫས་སམ་ཡང་ན་འགོས་ནད་ཀྱི་ནད་རྒྱུ་ལ་སོགས་པའི་དངོས་པོ་ཉེན་ཅན་རིགས་བཟོ་སྐྲུན་དང་། ཉོ་འཚོང་གསོག་ཉར། སྐྱེལ་འདྲེན། སྦྲག་བསྐུར། འཁྱེར་བ། བེད་སྤྱོད། མཁོ་སྤྲོད། བཀོད་སྒྲིག་བཅས་བྱས་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་བྱ་རྒྱུ་དང་། ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ།

དོན་ཚན་སོ་གཅིག་པ། འབར་གས་དང་། དུག་སྐྱོན། འགྱེད་འཕྲོ། རུལ་བསླད་བཅས་ཀྱི་དངོས་རྫས་སམ་ཡང་ན་འགོས་ནད་ཀྱི་ནད་རྒྱུ་སོགས་དངོས་རྫས་ཉེན་ཅན་རྐུས་པ་དང་། གཞན་གྱིས་འཕྲོག་པའམ་ཡང་ན་བོར་བརླག་སོང་ཡང་གཏན་འབེབས་ལྟར་སྙན་སེང་མ་ཞུས་པ་ཡིན་ན། ཉིན་ལྔ་མན་བཀག་ཉར་བྱ་རྒྱུ། རྐང་བཙུགས་ནས་སྦ་གསང་བྱས་ཏེ་གོང་ཉུ་མ་བྱས་ན། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ།

དོན་ཚན་སོ་གཉིས་པ། མེ་མདའ་དང་། འགད་རྫས་སམ་ཡང་ན་མདའ་གཞུ་དང་གློ་གྲི་སོགས་རྒྱལ་ཁབ་ཀྱི་གཏན་འབེབས་སུ་བཀག་སྡོམ་བྱས་པའི་ལག་ཆ་ཁྲིམས་དང་འགལ་ནས་ལུས་ལ་འཁྱེར་བའི་རིགས། ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་ཉིས་བརྒྱ་མན་བཅད་ཆོག

མེ་མདའ་དང་འགད་རྫས་སམ་ཡང་ན་མདའ་གཞུ་དང་གློ་གྲི་སོགས་རྒྱལ་ཁབ་ཀྱི་གཏན་འབེབས་སུ་བཀག་སྡོམ་བྱས་པའི་ལག་ཆ་ཁྲིམས་དང་འགལ་ནས་ལུས་འབྱར་དུ་ཁྱེར་ནས་མི་མང་འཛོམས་སའམ་ཡང་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ནང་འཛུལ་རིགས། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་བཅད་ཆོག

དོན་ཚན་སོ་གསུམ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བར་བཀག་ཉར་བྱ་རྒྱུ་སྟེ།

(གཅིག)སྣུམ་རླངས་ཀྱི་སྒྲིག་བཀོད་དང་། གློག་ཤུགས་གློག་འཕྲིན་སྒྲིག་བཀོད། རླུང་འཕྲིན་བརྙན་འཕྲིན་སྒྲིག་བཀོད། ཆུ་བེད་ཞོད་སྐྱོན་འགོག་པའི་ལས་གྲྭའི་སྒྲིག་བཀོད་སམ་ཡང་ན་ཆུ་དཔྱད་ལྟ་ཞུབ་ཚད་ལེན་དང་། ཚད་འཇལ། གནམ་གཤིས་ལྟ་དཔྱད་སྔོན་བརྡ། ཁོར་ཡུག་ལྟ་དཔྱད། ས་གཤིས་ལྟ་དཔྱད། ས་ཡོམ་ལྟ་དཔྱོད་སོགས་པའི་སྤྱིའི་སྒྲིག་བཀོད་རྐུ་བཅོམ་དང་། གཏོར་སྐྱོན་བཏང་རགས།

(གཉིས)རྒྱལ་ཁབ་ཀྱི་མཐའ་མཚམས་མཚོན་པའི་རྡོ་རིང་དང་། མཚམས་རྡོ་དེ་བཞིན་མཐའ་མཚམས་ཀྱི་མཚོན་རྟགས་དང་། མཐའ་མཚམས་ཀྱི་སྒྲིག་བཀོད་གཞན་དག་གམ་ཡང་ན་མངའ་ཁོངས་དང་། མངའ་ཁོངས་རྒྱ་མཚོའི་མཚོན་རྟགས་སྒྲིག་བཀོད་བཅས་སྤོས་པ་དང་གཏོར་སྐྱོན་བཏང་རིགས།

(གསུམ)ཁྲིམས་དང་འགལ་ནས་རྒྱལ་མཚམས(མཐའ་མཚམས)ས་ཐིག་དབྱེ་འབྱེད་ལ་གནོད་པའི་བྱེད་སྒོ་སྤེལ་བའམ་ཡང་ན་རྒྱལ་མཚམས(མཐའ་མཚམས)དོ་དམ་ལ་འགོག་རྐྱེན་བཟོ་པའི་སྒྲིག་བཀོད་བསྐྲུན་རིགས་བཅས་ཡིན།

དོན་ཚན་སོ་བཞི་པ། བེད་སྤྱོད་བྱེད་བཞིན་པའི་མཁའ་འགྲུལ་སྒྲིག་བཀོད་རྐུ་ཁྱེར་དང་། གཏོར་བཤིག རང་དགར་སྤོས་པའམ་ཡང་ན་མཁའ་འགྲུལ་འཕྲུལ་ཆས་ཀྱི་ཁ་ལོ་བ་སྡོད་སར་བཙན་ཤེད་ཀྱིས་འཛུལ་བའི་རིགས་ལ་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བར་བཀག་ཉར་བྱ་རྒྱུ།

བེད་སྤྱོད་བྱེད་བཞིན་པའི་མཁའ་སྐྱོད་འཕྲུལ་ཆས་ནང་ཕྱོགས་སྟོན་མ་ལག་གི་བྱེད་ནམུས་རྒྱུན་ལྡན་ལྟར་འཁོར་བར་གནོད་བའི་འཕྲུལ་ཆས་དང་ལག་ཆ་སྤྱད་ཁར་བཀག་ཀྱང་མི་ཉན་པའི་རིགས། ཉིན་ལྔ་མན་ལ་བཀག་ཉར་བྱ་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ།

