མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

ཡིད་ཀྱི་སྐར་ཆེན།ཞར་བཀོད་གསུམ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་ཚིགས།  སྤེལ་དུས།:2017-12-07  རྩོམ་པ་པོ།:ཛམ་ཐང་།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

ཛམ་ཐང་།  རོལ་སྐུད།


མཐའ་བཞི་སྤྲོས་པ་རྫུན་རིས་དབེན་པའི་དོན་དམ་དབྱིངས་ཀྱི་ནམ་མཁའ་ལ།།

བརྩེ་ཆེན་རིག་པ་མཁའ་སྤྲིན་ཆགས་པའི་ཕུན་ཚོགས་བྱེ་བའི་ཕུང་པོ་ལས།།

ལེགས་གསུང་རྟེན་འབྱུང་དབྱངས་ཀྱི་གྲུ་ཆར་རྟག་ཆད་ཕྱོགས་སུ་མ་ལྷུང་བས།།

ཨ་བྷྱའི་མཚན་ཅན་མིང་གི་ཡི་གེ་ལྷོ་གླིང་འཛིན་མའི་རྒྱན་དུ་ཆེ།།

ལྷ་བརྒྱའི་གཙུག་གི་རྒྱན་ཏུ་གྱུར་བའི་ཁྱེད་སྐུ་མཚན་དཔེའི་ཉི་འོད་འཁྱིལ།།

སྨྲ་བའི་སེང་གེ་འཇམ་དཔལ་གཞོན་ནུ་ངུར་སྨྲིག་འཛིན་པའི་རྣམ་རོལ་བ།།

མཁྱེན་བརྩེ་ནུས་པའི་ཡེ་ཤེས་འོད་ཀྱིས་འཛམ་གླིང་ཁྱོན་ཀུན་ཡོངས་ཁྱབ་པའི།།

ལྔ་བདོའི་མུན་སེལ་ཉ་གང་ཟླ་ཚེས་འཇིགས་མེད་དཔའ་བོ་སྤྱི་བོར་བསྔགས།།

     

གང་ཚེ་ཁྱེད་སྐུ་ཉི་མའི་ཕོན་པོ་མི་མཇེད་ཞིང་འདིར་ཤར་མ་ཐག།

ཟུར་ཕུད་ལྔ་པའི་འཛབ་དབྱངས་སྙན་མོ་སྲིད་པའི་ནགས་སུ་ཆེར་སྒྲོགས་པས།།

དད་པའི་སྤུ་ལོང་སྣུམ་གྱིས་སྦྲན་པའི་མེ་དཔུང་བཞིན་དུ་དབྱིངས་སུ་འཕྱོ།།

བརྗོད་བྲལ་མཛེས་སྡུག་སྟོང་ལ་འགྲན་པའི་ཕ་ཅིག་ཡབ་རྗེ་གུས་པས་བསྙེན།།

     

དམར་སེར་ལུ་ཁྲིའི་མཚན་དཔེ་བཞད་པའི་ཁྱེད་སྐུ་ལང་ཚོ་འཛུམ་པའི་མདངས།།

སྣང་བའི་དགོས་འདོད་ཆར་དུ་སྙིལ་མཛད་ཡིད་བཞིན་འདོད་རྒུ་ཀུན་སྩོལ་གཉེན།།

བླང་དོར་ལམ་མཆོག་ཐུགས་བརྩེས་སྟོན་པ་དཔག་ཡས་འདྲེན་མཆོག་ཟླ་མེད་པ།།

སྲིད་ཞིའི་འཆིང་ཐག་གཅོད་པར་བྱེད་མཛད་འཇམ་དབྱངས་དམར་སེར་ཉི་མ་དྲན།།

     

བསླབ་གསུམ་མཛོད་འཆང་ཡབ་གཅིག་མཁྱེན་གཏེར་མཚུངས་མེད་ཆོས་རྗེ་བླ་མ་ཡིས།།

འཆད་རྩོད་རྩོམ་པའི་ཡོངས་རྫོགས་རྒྱལ་བསྟན་ཆེ་བ་དྲུག་ལྡན་སྔ་འགྱུར་གྱི།།

ཟབ་གནད་ཐེགས་དགུའི་ཆོས་ཀྱི་སྙིང་པོ་ཚེ་ལུས་གཅིག་ལ་གྲོལ་མཛད་པའི།།

སྨིན་གྲོལ་ཟུང་འཇུག་ཆོས་ཀྱི་ཡངས་རྩེ་ཨ་ཏིའི་གནས་ལུགས་བསྩལ་བ་དྲན།།

     

