མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཤེས་བྱའི་ཟེགས་མ།
 

བོད་ལྷམ་གྱི་སྐོར་ཅུང་ཙང་བཤད་པ།

ཡོང་ཁུངས།:ཀྲུང་གོའི་བོད་རིག་པ།  སྤེལ་དུས།:2019-03-05  རྩོམ་པ་པོ།:དབང་སྟོབས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

 བོད་ལྷམ་གྱི་རིགས་དབྱེ་ཧ་ཅང་མང་ཞིང་རྣམ་གྲངས་ཀྱང་མི་འདྲ་བ་མང་པོ་ཡོད་དེ།སྤྱིའི་ཆ་ནས"སུམ་པ" དང་། "སྐར་ལ" " རྡོ་རྫ་""བྲག་གསུམ"སོགས་རིགས་འགའ་ཡོད། སུམ་པའི་ལྷམནི་ཆེས་མིང་དུ་གྲགས་པ་ཞིག་སྟེ།དེ་ནི་ཀོ་བ་དང་། རས་སྐུད།  སྟོང་སྐུད། གསེར་སྐུད། བལ་སྐུད།སྣམ་ཕྲུག་སོགས་ཀྱི་རྒྱུ་ཆ་སྤྱད་དེ་ལག་བཟོས་འཚེམ་དྲུབ་བྱས་ནས་གྲུབ་པ་ཡིན།དེའི་ཁ་དོག་སྡེབ་སྒྲིག་ཀྱང་ཧ་ཅང་དང་དོད་ཆེན་པོ་བྱེད་དགོས།ལ་ལ་ད་དུང་སྟོང་སྐུད་ཀྱི་སྟེང་དུ་རི་མོ་འདྲ་མིན་སྣ་ཚོགས་གཙགས་པ་དང་། ལ་ལར་རྒྱ་གསེར་དང་རིས་སྦྱར་གྱིས་བརྒྱན་ཡོད།ལྷམ་མགོར་གྲུ་བཞི་དང་སྒོར་དབྱིབས་ཡོད་པ་མ་ཟད།ཟོར་མོ་དང་གུག་གུག་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཡོད།
    བོད་ལྷམ་གྱི་ཡུ་བའི་རྒྱབ་ཏུ་ལི་སྨི10ལྷག་ཙམ་གྱི་ཁ་ཕྱེས་ཏེ་ལྷམ་གྱོན་པ་དང་མར་ཕུད་པར་ཡང་སྟབས་བདེ་བཟོས་ཡོད།བོད་ལྷམ་གྱོན་དུས་ལྷམ་སྒྲོག་རྒྱག་དགོས།ལྷམ་སྒྲོག་ནི་ཧ་ཅང་མཛེས་ཤིང་དང་དོད་ཆེ་བའི་ལག་ཤེས་བཟོ་རྩལ་ཞིག་ཡིན།མང་ཆེ་བ་ཐེར་སྐུད་ཕྲ་མོས་འཐག་པ་དང་། སྟེང་དུ་རི་མོ་སྣ་ཚོགས་བཀོད་ཡོད།སྣེ་གཉིས་སུ་ཚོན་མདོག་བཀྲ་བའི་ཚོན་སྙེ་བཞག་ཡོད་པས།དེ་དང་བོད་ལྷམ་གཉིས་མཉམ་དུ་བཞག་ཚེ་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡིན།
    རྒྱུ་ཆ་བཀོལ་སྤྱོད་བྱས་པ་མི་འདྲ་བའི་ཐད་ནས།ཀོ་བ་རྐྱང་པའི་བོད་ལྷམ་དང་། སྤུ་ཤུར་གྱི་བོད་ལྷམ།མེ་ཏོག་ཅན་གྱི་ཡུ་བཅད་བོད་ལྷམ་སོགས་སུ་དབྱེ་ཡོད་པ་མ་ཟད།བཟོ་ལྟའི་ཐད་ནས་ཡུ་རིང་དང་། ཡུ་ཐུང་ཞེས་སུ་བགར་ཡོད་ཡོད།་མིན་ད་རུང་རྟ་བཞོན་དུས་སུ་གྱོན་པའི་འཇུར་རྟ་ཡུ་རིང་དང་། ཕྱིང་ལྷམ་སོགས་ཡོད། བོད་ལྷམ་ལ་ད་རུང་ཁྱད་ཆོས་ཤིག་ལྡན་པ་ནི་རྐང་པ་གཡས་གཡོན་མི་བགར་བ་དེ་ཡིན་ཞིང་།དེ་ཇི་ལྟར་བྱས་ན་ད་གཟོད་རྐང་པ་གཡས་པ་དང་གཡོན་པ་མི་བགར་བ་ཡིན་ནམ་ཞེ་ན།
