མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

གནམ་རིག་དང་མིའི་ལུས་པོའི་བདེ་ཐང་།

ཡོང་ཁུངས།:  སྤེལ་དུས།:2018-09-25  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

མིའི་གཟུགས་པོར་དྲོད་ཚད་ཚོར་སྣང་བྱུང་བ་དེ་དང་མཁའ་རླུང་ནང་གི་དྲོད་ཚད་དབར་འབྲེལ་བ་ཆེན་པོ་ལྡན་ཡོད། དྲོད་ཚད་མཐོ་ལ་རླན་གཤེར་ཆེ་བའི་ཁོར་ཡུག་ནང་མི་རྣམས་ལ་ཚ་གདུང་ཆེ་ཞིང་སེམས་མི་སྐྱིད་པའི་ཚོར་སྣང་བྱུང་བས་བློ་ཁ་འཚབ་འཚུབ་ཆེ་བར་གྱུར་གྱི་ཡོད། དྲོད་ཚད་མཐོ་ལ་རླན་ཚད་དམའ་བའི་ཁོར་ཡུག་ནམ་མི་རྣམས་སེམས་ཅུང་སྐྱིད་པ་ཡོད།  མི་འགའ་ཞིག་གིས་དེ་སྔ་ཚོད་ལྟ་བྱས་པས་སྐམ་ཤས་ཆེ་བའི་མེན་པའོ་སྲེག་ཐབ་ནང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ100ཟིན་པ་དང་། བལྟོས་བཅས་ཀྱི་བརླན་ཚད0%ཡིན་པའི་ནང་སྐར་མ་བཅུ་ལྷག་བསྡད་ཀྱང་གེགས་མེད་བདེ་འཁོད་བྱེད་ཐུབ། དྲོད་ཚད་དམའ་ལ་བརླན་ཚད་མཐོ་པོའི་ཁོར་ཡུག་ནང་རླན་གཤེར་མཁའ་རླུང་གིས་མགྱོགས་མྱུར་ངང་མིའི་ལུས་པོའི་ཚ་ནུས་འབོར་ཆེན་འཕྲོག་པའི་རྐྱེན་གྱིས་མི་ལ་ཧ་ཅང་གྲང་ངར་ཆེ་བའི་ཚོར་སྣང་ཡོང་གི་ཡོད།
    མིའི་རིགས་ཀྱི་ཡུན་རིང་གི་འཕེལ་འགྱུར་བརྒྱུད་རིམ་ནང་མིའི་ལུས་ཁམས་ཀྱིས་རང་བྱུང་ཁོར་ཡུག་གི་རྣམ་པ་སྣ་ཚོགས་ལ་འཕྲོད་པོ་ཡོང་ཆེད་དེ་ལ་དེ་བཞིན་གྱི་འཕོ་འགྱུར་ནུས་པའང་སྣ་ཚོགས་ཆགས་ཡོད། ང་ཚོས་དེར་མིའི་ལུས་ཁམས་ཀྱི་འཕྲོད་ཤུགས་ཕོ་འགྱུར་ཞེས་བརྗོད། གལ་ཏེ་མིའི་ལུས་ཁམས་ཀྱི་ནུས་པས་ཕྱི་རོལ་ཡུལ་གྱི་གནམ་རིག་ཆ་རྐྱེན་དང་མ་འཕྲོད་ན་ནད་བབ་འགྱུར་ལྡོག་གི་སྣང་ཚུལ་སྣ་ཚོགས་ཐོན་གྱི་ཡོད། དཔེར་ན་རླུང་གནོན་དམའ་པོའི་ནང་མཐོ་ས་མ་འཕྲོད་པའི་ནད་ན་སླ་བ་དང་། ཉི་འོད་ཚ་པོའི་ནང་བསྲེག་ན་ཉི་འོད་ལས་བྱུང་བའི་པགས་ནད་ན་གི་ཡོད། སྟོན་དུས་དང་དགུན་དུས་སུ་གནམ་གཤིས་འགྱུར་ལྡོག་ཉི་མ་ཁ་ཤས་སམ་ཐ་ན་ཆུ་ཚོད་ཁ་ཤས་བྱུང་ཀྱང་ནད་བབ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དཔེར་ན་གློ་ཡུའི་གཉན་ཚན་དང་གློ་ཡུའི་ཡན་ལག་གཉན་ཚད་ཀྱི་དབུགས་ཧལ་བའི་ནད་སོགས་ཡིན། གློ་བུར་དུ་གྲང་མོ་ཆགས་པ་དང་། གྲང་ངར་ཆེན་པོ།  