མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མི་སྣ་ངོ་སྤྲོད།
 

གཟུངས་འབུམ་ཐར།

ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།  སྤེལ་དུས།:2018-06-21  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་གནའ་སྲོལ་ཡིག་ཆ་རིག་པའི་ཞིབ་འཇུག་སློབ་མའི་དགེ་རྒན་གཟུངས་འབུམ་ཐར།

http://www.amdotibet.cn/files/Content/27-030206-1.jpg
དགེ་རྒན་གཟུངས་འབུམ་ཐར་གྱིས་ལེགས་སྦྱར་སྐད་སློབ་ཁྲིད་བྱེད་བཞིན་པ།

   དགེ་རྒན་ཆེན་མོ་གཟུངས་འབུམ་ཐར་གྱི་མིང་གཞན་ལ་རིག་པའི་བློ་གྲོས་དང་།ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་བཞད་པའི་ལང་ཚོ།མཚོ་སྔོན་དགེ་འོས་སློབ་ཆེན་གྱི་གནའ་སྲོལ་ཡིག་ཆ་རིག་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་ཡིན།1982ལོའི་ཟླ8པ་ནས1986ལོའི་ཟླ8པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་གཞི་ཚན་སློབ་གཉེར་བྱས་ཏེ་མཐར་ཕྱིན།བོད་ཀྱི་སྐད་ཡིག་རྩོམ་རིག་གི་དངོས་གཞིའིBachelor's Degreeམཚན་གནས་ཐོབ།1986ལོའི་ཟླ9བ་ནས1989ལོའི་ཟླ7པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་གནའ་སྲོལ་རྩོམ་རིག་གི་ཞིབ་འཇུག་སློབ་མ་བཏོན་ནས་མཐར་ཕྱིན་ཞིང་རབ་འབྱམས་པའིMasterམཚན་གནས་བླངས།

http://www.amdotibet.cn/files/Content/27-500682-2.jpg
དགེ་རྒན་གཟུངས་འབུམ་ཐར་གྱིས་སློབ་བུ་རྣམས་ལ་སློབ་ཁྲིད་བྱེད་པ།

   གཞན་ཡང་དགེ་བའི་བཤེས་གཉེན་ཤར་གདོང་རིན་པོ་ཆེ་དང་།ཞྭ་དམར་པཎྜི་ཏའི་སྤྲུལ་སྐུའི་ཡོངས་འཛིན་ཞོ་འོང་ཕུན་ཚོགས་དར་རྒྱས།རྩིས་རམས་པ་ཆེན་མོ་བསམ་འགྲུབ་རྒྱ་མཚོ། དགེ་བཤེས་གྲགས་པ་རྒྱ་མཚོ།གུང་ཐང་ཡོངས་འཛིན་དཔལ་ལྡན་རྒྱ་མཚོ། སེ་ར་དགེ་བཤེས་ཟླ་གྲགས།སྤུག་བླ་ནམ་མཁའ་རྒྱལ་མཚན།ཁྲོ་རུ་ཚེ་རྣམ་སོགས་བསྟེན་ནས་སྒྲ་རྩིས་སོགས་ཐུན་མོང་རིག་གནས་དང་མདོ་སྔགས་ཐུན་མོང་མ་ཡིན་པའི་རིག་གནས་ལ་སློབ་གཉེར་དང་ཁྲིད་རྒྱུན་མང་པོ་བླངས།

http://www.amdotibet.cn/files/Content/27-116348-7.jpg
དགེ་རྒན་ཆེན་མོ་གཟུངས་འབུམ་ཐར་དང་ཁོང་གི་སྒྲ་རིག་པའི་སློབ་དཔོན།