དོན་ཚན་སོ་ལྔ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ། བྱས་ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཉིན་ལྔ་མན་བཀག་ཉར་བྱ་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ་སྟེ།

(གཅིག)ལྕགས་ལམ་གྱི་སྒྲིག་བཀོད་དང་། སྒྲིག་ཆས། མེ་འཁོར་ཨ་མའི་ལྷུ་ལག་གམ་ཡང་ན་བདེ་འཇགས་ཀྱི་མཚོན་རྟགས་རྐུ་ཁྱེར་དང་། གཏོར་བཤིག་གཏོང་བའམ་ཡང་ན་རང་དགར་གང་བྱུང་དུ་སྤོས་པའི་རིགས།

(གཉིས)ལྕགས་ལམ་གྱི་ལམ་རྒྱུད་དུ་འགོག་དངོས་བཞག་པའམ་ཡང་ན་རྐང་བཙུགས་ནས་མེ་འཁོར་ཕྱོགས་སུ་དངོས་རྫས་གཡུག་པའི་རིགས།

(གསུམ)ལྕགས་ལམ་གྱི་ལམ་རྒྱུད་དང་། ཟམ་པ། སྦུག་ལམ་བཅས་སུ་ས་དོང་དྲུས་པ་དང་། བྱེ་རྡོ་སྔོག་ལེན་བྱས་པའི་རིགས།

(བཞི)ལྕགས་ལམ་རྒྱད་དུ་སྒེར་གྱིས་ལམ་མདོའམ་ལམ་བཅད་ནས་བགྲོད་ལམ་བཟོས་པའི་རིགས་བཅས་ཡིན།

དོན་ཚན་སོ་དྲུག་པ། ལྕགས་ལམ་གྱི་འགོག་སྲུང་དྲ་བའམ་མེ་འཁོར་བཏང་ཡོང་དུས་ལྕགས་ལམ་ལམ་རྒྱུད་དུ་འགྲོ་ཉལ་སྡོད་གསུམ་དང་ལྕགས་ལམ་འཕྲེད་བརྒལ་བྱས་པས་མེ་འཁོར་ཤར་བགྲོད་ཀྱི་བདེ་འཇགས་ལ་གནོད་པའི་རིགས་ལ་ཐ་ཚིག་སྒྲོག་རྒྱུའམ་ཡང་ན་དངུལ་ཆད་སྒོར་ཉིས་བརྒྱ་མན་གཅོད་རྒྱུ།

དོན་ཚན་སོ་བདུན་པ། གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་མན་བཀག་ཉར་བྱ་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ་སྟེ།

(གཅིག)ཆོག་མཆན་མ་ཞུས་པར་གློག་དྲ་སྒྲིག་སྦྱོར་དང་བདེ་སྦྱོད་བྱས་མ་ཡང་ན་གློག་དྲ་སྒྲིག་སྦྱོར་དང་བདེ་སྤྱོད་བྱས་ཏེ་བདེ་འཇགས་ཀྱི་གཏན་འབེབས་དང་མི་མཐུན་པའི་རིགས་དང་།

(གཉིས)རྔས་འཁོར་དང་མི་འགྲོ་སྐྱོད་བྱེད་ཨར་ལས་བྱེད་སྐབས་ཡུར་བ་དང་། ཁྲོན་པ། ད་དོང་། ས་འབུར་བཅས་ལ་ཁེབས་དང་། ར་སྐྱོར། ཉེན་བརྡའི་གསལ་རྟགས་བཅས་མ་བཀོད་པའམ་ཡང་ན་ཁེབས་དང་། ར་སྐྱོར། ཉེན་བརྡའི་གསལ་རྟགས་བཅས་ལ་གཏོར་བརླག་དང་གང་དགར་སྤོས་པའི་རིགས།

(གསུམ)ལམ་ངོས་ཀྱི་དོང་ཁེབས་དང་གློག་སྒྲོན་ལ་སོགས་པའི་སྤྱིའི་སྒྲིག་བཀོད་རྐུ་ཁྱེར་དང་དེར་གཏོར་བཤིག་བཏང་རིགས་བཅས་ཡིན།

དོན་ཚན་སོ་བརྒྱད་པ། རིག་གནས་དང་ལུས་རྩལ་སོགས་མང་ཚོགས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་སར་གཏན་འབེབས་དང་འགལ་ནཔས་བདེ་འཇགས་དོན་རྐྱེན་གྱི་ཉེན་ཁ་ཐོན་པ་ཡིན་ན། བྱེད་སྒོ་སྤེལ་མཚམས་འཇོག་ཏུ་བཅུག་ནས་འཕྲལ་མར་མི་རྣམས་ཁ་མགྲམ་དུ་འཇུག་རྒྱུ། སྒྲིག་འཛུགས་བྱེད་མཁན་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བར་བཀག་ཉར་བྱ་རྒྱུ་དང་ཆབས་སྦྲགས་སུ་དངུལ་ཆད་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གཅོད་རྒྱུ། ཉེས་ཚབས་ཆུང་ཙམ་ལ་ཉིན་ལྔ་མན་བཀག་ཉར་བྱ་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་རྒྱུ།

དོན་ཚན་སོ་དགུ་པ། མགྲོན་ཁང་དང་། གསོལ་ཚིགས་ཁང་། གློག་བརྙན་ཁང་། རོལ་རྩེད་ཁང་། ལུས་རྩལ་དོ་ར། འགྲེམས་སྟོན་ཁང་ངམ་སྤྱི་ཚོགས་དམངས་ཡོངས་ཀྱི་བྱེད་སྒོ་སྤེལ་ས་མཁོ་འདོན་བྱས་པའི་ས་ཆ་གཞན་དག་བཅས་ཀྱི་གཉེར་སྐྱོང་དོ་དམ་པས་བདེ་འཇགས་ཀྱི་གཏན་འབེབས་དང་འགལ་བའི་རྐྱེན་གྱིས་ས་ཆ་དེར་བདེ་འཇགས་དོན་རྐྱེན་གྱི་ཉེན་ཁ་བྱུང་བ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲིས་ཀྱང་ཡོ་བསྲང་མ་བྱས་ན། ཉིན་ལྔ་མན་བཀག་ཉར་བྱ་རྒྱུ།

