མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
གནའ་གཞུང་ཡིག་ཚང་།
 

བོད་ཀྱི་ཁ་བཏགས་རིག་གནས་སྐོར།

ཡོང་ཁུངས།:རྨེ་གྲྭ། ཚེ་རིང་བསམ་འགྲུབ།  སྤེལ་དུས།:2017-06-08  རྩོམ་པ་པོ།:རྨེ་གྲྭ། ཚེ་རིང་བསམ་འགྲུབ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

99926acf024cbb0a10f988fcc55fc24a.pngOoiཀྲུང་གོ་བོད་ཀྱི་དྲ་བ།

གཅིགཁ་བཏགས་དར་ཚུལ།Ooiཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་གནའ་བོའི་ལོ་རྒྱུས་དག་ལས་ཁ་བཏགས་ཀྱི་ལོ་རྒྱུས་དང་བྱུང་བ་ཁོངས་དག་ཅིག་ཧ་ཅང་རྙེད་དཀའ།རེད་དེ་བོད་ཀྱི་ཡུལ་སྲོལ་དང་རྒན་རབས་ཀྱི་ངག་རྒྱུན་དག་ལོ་རྒྱུས་དང་བསྡུར་ཏེ་དཔྱད་ན།ཁ་བཏགས་ནི་གནའ་བོའི་བོད་ཀྱི་སྤྱི་ཚོགས་སུ་དར་བའི་དམུ་ཐག་ཅེས་པ་དང་འབྲེལ་བ་ཡོད་པར་སྣང་།དམུ་ཐག་ཅེས་པ་ནི་གནའ་བོའི་ཐ་སྙད་ཅིག་སྟེ་གནམ་སའི་བར་གྱི་ཐག་པ་སྟེ་ཐག་པ་དཀར་པོའི་སྐས་ཐེམ་ལྟ་བུ་ཞིག་ཡོད་པར་ངོས་འཛིན།དེ་ནི་བོད་རྒྱལ་ཐོག་མ་བཙན་པོ་གཉའ་ཁྲི་ནི་དམུ་ཐག་ཅེས་པ་དེ་བརྒྱུད་ནས་ལྷ་ཡུལ་ནས་མི་ཡུལ་ལ་བབས་པར་ངོས་འཛིན་གནང་བ་མ་ཟད་གནམ་གྱི་ཁྲི་བདུན་ཡང་འདས་ཁར་དམུ་ཐག་ལ་འཇུས་ནས་དུས་དེ་ནས་བཟུང་མི་རྣམས་ཀྱིས་སོ་སོའི་སེམས་ནང་དུ་དམུ་ཐག་ཅེས་པའི་ཡ་མཚན་པའི་ཐག་སྐས་དེ་ལ་འཇུས་ནས་ལྷ་ཡུལ་ལ་འགྲོ་ཐུབ་ན་སྙམ་པའི་རེ་བ་དེ་འཚོ་བའི་གླེང་བྱ་དང་ཕུགས་འདུན་མངོན་སུམ་དུ་གྱུར་སོང་།དེ་རྗེས་རིམ་གྱིས་སྐུ་མགྲོན་གལ་ཆེན་དང་ནང་མི་སེར་སྐྱ་ཕར་སྐྱེལ་ཚུར་བསུའི་སྐབས་སུ་ལྷ་ཡུལ་ནས་མར་འོང་བ་དང་ཡང་ན་ཡར་ལྷ་ཡུལ་ལ་འགྲོ་བའི་རྟེན་འབྲེལ་མཚོན་བྱེད་དུ་ས་དཀར་དང་རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་རྒྱག་པའི་སྲོལ་དར།བར་སྐབས་ཤིག་ནས་བལ་དཀར་བོའི་སྐུད་པ་རེ་ཕྲག་སྟེང་དུ་འཐེན་པ་དང་བཙེམ་པ།བལ་དཀར་བོ་འབབ་མ་རེ་སྟེར་བ་དང་བལ་འཐག་གྲུབ་བྱས་པ་མགུལ་དུ་འཐེན་པ་སོགས་བྱུང་།རིམ་གྱིས་བླ་དཔོན་སོགས་མཇལ་འཕྲད་དང་སྐྱེལ་བསུའི་སྐབས་ཀུན་ཏུ་སྤྱོད་སྒོ་ཇེ་ཆེར་སོང་།Ooiཀྲུང་གོ་བོད་ཀྱི་དྲ་བ།

