མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
སྒྱུ་རྩལ་དོ་ར།
 

མེ་ལྕེ་མཆེད་པའི་གདངས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-26  རྩོམ་པ་པོ།:མགོ་ལོག རི་སྤྱང་།  རྩོམ་སྒྲིག་པ།:འདམ་འཇིལ་ལི།    ཀློགས་གྲངས།:

  མགོ་ལོག  རི་སྤྱང་།


ཆུ་མིག་བཞུར་སའི་སྒྲ་ལ་གསན་ན།
སྐྱོ་བའི་མེ་ལྕེ་ལྷབ་ལྷུབ་འབར་བྱུང་།
ས་སྲོད་འདི་ཡི་རྐང་རྗེས་བཙལ་ན།
མིག་ཆུ་ཁྱོལ་གང་རུམ་ལ་འཁྱིལ་ཡོང་།

 

མིག་གིས་མཐོང་བའི་བར་སྣང་ངོས་སུ།
བྱ་རྒོད་རེ་རེ་འཕུར་ལྡིང་བྱེད་ཅིང་།
གཤོག་པའི་སྣེ་ན་མེ་ལྕེ་མཆེད་པའི།
མཚན་མོ་སྲེག་པའི་མཆོད་མེ་ཡིན་འདྲ།
 
ལས་སྐལ་ཆུ་ལ་འཛུགས་པ་མིན་ན།
ན་དམར་ཐང་ལ་མེ་ཏོག་བཞད་ངེས།
སྐྱོ་བའི་ཤུགས་རིང་རླུང་ལ་བསྐུར་ན།
དགུན་འཁྱག་ནང་དུ་ཆར་ཆུ་ཟགས་ཡོང་།
   
ལམ་ནང་ཉི་འོད་ལམ་ལམ་འཕྲོས་ཀྱང་།
མུན་པས་གདུང་པའི་མི་ཡི་མིག་ལམ།
མཚན་མོ་བྱེ་བ་འབུམ་གྱིས་གཡོག་ནས།
མྱ་ངན་ཐང་ནས་འདུར་དགོས་ཐུག་འདུག
   
རང་སེམས་རི་དྭགས་རྒོད་པོ་ཡིན་ཡང་།
རི་ཆུ་ནགས་གསུམ་གཅོད་པར་འདོད་ཀྱང་།
ལྕགས་དྲའི་བསྐོར་བའི་ནགས་ཚལ་གསེབ་ཏུ།
རྒས་ཤིང་འཁོབས་ནས་ལང་ཚོ་ཟད་སོང་།

2017/12/23



ཞོལ་མ།:རྟ་ཐོག་གི་རྣམ་གཡེང་། (ཞར་བཀོད་གཉིས།)

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235