3 ལུས་ཁམས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས།

དོན་ཚན་བཞི་བཅུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་མ་ཟད། སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཀྱང་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་མ་ཟད། སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཀྱང་གཅོད་རྒྱུ།

(གཅིག)ལོ་ན་བཅུ་དྲུག་ལ་མ་སོན་པའི་སྐྱེ་བོའམ་ཡང་ན་དབང་པོ་སྐྱོན་ཅན་སྒྲིག་འཛུགས་དང་། འཇིགས་སྐུལ། བསླུ་བྲིད་བཅས་བྱས་ནས་འཇིགས་སྣང་དང་གདུག་རྩུབ་ཆེ་བའི་འཁྲབ་སྟོན་བྱེད་དུ་བཅུག་པའི་རིགས།

(གཉིས)དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་སྐྱེ་བོ་གཞན་ལ་ངལ་རྩོལ་བྱེད་དུ་བཅུག་པའི་རིགས།

(གསུམ)ཁྲིམས་དང་མི་མཐུན་པར་སྐྱེ་བོ་གཞན་པའི་རང་ལུས་དང་དབང་ལ་ཚོད་འཛིན་དང་། ཁྲིམས་དང་མི་མཐུན་པར་གཞན་གྱི་སྡོད་ཁང་ལ་བཙན་འཛུལ་དང་ཡང་ན་གཞན་གྱི་ལུས་པོ་སྔོག་བཤེར་བྱས་པའི་རིགས་བཅས།

དོན་ཚན་ཞེ་གཅིག་པ། མི་གཞན་པར་འཇིགས་སྐུལ་དང་། བསླུ་བྲིད་བྱས་པའམ་ཡང་ན་དེར་སློང་མོ་ཞུ་རུ་བཅུག་པའི་རིགས་ལ་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

མི་གཞན་པར་སུན་པོ་ཡང་ཡང་བཟོ་བ་དང་བཙན་ཤེད་ཀྱིས་སློང་བའམ་ཡང་ན་བཟོད་མི་ནུས་པ་སོགས་བཟོ་ཐབས་གཞན་དག་ལ་བརྟེན་ནས་སློང་མོ་ཞུ་བཅུག་པའི་རིགས་ལ་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་ཐ་ཚིག་བསྒྲོག་ཏུ་འཇུག་རྒྱུ།

དོན་ཚན་ཞེ་གཉིས་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་མན་གྱི་བཀག་ཉར་རམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཅུང་ཆེ་བའི་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་མ་ཟད། སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཀྱང་བཅད་ཆོག

(གཅིག)འཇིགས་སྐུལ་འཕྲིན་ཡིག་འབྲི་བའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་མི་གཞན་པའི་ལུས་ཁམས་བདེ་འཇགས་ཡོང་བར་འཇིགས་སྐུལ་བྱེད་རིགས།

(གཉིས)སྐྱེ་བོ་གཞན་པར་མངོན་གསལ་དུ་དམའ་འབེབས་བྱེད་པའམ་ཡང་ན་གནས་ཚུལ་རྫུན་མ་བཟོས་ནས་མི་གཞན་པར་མ་ཉེས་ཁ་འགེལ་བྱེད་རིགས།

(གསུམ)གནས་ཚུལ་རྫུན་མ་བཟོས་ནས་མི་གཞན་པར་སྙོན་འཛུགས་ཉེས་འགེལ་བྱས་ཏེ་མི་གཞན་པར་ཉེས་དོན་གྱི་བདའ་འདེད་ཕོག་པའམ་བདེ་འཇགས་དོ་དམ་གྱི་ཉེས་གཅོད་ཕོག་རྒྱུའི་རེ་ངན་འཆང་རིགས།

(བཞི)དཔང་པོ་དང་དེའི་གཉེན་ཉེར་འཇིགས་སྐུལ་དང་། དམའ་འབེབས། ཉེས་རྡུང་གཏོང་བ་བཅས་བྱེད་པའམ་ཡང་ན་རྡུང་རྡེག་འཁོན་སློག་བྱེད་པའི་རིགས།

(ལྔ)འདོད་གཡེམ་དང་། དམའ་འབེབས། འཇིགས་སྐུལ་ལམ་ཡང་ན་ཆ་འཕྲིན་གཞན་པ་ཐེངས་མང་བཏང་ནས་སྐྱེ་བོ་གཞན་པའི་རྒྱུན་ལྡན་གྱི་འཚོ་བར་གནོད་པ་སྐྱེལ་རིགས།

(དྲུག)མི་གཞན་པའི་སྒེར་གྱི་གསང་དོན་རྐུ་ཁྱེར་དང་། ལྐོག་ལེན། ལྐོག་ཉན། འགྲེམས་བསྒྲགས་བྱས་པའི་རིགས་བཅས་ཡིན།

དོན་ཚན་ཞེ་གསུམ་པ། མི་གཞན་པར་ཉེས་རྡུང་གཏོང་བའམ་ཡང་ན་རྐང་བཙུགས་ནསག་སྐྱེ་བོ་གཞན་པའི་ལུས་ཁམས་ལ་གནོད་སྐྱོན་བཏང་བའི་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་མ་ཟད། སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་དང་། བྱས་ཉེས་ཚད་ཅུང་ཆུང་བར་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་གྱི་ཆ་གཅོད་རྒྱུ་དང་། སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་སྟེ།

(གཅིག)ཁ་མཐུན་དཔུང་བསྒྲིལ་གྱིས་མི་གཞན་པར་ཉེས་རྡུང་དང་གནོད་སྐྱོན་བཏང་བའི་རིགས་དང་།

(གཉིས)དབང་པོ་སྐྱོན་ཅན་དང་། སྦྲུམ་མ། ལོ་ན་བཅུ་བཞིར་མ་སོན་པའི་མི་བཅས་སམ་ཡང་ན་ལོ་དྲུག་ཅུ་ཡན་ལ་སོན་པའི་མིར་ཉེས་རྡུང་དང་གནོད་སྐྱོན་བཏང་བའི་རིགས།

