མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྲིད་ཇུས་ཁྲིམས་སྲོལ།
 

དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ།

ཡོང་ཁུངས།:  སྤེལ་དུས།:2020-02-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ།

དངུལ་སྐྱི་བའི་གན་རྒྱ་ཞེས་པ་ནི་དོ་བདག་གིས་དངུལ་ལོར་གྱི་སྣ་ཁ་དང་གྲངས་འབོར་ངེས་ཅན་ཞིག་ཕྱོགས་གཞན་ཤོས་ཤིག་ལ་བདག་དབང་སྤོ་བསྒྱུར་བྱས་ཏེ། ཕྱོགས་གཞན་ཤོས་ཀྱིས་དུས་ཚོད་ངེས་ཅན་ཞིག་གི་ནང་ཕྱིར་དོ་བདག་ལ་སྤྲོད་ཆེད་བཞག་པའི་གན་རྒྱ་ལ་ཟེར།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།借款合同

རྣམ་པ།གན་རྒྱ།

ཁ་གཏད་ས།དོ་བདག

དངུལ་བུན་སྐྱི་མཁན་གྱི་ཕྱོགས།དངུལ་རྩ་ཆེད་གཉེར་ལས་ཁུངས།

དཀར་ཆག

1 དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ།

1དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ།

དོན་ཚན་བརྒྱ་དང་གོ་དྲུག་པ། དངུལ་བུན་གཏོང་ལེན་གྱི་གན་རྒྱ་ནི་དངུལ་བུན་ལེན་མཁན་གྱིས་དངུལ་བུན་གཏོང་མཁན་ལ་དངུལ་གཡར་ནས་དུས་ཚད་ཐོན་ཚེ་དངུལ་བུན་འཇལ་རྒྱུ་མ་ཟད་སྐྱེད་ཀ་སྤྲོད་རྒྱུའི་སྐོར་གྱི་གན་རྒྱ་ཡིན།

དོན་ཚན་བརྒྱ་དང་གོ་བདུན་པ། དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ་ནི་ཡིག་ཐོག་གི་རྣམ་པའི་ཐོག་ནས་འཇོག་རྒྱུ། འོན་ཀྱང་སྤྱི་དམངས་བར་དངུལ་བུན་གཏོང་ལེན་ཐད་ཁ་ཆད་གཞན་དག་བཞག་རིགས་འདིའི་ཁོངས་སུ་མི་ཚུད།

དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱའི་ནང་དོན་ནི་དངུལ་བུན་གཏོང་ལེན་གྱི་མི་གྲངས་དང་། དངུལ་རིགས། སྤྱོད་སྒོ། གྲངས་ཚད། སྐྱེད་ཀའི་ཚད། དུས་བཀག དངུལ་བུན་འཇལ་ཐབས་ལ་སོགས་པའི་དོན་ཚན་ཚུད་ཡོད།

དོན་ཚན་བརྒྱ་དང་གོ་བརྒྱད་པ། དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ་འཇོག་སྐབས་དངུལ་བུན་གཏོང་མཁན་གྱིས་དངུལ་བུན་ལེན་མཁན་ནས་འགན་ལེན་འདོན་སྤྲོད་བྱ་རྒྱུའི་བླང་བྱ་བཏོན་ཆོག འགན་ལེན་བྱ་རྒྱུའི་སྐོར་འགན་ལེན་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གསལ་གཏན་འབེབས་གཞིར་འཛིན་རྒྱུ།

དོན་ཚན་བརྒྱ་དང་གོ་དགུ་པ། དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ་འཇོག་སྐབས་དངུལ་བུན་ལེན་མཁན་གྱིས་དངུལ་བུན་གཏོང་མཁན་གྱི་བླང་བྱ་ལྟར་དངུལ་བུན་ལེན་པ་དང་འབྲེལ་བ་ཡོད་པའི་ཆེད་ལས་བྱེད་སྒོ་དང་ནོར་དོན་གྱི་གནས་ཚུལ་ངོ་མ་འདོན་སྤྲོད་བྱ་དགོས།

དོན་ཚན་ཉིས་བརྒྱ་པ། གཡར་དངུལ་གྱི་སྐྱེད་ཀ་དེ་སྔོན་ཚུད་མ་དངུལ་ནས་འཐེན་མི་ཆོག སྐྱེད་ཀ་སྔོན་ཚུད་མ་དངུལ་ནས་འཐེན་པ་ཡིན་ན། དངུལ་བུན་ལེན་པའི་གྲངས་འབོར་དངོས་ལྟར་གཡར་དངུལ་སློག་དགོས་པ་མ་ཟད་སྐྱེད་ཀའང་རྩིས་རྒྱག་དགོས།