0bdd807616c7f259c3e6af5fd956d476.jpgOoiཀྲུང་གོ་བོད་ཀྱི་དྲ་བ།

གཉིས།ཁ་བཏགས་ཀྱི་མཚོན་དོན།Ooiཀྲུང་གོ་བོད་ཀྱི་དྲ་བ།

རྗེས་སུ་སོག་པོས་བོད་ས་གནས་མི་ཉུང་བ་དབང་སྒྱུར་སྐབས་སུ་བོད་ཀྱི་སྐུ་དྲག་བླ་དཔོན་དག་ལ་འཚམས་འདྲིའི་ཆེད་དུ་དར་གོས་དཀར་བོས་མགུལ་གཡོག་པ་དང་ཕྱག་ཏུ་འབུལ་བའི་སྲོལ་དར།སྐབས་འདི་ནས་བཟུང་ཁ་བཏགས་ཀྱི་མིང་འདི་མངོན་གྱུར་བྱུང་བར་མ་ཟད།ཁ་བཏགས་ཀྱི་མཚོན་དོན་ལའང་འགྱུར་བ་བྱུང་སྟེ།ཁ་བཏགས་ནི་ཁ་དགེ་བཀྲ་ཤིས་ཀྱི་སྣེ་ཁྲིད་པ་དང་ཁ་གཡང་གི་མགྲིན་ཚབ་པ།མཐུན་སྒྲིལ་གྱི་ལམ་ཁྲིད་པ།མི་དེ་མཐོང་ཆེན་དང་གུས་བཀུར་གྱི་རྣམ་པ་མཚོན་བྱེད་ཅིག་ཏུ་གྱུར།དེ་བཞིན་རྒྱུ་དར་གོས་སྣ་ཚོགས་དང་།ཁ་དོག་དཀར་སེར་དམར་ལྗང་སྔོན་པོ་སོགས།རི་མོ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་པ་ཏ྄འི་རིགས་སོགས།རྣམ་པ་དང་ཆེ་ཆུང་།རིང་ཐུང་སོགས་འདྲ་མིན་སྣ་ཚོགས་སུ་འགྱུར་བ་བྱུང་སྟེ་ཉིན་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ནས་དར་ཁྱབ་ཏུ་སོང་།དེ་བཞིན་དཀར་ཞིང་གཙང་བའི་གྲུབ་ཆ་འདིས་གཏོང་ཡུལ་གྱི་ལུས་ངག་ཡིད་གསུམ་ལ་ཉེས་སྐྱོན་གྱི་དྲི་མས་མ་སྦགས་པས་ཁ་བཏགས་གཏོང་བཞིན་ཡོད་པ་དང་།གཏོང་མཁན་གྱི་ལྷག་བསམ་དེ་དྲི་མས་མ་གོས་པའི་དྭངས་གཙང་ཞིག་ཡིན་པ་མཚོན་ཡོད།སྲིད་ན་རིང་བའི་གྲུབ་ཆ་འདིས་གཏོང་ཡུལ་དང་གཏོང་མཁན་གྱི་འབྲེལ་ལམ་དང་བརྩེ་བ་ཆུ་རྒྱུན་ལས་ཀྱང་རིང་བ་མཚོན་གྱིན་ཡོད།ཁ་ཚར་མང་བའི་གྲུབ་ཆ་འདིས་མངའ་ཐང་སྟོབས་འབྱོར་དར་བའི་རྟེན་འབྲེལ་མཚོན་གྱིན་ཡོད།དེ་མིན་དམངས་ཁྲོད་དུ་གཏོང་ཡུལ་མི་འདྲ་བ་དང་གནས་ཚུལ་མི་འདྲ་བ་སྣ་ཚོགས་ཀྱིས་དབང་གིས་མཚོན་དོན་དང་གཏོང་ལུགས།ཁ་བཏགས་ཀྱི་བཤད་པ་སོགས་ཀྱང་འདྲ་མིན་སྣ་ཚོགས་ཤིག་འོང་གིན་ཡོད་པས་སྐབས་ཐོབ་མི་འདྲ་བའི་གོ་བའང་མི་འདྲ་བ་སྣ་ཚོགས་ལེན་རྒྱུ་ཡོད་པ་ཡིན།དེ་བཞིན་རྒྱ་ནག་ལ་དར་ཏེ་ཆིང་རྒྱལ་རབས་ཀྱི་སྐབས་སུ་གོང་མའི་ནང་མཛོད་ནས་དར་བའི་ཁ་བཏགས་འདོམ་གསུམ་མ་སོགས་མང་དུ་བྱུང་།དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་ན་ཁ་བཏགས་དཀར་བོ་དེ་ལྷག་ཏུ་ལག་ལེན་བྱ་བའི་སྲོལ་ཆེས་ཆེར་དར་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་དེ་ནི་སྤྲོ་སྣང་དང་ཁྱད་མཚར་ལྡན་པའི་ཡུལ་སྲོལ་རིག་གནས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད།Ooiཀྲུང་གོ་བོད་ཀྱི་དྲ་བ།