(གསུམ)མི་གཞན་པར་ཉེས་རྡུང་དང་གནོད་སྐྱོན་ཐེངས་མང་བཏང་བའམ་ཡང་ན་ཐེངས་གཅིག་ལ་མི་མང་པོར་ཉེས་རྡུང་དང་གནོད་སྐྱོན་བཏང་བའི་རིགས།

དོན་ཚན་ཞེ་བཞི་པ། མི་གཞན་པར་ཆགས་རྩེད་རྩེ་བའམ་ཡང་ན་མི་མང་འཛོམ་སར་རྐང་བཙུགས་ནས་གཅེར་བུར་ཐོན་ཏེ་ཉེས་ཚབས་ཆེན་པོ་ཡིན་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུམ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱ་དང་། རིག་སྟོབས་ཀྱི་དབང་པོ་སྐྱོན་ཅན་དང་སྨྱོ་ནད་ཅན། ལོ་ན་བཅུ་བཞིར་མ་སོན་པའི་མི་བཅས་ལ་ཆགས་རྩེད་རྩེ་བའམ་ཡང་ན་ཉེས་ཚབས་ཆེན་པོ་གཞན་ཡོད་པའི་རིགས་ལ་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ།

དོན་ཚན་ཞེ་ལྔ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་ཡང་ན་ཐ་ཚིག་བསྒྲིག་ཏུ་འཇུག་རྒྱུ་སྟེ།

(གཅིག) ཁྱིམ་མིར་གདུག་གཅོད་བཏང་ནས་སྡུག་གཅོད་ཕོག་མཁན་གྱིས་ཐག་གཅོཅད་བྱེད་རེ་བ་བཏོན་པ་དང་།

(གཉིས)རང་ནུས་ཀྱི་འཚོ་བ་སྐྱེལ་ནུས་མེད་པའི་གསོ་སྐྱོང་བྱེད་མི་བདག་སྤྲོད་མི་བྱེད་པ་བཅས་ཡིན།

དོན་ཚན་ཞེ་དྲུག་པ། ཚོང་ཟོག་ཧམ་ཉོ་བཙན་ཚོང་དང་། མི་གཞན་ལ་བཙན་ཐབས་ཀྱིས་ཞབས་ཞུ་མཁོ་འདོན་བྱེད་དུ་འཇུག་པའམ་ཡང་ན་མི་གཞན་ལ་བཙན་ཐབས་ཀྱིས་ཞབས་ཞུ་དང་ལེན་བྱེད་དུ་འཇུག་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱེད་རྒྱུ་དང་། སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། བྱས་ཉེས་ཅུང་ཆུང་བར་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་ཞེ་བདུན་པ། མི་རིགས་ལ་འཁོན་འཛིན་དང་མི་རིགས་ལ་སྣང་ཆུང་བྱེད་པར་སེམས་ནས་དེར་སྐུལ་སློང་བྱེད་པའམ་ཡང་ན་པར་སྐྲུན་ཡིག་རིགས་དང་རྩིས་འཁོར་བརྡ་འཕྲིན་དྲ་བའི་ཐོག་མི་རིགས་ཀྱི་འཁོན་འཛིན་དང་མི་རིགས་ཀྱི་སྣང་ཆུང་སྐོར་གྱི་ནང་དོན་བཀོད་རིགས་ལ་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱེད་རྒྱུ་དང་། སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

དོན་ཚན་ཞེ་བརྒྱད་པ། མི་གཞན་གྱི་སྦྲག་རྫས་ཧམ་ལེན་དང་། སྦས་སྐུང་། གཏོར་བརླག རང་འདོད་སྒོས་ལྐོག་ལྟ་དང་ཡང་ན་ཁྲིམས་དང་མི་མཐུན་པར་ཞིབ་བཤེར་བཅས་བྱས་པའི་རིགས་ལ་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་ཞེ་དགུ་པ། གཞུང་སྒེར་གྱི་རྒྱུ་དངོས་རྐུ་འཁྱེར་དང་། ཁ་བསླུས་རྒྱག་པ། སྡེབ་འུར་ཧམ་འཕྲོག འཕྲོག་བཅོམ ཟ་བསྙད་ཧམ་ཁྱེར་བྱེད་པའམ་ཡང་ན་རྐང་བཙུགས་ནས་གཏོར་བརླག་གཏོང་བ་བཅས་བྱེད་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་། སྒོར་ལྔ་བརྒྱ་མན་གྱི་དངུལ་ཆབས་སྦགས་སུ་བཅད་ཆོག ཉེས་ཚབས་ཅུང་ཆེ་བར་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་། སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

4 སྤྱི་ཚོགས་ཀྱི་དོན་དམ་ལ་གནོད་རྐྱེན་བཟོས་པའི་བྱ་སྤྱོད་དང་དེར་ཆད་པ་གཅོད་སྟངས།

དོན་ཚན་ལྔ་བཅུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཐ་ཚིག་བསྒྲོག་རྒྱུའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བར་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱེད་རྒྱུ་དང་། སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག་པ་སྟེ།

(གཅིག)མི་དམངས་སྲིད་གཞུང་གིས་གནས་ཚུལ་ཛ་དྲག་པོའི་འོག་ཁྲིམས་ལྟར་འགྲེམས་བསྒྲགས་བྱས་པའི་ཆོད་དོན་དང་བཀའ་རྒྱ་དང་ལེན་མི་བྱེད་པ།

(གཉིས)རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲིའི་ལས་སྒོ་སྒྲུབ་པར་འགལ་རྐྱེན་བཟོ་བ།

