མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

ང་ལ་བརྩེ་བ་ཞིག་གི་མིག་ཆུ་འཁྱིལ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-05  རྩོམ་པ་པོ།:ཁ་དོག  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

ང་ལ་བརྩེ་བ་ཞིག་གི་མིག་ཆུ་འཁྱིལ།

ཁ་དོག

ཤ་ཁྲག་གིས་འབྲེལ་བ་གྲུབ་པའི་རྩ་དམར་པོ།

མཛེས་སྡུག་གིས་བཞད་པའི་རི་ལུང་འདི་དག

ང་ལ་ཧ་ཅང་ཐག་ཉེ་བའི་ངོ་གདོང་བསྟན་ཚུལ་འདིས།

དོག་མི་བདེ་བའི་སྣང་བ་འབའ་ཞིག་བྱུང་།

   

ལག་པ་དང་འཛུམ་མདངས་ཀྱིས་སྐྱོར་ཆོག་པའི་བརྩེ་བའི་བདག་མོ།

ཞེན་ཆགས་དང་ཕྱི་མིག་གི་ཀློང་ནས་ང་རང་བསྐྱུར་ཏེ་གང་དུ་སོང་།

ཁྱོད་ལ་འབོད་པ་བཏང་བའི་སེམས་ཀྱི་ཤུགས་གླུ་རིང་མོ་འདིས།

གནས་འདིའི་ནམ་མཁའ་དང་ས་གཞི་ལ་སྨྲེ་སྔགས་རྫོགས་མེད་ཅིག

     

ང་རང་ཐོན་པ་འཕྱི་དྲག་སོང་།  ཡང་ན་ཁྱོད་རང་ཕེབས་རྒྱུ་སྔ་དྲག

གང་ལྟར་འུ་གཉིས་ནི་རུས་རྒྱུད་ཀྱིས་གཅིག་ཏུ་བསྡུས་ན་ཡང་།  

ཤི་གསོན་གྱིས་ཁ་ཁར་བྲལ་དགོས་བྱུང་སོང་བའི་ཤིན་ཏུ་འགྱོད་འང་།

     

དེ་རིང་ང་ནི།    ཁྱོད་ཀྱི་གཞིས་ཁྱིམ་དུ་ལོག་ཀྱིན་མཆིས།

ཁྱོད་རང་སྐྱེས་ས་མཚར་ས་དེར་འགྲོ་བཞིན་ཡོད།

གནས་འདི་རུ་ཁྱོད་དང་ངའི་སྐྱེ་བ་ནས་སྐྱེ་བའི་བར་ཏུ་མི་ཚར་བའི།

ཕྱིར་དྲན་དང་མིག་ཆུ་འཛད་མཐའ་མེད་པ་དེ་དག་བཞག་ཆོག

     

དེ་རིང་གི་འུ་གཉིས་ཀྱི་བར་ཐག་ནི་ཤིན་ཏུ་ཐག་ཉེ་བོ་ཞིག

ཁྱོད་ཉིད་ང་ལ་བསུ་མ་ཡོང་བའི་ཚོར་སྣང་ཡང་ཡང་བྱུང་།  

ངས་བསམ་བསམ་པའི་རྗེས་སུ་མཐའ་མི་མངོན་པའི་གསེབ་ན།

ཁྱོད་ཀྱི་ཞལ་རིས་དེ་འཆར་ཀྱིན་ང་ལ་མང་པོ་ཞིག་བཤད་ནས་བུད་སོང་།

2017/6/19/ཉིན་སྔ་དྲོར།

གོང་མ།:ལྗོན་པ། ཞར་བཀོད་ལྔ།

ཞོལ་མ།: རླུང་།༼ གཞན་གཅིག༽

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235