མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
ཤེས་བྱའི་ཟེགས་མ།
 

འགྱིག་ཁུག་སྣ་ཚོགས་སྤྱོད་སྐབས་ཀྱི་གནོད་པ།

ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲྭ་བ།  སྤེལ་དུས།:2017-07-20  རྩོམ་པ་པོ།:ཀྲུང་གོའི་བོད་ཀྱི་དྲྭ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   འགྱིག་ཁུག་ནི་ང་ཚོའི་འཚོ་བའི་ཁྲོད་ནས་རྒྱུན་པར་ག་ས་གང་ནས་ཡིན་ནའང་མཐོང་ཐུབ་མོད། འགྱིག་ཁུག་ནི་ཚོད་མ་ཞིག་ཉོ་དུས་ཡིན་ནའང་སྤྱོད་དགོས་ལ། ཚོང་ར་དག་ནས་ཅ་ལག་ཞིག་ཉོས་ནའང་སྤྱོད་དགོས་ཀྱིན་འདུག རྩྭ་ཐང་ཞིག་ཏུ་རྩེད་མོ་རྩེ་རུ་སོང་ནའང་ཟས་རིགས་ཕལ་ཆེ་བའི་ཁུག་མ་ནི་འགྱིག་ཁུག་རེད། འབྲས་ཚོད་ཁ་ཐུམ་བརྒྱབས་ནས་ཁུར་དུས་སུ་སྦྱིན་བདག་གྱིས་མགྲོན་པོ་ཚོ་ལའང་འགྱིག་ཁུག་མཁོ་སྤྲོད་གནང་གྱིན་འདུགའགྱིག་ཁུག་སྤྱོད་པའི་ཁྱབ་ཁོངས་ནི་ཧ་ཅང་རྒྱ་ཆེན་པོ་རེད། འོན་ཀྱང་ཉེ་བའི་ལོ་འདི་དག་ནང་དུ་འགྱིག་ཁུག་གྱིས་མི་ཚོགས་ལ་ཧ་ཅང་བཀོལ་སྤྱོད་སྟབས་བདེའི་སྣང་ཚུལ་ཞིག་སྤྲད་ཡོད་ནའང་། ཁོར་ཡུག་ལ་ནི་དཀར་མདོག་འགྱིག་སྙིགས་ཀྱིས་བཙོག་སྐྱོན་ཆེན་པོ་བྱེད་ཀྱིན་ཡོད་པར་རེད། རྒྱུ་མཚན་ནི་འགྱིག་ཁུག་ཚུར་བསྡུ་བའི་མ་རྩ་དམའ་མོ་ཡིན་སྟབས། མི་མང་པོ་ཞིག་གིས་འགྱིག་ཁུག་སྤྱད་རྗེས་སུ་ལམ་ཟུར་དང་ཆུ་འགྲམ་སོགས་གང་འདོད་དུ་འཕེན་པའི་ངན་སྤྱོད་དེ་ལོབས་སོང་བ་རེད། གང་འདོད་དུ་འཕེན་པའི་འགྱིག་ཁུག་འདིས་མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་གནོད་པ་ཡོད་པ་མ་ཚད།མངོན་མེད་ཀྱི་ཉེན་ཁ་མང་པོ་བཟོ་བཞིན་ཡོད་པ་རེད། འགྱིག་ཁུག་གི་གྲུབ་ཆ་གྲུབ་ཚུལ་དེ་རྫས་འགྱུར་གྱིས་བརྟན་པོར་བཟོས་ཡོད་པ་རེད། རང་བྱུང་སྐྱེ་དངོས་ཀྱིས་དེ་ལ་འགྱུར་བ་གཏོང་མི་ཐུབ་པར་བྱས་ཡོད་པ་རེད། དེའི་ཕྱིར་ང་ཚོས་གཡུགས་ཟིན་པའི་འགྱིག་ཁུག་དག་ནི་རང་བྱུང་ཁམས་ཆེན་མོ་ན་ཡུན་རིང་དུ་གནས་ཐུབ་པ་རེད། བྱེ་འདམ་གྱི་ནང་གསོག་ཉར་བྱས་པའི་འགྱིག་ཁུག་རྙིང་པ་དག་གིས་ལོ་ཏོག་གི་བཅུད་ཆ་དང་བརླན་གཤེར་ཆ་རྣམས་བཞིབས་ནས་ལོ་ཏོག་སྐྱེ་བ་ལ་གནོད་པ་ཚབ་ཆེན་བྱེད་བཞིན་ཡོད་པ་རེད། མཚན་རིག་པས་དངོས་བཤེར་སྡོམ་ཚིག་ལྟར་ན།གད་སྙིགས་མང་པོ་བླུགས་སའི་ནང་དུ་ཡོད་པའི་འགྱིག་ཁུག་གསར་རྙིང་ཚང་མ་ས་འོག་ཏུ་སྦས་དགོས་པ་དང་། ས་འོག་ཏུ་སྦས་ནའང་ལོ་ངོ་བརྒྱ་ཕྲག་དུ་མ་ཞིག་གི་རྗེས་ད་གཟོད་ཚང་མ་རྩ་མེད་དུ་གྱུར་འགྲོ་བ་རེད། དེའི་བར་དུ་ས་གནས་དེ་སྤྱོད་ནུས་ཀྱི་རིན་ཐང་ཉམས་ཟིན་པ་རེད།Z6Xཀྲུང་གོ་བོད་ཀྱི་དྲ་བ།

   མ་ཚད་ལམ་འགྲམ་དང་ཆུ་ནང་སོགས་ལ་གཡུགས་པའི་འགྱིག་ཁུག་དག་གི་ནང་དུ་གལ་ཏེ་ཟས་སྙིགས་ཅུང་ཙམ་རེ་ཡོད་ན་སྲོག་ཆགས་གཞན་གྱིས་ཁྱུར་མིད་བྱས་པའི་སྟབས་ཀྱིས་སྲོག་ཆགས་དེ་འཆི་རྒྱུ་རེད། ཆེས་གལ་ཆེ་ཤོས་ཞིག་ནི་འགྱིག་ཁུག་ནང་དུ་ཟ་མ་འཇོག་པ་དེས་མིའི་བདེ་ཐང་ལ་གནོད་པ་ཚབ་ཆེན་བྱེད་ཀྱིན་ཡོད་པ་རེད། རྒྱུ་མཚན་ནི་འགྱིག་ཁུག་འབག་བཙོག་གིས་གྲུབ་པའི་ནང་དུ་ཟ་མ་སོགས་འཇོག་ན་ཟ་མ་དེ་འབག་བཙོག་ཏུ་བཟོས་སོང་བ་རེད། ཁྱད་པར་དུ་ཟ་མ་བཙོས་མའི་རིགས། འབྲས་ཚོད་སོགས་ང་ཚོས་ནམ་ཞིག་ལ་ཟོས་བཞག་པ་ཡིན་ན་ལུས་པོའི་བདེ་ཐང་ལ་གནོད་པ་ཚབ་ཆེན་བྱེད་ཀྱིན་ཡོད་པ་རེད།Z6Xཀྲུང་གོ་བོད་ཀྱི་དྲ་བ།

གོང་མ།:ནད་རབ་ཏུ་ཞི་བར་བྱས་པའི་ལེའུ།

ཞོལ་མ།:ལུམས་ཀྱི་ལོ་རྒྱུས་རགས་བཤད།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235