མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
བོད་ཀྱི་རིག་གནས།
 

མཚོ་སྔོན་གཏེར་ལམ་རྫོང་བ་ཡན་ཆུ་མཛོད་ཀྱི་གནའ་བོའི་བང་སོM23ནས་རིག་རྫས་སྐོར་ཞིག་ཐོན་ཡོད་པ།

ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ  སྤེལ་དུས།:2018-11-13  རྩོམ་པ་པོ།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ།:    ཀློགས་གྲངས།:


གཏེར་ལམ་རྫོང་གི་བ་ཡན་ཆུ་མཛོད་ཀྱི་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ་དང་ཆུ་མཛོད་ཁྱབ་ཁོངས་ཀྱི་ས་འོག་རིག་གནས་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་ཆེད། 2014ལོའི་ཟླ4པ་ནས་ཟླ9པའི་བར་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སའོ་དང་ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གཉིས་ཀྱིས་མཉམ་གཅིག་ཏུ་ཆུ་མཛོད་མངའ་ཁོངས་ཀྱི་མིའི་བང་སོ25དང་དམག་རྟའི་བང་སོ5ལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་རེད། བང་སོ་གང་མང་ཞིག་ལ་གཞན་གྱི་བརྐུ་སྔོག་ཐེབས་མོད། འོན་ཀྱང་ས་འོག་ནས་བུད་པའི་རིག་དངོས་ནི་སྔར་བཞིན་མོད་པ་རེད། བང་སོ་འདི་དག་གི་དབྱིབས་རྣམ་དང་སྒྲིག་སྟངས། དུར་སྲོལ། སྒོ་ཕྱུགས་དུར་འཇུག་རྣམ་པ། དེ་མིན་དུར་བཅུག་དངོས་པོ་སོགས་ལས་ཀྱང་བོད་བཙན་པོའི་དུས་སྐབས་ཀྱི་ཁྱད་ཆོས་དེ་མངོན་པར་མཚོན་འདུག་པས། དུས་སྐབས་དེའི་དུར་ལམ་ས་ཁུལ་གྱི་ལོ་རྒྱུས་དང་བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་འགྱུར་ལྡོག ཐང་རྒྱལ་རབས་དང་བོད་ཀྱི་རིག་གནས་བརྗེ་རེས་སོགས་ཀྱི་ཞིབ་འཇུག་ཐད་ལ་དངོས་ཡོད་ཀྱི་རྒྱུ་ཆ་གལ་ཆེན་ཞིག་མཁོ་སྤྲོད་བྱས་ཡོད།


