མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

ཆང་ལྷའི་རང་མོས་སྙན་ངག

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-08-31  རྩོམ་པ་པོ།:ཆང་ལྷ།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

ཁ་བྱང་མེད་པའི་སྙན་ངག

                 ཆང་ལྷ།    (  ཁྲི་འདུ།  )


བུད་མེད་དེ

ཞོགས་པ་ཞིག་དང་འདྲ་བ

ལུས་སྟེང་ན་མུན་པ་ཆགས་ཐབས་མི་འདུག

གལ་ཏེ་བུད་མེད་དེ

བྱ་ཚོགས་ཤིག་ཡིན་ན

ངས་མདའ་གཞུ་ལེགས་པོ་ཞིག་ལས་ནས་མོ་རང་གསད་པ་ངེས

                                      2017 / 7 / 31 ཉིན།

སྲང་ལམ་ནས་མཐོང་བའི་བུ་མོ།

སྔོན་འགྲོར།

སེམས་སུ་བཞད་པའི་ཚེར་མ།།

ཐ་སྙད་གཏོར་ས་ཡིན་འགྲོ།།

དགོང་མོ་སྲང་ལམ་ནས

སེམས་པ་ཤོར་འགྲོ་བའི

ཞོགས་པ་ལྟ་བུའི་བུ་མོ་ཞིག་མཐོང་བྱུང

ཤ་མདངས་ལ་བལྟས་ན

ལུས་སྟེང་ན་མུན་པ་ཆགས་ཐབས་མི་འདུག་སྙམ

མྱོས་བུམ་རྒྱས་སྟངས་ལ་བལྟས་ན

འཁྲིག་པ་ཞིག་སྤྱོད་མྱངས་མེད་པ་འདྲ

མོའི་མིག་མཐའ་ན་ནགས་ཚལ་ཆེན་པོ་ཞིག་སྐྱེས་འདུག

ནགས་ཚལ་དེས་སེམས་ཅན་མང་པོའི་རྣམ་ཤེས་དཀྲུགས

                                     2017  /   7   /  18  ཉིན།

རྔུལ་ཆུ་ཁོག་ཏུ་བཅུག་པའི་ཉི་མ་ནག་པོ།

                                          ༡      

སྤྲིན་པ་ཐོར་སོང་།         ཆུ་བོ་སྐམ་སོང་།

གླུ་སྐད་ཉམས་སོང་།        ལུག་ཁྱུ་ཞོགས་སོང་།

གངས་རི་ཞི་སོང་།        གངས་རི་ཞི་བའི་ཁྲག་གི་མཚེའུ།

མེ་དང་ས་འགུལ་གྱི་དཀྱིལ་ནས་འཐག་སོང་།      

གྱང་ངོས་ན་བྲིས་པའི་གཏམ་རྒྱུད་རིང་མོ།

རླུང་དང་རྡུལ་ཚོགས་ཀྱི་སྲུབས་ནས་མཆེད།

གྲེ་བ་ལ་མཛེར་མ་བཏབ་པའི་སྟོན་པ།

རིམ་གྱིས་རྨས།      

ལྷ་ཁང་གི་ཕུག་ཏུ་ཡོད་པའི་ཆོས་སྐྱོང་བྲོས།    

དགོན་མཐའ་ན་གནས་པའི་ཁྱི་རྒན་བསད།

ནགས་ཚང་མེ་ལ་སྲེག་དུས།

འཇིག་རྟེན་འདི་གཤགས་པའི་སྣང་བ་འཁྲུལ།

གཅན་གཟན་དག་འཆི་ལམ་བསྡམས་སོང་།

ལྟ་མཁན་ཚོ་ཡང་རིམ་གྱིས་རིང་དུ་བཞུད་སོང་།      

དེ་དུས།  

ཕ་རོལ་ནས་བྱོན་པའི་གཟའ་ཡི་མུ་ཁྱུད་དེ་ལ་མཐའ་མཇུག་གི་ཁ་ཆེམས་ཤིག་བྲིས།

                                           2017 / 4  / 12 / ཉིན།

གོང་མ།:གཡུང་དྲུང་འབུམ་གྱི་སྙན་ངག་ཆེད་བཀོད།

ཞོལ་མ།:དུར་མིག་གི་གསར་བྲིས་སྙན་ངག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235