(གསུམ)ལས་འགན་ཛ་དྲག་པོ་སྒྲུབ་མཁན་མེ་གསོད་རླངས་འཁོར་དང་། སྨན་བཅོས་སྲོག་སྐྱོབ་རླངས་འཁོར། ལས་གྲྭའི་ཉེན་ཁ་མྱུར་སེལ་རླངས་འཁོར། ཉེན་ཟོན་རླངས་འཁོར་སོགས་འཁོར་ལོའི་རིགས་ཤར་བགྲོད་བྱེད་པར་འགལ་རྐྱེན་བཟོ་བ།

(བཞི)སྤྱི་བདེ་ལས་ཁུངས་ཀྱིས་འཐེན་པའི་ཉེན་ཟོན་ས་ཐིག་དང་ཉེན་ཟོན་ཁུལ་བཙན་བརྒལ་བྱེད་པ་བཅས་ཡིན།

མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་འགན་འཁྲིའི་ལས་སྒོ་སྒྲུབ་པར་འགལ་རྐྱེན་བཟོས་པའི་རིགས་ལ་ཆད་པ་ལྕི་མོ་གཅོད་རྒྱུ།

དོན་ཚན་ང་གཅིག་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣར་བརྫུས་པའམ་ཡང་ན་མིང་ཐོབ་རྫུན་བཟོ་བྱེད་པ་སོགས་ལ་བརྟེན་ནས་གཡོ་སྐོར་བྱེད་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱེད་རྒྱུ་དང་། སྒོར་ལྔ་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་མན་གྱི་བཀག་ཉར་བྱེད་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

དམག་མི་དང་ཉེན་རྟོག་པར་བརྫུས་ནས་གཡོ་སྐོར་བྱེད་རིགས་ལ་ཆད་པ་ལྕི་བར་གཅོད་རྒྱུ།

དོན་ཚན་ང་གཉིས་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱེད་རྒྱུ་དང་། སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག བྱས་ཉེས་ཅུང་ཆུང་བར་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱེད་རྒྱུ། སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦགས་སུ་བཅད་ཚོག་པ་སྟེ།

(གཅིག)རྒྱལ་ཁབ་ཀྱི་ལས་ཁུངས་དང་། མི་དམངས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན། ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱི་གཞུང་ཡིག་དང་། ལག་ཁྱེར། ར་སྤྲོད་ཡིག་ཆ། ཐམ་ག་བཅས་རྫུན་བཟོ་དང་། བསྒྱུར་བཟོའམ་ཡང་ན་ཉོ་འཚོང་བྱས་རིགས།

(གཉིས)རྒྱལ་ཁབ་ཀྱི་ལས་ཁུངས་དང་། མི་དམངས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན། ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱི་གཞུང་ཡིག་དང་། ལག་ཁྱེར། ར་སྤྲོད་ཡིག་ཆ་བཅས་རྫུན་བཟོ་དང་བསྒྱུར་བཟོ་བྱས་རིགས་ཉོ་འཚོང་ངམ་ཡང་ན་བེད་སྤྱོད་བྱས་པའི་རིགས།

(གསུམ)རླངས་འཁོར་གྱི་པ་སེ་དང་། གྲུའི་པ་སེ། མཁའ་འགྲུལ་གྱི་པ་སེ། རིག་རྩལ་འཁྲབ་སྟོན་གྱི་པ་སེ། ལུས་རྩལ་འགྲན་བསྡུར་ལ་ཞུགས་པའི་འཐུས་མིའི་ལག་འཛིན་ནམ་ཡང་ན་རིན་ལྡན་འཛིན་ཤོག་དང་དངོས་དཔང་བཅས་རྫུན་བཟོ་དང་བསྒྱུར་བཟོ། བར་འཚོང་བཅས་བྱེད་པའི་རིགས།

(བཞི)གྲུ་གཟིངས་ཀྱི་ཐོ་འགོད་རྟགས་ཅན་རྫུན་བཟོ་དང་བསྐྱར་བཟོ་བྱས་པ་དང་། གྲུ་གཟིངས་ཀྱི་ཐོ་འགོད་རྟགས་ཅན་རྫུན་བཟོ་དང་བསྒྱུར་བཟོ་བྱས་པའི་རིགས་ཉོ་འཚོང་ངམ་ཡང་ན་བེད་སྤྱོད་བྱས་པའམ་ཡང་ན་གྲུ་གཟིངས་སྒུལ་བྱེད་འཕྲུལ་འཁོར་གྱི་ཨང་རྟགས་གསུབ་བཅོས་བརྒྱབ་པའི་རིགས་བཅས་ཡིན།

དོན་ཚན་ང་གསུམ་པ། རྒྱལ་ཁབ་ཀྱིས་བཀག་སྡོམ་དང་ཚོད་འཛིན་བྱེད་པའི་ཆུ་ཁོངས་སམ་གླིང་ཕྲན་དུ་གྲུ་གཟིངས་རང་དགར་འཛུལ་བ་དང་སྡོད་རིགས་ལ་གྲུ་གཟིངས་ཀྱི་འགན་འཁུར་བ་དང་འབྲེལ་ཡོད་སྡེ་ཁག་གིའགན་འཁུར་མི་སྣར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་མན་གྱི་བཀག་ཉར་བྱེད་རྒྱུ་དང་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་ང་བཞི་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱེད་རྒྱུ་དང་། སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་མན་གྱི་བཀག་བྱེད་རྒྱུ་དང་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་སྟེ།

(གཅིག) རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་གཞུང་སར་ཐོ་འགོད་མ་བྱས་པར་སྤྱི་ཚོགས་ཀྱི་ཚོགས་པའི་མིང་ཐོག་ནས་བྱེད་སྒོ་སྤེལ་ཞིང་། རྩིས་མེད་བཏང་རྗེས་ལྔར་བཞིན་བྱེད་སྒོ་སྤེལ་བའི་རིགས་དང་།

(གཉིས)ཁྲིམས་ལྟར་ཐོ་འགོད་ཕྱིར་འཐེན་བྱས་པའི་སྤྱི་ཚོགས་པས་སྔར་བཞིན་སྤྱི་ཚོགས་ཀྱི་ཚོགས་པའི་མིང་ཐོག་ནས་བྱེད་སྒོ་སྤེལ་པའི་རིགས།