    དེ་ནི་འཚོ་བའི་ཁྲོད་ཀྱི་མི་ལ་ལའི་རྐང་པར་སྐྱོན་ཡོད་པ་དང་།ཡང་ལ་ལས་རྐང་པ་དྲུད་ནས་འགྲོ་བ་ཡིན་པས།ལ་ལས་ལྷམ་མཐིལ་གྱི་གཡོན་གཞོགས་ཟད་མགྱོགས་པ་དང་། ལ་ལས་གཡས་ཕྱོགས་ཟད་མགྱོགས་པ་ཡིན།བོད་ལྷམ་གྱི་བཟང་ཆ་ནི་ལྷམ་གྱི་ཕྱོགས་གང་རུང་ལ་ཟད་སྐྱོན་བྱུང་བ་ཤེས་ནས་ལྷམ་བརྗེས་ཏེ་དུས་ཡུན་རིང་པོ་ཞིག་ལ་མུ་མཐུད་དུ་གྱོན་ཆོག་པ་ཡིན།
    བོད་ལྷམ་གྱི་ལྷམ་སྒྲོག་ནི་བོད་ལྷམ་བཟོ་བའི་གོ་རིམ་ཁྲོད་ཀྱི་ཆེས་དང་དོད་བྱེད་དགོས་པའི་ལག་ཤེས་བཟོ་རྩལ་ཞིག་ཡིན།སྤྱིར་བཏང་དུ་ལྷམ་སྒྲོག་ནི་ཁུ་ལུ་ཕྲ་མོས་འཐགས་ཏེ་དེའི་སྟེང་དུ་རི་མོ་སྣ་ཚོགས་བཀོད་པ་དང་།སྣེ་གཉིས་སུ་ཚོན་སྙེ་བཞག་སྟེ་ཚོན་མདངས་རྣམ་པར་བཀྲ་ཞིང་།མཉམ་དུ་བཞག་ན་དེ་བས་ཀྱང་མཛེས་ཤིང་སྡུག་པ་ཞིག་ཡིན།
    ཡུལ་ཤུལ་ས་ཁུལ་གྱིསལྷམ་པཞེས་འབོད་པའི་བོད་ལྷམ་འཇོང་འཇོང་ལ་ཁྱད་ཆོས་ཆེན་པོ་ལྡན་ཏེ།རྒྱན་སྤྲོས་ཀྱི་ཉམས་དོད་པོ་ལྡན་པ་དང་།ལྷམ་ངོས་ནག་པོ་དཀྱིལ་ངོས་སུ་གསེར་མདོག་གི་ཐིག་རིས་ཡོད་ཅིང་།གཞོགས་གཉིས་སུ་ཆ་འགྲིག་པའི་ལེབ་མོ་དམར་པོའམ་སྨུག་མདོག་གིས་བརྒྱན་ཡོད་ལ། ཡུ་མདོང་སྟེང་དུ་ཚོན་མདོག་གི་ཐིག་རིས་ཀྱིས་བརྒྱན་མེད།ལྷམ་མགོ་གྱེན་དུ་རྩེན་པ་དེ་ནི་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པར་མ་ཟད་མིག་ལ་ཡང་མཛེས་པ་རེད།
    བོད་ལྷམ་ནི་འབྲོག་ཁུལ་དུ་འཚོ་སྡོད་བྱས་པའི་བོད་རིགས་དང་།སོག་རིགས་མི་དམངས་ཀྱི་མེད་དུ་མི་རུང་བའི་སྤྱོད་ཆས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་འཕེལ་རིམ་བརྒྱུད་ཡོད་པས་མཛེས་ཤིང་སྤུས་ཀ་ལེགས་ལ།འབྲོག་པ་མང་ཚོགས་རྣམས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་ཐོན་སྐྱེད་དང་།འཚོ་བའི་དགོས་མཁོ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་འཚམ་པོ་ཡོད་པ་ཞིག་རེད།
    བོད་ལྷམ་འདེབས་པའི་ལག་རྩལ་ནི་ལོ་ངོ1000ལྷག་གི་ཡར་སྔོན་ནས་དར་བར་བཤད་ཅིང་།སྲོལ་རྒྱུན་གྱི་ལྷམ་འདེབས་ལག་རྩལ་ཤེས་པའི་གྲོང་ཚོ་ནི་བོད་ཀྱི་ས་གནས་གང་སར་ཁྱབ་ཡོད་དེ།ཆབ་མདོ་དང་བྱང་ཐང་། ལྷོ་ཁ་དང་གཞིས་ཀ་རྩེ།ལྷ་ས་སོགས་ཀྱི་ལྷམ་འདེབས་སྟངས་རང་རང་གི་ཁྱད་ཆོས་ཡོད་པ་རེད།

གོང་མ།:གངས་སྐྱོན་སྔོན་འགོག་ཤེས་བྱ།

ཞོལ་མ།:ཆང་འཐུང་ཚུལ་དང་བདེ་ཐང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235