མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

རྟ་ཐོག་གི་རྣམ་གཡེང་། (ཞར་བཀོད་གཉིས།)

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-18  རྩོམ་པ་པོ།:སད་རེ་བ།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

རྩོམ་པོ་སད་རེ་བ།


རྟ་ཐོག་གི་རྣམ་གཡེང་།

སྲོད་ཅིག་ཕར་ལ་ཕྱིནད་ནས་ཚུར་ལ་ལོག
མི་ཞིག་གཉིད་ལས་སད་དེ་གཉིད་ལ་ཡུར།
བདག་ནི་སྲོད་དང་མི་དེའི་མེལ་ཚེ་བྱས།
རླུང་ཞིག་ཤར་ནས་ལྡང་ཏེ་གན་དུ་སྤུ།
དོན་ཞིག་རི་བོའི་ཕག་ཏུ་འདར་ནས་རིང་།
རང་ལ་ཚུགས་ཤིག་འདོད་པའི་མེ་ཏོག་མ།
ལོ་ཟླའི་བསགས་པ་ཆེ་བའི་མཚོ་ངོགས་ལ།
འཛུམ་ཞིག་ཡོད་པ་དེ་ནི་ཁྱེད་ཀྱི་ལགས།
དེ་ནི་ལན་གཅིག་ཡོད་པའི་དམ་པ་ཞིག
སྐོམ་དོད་ཅིག་གིས་མཚོ་མོའི་ཁ་ལ་རྒྱུ
དྭངས་དང་གཙང་གིས་ཕྱེས་པའི་མེ་ཏོག་དེ།
སྲིད་ཀྱི་སྲེད་པ་དེ་དང་མཉམ་དུ་འདྲིས།                             2017-8-16


ཟླ་འོག་གི་སྙན་ངག་ཚན་པ།

སྟོང་བའི་མཁའ་ལ་འོད་ཀྱི་ཐིག་ལེ་ཞིག
གསལ་གྱིན་སྐྱོ་བའི་གདུང་བ་རི་བོ་འདྲ།
སེམས་ཀྱི་འདུ་ལོང་ཁྲོད་དུ་ཡུན་རིང་བཞེངས།
གས་ཆགས་ཤོར་བའི་གནའ་ཡི་དན་ཚིག་དེ།
ཆུ་བོ་ཤར་བརྒྱུགས་འདི་ཡིས་ངར་དང་བཅས།
མུར་ནས་མུར་དུ་བདག་དང་རིང་དུ་བཀྱེད།
མཚན་མོ་དུང་ཟླ་རི་བོའི་མགུལ་དུ་མཆིས།
རྐྱང་ལ་ཁེར་མའི་ཁུ་སིམ་གདོང་གིས་ལུད།
མཚོ་མོ་ཚུལ་ལྡན་ཞིག་གི་དྭངས་ངོགས་ལ།
སྐྱེངས་པས་གཏའ་མ་རྡོག་རྡོག་ཟེར་བ་ཞིག
མ་རྙེད་དུས་ཚིགས་དེ་ནི་ཤིནད་ཏུ་མགྱོགས།
རིང་པོར་ཡིད་དུ་གནས་པའི་སེམས་ཀྱི་འོད།
རི་བོ་ཞིག་གི་ཕ་མཐའ་ཕ་མཐའ་ནས།
དུང་བ་ལྷུན་པོ་འདྲ་ཞིག་ཁུར་དང་བཅས།
འཛུམ་མ་ཉི་མ་འདྲ་བོའི་ཉམས་དང་བཅས།
ཚུར་ཚུར་བདག་ལ་ཉེ་པའི་རྨི་ལམ་ཡག
ཧ་ཅང་འཁྱག་པའི་བསིལ་ཟེར་འདི་དང་ལྷན།
རང་དང་ཉེ་བ་འདི་ཚོ་དྲོད་དང་བྲལ།
ལོ་གཅིག་ཚུར་ལ་ཤར་བའི་དུས་གཅིག་ན།
དྲོད་དང་བསྟར་བའི་ཉི་མ་དེ་ཡི་འོག
རོགས་མེད་རྐྱང་བ་མཚམས་ཅིག་ལྡེ་ན་བསམ།
དེ་དུས་ཁྱེད་ཀྱི་བྱད་བཞིན་ཞེ་ལ་བཏགས།
མི་ཚེ་སྐྱོ་གདུང་ཞིག་གི་གྲོང་རྡལ་ནས།
བསམ་པ་འདི་ཡི་ཁོག་ནས་ཚད་མེད་དགོད།                      2017-7-23མཚན་དགུང་།


ཆེ་ལ་ཆུང་གི་ཁྱེད།

མི་བུ་མང་ས་དགུན་ཚིགས་བཞིན།
བྱུང་བའི་དུས་ཤིག་ཡོད་གྱི་ན།
ཕྱི་དང་ནང་ནི་བསིལ་བར་བྱེད།
ཡུལ་ལ་རྒྱང་ནས་སོང་བའི་མི།
ཕྱི་མིག་ཞར་ཏེ་ཕྱིར་ལོག་མེད།
ད་ནི་མཚན་མོའི་ཉིན་སྲིབ་ཏུ།
སྨྲེང་ཞིང་ངུ་བ་མི་འཐེན་པའི།
གྲོང་གི་སྲང་ལམ་བག་མེད་རྒྱུ
སྣང་བའི་མི་ཞིག་ཡོད་པ་ན།
ངག་གི་ཚིག་ནི་མི་སྨྲ་བར།
ལས་ཀྱི་མེ་ལོང་གས་མའི་ངོགས།
སྒྱུ་མའི་སྟོན་མོ་སྣ་ཚོགས་བསྟན།
དེ་དུས་ཁྱེད་ནི་ཟླ་བ་བཞིན།
མཚན་མོའི་གྲོང་དུ་ཚེས་པ་ན།
དབང་པོའི་ལས་ནི་མི་རྩོམས་པར།
ཁྱེད་ཀྱི་འོད་ཟེར་མཐོང་ལམ་བཤམ།                17/12/5 མཚན་དགུང་།



ཞོལ་མ།:སྦྲང་ནག་གི་སྙན་ངག་ཆེད་བཀོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235