d29fbfc51b17f21221b1227b4375fb3c.jpgOoiཀྲུང་གོ་བོད་ཀྱི་དྲ་བ།

eb9abc0fa12c98c4281232a9d6e65fd5.jpgOoiཀྲུང་གོ་བོད་ཀྱི་དྲ་བ།

གསུམ།ཁ་བཏགས་ཀྱི་མིང་།Ooiཀྲུང་གོ་བོད་ཀྱི་དྲ་བ།

དེ་བཞིན་ཁ་བཏགས་ཀྱི་མིང་ལའང་སྣ་ཚོགས་བྱུང་སྟེ།ཁ་བཏགས།ནང་མཛོད།དར་ཁ།ཁ་དར།ཨ་ཤེསྐྱ་ཆེན།འདོམ་གསུམ་མ།ཉིན་མོ་བདེ་ལེགས།དཀོན་མཆོག་རིན་ཆེན།ལྷ་རེགལྷ་རྫས།མཇལ་དར།བསོད་བཏགས།འཕྲིན་ལས་དར་རྒྱས་སོགས་ཡུལ་དུས་མི་འདྲ་བའི་མིང་སྣ་ཚོགས་བྱུང་ཡོད།Ooiཀྲུང་གོ་བོད་ཀྱི་དྲ་བ།

བཞི།ཁ་བཏགས་གཏོང་ཡུལ།Ooiཀྲུང་གོ་བོད་ཀྱི་དྲ་བ།

ཁ་བཏགས་འབུལ་ཡུལ་ནི་མཆོག་གསུམ་གྱི་རྟེན་གསུམ་མཆོད་མཇལ།ལྷ་གསོལ་བསང་གཏོང་།བླ་དཔོན་མཇལ་འཕྲད་དང་།འཚམས་འདྲི།དགའ་རྟགས།གཟེངས་བསྟོད།མགྲོན་པོ་སྐྱེལ་བསུ།གཉེན་སློང་།ཞུ་བཤགས།དུས་སྟོན།གླུ་གཞས།དེ་བཞིན་ལེགས་སྐྱེས་གནང་སྦྱིན་འབུལ་བ་སོགས་ཀྱི་དངོས་རྫས་དག་དང་ལྷན་དུའང་ཁ་བཏགས་རེ་འབུལ་སྲོལ་ཡོད་པ་སོགས་བཀྲ་ཤིས་བདེ་ལེགས་སོགས་ཀྱི་མཚོན་དོན་གང་མང་ལ་འབུལ་ཆོག་པ་ཡིན།Ooiཀྲུང་གོ་བོད་ཀྱི་དྲ་བ།