(གསུམ)རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་སྤྱི་བདེ་ལས་ཁུངས་ལ་བཀའ་འཁྲོལ་ཞུ་དགོས་པ་བཀའ་འཁྲོལ་མ་བྱུང་བར་རང་དགར་གྱིས་གཉེར་སྐྱོང་བྱེད་པའི་རིགས་བཅས་ཡིན།

གོང་དུ་བཀོད་པའི་ནང་གསེས་དོན་ཚན་གསུམ་པོའི་བྱ་སྤྱོད་ཡོད་རིགས་རྩིས་མེད་གཏོང་རྒྱུ།

སྤྱི་བདེ་ལས་ཁུངས་ཀྱི་བཀའ་འཁྲོལ་བྱུང་བའི་གཉེར་སྐྱོང་བྱེད་མཁན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ན་དོ་དམ་གཏན་འབེབས་དང་འགལ་ནས་གཉེར་སྐྱོང་བྱས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཉེས་ཚབས་ཆེ་རིགས་ཀྱི་འཁྲོལ་འཛིན་ཕྱིར་བསྡུས་ཆོག

དོན་ཚན་ང་ལྔ་པ། ཁྲིམས་དང་མི་མཐུན་པར་འདུ་ཚོགས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ངན་སྐུལ་དང་ངན་ཇུས་བཀོད་ནས་བཀག་སྡོམ་བསླབ་བྱ་བྱས་ཀྱང་མི་ཉན་པའི་རིགས་ལ་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ།

དོན་ཚན་ང་དྲུག་པ། འགྲུལ་ཁང་ལས་རིགས་ཀྱི་ལས་བྱེད་མི་སྣས་ཞག་སྡོད་བྱེད་མཁན་ལ་གཏན་འབེབས་ལྟར་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་རིགས། ཨང་རྟགས་བཅས་ཐོ་འགོད་མི་བྱེད་པའམ་ཡང་ན་ཞག་སྡོད་བྱེད་མཁན་གྱི་འགྲུལ་པས་ཉེན་ཅན་དངོས་རིགས་འགྲབུལ་ཁང་དུ་འཁྱེར་ཡོང་བ་ཤེས་བཞིན་དུ་བཀག་འགོག་མི་བྱེད་པའི་རིགས་ལ་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

འགྲུལ་ཁང་ལས་རིགས་ཀྱི་ལས་བྱེད་མི་སྣས་ཞག་སྡོད་བྱེད་མཁན་འགྲུལ་པ་དོགས་ཡོད་ཉེས་ཅན་ནམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པའི་མི་ཡིན་པ་ཤེས་བཞིན་དུ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་མི་ཐུ་བར་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་། སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

དོན་ཚན་ང་བདུན་པ། སྡོད་ཁང་གླ་གཏོང་བྱེད་མཁན་གྱིས་ཐང་ལག་ཁྱེར་མེད་པའི་མིར་སྡོད་ཁང་གླས་པའམ་ཡང་ན་གཏན་འབེབས་ལྟར་ཁང་བ་གླ་མཁན་གྱི་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་རིགས། ཨང་རྟགས་བཅས་ཐོ་འགོད་མི་བྱེད་པའི་རིགས་ལ་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

སྡོད་ཁང་གླ་མཁན་གྱིས་ཁང་གླ་བླངས་པའི་སྡོད་ཁང་སྤྱད་དེ་ཉེས་གསོག་བྱ་སྤྱོད་སྤེལ་བཞིན་པ་ཁང་བདག་གིས་ཤེས་བཞིན་དུ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་མི་ཞུ་བར་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བར་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

དོན་ཚན་ང་བརྒྱད་པ། སྤྱིོ་ཚོགས་ཀྱི་འཚོ་བའི་འཛེས་སྒྲའི་གནོད་འཚེ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ནས་འཛེར་སྒྲ་བཟོས་ཏེ་མི་གཞན་པའི་རྒྱུན་ལྡན་གྱི་འཚོ་བར་གནོད་བསྐྱལ་བའི་རིགས་ལ་ཐ་ཚིག་བསྒྲོག་རྒྱུ་དང་། ཐ་ཚིག་བསྒྲགས་རྗེས་ལེགས་བཅོས་མི་བྱེད་པར་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་ང་དགུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྒོར་ལྔ་བརྒྱ་ཡན་ནས་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བར་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ།

(གཅིག)གཏའ་མའི་ལས་རིགས་ཀྱི་ལས་བྱེད་མི་སྣས་གཏའ་མར་འཇོག་པའི་དངོས་རྫས་ལེན་སྐབས་འབྲེལ་ཡོད་དཔང་རྟགས་དཔྱད་བཤེར་མི་བྱེད་པ་དང་། ཐོ་འགོད་ཀྱི་འགྲོ་ལུགས་མ་སྒྲུབ་པའམ་ཡང་ན་ཁྲིམས་འགལ་དོགས་ཡོད་ཉེས་ཅན་དང་གཡོ་བསླུས་དངོས་པོ་ཡིན་པ་ཤེས་བཞིན་དུ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་མི་ཞུ་བའི་རིགས་དང་།

(གཉིས)རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགན་ནས་ལྕགས་ལམ་དང་། སྣུམ་ཞིང་། གློག་འདོན། གློག་འཕྲིན། གཏེར་རི། ཆུ་བེད། ཚད་ལེན་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་བཀོད་སོགས་ཆེན་སྤྱོད་ཡོ་ཆས་རྙིང་ཧྲུལ་ཉོ་སྒྲུབ་བྱེད་པ།

(གསུམ)སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་ནས་འཚོལ་བཞིན་པའི་གཡོ་བསླུས་དངོས་པོའམ་ཡང་ན་གཡོ་བསླུས་དོགས་ཡོད་དངོས་རྫས་ཉོ་སྒྲུབ་བྱེད་པ།

(བཞི)རྒྱལ་ཁབ་ནས་ཉོ་སྒྲུབ་བཀག་འགོག་བྱས་པའི་དངོས་རྫས་གཞན་དག་ཉོ་སྒྲུབ་བྱེད་པ་བཅས་ཡིན།