ས་བཟང་དབྱིབས་མཛེས་བཀོད་ལེགས་ལྟ་སྟུག་ངོ་མཚར་སྨོན་ལམ་ལ་ཁ་ནས།།

དགྱེས་བཞད་པདྨའི་འབུམ་བརྒྱ་བཞད་ཅིང་ས་འདིའི་བཀོད་པ་པདྨའི་ཞིང་།།

རྡོ་རྗེའི་གསུང་གི་སློབ་ཚོགས་ཀུན་ལ་དགའ་བའི་དགའ་སྟོན་མང་བསྩལ་བའི།།

མཚུངས་མེད་བླ་མ་ཕ་ཅིག་ཡབ་རྗེའི་ཀི་བསྭོའི་དཔའ་སྐད་ལྡིར་བ་དྲན།།

     

རིགས་གསུམ་གཅིག་འདུས་བདུད་བཞི་སྙིལ་མཛད་སེང་ཆེན་ནོར་བུ་དགྲ་འདུལ་གྱིས།།

དྲག་པོའི་ལས་བྱེད་ནག་ཕྱོགས་གཤེད་མ་འཇོམས་མཛད་དཔའ་བོའི་ལས་བཞེངས་པ།།

དཔའ་རྩལ་དགུ་འགྱུར་བཀའ་བློན་ཆེན་པོ་གཡུ་རྒྱལ་འདན་ན་མ་བྱང་ཁྲ་ཡིས།།

སྲས་མཆོག་བདུད་སྡེ་ཐལ་བར་བརླག་པའི་འདན་སྲས་གཡུ་འོད་འབུམ་མེ་དྲན།།

   

རིས་ཆད་བློ་ཡི་ཕྱོག་ལྷུང་མི་མངའ་ཕན་བདེའི་སྣང་བྱེད་མེ་ཟླུམ་ལ།།

སུམ་རྩེན་བདག་པོར་སྐྱེངས་པ་སྟེར་བའི་བློ་གྲོས་ཤེས་བྱའི་འོད་ཟེར་འཁྱུགས།།

དུག་ལྔའི་རྔུབ་པའི་ང་འདྲའི་བླུན་རྨོངས་གདུལ་བར་དཀའ་བའི་སེམས་ཅན་ལ།།

ཁྱེད་སྐུ་ཆུ་གཏེར་ཤར་བའི་མོད་ལ་བདུད་རྣམས་བྱེ་བས་ཆོ་ངེས་བཏབ།།

   

དད་ཟུང་ལྷོད་མེད་སློབ་མའི་ཚོགས་ཀྱིས་ནུབ་གྱི་རི་ཁར་སྤྱན་ཟུང་འཁོར།།

མིག་ཆུའི་ཡོན་ཆབ་ཐང་མལ་བརྡལ་དེ་ཁྱེད་རང་དྲན་པའི་གདུང་ཚིག་འཐེན།།

གླིང་འདིའི་སྲིད་པའི་ན་བུན་འཇོམས་པ་མདོངས་མཐའ་སྒེག་པའི་རྗེས་འགྲོ་བ།།

ཕ་ཅིག་ཡབ་རྗེའི་བདེ་ཆེན་ཞིང་ནས་ཐུགས་ཀྱི་དཔལ་བེའུར་ཐིམ་པར་སྨོན།།


རྗེ་ཉིད་གྱི་མཛད་སྤྱོད་ཐུང་ངུ་ཞིག་དྲ་ལམ་ནས་མཐོང་འཕྲལ་དད་པའི་སེམས་པ་གཡོ་བཞིན་གུས་སློབ་གྲྭ་འོད་གསལ་སྙིང་པོའམ་རོལ་སྐུད་ནས་འཕྲལ་དུ་འདི་ཙམ་བྲིས་པའོ།