c6dd28cb276a67a165a6a3f51e144063.jpgOoiཀྲུང་གོ་བོད་ཀྱི་དྲ་བ།

bebb1ae5c7e8206bfe8f339d979654fa.jpgOoiཀྲུང་གོ་བོད་ཀྱི་དྲ་བ།

ལྔ།ཁ་བཏགས་འཛིན་ལུགས།Ooiཀྲུང་གོ་བོད་ཀྱི་དྲ་བ།

རྒྱུན་པར་ཁ་བཏགས་གཏོང་སྐབས་ཞེང་ཆེ་བ་ཞིག་ཡིན་ན་ཉིས་ལྟེབ་བྱ་ཞིང་གཏོང་ཡུལ་ལ་ལྟེབ་ཁ་འཁོར་བ་དང་།རང་ལ་ལྟེབ་ཁུགས་འཁོར་བར་བྱས་ནས་འབུལ་དགོས།དེ་ནི་གཙོ་བོའི་མཚོན་དོན་དེ་ཆོས་རྣམས་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བས།ཁ་དགེ་བཀྲ་ཤིས་དང་བསོད་ནམས།ཕྱྭ་གཡང་ནོར་ལོངས་སྤྱོད་བཅས་ལེགས་ཚོགས་ཐམས་ཅད་ཁ་བཏགས་ཀྱི་ལྟེབ་ཁུགས་སུ་བཞག་སྟེ་གཏོང་ཡུལ་ལ་ཁ་ཕྱོགས་ནས་འབུལ་བ་དང་།དཔེར་ན་རིན་པོ་ཆེའི་སྣོད་ནང་དུ་གསེར་དངུལ་བླུགས་ཏེ་སྣོད་ཀྱི་ཁ་འབུལ་ཡུལ་ལ་ཕྱོགས་ནས་ཕུལ་བ་ལྟ་བུ་ཡིན།གུས་པ་མཚོན་དགོས་རིགས་ལ་ལུས་ཅུང་མདུན་དུ་གུག་པ་དང་།ལག་ཟུང་གིས་ཁ་བཏགས་མཐོ་སར་འདེགས་དགོས།Ooiཀྲུང་གོ་བོད་ཀྱི་དྲ་བ།