དེའི་ཁྲོདM23གྱི་གཞི་ཁྱོན་ཚད་གཞི་ཆེས་མཐོ་བ་རེད། བང་སོའི་རྣམ་པ་ཧྲིལ་བོ་ནི་སྒོར་དབྱིབས་རྡོ་བའི་ར་སྐོར་དང་བང་བོའི་དུར་ཁུང་། རྩིག་རྨང་སྟེགས་བུ། གདུང་དུར་འཇོག་སའི་ཁང་བ་བཅས་ཆ་ཤས་བཞི་ཡིས་གྲུབ་ཡོད། རྡོ་བའི་ར་སྐོར་དེ་ས་ངོས་སུ་བུད་ཡོད་ལ། ཕྱི་ནང་རིམ་པ་གཉིས་ལ་ཆུ་རྡོ་རིལ་མོས་བསྒྲིགས་ཡོད་ཅིང་། ཚངས་ཐིག་ལ་རྨིད8.05-9.49ཡོད། དུར་ཁུང་དེ་ས་ངོས་སུ་སྒོར་དབྱིབས་ཀྱིས་གྲུབ་ཅིང་གཞུང་གི་རྣམ་པ་དེ་སྐས་དབྱིབས་སུ་མངོན་ལ་སྟོད་ཀྱི་ཆའི་ཚངས་ཐིག་ལ་རྨིད7.08དང་ཞབས་ཀྱི་ཚངས་ཐིག་ལ་རྨིད4.08 ཟབ་ཚད་ལ་རྨིད7.67ཡོད། བང་སོའི་དུར་ཁུང་ལྡེབས་ངོས་ཀྱི་སྟོད་ཀྱི་ཆ་དེ་ས་ངོས་དང་རྨིད0.67གྱི་མཚམས་སུ་ཡོད་ལ། ལྷོ་བྱང་ཕྱོགས་གཉིས་སོ་སོར་ཤུག་སྡོང་གཉིས་གྱང་ལྡེབས་ལས་ནང་དུ་བསྲིངས་འདུག ལྷོ་ཕྱོགས་ཀྱི་ཤུག་སྡོང་རྐང་གཅིག་བརྐུ་སྔོག་མཁན་གྱིས་བླངས་ཟིན། གདུང་དུར་འཇོག་སའི་ཁང་བ་དེ་བང་སོའི་ཆེས་དམའ་སའི་དཀྱིལ་དབུས་སུ་ཡོད་ལ།ངོས་མཉམ་གྱི་ཆ་ནི་གྲུ་བཞི་ནར་མོ་དང་ཤར་ནུབ་གཉིས་ཀྱི་རིང་ཚད་ལ་རྨིད3.42 ལྷོ་བྱང་གི་ཞེང་ཚད་ལ་རྨིད3.33 མཐོ་ཚད་ལ་རྨིད3.25 རྩེ་མོ་ནས་ས་ངོས་ཀྱི་བར་ལ་རྨིད4.75ཡོད། ལྡེབས་ངོས་བཞི་དང་བང་སོའི་མཐིལ་ལ་ཆ་སྙོམས་སྒོས་ལས་སྣོན་བྱས་པའི་གྲུ་བཞི་ནར་མོའི་དབྱིབས་ཀྱི་ཤུག་སྡོང་བཏིངས་ཡོད། ཤུག་སྡོང་གི་རིང་ཚད་ལ་རྨིད3.4དང་དེའི་བཅད་ངོས་ཀྱི་མཐའི་རིང་ཚད་ནི་རྨིད0.2གྱི་གྲུ་བཞི་ནར་མོ་ཡིན། གདུང་དུར་འཇོག་སའི་ཁང་བའི་སྟོད་ཀྱི་ཆ་དེ་ནང་ཕྱོགས་སུ་ཅུང་ཙམ་བཀུག་འདུག གདུང་དུར་ཁང་བའི་ཤར་ལྡེབས་ཀྱི་ཁ་ཕྱོགས་ནི0°ཡིན། ཤུལ་ལུས་དེ་དག་ལས་ཤུག་སྡོང་རྐང་གཉིས་མ་ཉམས་སོར་ཆུད་དུ་ཡོད་པ་ལས་གཞན་ཚང་མར་གནོད་སྐྱོན་ཐེབས་ནས་ཆག་འདུག གདུང་དུར་ཁང་བའི་ལྡེབས་བཞི་བོ་ཚང་མར་བརྐུ་སྔོག་ཁུང་བུ་ཡོད། གདུང་དུར་ཁང་བ་དང་རྩིག་རྨང་སྟེགས་བུའི་ལྡེབས་རིས་བར་དུ་རྡོ་ལེབ་བཏིངས་འདུག་ལ། མཐོ་ཚད་ནི་གདུང་དུར་ཁང་བ་དང་མཉམ་པས་གདུང་དུར་ཁང་བར་སྲུང་སྐྱོབ་བྱས་ཡོད། རྡོ་ལེབ་ཀྱི་རྩེ་མོ་ནི་རྩིག་རྨང་སྟེགས་བུ་རུ་བྱས་ཡོད་ལ། ས་ངོས་དང་རྨིད3.3-3.42 0.67-1.75 མཐོ་ཚད་ལ་རྨིད1.4ཡོད། རྩིག་རྨང་སྟེགས་བུའི་སྟེང་ཧྲིལ་བོར་ཤུག་སྡོང་གི་ཡལ་འདབ་སོགས་ཆ་སྙོམས་སྒོས་བཏིངས་ཤིང་དེའི་སྟེང་དུ་རྡོ་ཧྲལ་བཏིངས་ཡོད། བང་སོའི་ནང་དུ་དུར་འཇུག་ཡོ་བྱད་དང་བང་སོའི་བདག་པོའི་ཀེང་རུས། དུར་འཇུག་རྣམ་པ་དང་དུར་འཇུག་གི་བྱེ་བྲག་གནས་ཚུལ་ཅི་ཡང་མི་གསལ་བ་རེད། བང་སོ་དེ་གཞན་གྱིས་བརྐུ་སྔོག་བྱས་པ་ཧ་ཅང་ཚབས་ཆེ་མོད། འོན་ཀྱང་སྔོག་འདོན་སྐབས་དུར་འཇུག་དངོས་པོ་མོད་པོ་ཞིག་ལེན་ཐུབ་པར་གྱུར་ཞིང་ཁྱོན་བསྡོམས་དངོས་པོ564ཡོད། དེའི་ཁོངས་སུ་རྫ་ཆས་ལེབ་མོ475དང་ཐལ་མདོག་རྫ་ཆས་ཀྱི་རྫ་མ1 རྫ་ཆས་ཀྱི་ཇ་ཕོར1 རྫ་ཆས་ཀྱི་འཕང་ལོ15 རྫ་ཆས་ཀྱི་ལྒང་བཞུ14 རྫ་ཆས་ཀྱི་དཀར་ཡོལ2 སྒོར་དབྱིབས་ཀྱི་རྫ་ཆས་ལེབ་མོ10 ཤིང་གི་སྐྲ་འཛེར1 ཤིང་ཆས་ལྷག་རོ1 སྨྱུག་བཟོས་ཡིག་བྲིས3 རུས་བཟོས་གྲི་ཆུང1 རྩིས་འདེད་རུས་ལེབ15 ཁུང་བུ་བརྟོལ་བའི་རུས་པ4 རུས་ལེབ1 རུས་བརྐོས1 རྭ་ཅོའི་ཡོ་བྱད2 རྡོ་ཆས་གྲུ་བཞི་ནར་མོ2 ཚོས་དམར་རྡོ་ལེབ4 ཀོ་བའི་ལྷག་རོ10 བསེ་ཀོ1བཅས་ཡོད།


གོང་མ།:དགེ་ཆོས་ཀྱི་ཤོ་ལོ་ཀ་ཞིག་ལ་ལྷད་ཕོག་འདུག

ཞོལ་མ།:གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་ཀྱི་རྒྱལ་མཁར་རྩེ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235