མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

བདེ་སྐྱིད་ཀྱི་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ་གྱི་དྲིལ་སྒྲོག་དཔྱད་ཡིག

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-11-30  རྩོམ་པ་པོ།:ངེད་ལས་ཁུངས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

 བདེ་སྐྱིད་ཀྱི་ཁྱིམ་ཚང་བསྐྲུན་ནས།    འཚོ་བ་ལེགས་པོར་བསྐྲུན་པ།  

ཆུང་བར་བྱམས་སྐྱོང་དང་།  རྒན་ལ་གུས་བཀུར། ལྷག་བསམ་གྱི་བསམ་ཚུལ་བཅས་བཟུང་ནས། འཆམ་མཐུན་ལ་སྐུལ་འདེད་བྱེད་པ།  

བྱ་བ་ཀུན་ལ་གནས་ལུགས་བརྩི་ནས་འཆམ་མཐུན་གཙོར་འཛིན་པ་དང་།  གཏམ་སྤྱོད་ཚང་མ་ཡ་རབས་ཚུལ་ལྡན་ཡིན་ཞིང་།   ཉིན་རེ་ནས་ལོ་རེར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ།

ཁྱིམ་ཚང་མཐུན་འགྲིག་དང་ཁྱིམ་མཚེས་མཐུན་སྒྲིལ།   སྤྱི་ཚོགས་འཆམ་མཐུན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་ལ་བསྟོད་བསྔགས་བྱེད་པའི་ཚོགས་ཆེན་སྟེང་ནན་གྱིས་གསུང་དོན། ང་ཚོས་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་།  ཧུར་བརྩོན་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་གོང་འཕེལ།  སྤྱི་ཚོགས་འཆམ་མཐུན་གྱི་གལ་ཆེའི་རྟེན་གཞི་རུ་འགྱུར་དུ་འཇུག་དགོས་ལ།མི་རྣམས་ཀྱི་ཕུགས་འདུན་ལ་དོན་གཉེར་བྱེད་པའི་གནས་སུ་འགྱུར་དགོས། སྤྱི་ཚོགས་ལས་རིགས་ཁག་གི་མི་རྣམས་ལ་སྐུལ་སློང་བྱས་ཏེ་ཡོངས་ཁྱབ་ཏུ་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་ནང་དུ་ཞུགས་སུ་འཇུག་དགོས་ལ།   རྒྱལ་གཅེས་ཁྱིམ་གཅེས་དང་ཕན་ཚུན་ལ་བརྩེ་དུང་ཟབ་པ།  འབད་བརྩོན་ཡར་ཐོན། མཉམ་བསྐྲུན་མཉམ་སྤྱོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་ཁྱིམ་ཚང་གི་གོམས་སྲོལ་གསར་པ་འབྱུང་བར་སྐུལ་འདེད་བྱ་དགོས།

མཚོ་ནུབ་ཁུལ་གྱི་ཏང་གི་འཐུས་ཚབ་ཚོགས་འདུ་ཐེངས་བཅུ་གཉིས་པས་དེང་ཕྱིན་གྱི་ལོ་ལྔའི་འབད་བརྩོན་དམིགས་འབེན་གཏན་འབེབས་བྱས་པ་ནི། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ་རྣམས་མཐུན་སྒྲིལ་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་ནས།  དཀའ་སྤྱད་འབད་བརྩོན་དང་ཞུན་བརྡར་མདུན་བསྐྱོད་བྱས་ཏེ། མཚོ་ནུབ་ནི་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།

བདེ་སྐྱིད་ཀྱི་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ་གྱི་རྒྱབ་ལྗོངས།

མི་གྲངས་གྲངས་འབོར་གྱི་ཕན་ཡོད་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་རྣམ་བསྒྱུར་བྱེད་པ་དང་བསྟུན་ནས། རང་རྒྱལ་གྱི་སྲོལ་རྒྱུན་ཁྱིམ་ཚང་གི་བུ་བཙའ་དང་གསོ་སྐྱོང་།  སློབ་གསོ། ཞབས་ཞུ་སྒྲུབ་པ་སོགས་གཞི་རྩའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ལ།   གཞི་ཁྱོན་ཆུང་དུ་སོང་བ་དང་གྲུབ་ཚུལ་སྣ་མང་ཅན།  སྡོད་གནས་ཐར་ཐོར་ཅན།   ཉེ་འབྲེལ་མི་ཟབ་པར་གྱུར་ཞིང་། དཔལ་འབྱོར་འཕེལ་རྒྱས་དོ་སྙོམས་མིན་པ་དང་ཐོན་ཁུངས་བཀོད་སྒྲིག་འོས་འཚམ་མིན་པ།  མ་ལག་འཛུགས་སྐྲུན་འཐུས་ཚང་མིན་པ་བཅས་བསྣན་པས།  འཚོ་བ་དབུལ་ཕོངས་དང་སྐྱེས་འཕེལ་བདེ་ཐང་། བུ་སྐྱེ་ལ་སྐྱོན་ཆ་དང་རྒན་གསོ་ཞབས་ཞུ་སོགས་ཕྱོགས་ཀྱི་འགལ་ཟླ་དང་གནད་དོན་ཉིན་རེ་བཞིན་མངོན་གསལ་དུ་འབྱུང་ལ། ཁྱིམ་ཚང་གི་གནོད་འཚེ་ལ་འགོག་པའི་ནུས་པ་ཇེ་ཞན་དུ་སོང་བས།  གྲོང་དང་གྲོང་གསེབ་ཀྱི་ཁྱིམ་ཚང་དང་ལྷག་པར་དུ་འཆར་ལྡན་བུ་སྐྱེ་ཁྱིམ་ཚང་གི་བདེ་ཐང་ངང་འཕེལ་རྒྱས་ལ་བཀག་འགོག་ཐེབས་པ་དང་།   ཚད་ངེས་ཅན་ཞིག་གི་ཐོག་ནས་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་པ་རེད།

      བདེ་སྐྱིད་ཀྱི་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ་གྱི་འགོ་བརྩམས་པས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བར་རེ་སྒུག་བྱེད་པའི་དམིགས་འདུན་དང་མཐུན་ཞིང་།ཁྱིམ་ཚང་གོང་འཕེལ་གྱི་སྲིད་ཇུས་འཐུས་ཚང་ཞིག་འཛུགས་པ་དང་། ཁྱིམ་ཚང་འཆམ་མཐུན་བདེ་སྐྱིད་ཡོང་བར་སྐུལ་འདེད་བྱེད་པསོགས་ཀྱི་ལས་འགན་འགྲུབ་པའི་རྟེན་གཞི་ནུས་ལྡན་ཞིག་ཏུ་གྱུར།

