མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

རླུང་།༼ གཞན་གཅིག༽

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-05  རྩོམ་པ་པོ།:རུས་ཀོག  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

               རུས་ཀོག  (དཀར་མཛེས)

རིན་ཆེན་མཚོ་ཡི་པདྨོ་བཞད་པའི་ནང་།།

སྙིང་རྗེའི་རླུང་ཆེན་ཤུགས་ཀྱིས་བརྡབ་པ་ན།།

མིག་གི་ཟམ་པར་བསྟར་པའི་རླབས་རིས་འགའ།།

མི་རྟག་སྒྱུ་མའི་ཆོས་ཚུགས་བཙའ་བོའམ།།

གང་སྣང་དངོས་པོའི་གཤིས་ལ་རབ་ཉེ་པའི།།

ཇི་ལྟར་རླུང་ནག་ཞི་འཇམ་པོ་ཁྲོས་པ་བཞིན།།

     

ཐ་གུ་ཁྲ་བོའི་སྐུད་པ་འཐབ་པའི་དབར།།

མིག་འཁྲུལ་ཆོ་ངེའི་བླ་གཡུ་འགུལ་བ་ན།།

དེ་ཚེ་ཁྱེད་རང་རྡུལ་གྱིས་མ་གོས་པའི།།

རས་ཐང་ངོས་ཀྱི་འཇིག་རྟེན་ཆེན་པོ་རུ།།

བདག་གི་ས་ཡི་ཁྱོན་ཡངས་འདི་ཙམ་རེ།།

ཡོད་མེད་དོགས་པའི་སྣང་རླུང་གཡུག་པ་བཞིན།།

                            ༢༠༡༧  ༡༡  ༡༣

སྐུ་པར་མཇལ་རྗེས།

             

སྤྱན་གཉིས་པོ་ལ་འོད་རབ་གསལ་བ་འདི།།

པདྨའི་རྫིང་ལ་མེ་ཏོག་སིམས་པ་ལྟར།།

             

ཞལ་གྱི་མདངས་ལ་གཉེར་མས་མནར་བ་འདི།།

ཉི་མའི་འོད་ལས་མེ་ཏོག་རྙིད་པ་ལྟར།།

             

སྐུ་ཡི་ལྗིད་ལ་རི་རྒྱལ་བརྗིད་པ་འདི།།

ས་ཡི་སྒང་ལ་ཆར་ཆུས་བསྙིལ་བ་ལྟར།།

             

བགྲེས་རྒུད་འཆང་བ་འགྲོ་བའི་རྗེ་བོ་འདི།།

སྙིམ་བུའི་དཀྱིལ་ལས་བོར་ན་མུན་གླིང་ལྟར།།



ཞོལ་མ།: ཚངས་དབྱངས་རྒྱ་མཚོ།ཞར་བཀོད་གཅིག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235