རླན་གཤེར་ཆེ་བའི་གནམ་གཤིས་བཅས་ནི་ནད་བབ་བྱུང་བའི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ཡིན་པ་སྤྱི་ཡོངས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་ཁ་ཤས་དཔེར་ན་མཉམ་འབྲེལ་འཇར་མན་གྱི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་སྤྱི་ལོ1952ལོ་ནས་འགོ་ཚུགས་ཏེ་ཉིན་ལྟར་གནམ་གཤིས་སྔོན་བརྡ་གཏོང་བ་ཕུད་དུས་མཚུངས་བདེ་ཐང་སྔོན་བརྡ་གཏོང་གི་ཡོད།(དེ་རིང་མགོ་བོ་ན་བ་དང་། ཡིད་མུག་པ། དེ་ཙམ་བདེ་པོ་མེད་པ། གཉིད་མི་ཁུག་པ་བཅས་ཡོང་ཉེན་ཡོད། སང་ཉིན་སྙིང་ནད་ལངས་དང་རྩ་འཁུམ་པ། གཟེར་ཟུག་ལངས་པ་བཅས་བྱེད་ཉེན་ཡོད) དེ་འདྲ་བྱས་ཏེ་མི་རྣམས་ཀྱིས་དོ་སྣང་བྱ་རྒྱུར་དྲན་སྐུལ་གཏོང་གི་ཡོད།
    གོང་འགོད་དཔེ་མཚོན་ནས་གནམ་རིག་གནད་ཆེའི་རྒྱུ་རྐྱེན་གྱིས་དུས་རྟག་ཏུ་མིའི་ལུས་པོར་འགྱུར་བ་གཏོང་གི་ཡོད་པ་མཐོང་ཐུབ། མིའི་ལུས་པོར་འཕྲོད་ཤོས་ཡིན་པའི་དྲོད་ཚད་ནི20℃--28℃ཡིན། ཉམས་མྱོང་ཡོད་པའི་མི་རྣམས་ཀྱིས་རྟག་ཏུ་གནམ་གཤིས་སྔོན་བརྡ་ཉན་པ་དང་། གནམ་གཤིས་ཀྱི་འགྱུར་བར་དོ་སྣང་བྱེད་པ།  གྱོན་ཆས་བརྗེ་ལེན་བྱེད་པ། ལུས་རྩལ་རྩེད་རྒྱུ་སྣོན་འཕྲི་བྱེད་པ་དང་། ཟ་ཆས་སྙོམ་སྒྲིག་བྱེད་པ། མིའི་ལུས་པོའི་བདེ་ཐང་ལ་ཕན་ཐོགས་ཡོད་པའི་སྒྲིག་ཆས་ཡོ་བྱད་བེད་སྤྱོད་བྱས་ཏེ་ཁོར་ཡུག་གི་ཁྱབ་རྒྱ་ཆུང་བའི་གནམ་གཤིས་ལ་སྙོམས་སྒྲིག་བྱས་ཏེ་ལུས་ཁམས་བདེ་སྲུང་ཐུབ་པ་བཅས་ཀྱི་ཡོད།



ཞོལ་མ།:རྒྱུ་སྐར་ཉི་ཤུ་རྩ་བརྒྱད་གང་དག་ཡིན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235