སྤྱིའི་དམིགས་ཡུལ།

སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཕན་ཡོད་ཀྱི་སྤྱི་ཕན་རྩ་འཛུགས་ནུས་པ་འདོན་དགོས་ལ། གཅིག་གྱུར་འཆར་འགོད་ཀྱིས་མི་གྲངས་གནད་དོན་ཐག་གཅོད་པ་དང་།  མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ་ལྟེ་བར་བཟུང་ནས།   མི་གྲངས་ཀྱི་ཕན་བདེ་འཕར་བ་དང་ཁྱིམ་ཚང་བདེ་སྐྱིད་གཙོ་གནད་དུ་བཟུང་སྟེ།  གྲོང་དང་གྲོང་གསེབ་ཀྱི་ཁྱིམ་ཚང་ཁ་ཤས་ལ་གནས་པའི་འཚོ་བའི་དཀའ་ངལ་དང་སྐྱེས་འཕེལ་བདེ་ཐང་།  བུ་སྐྱེ་སྐྱོན་ཆ། རྒན་གསོ་འཕེལ་རྒྱས་སོགས་འགལ་ཟླ་གཙོ་བོ་དང་གནད་དོན་ལ་ཁ་གཏད་ནས།   དཔལ་ཡོན་དང་བདེ་ཐང་།  ལེགས་བཙའ། ཕྱུག་འགྱུར།  འབུལ་ཐུབ་པབཅས་ཀྱི་གལ་ཆེའི་ནང་དོན་འབུར་དུ་ཐོན་དགོས། དར་སྤེལ་དྲིལ་སྒྲོག་དང་བདེ་ཐང་ལ་སྐུལ་འདེད། འཕེལ་རྒྱས་ཕྱུག་འགྱུར་སོགས་བྱ་འགུལ་རྟེན་གཞི་རུ་བཟུང་ནས།  མང་ཚོགས་དང་ཁྱིམ་ཚང་ལ་དངོན་ཕན་ཐོབ་པ་དང་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱ་དགོས་ལ།  སྤྱི་ཚོགས་ཡོངས་ལ་ཁྲིད་སྟོན་བྱས་ཏེ་ཁྱིམ་ཚང་འཕེལ་རྒྱས་ཁྲོད་འཕྲད་པའི་འགལ་ཟླ་དང་གནད་དོན་ལ་སྤྱི་ཁྱབ་ཀྱིས་མཐོང་ཆེན་དང་རིམ་བཞིན་ཐག་གཅོད་བྱས་ནས། གྲོང་དང་གྲོང་གསེབ་ཀྱི་ཁྱིམ་ཚང་འཕེལ་རྒྱས་ནུས་པ་དང་བདེ་སྐྱིད་ཀྱི་ཚད་གཞི་སྔར་ལས་མཐོ་རུ་འགྲོ་བར་བྱ་དགོས།

ནང་དོན་གཙོ་བོ།

 དཔལ་ཡོན་དར་སྤེལ།   དཔལ་ཡོན་ནི་ཁྱིམ་ཚང་བདེ་སྐྱིད་ལྡན་པའི་ཀུན་སྤྱོད་ཀྱི་འཚོལ་སྙེག་ཡིན། ཁྱིམ་མི་ལ་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་བཙུགས་ནས།  བསམ་བློའི་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་ངོ་བོ་མཐོར་འདེགས་བཏང་སྟེ། མེས་རྒྱལ་ལ་དགའ་ཞེན་དང་སྤྱི་ཚོགས་ལ་ཐུགས་ཁུར།  ཁྱིམ་ཚང་ལ་གཅེས་སྐྱོང་བྱེད་པ་དང་།  ཁྱིམ་མིའི་བར་དང་ཁྱིམ་ཚང་དང་སྤྱི་ཚོགས། ཁྱིམ་ཚང་དང་རང་བྱུང་གི་མཛའ་བརྩེ་དང་འཆམ་མཐུན་ལ་སྐུལ་འདེད་བྱ་དགོས།

བདེ་ཐང་ལ་སྐུལ་འདེད།   བདེ་ཐང་ནི་ཁྱིམ་ཚང་བདེ་སྐྱིད་ཀྱི་རྨང་གཞིའི་ཆ་རྐྱེན་ཡིན།    ཁྱིམ་མི་རྣམས་ཚན་རིག་དང་མཐུན་ཞིང་ཡ་རབས་ཚུལ་ལྡན་ཡིན་པ།   ཁོར་ཡུག་སྲུང་སྐྱོབ་བྱེད་པ། བདེ་ཐང་འཕེལ་རྒྱས་ཀྱི་བྱ་བའི་བྱེད་སྟངས་དང་འཚོ་བའི་གོམས་གཤིས་ཆགས་པར་གསོ་སྐྱོང་བྱས་ནས།  བདེ་སྲུང་འཚོ་བ་དང་སྐྱེ་འཕེལ་བདེ་ཐང་གི་འདུ་ཤེས་དང་ནུས་ཤུགས།  ཆུ་ཚད་བཅས་མཐོར་འདེགས་གཏོང་དགོས་ལ།ཁྱིམ་མའི་ལུས་ཕུང་བདེ་ཐང་དང་སེམས་ཁམས་སྐྱིད་པར་སྐུལ་འདེད་བྱས་ནས། མུ་མཐུད་བདེ་སྐྱིད་ཡོང་བའི་ཚོར་བ་ཤུགས་ཆེ་རུ་གཏང་དགོས།

ལེགས་བཙའ་ལེགས་སྐྱོང་།   ལེགས་བཙའ་ནི་ཁྱིམ་ཚང་བདེ་སྐྱིད་ཀྱི་རེ་བ་བྱ་ཡུལ་ཡིན།  མི་ཤུགས་ཐོན་ཁུངས་གསར་སྤེལ་ལ་ཤུགས་སྣོན་དང་།  ཤུགས་བཏོན་ནས་མི་གྲངས་ཀྱི་ངོ་བོ་མཐོར་འདེགས་གཏོང་དགོས་ལ།    རིན་མི་དགོས་པར་ཕྲུ་གུ་མ་སྦྲུམ་གོང་ལ་བདེ་ཐང་ལེགས་བཙའ་བྱེད་པའི་བརྟག་དཔྱད་སྤེལ་བ་དང་། སྐྱེ་འཕེལ་སྐྱོན་ཆ་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་གཏང་དགོས།  ཚན་རིག་གི་སྟེང་ནས་བྱིས་པ་སྐྱེ་པའི་ཤེས་བྱ་ཡོངས་ཁྱབ་ཏུ་སྤེལ་བ་དང་།  ཕྲུ་གུའི་ཐོག་མའི་འཚར་ལོངས་ལ་དོ་སྣང་བྱེད་དགོས་ལ། ན་ཆུང་དང་གཞོན་ནུའི་བདེ་ཐང་གི་མི་གཤིས་སློབ་གསོ་ལ་ཤུགས་བསྣན་ནས། མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།

འཕེལ་རྒྱས་ཕྱུག་འགྱུར། ཕྱུག་འགྱུར་ནི་ཁྱིམ་ཚང་བདེ་སྐྱིད་ཀྱི་གལ་ཆེའི་འགན་སྲུང་ཡིན།   སྔར་ལས་ལྷག་པའི་སྒོ་ནས་དམངས་ལ་ཕན་བདེ་བསྐྲུན་པའི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རོགས་སྐྱོར་དང་སྐྱོབ་རོགས་ཀྱི་བྱེད་ཐབས་གང་མང་བརྒྱུད་ནས། གྲོང་དང་གྲོང་གསེབ་ཀྱི་ཁྱིམ་ཚང་དང་ལྷག་པར་དུ་འཆར་ལྡན་བུ་སྐྱེ་ཡི་དཀའ་ངལ་ཁྱིམ་ཚང་གི་ཐོན་སྐྱེད་འཕེལ་རྒྱས་དང་དཀའ་སྤྱད་ཀྱིས་ཕྱུག་འགྱུར་ལ་རྒྱབ་སྐྱོར་བྱས་ཏེ།  ཡོང་སྒོ་འཕར་སྣོན་དང་འཚོ་བ་ཕྱུག་པོ།  འབྱོར་ཕྱུག་འཆམ་མཐུན།   བདེ་སྡོད་ལས་བརྩོན་བཅས་མངོན་འགྱུར་བྱ་དགོས།

སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ། ལེགས་སྐྱེས་འབུལ་བ་ནི་ཁྱིམ་ཚང་བདེ་སྐྱིད་ཀྱི་རིན་ཐང་གི་མངོན་ཚུལ་ཡིན།  ཁྱིམ་མིའི་སྤྱི་དམངས་ཀྱི་འདུ་ཤེས་དང་དྲིན་རྟོགས་པའི་བརྩེ་སེམས་ཤུགས་ཆེ་རུ་གཏོང་བ་དང་།   ཁྱིམ་ཚང་གི་འགན་ཁུར་དང་སྤྱི་ཚོགས་ཀྱི་འགྲིལ་ཤུགས་ཆེ་རུ་བཏང་ནས།  མི་ཚང་མར་རོགས་རམ་དང་དབུལ་སྐྱོར་ལ་དགའ་བ་དང་།  བདེན་དོན་མཐོང་ན་དཔའ་སྐྱེད་ཕོད་པ།  རྒན་གསོ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར།ཁྱིམ་མཚེས་ལ་རོགས་སྐྱོར།  སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་ཀུན་སྤྱོད་དང་གོམས་སྲོལ་ལེགས་པོར་གྲུབ་དགོས།