དོན་ཚན་ཉིས་བརྒྱ་དང་གཅིག་པ། དངུལ་བུན་གཏོང་མཁན་གྱིས་ཁ་ཆད་བཞག་པའི་ཚེས་གྲངས་དང་གྲངས་འབོར་ལྟར་གཡར་དངུལ་འདོན་སྤྲོད་མ་བྱས་པས་དངུལ་བུན་ལེན་མཁན་ལ་གྱོང་གུན་བཟོས་ན། གྱོང་གུན་གསབ་འཇལ་བྱ་དགོས།

དངུལ་བུན་ལེན་མཁན་གྱིས་ཁ་ཆད་བཞག་པའི་ཚེས་གྲངས་དང་གྲངས་འབོར་ལྟར་གཡར་དངུལ་མ་བླངས་ན་ཁ་ཆད་བཞག་པའི་ཚེས་གྲངས་འབོར་ལྟར་སྐྱེད་ཀ་སྤྲོད་དགོས།

དོན་ཚན་ཉིས་བརྒྱ་དང་གཉིས་པ། དངུལ་བུན་གཏོང་མཁན་གྱིས་ཁ་ཆད་བཞག་པ་ལྟར་གཡར་དངུལ་སྤྱོད་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་བྱས་ཆོག དུལ་བུན་ལེན་མཁན་གྱིས་ཁ་ཆད་བཞག་པ་ལྟར་དངུལ་བུན་གཏོང་མཁན་ལ་དུས་བཀག་བཞིན་ནོར་དོན་རྩིས་གཉེར་སྒོར་གྱི་སྙན་ཞུའི་རེའུ་མིག་ལ་སོགས་པའི་དཔྱད་ཡིག་འདོན་སྤྲོད་བྱ་དགོས།

དོན་ཚན་ཉིས་བརྒྱ་དང་གསུམ་པ། དངུལ་བུན་ལེན་མཁན་གྱིས་ཁ་ཆད་བཞག་པའི་དངུལ་བུན་གྱི་སྤྱོད་སྒོ་ལྟར་གཡར་དངུལ་མ་སྤྱད་ན། དངུལ་བུན་གཏོང་མཁན་གྱིས་དངུལ་བུན་གཏོང་མཚམས་འཇོག་རྒྱུ་དང་། དངོས་སུ་གཡར་དངུལ་ཚུར་ལེན་བྱ་རྒྱུའམ་གན་རྒྱ་ཕྱིར་འཐེན་བྱས་ཆོག

དོན་ཚན་ཉིས་བརྒྱ་དང་བཞི་པ། དངུལ་བུན་གཏོང་ལེན་གྱི་བྱེད་སྒོ་སྒྲུབ་མཁན་དངུལ་རྩའི་ལས་ཁུངས་ནས་དངུལ་བུན་གཏོང་བའི་སྐྱེད་ཀའི་ཚད་དེ་ཀྲུང་གོའི་མི་དམངས་དངུལ་ཁང་གིས་གཏན་འབེབས་བྱས་པའི་དངུལ་བུན་གཏོང་བའི་སྐྱེད་ཀའི་ཚད་འདིའི་ཡས་མས་ལྟར་གཏན་ཁེལ་བྱ་དགོས།

དོན་ཚན་ཉིས་བརྒྱ་དང་ལྔ་པ། དངུལ་བུན་ལེན་མཁན་གྱིས་ཁ་ཆད་བཞག་པའི་དུས་བཀག་ལྟར་སྐྱེད་ཀ་སྤྲོད་དགོས། སྐྱེད་ཀ་སྤྲོད་རྒྱུའི་དུས་བཀག་ཁ་ཆད་བཞག་མེད་པའམ་ཁ་ཆད་གསལ་བོ་བཞག་མེད་ཅིང་། བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་སྔར་བཞིན་གཏན་ཁེལ་བྱེད་མ་ཐུབ་ན། དངུལ་བུན་ལེན་པའི་དུས་ཚོད་ལོ་གཅིག་ཟིན་མེད་རིགས་ཀྱིས་དངུལ་བུན་འཇལ་སྐབས་མཉམ་དུ་སྤྲོད་དགོས་པ་དང་། དངུལ་བུན་ལེན་པའི་དུས་ཚོད་ལོ་གཅིག་ཡན་ཟིན་རིགས་ཀྱིས་སྐབས་རེར་ལོ་རེ་ཟིན་དུས་སྤྲོད་དགོས་ཤིང་། དེ་ལས་ལྷག་པའི་དུས་ཚད་ལོ་གཅིག་མ་ལོན་ན། དངུལ་བུན་འཇལ་དུས་མཉམ་དུ་སྤྲོད་དགོས།