དྲན་སྣང་སུ་སིམ་པའི་མེ་ཏོག་ལུང་པ།

༡"

ང་རང་དེ་དུས་ཀྱི་ཉི་འོད་དང

དེ་དུས་ཀྱིས་ནམ་མཁའ

དེ་དུས་ཀྱི་མེ་ཏོག་ཕྲེང་རྒྱུན་བཏགས་པའི་ས་གཞི

དེ་དུས་ཀྱི་ལུག་མིག་དེ་ཚོ་སྙིམ་པས་བཏེགས་པ་ད་དུང་དྲན་པས་ཟིན་ཐུབ།

༢"

ང་རང་དེ་དུས་ཀྱི་འཇའ་ཚོན་དང

དེ་དུས་ཀྱི་ཆར་འཇམ

དེ་དུས་ཀྱི་ཤག་ཤག་བཞུར་བའི་ཆུ་སྒྲ

དེ་དུས་ཀྱི་ཆར་སྤྲིན་འཐིབས་པའི་ཞོགས་པ

དེ་དུས་ཀྱི་རྒྱ་སེ་དམར་པོ་དེ་ཚོ་མཆུ་ལ་རེག་པའི་དྲན་སྣང་དེ་ད་དུང་སེམས་ན་གསོན།


ཁ་བའི་མེ་ཏོག་འཕུར་བ།

ནུབ་ཀྱི་རི་ཁར་མཚམས་སྤྲིན་འོད་ཐིགས་ལྷུང་།།

ཀུནྡ་པད་མའི་ཚོམས་བུ་སྙིལ་བར་གྱུར།།

རྒྱང་རིང་མེ་ལོང་ངོས་སུ་གཙང་བོ་ཤར།།

གཙང་བོ་ཆབ་རོམ་གྱུར་བའི་ནམ་ཟླ་ཚེས།།

གནམ་མཐའ་ཁ་བ་ལྷབ་ལྷུབ་འབབ་ཅིང་སྟུག །

གྲང་རླུང་ངར་མས་མུ་ཏིག་ཡོལ་བ་བརྟོལ།།

སྒེའུ་ཁུང་ཕྱི་རོལ་གཞུ་འདོམས་བརྒྱ་ཕྲག་ལ།།

ལྗོན་པ་རྒྱ་མཚོར་ཁ་བའི་མེ་ཏོག་དཔྱང་།།

ཁྲུང་ཁྲུང་བསྟར་ཕྲེང་བསྒྲིགས་དེ་ལྷོ་ལ་བྱོལ།།

ཡིད་ལ་སྐྱོ་བའི་འོ་ཟི་རབ་བརྣངས་ཏེ།།

སླར་ཡང་དབྱར་ཟླ་ཞིག་ལ་ཡིད་སྒུག་བྱས།།

སླར་ཡང་རྩ་ལྗང་དེ་ཚོ་སྒུགས་པར་བྱ།།


འགྱུར་སླ་བའི་མེ་ཏོག་དེ་ཚོ་དྲན་ཡང་སླ།

ཞོགས་པར་ཟིལ་ཐིག་རེ་རེ

ཁོད་ཡངས་ཞིང་མི་མཐའ་དབེན་པའི་རྩ་ལྗང་དག་གི་རྩེ་མོ་ན

དཀར་སེར་དམར་ལྗང་དེ་དག་གི་རྩེ་མོ་ན

ཟིལ་བ་དང་ཆར་ཐིགས་ཀྱི་འོ་རྩི་དམར་པོ་རེ་བྱུག་འདུག་ཨང

ལྷ་ཡུལ་ནས་བསྩལ་བའི་བདུད་རྩིའི་ཆུ་ཐིགས་འདོད་ཡོན་དུ་རོལ་བཞིན་མཆིས

     