འགན་ཁུར་གཙོ་བོ།

དྲིལ་སྒྲོག་དར་སྤེལ་ལ་ཤུགས་བསྣན་ནས། ཁྱིམ་ཚང་དཔལ་ཡོན་ལྡན་པར་སྐུལ་འདེད་བྱེད་དགོས།   སྤྱི་པའི་ཞབས་ཞུ་ལ་ཤུགས་བསྣན་ནས།  ཁྱིམ་ཚང་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་།  ཐོན་ཁུངས་ལེགས་སྒྲིག་ལ་ཤུགས་བསྣན་ནས། རོགས་སྐྱོར་བྱས་ནས་ཁྱིམ་ཚང་ཕྱུག་འགྱུར་བྱེད་དགོས།    སྤྱི་ཚོགས་འགན་འཁྲི་ལ་ཤུགས་བསྣན་ནས།  ཁྱིམ་ཚང་གི་ལེགས་སྐྱེས་འབུལ་བར་སྣེ་འཁྲིད་དགོས།

རྒྱལ་ཡོངས་སུ་བདེ་སྐྱིད་ཀྱི་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ་གྱི་དཔེ་སྟོན་གྲོང་ཁྱེར་གྱི་ཚད་གཞི།

གཅིག   ཏང་སྲིད་ཀྱིས་མཐོང་ཆེན་གནང་བ་དང་།  སྡེ་ཁག་གིས་རོགས་སྒྲུབ་བྱེད་པ།  

གཅིགབདེ་སྐྱིད་ཀྱི་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ་ནི་དམངས་འཚོ་ལེགས་བཅོས་སུ་གཏོང་བའི་ནང་དོན་གལ་ཆེན་དུ་བཟུང་ནས་རང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་དུ་འཇོག་དགོས་པ་མ་ཟད།རང་ས་གནས་ཀྱི་དམིགས་འབེན་དོ་དམ་འགན་ཁུར་ལམ་ལུགས་ཀྱི་ཞིབ་དཔྱད་རྩིས་ལེན་ནང་དུའང་འཇོག་དགོས་ལ།  འགོ་ཁྲིད་ཀྱིས་འགན་ལེན་པ་དང་འགན་ཁུར་ཕྲག་ཏུ་ལེན་པ།   བྱ་བ་ནང་དུ་ཞུགས་པ་དང་བྱ་བ་ལྷོད་གཡེང་མི་བྱེད་པ་བཅས་བྱེད་དགོས།  

གཉིསཏང་ཨུ་དང་སྲིད་གཞུང་གིས་གཅིག་གྱུར་གྱི་འགོ་ཁྲིད་དང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་འགོ་ཁྲིད་ནས་རྩ་འཛུགས་བྱེད་པ།  འབྲེལ་ཡོད་སྡེ་ཁག་གིས་རམ་འདེགས་མཉམ་འགུལ།  སྤྱི་ཚོགས་ཚོགས་པ་དང་གྲོང་དང་གྲོང་གསེབ་ཀྱི་མང་ཚོགས་ཡོངས་ཁྱབ་ནང་དུ་ཞུགས་པའི་བྱ་བའི་ལམ་སྲོལ་འཛུགས་དགོས།ཁུངས་མི་བདེ་ཐང་ལ་སྐུལ་འདེད་དང་ཕན་བདེ་འགན་སྲུང་འཕེལ་བ།  ཁྱིམ་ཚང་དབུལ་ཕོངས་ཅན་ཇེ་ཉུང་དུ་གཏོང་བ།   ཕོ་མོ་འདྲ་མཉམ་ལ་སྐུལ་འདེད།  བུད་མེད་དང་བྱིས་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་སོགས་བྱེད་པའི་ཁྱིམ་ཚང་འཕེལ་རྒྱས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་པ་མ་ཟད།  ཕན་འབྲས་ཡོད་པའི་སྒོ་ནས་དོན་འཁྱོལ་བྱ་དགོས།  

གཉིས།  དྲིལ་སྒྲོག་དར་སྤེལ་དང་།   བདེ་ཐང་ལ་སྐུལ་འདེད་བྱེད་པ།

གསུམསྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བས་སྣེ་ཁྲིད་དེ།  ཁྱིམ་ཚང་གི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་།  ཁྱིམ་ཚང་གི་བདེ་སྐྱིད་ལ་ཕན་པ་འི་སྤྱི་ཚོགས་འཆམ་མཐུན་གྱི་སྣང་ཚུལ་ལེགས་པོར་བསྐྲུན་དགོས།  དཔལ་ཡོན་དང་བདེ་ཐང་། ལེགས་བཙའ།  ཕྱུག་འགྱུར།  འབུལ་ཐུབ་པ སོགས་བརྗོད་བྱ་ཡིན་པའི་སྤྱི་ཚོགས་དྲིལ་སྒྲོག་གི་བྱ་འགུལ་གྱི་རྣམ་པ་གསར་བ་དང་ཕན་འབྲས་མངོན་གསལ་ཡིན་དགོས།  ཁྱིམ་ཚང་འཕེལ་རྒྱས་ཀྱི་རིག་གནས་འབྲས་བུ་གཡུར་དུ་ཟ་བ་ཡོད་དགོས།  

བཞིཚན་རིག་དང་མཐུན་པའི་བདེ་ཐང་ཤེས་བྱ་དང་འཕྲལ་བསྟུན་རོགས་སྐྱོར་ཤེས་བྱ།  ཁྱིམ་ཚང་གི་དཔལ་ཡོན་འདུ་ཤེས་བཅས་རྒྱ་ཁྱབ་ཏུ་སྒྲོག་སྤེལ་བྱ་དགོས་ལ།   མང་ཚོགས་ལ་རོགས་རམ་བྱས་ནས་བདེ་ཐང་དཔལ་ཡོན་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རོགས་འདུ་ཤེས་བཞེངས་ནས།   བདེ་ཐང་དཔལ་ཡོན་གྱི་འཚོ་བའི་གོམས་གཤིས་གསོ་སྐྱོང་བྱ་དགོས།    

གསུམ།ཞབས་ཞུས་ལེགས་པོར་བསྒྲུབ་ཏེ། བདེ་ཐང་ལ་སྲུང་སྐྱོབ་བྱ་དགོས།

ལྔཁྱིམ་ཚང་གི་བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྐང་ཚུགས་པའི་ཁྱིམ་ཚང་ལ་འཆར་ལྡན་བུ་སྐྱེ་དང་ལེགས་བཙའ་ལེགས་གསོ།  སྐྱེ་འཕེལ་བདེ་ཐང་།  མངལ་སྦྲུམ་ཐུབ་མིན་ལ་བརྟག་བཅོས་བྱེད་པ།  ན་གཞོན་གྱི་བདེ་ཐང་འཕེལ་རྒྱས། རྒན་པོ་བདེ་ཐང་།   རྒན་རོགས་རྒན་གསོ་སོགས་མུ་འབྲེལ་གྱི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱ་དགོས།  