དོན་ཚན་དྲུག་བཅུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་། སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ།

(གཅིག)སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཁྲིམས་ལྟར་བཙན་ཉར་དང་། བཀག་སྡོམ། བཀག་འཇོག་བཅས་བྱས་པའི་རྒྱུ་དངོས་སྦ་གསང་དང་། སྤོ་སྒྱུར། འཚོང་སྒྱུར་རམ་ཡང་ན་གཏོར་བརླག་གཏོང་བ་དང་།

(གཉིས)དཔང་རྟགས་རྫུན་བཟོ་དང་། སྦས་སྐུང་། རྩ་བརླག་གཏོང་བ་བཅས་བྱེད་པའམ་ཡང་ན་དཔང་ཚིག་རྫུན་མ་མཁོ་འདོན་དང་གྱོད་དོན་རྫུན་ཞུ་བྱས་ནས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་དོན་ཞིབ་གཅོད་བྱེད་པར་གནོད་སྐྱེལ་བ།

(གསུམ)ཧམ་གཡོས་བསླུས་པའི་དངོས་པོ་ཡིན་པ་ཤེས་བཞིན་དུ་སྦག་སྐུང་དང་། སྤོ་སྒྱུར་རམ་ཡང་ན་ཚབ་འཚོང་བྱེད་པ།

(བཞི)ཁྲིམས་ལྟར་རྩིས་སྤྲོད་དོ་དམ་དང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའམ་ཡང་ན་ཁྲིམས་ཆད་ཕྱིར་འགྱངས་དང་ཁག་ཐེག་བཙུགས་ནས་བཙོན་ཁང་གི་ཕྱི་ལ་སྨན་བཅོས་བྱེད་དུ་བཅུག་པ་སོགས་བཙོན་ཁང་གི་ཕྱི་རུ་ཁྲིམས་ཆད་ལག་ལེན་བསྟར་བའི་ཉེས་ཅན་ནམ་ཡང་ན་ཁྲིམས་ལྟར་ཉེས་དོན་གྱི་བཙན་ཐབས་སྤྱོད་མིར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གི་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྐོར་གྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོད་པའི་རིགས་བཅས་ཡིན།

དོན་ཚན་རེ་གཅིག་པ། མི་གཞན་དག་རྒྱལ་མཚམས (མཐའ་མཚམས)ལས་ལྐོག་བརྒལ་བྱེད་པའི་སྒྲིག་འཛུགས་སམ་ཡང་ན་དབོར་སྐྱེལ་བྱེད་རོགས་བྱེད་པར་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་། སྒོར་ཆིག་སྟོང་ཡན་ནས་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་རེ་གཉིས་པ། རྒྱལ་མཚམས (མཐའ་མཚམས)ལས་ལྐོག་བརྒལ་བྱེད་མིར་ཆ་རྐྱེན་མཁོ་འདོན་བྱེད་པར་ཉིན་ལྔ་ཡན་ནས་བཅུ་མན་གྱི་བཀག་ཉར་བྱེད་རྒྱུ་དང་། སྒོར་ལྔ་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

རྒྱལ་མཚམས (མཐའ་མཚམས)ལས་ལྐོག་བརྒལ་བྱེད་པར་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུའམ་ཡང་ན་སྒོ་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་རེ་གསུམ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཐ་ཚིག་བསྒྲོག་རྒྱུའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བར་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ།

(གཅིག)རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རིག་དངོས་དང་གནའ་ཤུལ་གྲགས་ཅན་སྟེང་རྟགས་གང་བྱུང་དུ་བརྐོས་པ་དང་བཙོག་པ་བྱུགས་པའམ་ཡང་ན་བྱེད་སྟངས་གཞན་སྤྱད་དེ་རྐང་བཙུགས་ནས་གནོད་སྐྱོན་གཏོང་བ་དང་།

(གཉིས)རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགན་ནས་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་ཉེ་འཁོར་དུ་འགད་གཏོར་དང་སྔོག་འདོན་སོགས་བྱས་ནས་རིག་དངོས་ཉམས་མེད་སོར་གནས་ཡོང་བར་ཉེན་ཁ་བཟོ་བ་བཅས་ཡིན།

དོན་ཚན་རེ་བཞི་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བར་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་སྟེ།

(གཅིག)སྐྱེ་བོ་གཞན་པའི་འཕྲུལ་སྒུལ་རླངས་འཁོར་བརྐུས་ཏེ་གཏོང་རིགས་དང་།

(གཉིས)ཁ་ལོ་བའི་ལག་ཁྱེར་མ་ཐོབ་པར་རླངས་འཁོར་འཏོང་བའམ་ཡང་ན་སྐྱེ་བོ་གཞན་པའི་མཁའ་སྐྱོད་ཡོ་ཆས་དང་འཕྲུལ་སྒུལ་གྲུ་གཟིངས་བརྐུས་ཏེ་གཏོང་རིགས་བཅས་ཡིན།

དོན་ཚན་རེ་ལྔ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་། ཉེས་ཚབས་ཆེ་བར་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་ཆབས་སུ་བཅད་ཆོག་པ་སྟེ།

(གཅིག)མི་གཞན་པའི་བོང་སོར་རྐང་བཙུགས་ནས་གཏོར་བཤིག་དང་ཉམས་ཆག་གཏོང་བའམ་ཡང་ན་མི་གཞན་པའི་ཀེང་རུས་དང་སྤུས་ཐལ་རྩ་བརླག་ཏུ་གཏོང་བའི་རིགས་དང་།

(གཉིས)མི་མང་འདུ་སར་ཕུང་པོ་འཇོག་པའམ་ཡང་ན་ཕུང་པོ་བཞག་པའི་དབང་གིས་མི་གཞན་པའི་རྒྱུན་ལྡན་གྱི་འཚོ་བ་དང་ལས་ཀའི་སྒྲིག་ལམ་ལ་གནོད་ནས་བཀག་སྡོམ་བསླབ་བྱ་གཏོང་བར་མི་ཉན་པ་བཅས་ཡིན།