    1999ལོའི་ཟླ9བ་ནས2000ལོའི་ཟླ8པར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་དུ་འདྲི་གཏུགས་མཁས་པ་བྱས་པའི་རིང་།རྒྱ་ནག་གི་མཚན་ཉིད་རིག་པ་དང་ཨིན་ཇུ་ལ་སློབ་གཉེར་གནང་། 2006ལོའི་ཟླ8པ་དང་། 2007ལོའི་ཟླ7པ་དང2007ལོའི་ཟླ8པའི་བར་པེ་ཅིང་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པའི་སྡེ་ཚན་དུ་འདྲི་གཏུགས་མཁས་པ་བྱས་རིང་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སློབ་གཉེར་གནང་།1989ལོའི་ཟླ8པ་ནས་ད་བར་དུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་མཛད།རིམ་བཞིན་དགེ་རྒན་ཆེན་མོ་གཞོན་པ་དང་དགེ་རྒན་ཆེན་མོའི་ཐོབ་ཐང་བླངས།
    2006
ལོར་རྒྱལ་ཁབ་སློབ་གསོ་ཁང་ལ་ཀྲུང་གོ་གནའ་སྲོལ་རིག་པའི་ཞིབ་འཇུག་སློབ་མའི་གནས་ལ་རེ་ཞུ་ཕུལ་ཏེ་ལོ་དེར་ཆོག་མཆན་ཐོབ།2007ལོར་བོད་ཀྱི་གནའ་སྲོལ་ཡིག་ཆ་རིག་པའི་སློབ་མ5བསྡུས།དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་བོད་ཀྱི་གནའ་སྲོལ་ཡིག་ཆ་རིག་པའི་ཞིབ་འཇུག་སློབ་མ་བསྡུ་བའི་སྲོལ་ཕྱེ་བའོ།།

http://www.amdotibet.cn/files/Content/27-880810-3.jpg

   2014ལོའི་ཟླ5ནས2015ལོའི་ཟླ6བར་ཨ་རིར་ཕྱིན་ནས་ཨིན་ཊི་ཨན་ན་གཙུག་ལག་སློབ་ཆེན་ནས་འདྲི་གཏུགས་མཁས་པ་བགྱིས་པའི་རིང་ཨིན་ཇུའི་སྐད་ཡིག་དང་།ལ་ཏིང་སྐད། གྷི་རིག་སྐད་དང་ཧེ་བྷོ་རིའི་སྐད་ཡིག་གི་རྨང་གཞིར་སློབ་གཉེར་གནང་།

http://www.amdotibet.cn/files/Content/27-429732-8.jpg

    2015ལོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་རག་པ་སྟེ།བོད་འགྱུར་ལེགས་སྦྱར་ལཉྫའི་ཡིག་ཆ་འཚོལ་སྡུད་དང་ལེགས་སྒྲིག ཞིབ་འཇུག་ཅེས་པའོ། །ལས་གཞི་བསྒྲུབ་པར་བལ་ཡུལ་དང་རྒྱ་གར་སོགས་ལ་ཡུལ་དངོས་བརྟག་དཔྱད་ལ་སོང།ལེགས་སྦྱར་གྱི་ཡིག་ཆ་མང་པོ་རག་ཅིང་། ད་སྐབས་ལས་གཞི་སྒྲུབ་བཞིན་ཡོད།
   
བརྩམས་ཆོས་ཀྱི་ཐད་ནས། རྩོམ་རིག་སྐད་ཆའི་རིགས་དང་རྩོམ་འབྲིདངབོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུསདབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོསོགས་དཔེ་ཆ7དང་དཔྱད་རྩོམ30ལྷག་སྤེལ།
   
བྱ་དགའི་ཐད་ནས། རྒྱལ་ཁབ་ཚན་རིག་ལག་རྩལ་མདུན་བསྐྱོད་ཨང་གཉིས་པ་དང་མཚོ་སྔོན་ཞིང་ཆེན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་དགའ་གསུམ་པ་བཅས་ཐོབ།

གོང་མ།:བཀྲ་ཤིས་ཚེ་རིང་།

ཞོལ་མ།:ཁ་སྒང་བཀྲ་ཤིས་ཚེ་རིང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235