དྲུགགྲོང་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་རིན་མི་དགོས་པར་མངལ་ཆགས་པའི་སྔུན་ལ་ལེགས་བཙའ་བདེ་ཐང་གི་ཞིབ་བཤེར་བྱེད་པའི་ལམ་ལུགས་ཡོངས་སུ་འཁེལ་བར་བྱ་དགོས།  ལོ་གཅིག་གི་དམིགས་འབེན་དུ་མི་ཚོགས་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན་པའི་ཚད་ལ་ཁེབས་དགོས།  བླང་བྱ་ལྟར་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གཞི་རྩའི་ལས་གཞི་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས།    སྐྲན་ནད་གཉིས་ཚགས་བརྟག་དང་སྐྱེ་ལམ་འགོ་ནད་ཡོངས་ཁྱབ་ཏུ་ཞིབ་བཤེར་དང་ཡོངས་ཁྱབ་ཏུ་སྨན་བཅོས་སོགས་གཞི་རྩའི་སྔོན་འགོག་བདེ་སྲུང་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དོན་འཁྱོལ་བྱ་དགོས་ལ།  གཏན་ཁེལ་མེད་པའི་མི་གྲངས་ཞབས་ཞུའི་མངའ་ཁོངས་སུ་ལེན་དགོས།   ཁྱིམ་ཚང་སྨན་པ་དང་གྲོང་དང་གྲོང་གསེབ་སྡོད་དམངས་ཀྱི་ཁྱིམ་ཚང་ངམ་མི་སྒེར་བར་ལ་གན་རྒྱ་འཇོག་པ་འི་ཞུབས་ཞུ་སྤེལ་དགོས།   གཏན་ཁེལ་མེད་པའི་མི་གྲངས་ཀྱི་འཆར་ལྡན་བུ་སྐྱེ་ཡི་གཞི་རྩའི་ལས་གཞི་སྟེ་རིན་མེད་ཞབས་ཞུའི་ཚད་ལོ་ནང་གི་དམིགས་འབེན་གྱི་བླང་བྱ་རུ་ཐོན་དགོས།  

  བདུནམི་གྲངས་དང་འཆར་ལྡན་བུ་སྐྱེ་བརྡ་འཕྲིན་ཅན་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ།རང་ས་གནས་མི་གྲངས་ཡོངས་ཀྱི་གྲངས་མཛོད་ཀྱི་མི་གྲངས་ཁེབས་ཚད95%ཡན་ལ་བསླེབས་དགོས། གྲངས་མཛོད་ཀྱི་གྲངས་ཀ་གཙོ་བོའི་ཡང་དག་ཚད90%ཡན་ལ་བསླེབས་དགོས།བརྡ་འཕྲིན་དྲ་རྒྱར་བརྟེན་ནས་ཁྱིམ་ཚང་ཞབས་ཞུ་སྤེལ་དགོས།སྐྱེས་པའི་མི་གྲངས་ཀྱི་ཕོ་མོའི་བསྡུས་གྲངས་རྒྱུན་ལྡན་རྒྱུན་འཁྱོངས་དང་ཡང་ན་ལོའི་དམིགས་འབེན་བླང་བྱའི་ཚད་དུ་བསླེབས་དགོས།

བཞི། དབུལ་ཕོངས་རོགས་སྐྱོར་དང་དཀའ་གནད་སེལ་དགོས།

བརྒྱདའཆར་ལྡན་བུ་སྐྱེ་ཕན་འབྲས་སྐུལ་ཕྱོགས་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ།མང་ཚོགས་ཀྱི་ལོངས་སུ་སྤྱོད་པའི་འཆར་ལྡན་བུ་སྐྱེ་བྱ་དགའ་དང་སྲིད་ཇུས་སོ་སོ་དང།བྱ་དགའི་དངུལ་སྟེར་ཚད100%ལ་བསླེབས་དགོས།ཁྱད་པར་ཅན་གྱི་ཁྱིམ་ཚང་ལ་རོགས་སྐྱོར་ཐུགས་འཁུར་མཛད་པའི་འཆར་ལྡན་བུ་སྐྱེ་ཡི་བྱེ་བྲག་གི་སྲིད་ཇུས་བྱེད་ཐབས་བཏོན་ནས་ལག་བསྟར་དང་ཕན་ལྡན་གྱི་རོགས་སྐྱོར་ཐོབ་ཏུ་འཇུག་དགོས།

དགུའཆར་ལྡན་བུ་སྐྱེ་ཁྱིམ་ཚང་སྤྱི་ཚོགས་རྒན་གསོའི་ཞབས་ཞུ་མ་ལག་གྲས་སུ་འཇོག་དགོས།འཆར་ལྡན་བུ་སྐྱེ་ཁྱད་པར་ཅན་གྱི་ཁྱིམ་ཚང་དང་ནུས་པ་ཤོར་བའི་རྒན་པ་ཅན་གྱི་ཁྱིམ་ཚང་།དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་། མི་གྲངས་སྤོ་བརྒྱུད་ཅན་གྱི་ཁྱིམ་ཚང་།རྒན་པ་རྐྱང་བའི་ཁྱིམ་ཚང་བཅས་ལ་ཁ་གཏད་དེ་འོས་འཚམ་གྱི་རོགས་སྐྱོར་སྲིད་ཇུས་བཏོན་ནས་ཁོ་ཚོར་འོས་འཚམ་བདག་སྐྱོང་གི་ཞབས་ཞུ་འདོན་སྤྲོད་དགོས།

ལྔ། མང་ཚོགས་ཞུགས་ཤིང་དཔྱད་འཇོགས་ལེགས་པ།

བཅུགསར་སྐྲུན་བྱ་འགུལ་དེ་གཞིས་ཁུལ་དང་ཁྱིམ་ཚང་གི་ཤེས་པ་དང་དེར་ཞུགས་ཤིང་ཁས་ལེན་ཐོབ་པ།ཏང་སྲིད་སྡེ་ཁག་གིས་ཁས་ལེན་དང་རྒྱབ་སྐྱོར་ཐོབ་པ་དང་སྨྱན་བྱད་དཔྱད་བརྗོད་ཀྱི་དྲང་ཕྱོགས་དྲིལ་སྒྲོག་ཅུང་མང་བོ་ལྡན་དགོས།

སྤོ་བརྒྱུད་མི་གྲངས་ཀྱི་འཕྲོད་བསྟེན་འཆར་སྐྱེའི་གཞི་རྩའི་སྤྱི་སྤྱོད་ཞབས་ཞུ་འདྲ་མཉམ་ཅན་དུ་བཏང་སྟེ།སྤོ་བརྒྱུད་མི་གྲངས་ཁྲོད་བྱིས་པའི་འགོག་ཁབ་དང་འགོས་ནད་སྔོན་འགོགསྦྲུམ་མ་དང་བྱིས་པའི་བདེ་སྲུང་། བདེ་ཐང་ཐོ་འགོད། འཆར་ལྡན་བུ་སྐྱེ།བདེ་ཐང་སློབ་གསོ་སོགས་རིགས6གི་གཞི་རྩའི་སྤྱི་སྤྱོད་ཞབས་ཞུ་ལེགས་པོ་ལག་བསྟར་དགོས།

མཚོ་ནུབ་ཁུལ་གྱི་དམངས་འཚོའི་རྣམ་གྲངས་ལྔའི་གཞི་རྒྱུད་བརྟག་བཤེར་ནང་དོན།1རྨ་མེད་སྦྲུམ་སྔོན་གཞི་རྒྱུད་བརྟག་བཤེར་རྣམ་གྲངས།2བཙས་སྐྱེས་བྱིས་པའི་གཞི་རྒྱུད་ནད་བརྟག་བཤེར་རྣམ་གྲངས།3བཙའ་སྐྱེས་བྱིས་པའི་གཞི་རྒྱུད་རྣ་བ་འོམ་པའི་ནད་ཀྱི་བརྟག་བཤེར་རྣམ་གྲངས།4བཙའ་སྐྱེས་བྱིས་པའིDNAཡིག་ཚགས་ཐོ་འགོད་རྣམ་གྲངས། 5བུ་སྣོད་སྐྲན་གྱི་གཞི་རྒྱུད་བརྟག་བཤེར་རྣམ་གྲངས།