དོན་ཚན་རེ་དྲུག་པ། གཞང་འཚོང་བ་དང་འཆལ་པོ་རྒྱུགས་པར་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

མི་མང་འདུ་སར་འགྲོན་འཐེན་འཆལ་འགུག་བྱེད་པར་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་པ་གཅོད་རྒྱུ།

དོན་ཚན་རེ་བདུན་པ། མི་གཞན་ལ་བསླི་བྲིད་དང་། ཁྱིམ་དུ་བཀག་ཉར། ངོ་སྤྲོད་བཅས་བྱས་ཏེ་སྨད་འཚོང་དུ་འཇུག་པར་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་རེ་བརྒྱད་པ། འདོད་ལོག་ཆགས་སྲེད་ཀྱི་དཔེ་དེབ་དང་། དུས་དེབ། པར་རིས། གློག་བརྙན་པར་གཞི། སྒྲ་བརྙན་སོགས་ཀྱི་དངོས་རིགས་བཟོ་བ་དང་།

སྐྱེལ་འདྲེན། འདྲ་བཟོ། བྲིན་འཚོང་། གླ་བ་བཅས་བྱེད་པའམ་ཡང་ན་རྩིས་འཁོར་གྱི་བརྡ་འཕྲིན་དྲ་བ་དང་། ཁ་པར་དེ་བཞིན་འཕྲིན་སྐྱེལ་ཡོ་བྱད་གཞན་དག་སྤྱད་ནས་འདོད་ལོག་ཆགས་སྲེད་ཀྱི་བརྡ་འཕྲིན་ཁྱབ་སྤེལ་བྱེད་པར་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་སུམ་སྟོང་མན་གྱི་བཀག་ཆད་ཆབས་སྦྲགས་སུ་བཅད་ཆོག ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་མན་གྱི་བཀག་ཉར་བྱ་རྒྱུའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་སྟེ།

(གཅིག)ཉལ་ཐ་ཁེ་ཆད་ཉིས་བརྒྱ་མ་ལོན་དང་། ཧའེ་རུན་ཉལ་ཐའམ་ཡང་ན་ཚོམ་བུ་ཀ་པའི་པུན་ག་ཨན་ཁེ་ཚད་བཅུ་མ་ལོན་པའམ་ཡང་ན་དུག་རྫས་གཞན་དག་ཉུང་ཙམ་བཅས་ཁྲིམས་དང་མི་མཐུན་པར་བདག་འཛིན་བྱས་པའི་རིགས་དང་།

(གཉིས)སྐྱེ་བོ་གཞན་ལ་དུག་རྫས་མཁོ་འདོན་བྱེད་པ།

(གསུམ)དུག་རྫས་འཐེན་པ་དང་དུག་ཁབ་རྒྱག་པ།

(བཞི)སྨན་བཅོས་མི་སྣར་བཙན་སྐུལ་དང་མགོ་སྐོར་བཏང་ནས་སྦྲིད་སྨན་གྱི་རིགས་དང་། ཀླད་རྩའི་སྨན་ཤོག་འབྲི་རུ་འཇུག་པ་བཅས་ཡིན།

དོན་ཚན་དོན་གསུམ་པ། མི་གཞན་ལ་ངན་སྐུལ་དང་། བསླུ་བྲིད། མགོ་སྐོར་བཅས་བཏང་ནས་དུག་རྫས་འཐེན་པ་དང་དུག་ཁབ་རྒྱག་ཏུ་འཇུག་པར་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་ལྔ་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་དོན་བཞི་པ། དུག་འཐེན་པ་དང་། རྒྱན་འགྱེད་པ། སྨད་འཚོང་བ། འཆལ་པོ་རྒྱུགས་པཔ་བཅས་ཀྱི་བྱེད་སྒོ་སྤེལ་ཚུལ་སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཐག་གཅོད་བྱེད་སྐབས་འགྲུལ་ཁང་ལས་རིགས་དང་། བཟའ་བཏུང་ཞབས་ཞུའི་ལས་རིགས། རིག་གནས་རོལ་རྩེད་ལས་རིགས། གླ་གཏོང་རླངས་འཁོར་ལས་རིགས་སོགས་པའི་སྡེ་ཚན་གྱི་མི་སྣས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་མཁན་ལ་གནས་ཚུལ་ལྐོག་ཞུ་བྱེད་རིགས་ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ།

སྲོག་ཆགས་སྐུལ་ནས་སྐྱེ་བོ་གཞན་ལ་གནོད་འཚེ་གཏོང་དུ་བཅུག་པར་བཅའ་ཁྲིམས་འདིའི་ནང་བཀོད་པའི་དོན་ཚན་ཞེ་གསུམ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་དོན་དྲུག་པ། བཅའ་ཁྲིམས་འདིའི་དོན་ཚན་རེ་བདུན་པ་དང་། དོན་ཚན་རེ་བརྒྱད་པ། དོན་ཚན་བདུན་ཅུ་པ་བཅས་སུ་འཁོད་པའི་བྱ་སྤྱོད་ཡོད་ཅིང་སློབ་གསོ་ཡང་ཡང་བཏང་ནའང་ལེགས་བཅོས་མི་བྱེད་པར་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བཙན་ཐབས་ཀྱི་རང་བཞིན་ལྡན་པའི་སློབ་གསོ་གཏོང་ཐབས་སྤྱད་ཆོག

དཔྱད་གཞིའི་ཡིག་ཆ།

1 རམས་ཚེ་བྷོས་བརྩམས་པའི 《ཁྲིམས་ཡིག》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2013ལོའི་ཟླ1པོར་པར་གཞི་དང་པོ་བསྒྲིགས། ཤོག་གྲངས209ནས237བར།

2 པའེ་ཏུའུ་རིག་མཛོད། 2015-12-22

གོང་མ།:ས་ཞིང་དོ་དམ་བཅའ་ཁྲིམས།

ཞོལ་མ།:རྒྱ་ཆེའི་དྲ་དམངས་ཡོངས་ལ་སྤྲིངས་བའི་འཕྲིན་ཡིག་ཅིག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235