3f2d8d686c54edc56215b091ac664ebc.jpgOoiཀྲུང་གོ་བོད་ཀྱི་དྲ་བ།

དྲུགཁ་བཏགས་གཏོང་ལུགས།Ooiཀྲུང་གོ་བོད་ཀྱི་དྲ་བ།

ཁ་བཏགས་གཏོང་ལུགས་ལ་ཁྱད་པར་དང་མཚོན་དོན་ཆེན་པོ་ཡོད།དཔེར་ན་ཁ་བཏགས་གཏོང་ཡུལ་ལ་གུས་པ་མཚོན་དགོས་པའི་རིགས་ཏེ།ཡོན་ཏན་པ་དང་བླ་དཔོན་སོགས་མི་སྣ་དྲག་ཤོས་དང་ལྷག་ཏུ་རང་གི་དགེ་རྒན་ཕ་མ་སོགས་གུས་པ་མཚོན་དགོས་པའི་རིགས་ཡིན་ན།ཁ་བཏགས་འབུལ་སྐབས།ལུས་ཀྱི་གུས་པ་དང་བཅས་གཏོང་ཡུལ་གྱི་ཅུང་དམའ་ས་སྟེ་ཕྱག་དང་མདུན་དུ་འབུལ་དགོས་པ་ལས་ཕྲག་སྟེང་དང་མགུལ་དུ་བསྒྲོན་ན་གུས་ལུགས་དང་མི་ཆོས་ལ་གོ་རིམ་མེད་པ་མཚོན་པས་མི་ལེགས་པ་ཡིན།དེ་བཞིན་རང་དང་མཉམ་པའི་གྲོགས་པོའམ་འབྲེལ་བ་སྤྱིར་བཏང་བ་དག་ལ་ཕྱག་ནས་ཕྱག་ཏུ་གཏོང་ལེན་བྱས་ན་ཧ་ཅང་ལེགས་པོ་ཡོད།དེ་མིན་དགེ་རྒན་སོགས་མི་སྣ་གལ་ཆེན་དག་གིས་རང་གི་སློབ་མ་སོགས་སྤྱིར་བཏང་གི་མི་དཀྱུས་མ་དག་ལ་ཁ་བཏགས་གཏོང་སྐབས་དང་།ཁ་བཏགས་དང་ལེན་སྐབས་སོགས་སུ་མགུལ་དུ་ལེན་པ་དང་མགུལ་དུ་བསྒྲོན་དགོས་པ་ཡིན།འདི་ནི་སྤྱིར་བཏང་རྒྱུག་ཆེ་བའི་ཁ་བཏགས་གཏོང་ཚུལ་ཡིན་ལ་དེ་མིན་སྐབས་ཐོབ་ཀྱི་དགོས་དབང་དང་དམིགས་ཡུལ་མི་འདྲ་བས་དམངས་ཁྲོད་དུ་གཏོང་ཚུལ་དང་ལེན་ཚུལ་མི་འདྲ་བ་མང་དུ་དར་ཡོད།Ooiཀྲུང་གོ་བོད་ཀྱི་དྲ་བ།

383cbf55a45d3a98400109ecbf4846f0.jpgOoiཀྲུང་གོ་བོད་ཀྱི་དྲ་བ།

བདུན།ཁ་བཏགས་ཀྱི་ཐོབ་ཐང་།Ooiཀྲུང་གོ་བོད་ཀྱི་དྲ་བ།

དེང་གི་ཁ་བཏགས་ཀྱི་ཁ་དོག་ལ་དཀར་བོ།སེར་བོ།དམར་བོ།སྔོན་པོ།ལྗང་ཁུ་སོགས་སྣ་ལྔ་ལས་གྲུབ་པ་ཡོད་ལ།དཀར་བོ་ནི་སྐྱེ་བོ་མཆོག་དམན་སུ་ཡིན་ཁྱད་མེད་པར་གཏོང་ལེན་བྱ་ཆོག་པར་མ་ཟད།མཚོན་དོན་དང་གྲུབ་ཆའང་ཕུན་སུམ་ཚོགས་པས་སྤྱི་ཚོགས་ཁྲོད་དུ་ཧ་ཅང་རྒྱུག་ཆེ་བའི་ཁ་བཏགས་གཅིག་པུ་དེ་ཡིན།ཁ་བཏགས་ཀྱི་ཐོབ་ཐང་ལྟར་བཤད་ན་སྔོན་པོས་ནམ་མཁའ་མཚོན་པས་གོ་གནས་ཆེས་མཐོ་ཤོས་ཡིན།དེ་ནས་སྤྲིན་པ་དཀར་བོ།རླུང་དམར་བོ།ས་སེར་བོ།ཆུ་ལྗང་ཁུ་སོགས་སོ་སོའི་ཁ་དོག་མཚོན་པ་ཡིན།ཁ་བཏགས་འབུལ་སྐབས་སྔོན་པོ་དང་དཀར་བོ་དམར་བོ་གསུམ་གྱིས་གཏོང་ཡུལ་མཚོན་པས་སྟེང་ཕྱོགས་སུ་འཇོག་པ་དང་།སེར་བོ་ལྗང་ཁུ་གཉིས་ཀྱིས་རང་ཉིན་མཚོན་པས་འོག་ཏུ་བཞག་སྟེ་འབུལ་དགོས།དེའི་ཕྱིར་སྣ་ལྔ་ལས་རྒྱུན་པར་དཀར་བོ་འདི་མི་སུ་ཡིན་གྱིས་སྤྱོད་བདེར་གྱུར་ཡོད་པ་དང་།གཞན་པ་དག་ལ་མཚོན་དོན་ཐུན་མིན་རེ་ལྡན་པས་གོ་རིམ་དང་དམིགས་ཡུལ་ཡོད་པའི་འོག་ནས་ལག་བསྟར་བྱ་དགོས་པ་ལས།བྱུང་རྒྱལ་དུ་གཏོང་རྐྱང་ཞིག་མིན་པ་ཤེས་དགོས།Ooiཀྲུང་གོ་བོད་ཀྱི་དྲ་བ།