རིན་མེད་དུ་མ་སྦྲུམ་སྔོན་ལ་བདེ་ཐང་གི་བརྟག་བཤེར་བྱེད་པའི་དམིགས་ཡུལ། སྦྲུམ་མ་དང་སྦྲུམ་བུའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་དང་སྦྲུམ་མའི་ལུས་སེམས་དྭངས་ཤིང་ཁོར་ཡུག་ཆེས་ལེགས་པའི་འོག་སྦྲུམ་དགོས་པའི་རྒྱུ་རྐྱེན་རྙེད་ཐུབ་ཅིང་།སྦྲུམ་མ་དང་སྦྲུམ་བུའི་བདེ་ཐང་དང་སྔོན་འགོགབཙའ་སྐྱེས་སྐྱོན་ཆ་དང་ཉེན་ཁ་སེལ་པར་ཁག་ཐེག་ཐུབ།              

བདེ་ཐང་མཚོ་ནུབ2030འགུལ་སྤྱོད་འཆར་གཞི།

  འཕེལ་རྒྱས་དམིགས་འབེན།

2020ལོར་བསླེབས་ཚེ།མཁར་གྲོང་སྡོད་དམངས་ཡོངས་ལ་ཁེབས་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཕལ་ཆེར་འགྲུབ་ངེས་ཤིང་།སྡོད་དམངས་ཀྱི་བདེ་ཐང་གསོ་སྦྱོང་ཆུ་ཚད་བསྟུད་མར་འཕར་བ་དང་བདེ་ཐང་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཏེ།མི་ཀུན་གྱིས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་གཞི་རྩའི་བདེ་ཐང་ལུས་སྦྱོང་ཞབས་ཞུ་ལོངས་སུ་སྤྱད་དེ་བདེ་ཐང་ཞབས་ཞུའི་ལས་ཀྱི་མ་ལག་ཕལ་ཆེར་གྲུབ་ངེས།  

2030ལོར་བསླེབས་ཚེ།དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་བའི་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་ཞིང་།སྡོད་དམངས་ཀྱི་བདེ་ཐང་འཚོ་བ་རོལ་སྟངས་རྒྱུན་ཆགས་སུ་སོང་ནས་བདེ་ཐང་ཞབས་ཞུའི་སྤུས་ཚད་དང་བདེ་ཐང་ཁག་ཐེག་ཆུ་ཚད་བསྟུད་མར་ཡར་ལ་འཕར་ཏེ།བདེ་ཐང་ཁོར་ཡུག་སྔར་བས་ཇེ་ལེགས་སུ་སོང་ནས་ནང་དོན་ཕུན་སུམ་ཚོགས་ཤིང་སྒྲིག་གཞི་ལུགས་དང་མཐུན་པའི་བདེ་ཐང་ཐོན་ལས་མ་ལག་གྲུབ་ཡོད་ཅིང་།བདེ་ཐང་གི་ཚད་གཞི་གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་དམན་དུ་མི་ལྷུང་།  

                       

བདེ་ཐང་འཚོ་བ་རྒྱུན་ཆགས་སུ་གཏོང་བ།

ཁྱོན་ཡོངས་ནས་དམངས་ཡོངས་བདེ་ཐང་སློབ་གསོ་སྤེལ་ཏེ།དམངས་ཡོངས་ཀྱི་བདེ་ཐང་གསོ་སྦྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས།

སློབ་གྲྭའི་བདེ་ཐང་སློབ་གསོར་ཤུགས་བསྣན་ཏེ།བདེ་ཐང་གི་སྤྱོད་ལམ་ཡག་པོ་ཆགས་སུ་འཇུག་དགོས།

ཟས་འོས་འཚམ་ཟོས་ཏེ། འཚོ་འཅུད་དོ་མཉམ་པར་བྱ་དགོས།

དུ་ཆང་ཚད་བཀག་བྱས་ཏེ།བདེ་ཐང་འཚོ་བ་རོལ་སྟངས་ལ་སྐུལ་དགོས།

སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱས་ཏེ།སྤྱི་ཚོགས་འཆམ་མཐུན་ལ་སྐུལ་བར་བྱ།

བཅོས་སྐྱོང་ལ་ཤུགས་བསྣན་ཏེ།བདེ་འཇགས་མིན་པའི་སྤྱོད་ལམ་དང་དུག་རྫས་གནོད་པར་རྒྱང་བཀྱེད་དགོས།

ལུས་རྩལ་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།དམངས་ཡོངས་ལུས་སྦྱོང་གི་སྤྱི་སྤྱོད་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་དགོས།

དམངས་ཡོངས་ལུས་སྦྱོང་རྒྱ་ཆེར་སྤེལ་ཏེ།དམངས་ཡོངས་ཀྱི་བདེ་ཐང་གི་བྱང་ཚད་ཇེ་མཐོར་གཏོང་དགོས།

ལུས་རྩལ་དང་སྨན་བཅོས་མཉམ་དུ་སྡེབ་ཏེ།སྨན་བཅོས་མ་ཡིན་པའི་བདེ་ཐང་གི་གནོད་པ་མེད་པར་སྐུལ་དགོས།

མི་ཚོགས་གཙོ་བོའི་ལུས་རྩལ་བྱ་འགུལ་སྤེལ་བར་སྐུལ་ཏེ།ལུས་སེམས་བདེ་ཐང་འཕེལ་རྒྱས་སུ་བཏང་སྟེ།བདེ་ཐང་ཞབས་ཞུ་ཇེ་ལེགས་སུ་གཏོང་དགོས།

ནད་རིགས་ལྕི་མོའི་འགོག་བཅོས་ལ་ཤུགས་བསྣན་ཏེ།འགོག་བཅོས་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས།

རྒྱལ་ཁབ་ཀྱི་གཞི་རྩའི་ཇུས་གཞི་འཆར་ལྡན་བུ་སྐྱེ་ལ་རྒྱུན་འཁྱོངས་བྱས་ཏེ།འཆར་ལྡན་བུ་སྐྱེ་ཞབས་ཞུའི་དོ་དམ་འཐུས་ཚང་དུ་གཏོང་དགོས།

སྤྱི་སྤྱོད་འཕྲོད་བསྟེན་མ་ལག་བསྐྲུན་པར་ཤུགས་བསྣན་ཏེ།གཞི་རྩའི་སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུ་འདྲ་མཉམ་ཅན་དུ་གཏོང་དགོས།

སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ།སྨན་བཅོས་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་དགོས།

ལས་བགོས་བཀོད་སྒྲིག་ལེགས་པོ་བྱས་ཏེ།སྨན་བཅོས་འཕྲོད་བསྟེན་ཞབས་ཞུའིི་མཁོ་སྤྲོད་རྣམ་པ་གསར་གཏོད་དགོས།

སྨན་བཅོས་སྤུས་ཚད་དོ་དམ་མ་ལག་ཚང་བསྐྲུན་བྱས་ཏེ།སྨན་བཅོས་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས།

མི་རིགས་སྨན་རྫས་ཁྱད་ཆོས་འབུར་དུ་དོད་དེ།བོད་རྒྱ་སོག་གསུམ་གྱི་སྨན་རྫས་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་དགོས།

ཏན་ཏིག་གིས་བུད་མེད་དང་བྱིས་པའི་རྣམ་གྲངས་བྱ་བར་སྐུལ་ཏེ།བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་དགོས།

ཧུར་ཐག་གིས་སྨན་གསོ་མཉམ་སྦྱོར་འཕེལ་རྒྱས་ལ་སྐུལ་ཏེ། ལོ་ལོན་རྒན་པའི་བདེ་ཐང་ལ་ཞབས་ཞུ་བྱེད་པར་སྐུལ་དགོས།

དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པར་ཤུགས་བསྣན་ཏེ།དབང་བོ་སྐྱོན་ཅན་གྱི་བདེ་ཐང་ལ་སྲུང་སྐྱོང་དགོས།

1.བདེ་སྐྱིད་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ་གྱི་དྲིལ་སྒྲོག་ཤོག་ངོས་ལྟེབ་མའི་ནང་དོན།

བདེ་སྐྱིད་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ།---- དཔལ་ཡོན་སྐུལ་སྤེལ།