ས་སྲོད་དུ་ཆར་ཐིགས་དང་ཟིལ་བ་མཐའ་དག་ཟད་དེ

མཚར་སྡུག་གི་གེ་སར་ས་ལ་བྲུལ་ཅིང  དེ་ཡི་འདབ་མ་རེ་རེ

ཁ་དོག་འཆའ་ཞིང  གཙང་བོ་དང་ཕྱོགས་ཀུན་ནས་རླུང་ཁྲོད་དུ་སྙིམ་པར་གྱུར

ང་ལ་གློ་བུར་གློ་བུར་ཏུ་བྲེད་ཤ་ལྡང་སོང་། མེ་ཏོག མེ་ཏོགང་ཡི་ཞོག་པར་བཏབ་པའི་མེ་ཏོག

ས་སྲོས་ལ་མུན་པས་ཀློང་ནས་ཆོ་ངེ་འདེབས་པའི་སྐར་མ་འཁྱག་པོ་དེ་དང་འདྲ་ཨང་

 

ཀ་ཡེ  མེ་ཏོག

བག་ཆགས་ཀྱི་གཏིང་སར་སྨིན་པའི་འབྲས་བུ་ཁ་དོག་ཅན་དེ་ཚོ་འབྲས་བུ་རེ་རེའི་ཡལ་ག་དང་ལོ་མར ལོ་ཟླའི་ཆགས་འཇིགས་མཁྲེགས་པོ་རི་མོས་དོད་ན་འང རྫོགས་ལྡན་གྱི་དུས་ཚིག་དེར། མི་རེ་རེའི་ལུས་ངག་ཡིད་གསུམ་དངསྣོད་བཅུད་ཕྱི་ནང་གསང་གསུམ་དུ

ཁྱེད་ཀྱི་མཛེས་པ་ཡི་དྲི་དང་འཐུལཁྱེད་ཀྱི་འདབ་བརྒྱ་ལྷུག་པོ་སེམས་སུ་གྲོལ་བཞིན་མཆིས

ཡིད་གར་མི་འོང་བའི་སྟོན་མཇུག

ལོ་མ་རྒྱང་དུ་ཁུར་ཞིང་བྱ་ཁྱུ་ཡང་གང་དུ་བཞུད་པ་ཤེས་མེད།

ང་ཡི་ཡིད་ལ་སྐྱོ་གར་གྱི་སྟོན་ཁ་ཐོག་དེ

མནོ་བསམ་གྱི་དྲྭ་བས་བསྡམས  ང་ལ་གཏད་པའི་ཁྱེད་ཀྱི་

མིག་མདང་སུའང་སྨྲེང་སྐྱོ་ཤ་ལེར ཁ་བ་དང་བུ་ཡུག་གི་འཚུབ་ཆ་རྒོད  གསུང་གླེང་གི་སྐད་སྒྲ་འང་རྒྱུད་སྐུད་ཆད་པའི་པི་ཝང་བཞིན་ཡིད་གར་མི་འོང་།

     

ཉི་མ་ནུབ་པའི་ས་སྲོད་ལ།

རྒྱང་རིང་དུ་བྱ་ཁྱུ་འཕུར་སྒྲ་ཐོས།ཞེ་སྨྲེང་བའི་ངག་སྐྱེལ་ཞུས་ཀྱང་།

སེམས་སུ་སྐྱོ་བས་བརྣངས་དེ་བསམ་གཞུགས་ཀྱི་ཀློང་དུ་ཙོག་དགོས་བྱུང་།

འདབ་རྒྱ་ལྷུག་པོར་གྲོལ་བའི་སྒེའུ་ཁུང་ནང་གི་མེ་ཏོག་དེ

ཁྱོད་ཀྱི་ཁྱེར་བ་ནས་བཟུང་། ངའི་སེམས་བདེ་མོ་མ་བྱུང

ཉིན་རྒྱུན་ངལ་དུབ་དང་སྐྱོ་སྣང་གི་རང་སེམས་ལ་ཚ་རླབས་འཕྱུར་བཞིན།

ལམ་གྱི་ལོ་མ་སྙིད་པོ་དག་སྙིམ་པས་བཏེགས་དེ་མིག་ཆུས་གསོས།

གོང་མ།:དབྱངས་རྫིའི་རང་མོས་བཏུས་བཀོད།

ཞོལ་མ།:ཐ་སྐར་གྱི་ཉེ་བྲིས་སྙན་ངག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235