དོན་ཚན་ཉིས་བརྒྱ་དང་དྲུག་པ། དངུལ་བུན་ལེན་མཁན་གྱིས་ཁ་ཆད་བཞག་པའི་དུས་ཚད་ལྟར་དངུལ་བུན་འཇལ་དགོས། དངུལ་བུན་ལེན་པའི་དུས་ཚད་ཁ་ཆད་བཞག་མེད་པའམ་ཁ་ཆད་གསལ་བོ་བཞག་མེད་ཅིང་། བཅའ་ཁྲིམས་འདིའི་དོན་ཚན་རེ་གཅིག་པའི་གཏན་འབེབས་གཞིར་བཟུང་ནའང་སྔར་བཞིན་གཏན་ཁེལ་བྱེད་མ་ཐུབ་ན། དངུལ་བུན་ལེན་མཁན་གྱིས་དུས་འཇལ་ནའང་ཆོག དངུལ་བོན་གཏོང་མཁན་གྱིས་དངུལ་བུན་ལེན་མཁན་ལ་ལུགས་མཐུན་གྱི་དུས་ཚད་ནང་འཇལ་དགོས་པའི་སྐུལ་འདེད་བྱས་ཆོག

དོན་ཚན་ཉིས་བརྒྱ་དང་བདུན་པ། དངུལ་བུན་ལེན་མཁན་གྱིས་ཁ་ཆད་བཞག་པའི་དུས་ཚད་ལྟར་དངུལ་བུན་བཅལ་མེད་ན། ཁ་ཆད་བཞག་དོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དུས་ལས་ཡོལ་བའི་སྐྱེད་ཀ་སྤྲོད་དགོས།

དོན་ཚན་ཉིས་བརྒྱ་དང་བརྒྱད་པ། དངུལ་བུན་ལེན་མཁན་གྱིས་དངུལ་བུན་སྔ་སྣུར་ནས་བཅལ་བ་ཡིན་ན། དོ་བདག་བར་ཁ་ཆད་གཞན་དག་བཞག་ཡོད་པ་ཕུད་དངུལ་བུན་ལེན་པའི་དུས་ཚོད་དངོས་ལྟར་སྐྱེད་ཀ་རྩིས་རྒྱག་དགོས།

དོན་ཚན་ཉིས་བརྒྱ་དང་དགུ་པ། དངུལ་བུན་ལེན་མཁན་གྱིས་དངུལ་བུན་འཇལ་བའི་དུས་ཚོད་མ་ཐིམ་གོང་དུ་དངུལ་བུན་གཏོང་མཁན་ལ་དུས་ཚོད་ཕྱིར་འགྱངས་བྱ་རྒྱུའི་རེ་བ་ཐུས་ཆོག དངུལ་བུན་གཏོང་མཁན་གྱིས་མོས་མཐུན་བྱས་པ་ཡིན་ན། དུས་ཚོད་ཕྱིར་འགྱངས་བྱས་ཆོག

དོན་ཚན་ཉིས་བརྒྱ་དང་བཅུ་པ། སྤྱི་དམངས་བར་དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ་ནི་དངུལ་བུན་གཏོང་མཁན་གྱིས་གཡར་དངུལ་འདོན་སྤྲོད་བྱེད་པའི་དུས་ནས་ནུས་པ་འཐོན་རྒྱུ།

དོན་ཚན་ཉིས་བརྒྱ་དང་བཅུ་གཅིག་པ། སྤྱི་དམངས་བར་གྱི་དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱའི་ནང་སྐྱེད་ཀ་སྤྲོད་རྒྱུའི་སྐོར་ཁ་ཆད་བཞག་མེད་པའམ་ཁ་ཆད་གསལ་བོ་བཞག་མེད་ན། སྐྱེད་ཀ་མི་སྤྲོད་རྒྱུར་བརྩི་རྒྱུ།

སྤྱི་དམངས་བར་གྱི་དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱའི་ནང་སྐྱེད་ཀ་སྤྲོད་རྒྱུའི་ཁ་ཆད་བཞག་ཡོད་རིགས། གཡར་དངུལ་གྱི་སྐྱེད་ཀའི་ཚད་དེ་གཡར་དངུལ་གྱི་སྐྱེད་ཀའི་ཚད་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་མི་ཆོག

དཔྱད་གཞིའི་ཡིག་ཆ།

1 རམས་ཚེ་བྷོས་བརྩམས་པའི 《ཁྲིམས་ཡིག》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2013ལོའི་ཟླ1པོར་པར་གཞི་དང་པོ་བསྒྲིགས། ཤོག་གྲངས158ནས161བར།

2 པའེ་ཏུའུ་རིག་མཛོད། 2015-12-21



ཞོལ་མ།:རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235