1སྒྲིག་བརྩི་ཁྲིམས་སྲུང་རང་ཉིད་ནས་མགོ་རྩོམ།རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་གཞུང་གི་འབྲེལ་ཡོད་བཀའ་ཡིག་ལ་བརྩི་སྲུང་ནན་མོ་བྱས་ཏེ།སྒྲིག་བརྩི་ཁྲིམས་སྲུང་གི་གྲོང་མི་བཟང་བོ་ཞིག་བྱེད་པར་བརྩོན།

དཔལ་ཡོན་ལ་གོམས་པ་རང་ཉིད་ནས་མགོ་རྩོམ་དགོས།  བྱ་ངན་སྤྱོད་ངན་ཆུང་གི་བསམ་ནས་མ་ལས།   ཡ་རབས་སྤྱོད་བཟང་ཆུང་གི་བསམ་ནས་མི་ལས་པར་མ་འདུག    ཉེ་འགྲམ་གྱི་བྱ་བ་རྩག་རྩིག་ནས་མགོ་རྩོམ་དགོས།  ཁྱིམ་ཚང་དང་ལས་ཁུངས།  ཡང་ན་སྤྱི་ཚོགས་འབྲེལ་གཏུག་བྱེད་ས་གང་ཡིན་རུང་རང་རྟོགས་ཀྱིས་གུས་ལུགས་ཡོད་པ།  དཔལ་ཡོན་ལྡན་པ། སྤྱི་པའི་སྤྱོད་བཟང་ལྡན་པའི་འཆར་སྒོ་ཡག་པོ་ཡོད་པར་གོམས་དགོས།  

སྲོལ་ངན་འདོར་བ་རང་ཉིད་ནས་མགོ་རྩོམ་དགོས།  ཐ་ཤལ་གྱི་སྐད་ཆ་མི་བཤད་པ།  གང་འདོད་དུ་ཁ་ལུད་མི་འཕེན་པ།  སྤྱི་རྫས་ལ་གཏོར་བརླག་མི་གཏོང་བ།  གང་འདོད་དུ་སྙིགས་རོ་མི་འཕེནཔ།   གང་སར་གད་སྙིགས་མི་ལྡུགས་པ།  པར་རིས་གང་སར་མི་སྦྱོར་བ།    གཞུང་ལམ་དུ་མི་བརྒལ་བ།  སྤང་རྩྭར་རྡོག་རྗིས་མི་བྱེད་པ།  ཁོར་ཡུག་གཙང་སྒྲ་རྒྱུན་འཁྱོངས་བྱ་དགོས།  

མཐུན་སྒྲིལ་མཛའ་མཐུན་རང་ཉིད་ནས་མགོ་རྩོམ་དགོས། འཆམ་མཐུན་སྤྱི་ཚོགས་བསྐྲུན་ནས་སྤྱི་ཚོགས་འཆམ་མཐུན་ཡོང་བར་བྱེད་པ་དང་།   བརྩེ་བ་དང་བྱམས་སེམས་ང་ཚོ་དང་མཉམ་གནས་བྱེད་དུ་འཇུག་དགོས། ཐུན་མོང་གིས་ཕན་ཚུན་ལ་ཐུགས་ཁུར་དང་འཆམ་མཐུན་མཛེས་སྡུག་གི་མིའི་དབར་གྱི་འབྲེལ་བ་དང་འཚོ་བའི་ཁོར་ཡུག་བསྐྲུན་དགོས།  ཐུན་མོང་གིས་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་ཁྱིམ་གཞི་བསྐྲུན་ཏེ་མཛའ་མཐུན་མཉེས་གཤིན་གྱི་དཔལ་ཡོན་གྲོང་ཁྱེར་པ་ཞིག་བྱེད་དགོས།  

5.དཔལ་ཡོན་གྱི་འགྲིམ་འགྲུལ་རང་ཉིད་ནས་མགོ་རྩོམ་དགོས། འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་མཐོ་རུ་གཏོང་བ་དང་། རང་རྟོགས་ཀྱིས་འགྲིམ་འགྲུལ་ཁྲིམས་ལུགས་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས། ཚུལ་ལྡན་ངང་ལམ་དུ་བསྐྱོད་པ་དང་ཚུལ་ལྡན་ངང་རླངས་འཁོར་གཏོང་བ།  ཚུལ་ལྡན་ངང་རླངས་འཁོར་འདུག་པ་བཅས་བྱེད་དགོས།  

བདེ་སྐྱིད་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ།-----བདེ་ཐང་ལ་སྐུལ་འདེད།  

བདེ་ཐང་གི་འཚོ་བ་རོལ་སྟངས་དང་བྱ་སྤྱོད་གོམས་སྲོལ།  

1.རྒྱུན་དུ་ལག་པ་བཀྲུ་པ་དང་ཁྲུས་རྒྱག་དགོས། ལག་ཕྱིས་དང་ཁྲུས་ཆས་ཐུན་མོང་གིས་བཀོལ་སྤྱོད་བྱེད་མི་ཆོག  

2.དུས་རྒྱུན་དུ་སོ་བཤལ་བ་དང་ཟ་མ་ཟོས་རྗེས་ཁ་ནང་བཤལ་དགོས།  

3.གློ་ལུད་དང་སྣ་སྦྲིད་སྐབས་སུ་ཁ་སྣ་འགེབས་དགོས།  གང་སར་ཁ་ལུད་མི་འཕེན་པར་བྱ།  

4.མི་མང་འདུ་ས་རུ་ཐ་མག་མི་འཐེན་ཞིང་། ཐ་མག་མི་འཐེན་མཁན་ལ་གཞན་དབང་གིས་དུ་བ་རྔུབ་པ་ལས་གཡོལ་བའི་དབང་ཆར་བརྩི་འཇོག་བྱ་དགོས།  

5.ཨ་རག་མང་པོ་མི་འཐུང་བ་དང་བག་མེད་དུ་མི་སྤྱོད་པ།  

6.གཉིད་སྨན་དང་ཟུག་འཇགས་སྨན་སོགས་གོམས་གཤིས་སུ་གྱུར་པའི་སྨན་རྫས་གང་འདོད་དུ་སྤྱོད་མི་རུང་།  

7.དུག་རྗས་དང་རིང་དུ་གྱེས་དགོས།  

8.འཕྲོད་བསྟེན་སྤྱོད་ཁང་བཀོལ་སྤྱོད་བྱས་ཏེ། མི་ཕྱུགས་ཀྱི་གཅིན་སྐྱག་ལ་དོ་དམ་བྱེད་དགོས།  

9.འཐུང་ཆུའི་འཕྲོད་བསྟེན་ལ་དོ་སྣང་དང་། འཐུང་ཆུའི་བདེ་འཇགས་ལ་མཉམ་འཇོག་བྱ་དགོས།

10.དུས་རྒྱུན་སྒེའུ་ཁུང་ཕྱེས་ཏེ་རླུང་རྒྱུག་ཏུ་འཇུག་དགོས།  

11.བཟའ་བཅའ་ཕྱེ་རིགས་གཙོར་བཟུང་སྟེ་སྔོ་ཚོད་དང་སིལ་ཏོག་གི་རིགས་མང་པོ་བཟའ་དགོས་ཤིང་།  དཀར་ཟས་དང་དམར་ཟས་སྤེལ་མ་བྱེད་པར་དོ་སྣངབྱ་དགོས།  

12.དུས་རྒྱུན་དུ་འོ་རིགས་དངསྲན་རིགས།  ཡང་ན་དེ་དག་ལས་བཟོས་པའི་ཟས་རིགས་བཟའ་དགོས།  

13.ཞག་ཚིལ་དང་ཚྭ་ཉུང་བའི་བཟའ་བཅའ་སྤྱོད་དགོས།  

14.རྒྱུན་ལྡན་གྱི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱས་ཏེ།   ལུས་པོའི་ལྗིད་ཚད་ལས་བརྒལ་བ་དང་ཚོ་འབུད་པར་གཡོལ་དགོས།  