17364c36049047b679ce0c9a3b34b589.jpgOoiཀྲུང་གོ་བོད་ཀྱི་དྲ་བ།

བརྒྱད།ཁ་བཏགས་མི་གཏོང་བའི་ཡུལ།
Ooi
ཀྲུང་གོ་བོད་ཀྱི་དྲ་བ།

མ་གཞི་ཁ་བཏགས་ཀྱིས་བཀྲ་ཤིས་དང་།བདེ་སྐྱིད།བརྩེ་བ།བསོད་ནམས།ཆེ་བ།གུས་པ།ཁ་དགེ་ཞལ་དྲོ་སོགས་ཕུན་སུམ་ཚོགས་པའི་དགོད་སྒྲ་དང་འཛུམ་མདངས་ཤིག་མཚོན་གྱིན་ཡོད་པས།མི་ཤི་ཁྱིམ་སྟོང་དང་།བཀྲ་མི་ཤིས་པའི་དོན་རྐྱེན་སོགས་ལ་ཁ་བཏགས་གཏོང་ན་མི་ལེགས་པ་ཡིན་ལ།གཏོང་སྲོལ་ཡང་ཆེར་མེད་པར་སྣང་།Ooiཀྲུང་གོ་བོད་ཀྱི་དྲ་བ།

དགུཁ་བཏགས་ལ་ཚང་དགོས་པ།Ooiཀྲུང་གོ་བོད་ཀྱི་དྲ་བ།

ཁ་བཏགས་ལ་འཛོམས་དགོས་པའི་ཆ་རྐྱེན།གཅིགདྭངས་གཙང་དྲི་མས་མ་གོས་པ།གཉིས་སྲིད་ན་རིང་བ།གསུམ་ཁ་ཚར་ལྷན་ཆགས་སུ་ཡོད་པ།དེས་ན་ལྷག་ཏུ་བོད་མི་ཞིག་ཡིན་ཕྱིན་ཁ་བཏགས་ཀྱི་བྱུང་རིམ་དང་གཏོང་ཚུལ་མཚོན་དོན་སོགས་ཀྱི་རྒྱུན་ཤེས་འདི་འདྲ་རེ་མ་ཤེས་ཐབས་མེད་དུ་སྣང་བས་འདི་ལ་དོ་སྣང་གནང་རྒྱུ་དེ་གལ་ཆེན་ཞིག་ཏུ་ཆགས་ཡོད།།Ooiཀྲུང་གོ་བོད་ཀྱི་དྲ་བ།

གོང་མ།:ཇོ་བོ་རྗེ་བོད་དུ་མ་ཕེབས་གོང་གི་བོད་ཀྱི་བསྟན་པའི་གནས་བབ།

ཞོལ་མ།:དགའ་ལྡན་ཁྲི་ཐོག་བཅུ་པ་འདན་མ་ཡེ་ཤེས་བཟང་པོ།​

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235