15.ནད་བྱུང་མ་ཐག་ཏུ་སྨན་པར་སྟོན་ཞིང་།  སྨན་བཅོས་དང་བསྟུན་པ་དང་།  སྨན་པའི་ཁ་ཏ་ལྟར་སྨན་ལ་བསྟེན་དགོས།  

16.སྐྱེ་འགོག་རྒྱུ་གང་བྱུང་དུ་མི་སྤྱོད་པ།  

17.ཟ་མ་ལས་ན་ཚོས་དགོས་པ་དང་།   སྔོ་ཚོད་དང་སིལ་ཏོག་རློན་པ་ཟ་ན་གཙང་མར་བཀྲུ་དགོས།  

18.ཟས་རིགས་རློན་པ་དང་བཙོས་མ་སོ་སོར་བགར་ནས་ཉར་ཚགས་དང་ལས་སྣོན་བྱ་དགོས།  

19.རུལ་པ་དང་སྤུས་ཚད་འགན་ལེན་གྱི་དུས་ཡུན་ལས་བརྒལ་བའི་ཟས་རིགས་ཟ་མི་རུང་།

20.བུད་མེད་ལ་མངལ་ཆགས་རྗེས་འཕྲལ་དུ་སྨན་ཁང་དུ་སོང་ནས་ལུས་བཤེར་བྱེད་དགོས།   མངལ་ཆགས་པའི་སྐབས་སུ་མ་མཐའ་ཡང་ཐེངས་ལྔར་ལུས་བཤེར་བྱེད་དགོས་ལ།   ད་དུང་སྨན་ཁང་དུ་ཞག་སྡོད་བྱས་ཏེ་ཕྲུ་གུ་སྐྱེ་དགོས།  

མི་རྒན་པའི་ཟས་ལ་བསྟེན་ཚུལ།  

གཅིག ཐུན་མང་ཉུང་ཟ་དང་སྙི་མོར་བསྟེན་ནས།  ཟས་བཅུད་ཀྱིས་མི་འདང་བ་སྔོན་འགོག་བྱ་དགོས།  ཟས་རིགས་སྣ་མང་དང་སྙི་མོ་བཟོ་དགོས། ཐུན་མང་ཉུང་ཟ་བྱས་ཏེ་ཟས་བཅུད་ཀྱིས་མི་འདང་བ་ལས་གཡོལ་དགོས།  

གཉིས།   རང་འགུལ་གྱིས་ཆུ་འདང་ངེས་ཤིག་འཐུང་བ་དང་། ཕྱི་རོལ་ཏུ་འགུལ་སྐྱོད་བྱེད་པར་བརྩོན་དགོས།   མི་རྒན་པའི་ལུས་ཁམས་ཀྱི་ཆུ་དཀོན་པའི་ཐེག་ནུས་མར་ཆགས་པས།  རང་འགུལ་གྱིས་ཆུ་འཐུང་དགོས།  ཉིན་རེར་ཆུའི་འཐུང་ཚད1500ml1700mlབར་ཡིན། རབ་ཡིན་ན་ཆུ་ཁོལ་དྲོད་འཇམ་ཡིན་དགོས། ཕྱི་རོལ་འགུལ་སྐྱོད་ཀྱིས་སྔར་ལས་སྨུག་ཕྱིའི་འོད་ཟེར་བསྡུ་ལེན་ཐུབ་པས།  ལུས་པོའི་ནང་གི་འཚོ་རྒྱུDཡི་བསྲེས་སྦྱོར་དང་རུས་སོབ་ནད་ལ་ཕན།  

གསུམ།  ཤ་གནད་ཉམས་ཆག་ཕྱིར་འགྱངས་བྱས་ཏེ།  འོས་འཚམ་གྱིས་ལུས་པོའི་ལྗིད་ཚད་རྒྱུན་སྲུང་བྱ་དགོས།  མི་རྒན་པའི་ལུས་པོའི་ལྗིད་ཚད་ངེས་པར་དུ་རྒྱུན་ལྡན་གྱི་གཏན་འཇགས་ཆུ་ཚད་རྒྱུན་སྲུང་བྱ་དགོས་ལ། ཚད་ལས་བརྒལ་བའམ་ཡང་ནས་བླང་བྱ་ནན་དྲག་པོས་ཚོ་བྱང་དུ་འཇུག་མི་ཉན། ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བའམ་ཡང་ན་དམའ་དྲགས་ན་བདེ་ཐང་ལ་གནོད་ངེས།  ལོ་བདུན་ཅུ་ཡན་གྱི་མི་རྒན་པའི་ལུས་པོའི་ལྗིད་ཚད20kg/m2ལས་དམའ་ན་མི་ལེགས། ཁྲག་ཚིལ་སོགས་དམིགས་ཚད་རྒྱུན་ལྡན་ཡིན་པའི་གནས་ཚུལ་འོག   ལུས་པོའི་ལྗིད་ཚད་26kg/m2ཡིན་ནའང་ཆོག  

བཞི། འདང་ངེས་ཀྱི་ཟ་མ་བཟའ་བ་དང་།ད་དུང་ཟ་མ་ཟ་དུས་འདུག་རོགས་བྱས་ཏེ་སྐུལ་སློང་གནང་དགོས། ཞོགས་ཟས་ལ་རིགས་གཅིག་ནས་གཉིས་ཡན་གྱི་གཙོ་ཟས་དང་སྒོང་ང་གཅིག   འོ་མ་ཕོར་གང་།  ད་དུང་སྔོ་ཚོད་དང་སིལ་ཏོག་ཟ་དགོས། གུང་ཟས་དང་དགོང་ཟས་ལ་རིགས་གཉིས་ཡན་གྱི་གཙོ་ཟས་ཏེ།  དམར་ཟས་གཅིག་ནས་གཉིས་དང་།  སྔོ་ཚོད་གཅིག་ནས་གཉིས།  སྲན་བཟོས་ཟས་རིགས་གཅིག་ཟ་དགོས།  

བདེ་སྐྱིད་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ།----ཕྲུ་གུ་ལེགས་བཙའ་ལེགས་གསོ།  

མངལ་མ་ཆགས་སྔོན་ལ་ལུས་བཤེར་གྱི་དགོས་ངེས་རང་བཞིན།  

མི་རབས་རྗེས་མར་ཕན་པ།  བཟའ་ཟླ་གཉིས་ཀ་ཆེས་བདེ་ཐང་ཡིན་པའི་གནས་ཚུལ་འོག་མངལ་སྦྲུམ་ན། ལྷན་སྐྱེས་རང་བཞིན་གྱི་ནད་ཡམས་དང་མངལ་གནས་ཕྲུ་གུ་ཡ་མ་གཟུགས་སུ་འགྱུར་བར་སྔོན་འགོག་བྱེད་ཐུབ། ཕྲུ་གུ་སྐྱོན་ཅན་གསོ་བའི་ཚད་ཉུང་དུ་འགྲོ་བ་དང་།  ཁྱེའུ་ཆུང་གི་བདེ་ཐང་ཁག་ཐེག་བྱ་ཐུབ།  

སྦྲུམ་མར་ཕན་པ། བཟའ་ཟླ་ཕན་ཚུན་གཉིས་ཀས་མངལ་མ་ཆགས་གོང་ལ་རང་ཉིད་ཀྱི་ལུས་པོའི་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་དང་། འབྲེལ་ཡོད་ཀྱི་ཉེན་ཆེའི་རྒྱུ་རྐྱེན་འཚོལ་ཞིབ་བྱས་ཏེ། བདེ་འཇགས་ངང་མངལ་སྦྲུམ་ཆོག་མིན་ལ་བལྟ་དགོས་ཤིང་།  ལེགས་བཙའ་ལེགས་གསོར་ཤུགས་རྐྱེན་ཡོད་པའི་རྒྱུ་རྐྱེན་ལ་མངལ་མ་ཆགས་སྔོན་ཐེ་གཏོགས་བྱ་དགོས།    མངལ་ཤོར་དང་མངལ་ཆགས་དུས་ཀྱི་མཉམ་བྱུང་ནད་རིགས། སྦྲུམ་མའི་ཤི་ཚད་སོགས་འབྱུུང་བར་སྔོན་འགོག་བྱས་ཏེ།  སྐྱེད་མའི་བདེ་ཐང་ལ་འགན་སྲུང་བྱ་དགོས།  

ཁྱིམ་ཚང་ལ་ཕན་པ།   མངལ་མ་ཆགས་སྔོན་གྱི་ལུས་བཤེར་བརྒྱུུད་དེ།   སྦྲུམ་ལེགས་འགན་སྲུང་བྱས་ཏེ། འཆམ་མཐུན་བདེ་སྐྱིད་ཀྱི་འབྱོར་འབྲིང་ཁྱིམ་ཚང་བསྐྲུན་པར་ཕན་དགོས།  

སྤྱི་ཚོགས་ལ་ཕན་པ། ནད་རིགས་འགོག་བཅོས་བྱེད་པ་བརྒྱུད་དེ། ནད་རིགས་ཉུང་དུ་གཏོང་བ་དང་། འཆམ་མཐུན་བདེ་སྐྱིད་ཀྱི་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱ་དགོས།  འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་མི་འབོར་བྱང་ཚད་མཐོར་འདེགས། མི་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་དགོས།  

བདེ་སྐྱིད་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ----ཕྱུག་འགྱུར་འཕེལ་རྒྱས།  

གཅིག   མཚོ་ནུབ་ཁུལ་གྱི་བདེ་ཐང་དབུལ་སྐྱོར་བྱ་བ་དར་སྤེལ་བྱས་ཏེ།  ནད་གཞི་ཚབས་ཆེན་ཐུན་མོང་གིས་སྐྱོབ་བཅོས་ཁག་གཅིག་དང་གཅོང་ནད་ལ་གན་རྒྱ་འཇོག་པའི་ཞབས་ཕྱིའི་དོ་དམ་ཁག་གཅིག   ནད་གཞི་ཚབས་ཆེན་མཐའ་སྐྱོང་འགན་ལེན་ཁག་གཅིགབཅས་ཀྱི་འགུལ་སྐྱོད་སྤེལ་ཏེ། ནུས་ལྡན་གྱིས་ནད་ཀྱིས་དབུལ་འགྱུར་དང་ནད་ཀྱིས་དབུལ་བོར་བསྐྱར་ལོག་བྱེད་པའི་སྣང་ཚུལ་བཀག་འགོག་བྱ་དགོས།  

གཉིས། རོང་འབྲོག་ཁུལ་གྱི་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་ལ་བྱ་དགའ་རོགས་སྐྱོར་བྱེད་པའི་ལམ་ལུགས་དངཉུང་བཙའ་ཕྱུག་འགྱུརགྱི་བཟོ་སྐྲུན་དང་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་གི་དམིགས་བསལ་རོགས་སྐྱོར་ལམ་ལུགསདངོས་འབེབས་བྱས་ཏེ།  འཆར་ལྡན་བུ་སྐྱེས་ཀྱི་དམིགས་བསལ་ཁྱིམ་ཚང་ལ་ཐུགས་ཁུར་དང་དོ་སྣང་བྱ་དགོས།  

གསུམ།འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་གི་ཞག་སྡོད་ནད་པར་ནད་གཡོག་བྱེད་དགོས།   2017ལོའི་ཟླ5པ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཕྱི་རྣམ་པ་བརྒྱུད་དེ།  ཞིང་ཆེན་ནང་ཁུལ་གྱི་འཆར་ལྡན་བུ་བཙའི་ཐུན་མིན་གྱི་རོགས་སྐྱོར་བྱ་ཡུལ་གྱི་ཞག་སྡོད་ནད་པར་ནད་གཡོག་བྱེད་པའི་ཉེན་སྲུང་ཉོས་ཤིང་།ཉེན་སྲུང་དུས་ཡུན་ནི་ལོ་གཅིག་སྟེ2017ལོའི་ཟླ1པོའི་ཚེས1ཉིན་ནས2017ལོའི་ཟླ12པའི་ཚེས31ཉིན་བར་ཡིན  ཉེན་འགོག་འགན་ལེན་གྲོན་དངུལ་མི་རེར་སྒོར380ཡིན།   ཉེན་འགོག་འགན་ལེན་གྱི་དུས་ཡུན་ནང་། ཉེན་འགོག་འགན་ལེན་གྲོན་དངུལ་གྱི་འཆར་ལྡན་བུ་བཙའི་ཐུན་མིན་རོགས་སྐྱོར་བྱ་ཡུལ་ཞག་སྡོད་བྱས་ཚེ། ཉེན་འགོག་འགན་ལེན་གྲོན་དངུལ་ཉེན་འགོག་ཀུང་སིས་ཉིན་རེར་ཞག་སྡོད་ནད་པའི་ནད་གཡོག་མ་དངུལ150གཏོང་སྤྲོད་བྱེད་དགོས།  རིམ་བསགས་ཀྱིས་སྐྱིན་ཚབ་ཉིན་གྲངས60ཡིན། ནད་པ་ཚབས་ཆེན་གྱི་ནད་གཡོག་མ་དངུལ་ཉིན་རེར་སྒོར300ཡིན། བློ་ཡུལ་ལས་ཚེ་ལས་འདས་པའམ་ཡང་ན་རྨས་སྐྱོན་བྱུང་བར་ཚེ་ལས་འདས་པ་དང་དབང་བོ་སྐྱོན་ཅན་གྱི་ཉེན་འགོག་འགན་ལེན་མ་དངུལ་སྒོར་ཁྲི་གཅིག་སྟེར་དགོས།  

བཞི།  སྨན་བཅོས་ལུས་གསོ་ཟུང་འབྲེལ་ཡོང་བར་སྐུལ་འདེད་བྱེད་པ།   རྒན་གསོ་ལས་ཁུངས་དང་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་མཉམ་འབྲེལ་དང་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པ།  སྨན་བཅོས་ལས་ཁུངས་སུ་གེགས་མེད་བགྲོད་ལམ་ཕྱེ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ།  མི་རྒན་པར་བདེ་ཐང་གི་འདྲི་རྟོག་དང་ལུས་བཤེར།  ནད་ཡམས་བཅོས་སྐྱོང་།   བདག་སྐྱོང་སོགས་ཀྱི་སྨན་བཅོས་ཞབས་ཕྱི་བསྒྲུབ་དགོས།  

བདེ་སྐྱིད་ཁྱིམ་ཚང་བསྐྲུན་པའི་བྱ་འགུལ།-----སྤྱི་ཚོགས་ལ་བྱས་རྗེས་འཇོག་པ།

སྤྱི་ཚོགས་ལ་བྱས་རྗེས་འཇོག་པ་ནི་བདེ་སྐྱིད་ཁྱིམ་ཚང་གི་རིན་ཐང་མཚོན་ཚུལ་ཡིན།  ཁྱིམ་ཚང་གི་ཁོངས་མིའི་སྤྱི་དམངས་ཀྱི་འདུ་ཤེས་དང་དྲིན་ཚོར་བརྩེ་བ་ཆེར་བཏང་སྟེ།  ཁྱིམ་ཚང་གི་འགན་འཁྲིའི་ཁུར་སེམས་དང་སྤྱི་ཚོགས་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས། མི་ཚང་མ་དབུལ་སྐྱོར་ཉེན་སྐྱོབ་དང་བདེན་པའི་རྒྱབ་ལངས།   རྒན་གསོ་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར།  ཁྱིམ་མཚེས་ཕན་ཚུན་བར་རོགས་སྐྱོར། སྤྱི་ཚོགས་ལ་སྲི་ཞུ་བྱེད་པའི་ཀུན་སྤྱོད་དར་སྲོལ་གྲུབ་དགོས།  



ཞོལ་མ།:ནད་རབ་ཏུ་ཞི་བར་བྱས་པའི་ལེའུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235